TTDL-ZABTER-12-NA-041: Difference between revisions
m (Text replacement - "ཧོ༔" to " ཧོཿ") |
m (Text replacement - "ཧོཿ" to "ཧོཿ ") |
||
| Line 36: | Line 36: | ||
<h1>Tibetan Text</h1> | <h1>Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|རྸྂ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡང་གསང་བླ་མའི་སྒྲུབ་སྐོར་གྱི༔ ཚོགས་མཆོད་སྒྱུ་འཕྲུལ་དགའ་སྟོན་བཞུགས༔ ན་མོ་གུ་རུ་ཝེ༔ ({{TibChung|བརྡ་ཡིག་}}) འབྱོར་ཚོགས་ཡོ་བྱད་བཤམས་བྱས་ནས༔ ནམ་མཁའ་མཛོད་དུ་བྱིན་གྱིས་བརླབས༔ ཉམས་ཆག་རྟོག་སྒྲིབ་སྦྱང་བའི་ཕྱིར༔ དམིགས་ནས་ཚོགས་བསྐང་བཤགས་སྦྱང་འབད༔ རཾ་ཡཾ་ཁཾ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་ཚོགས་ཀྱི་ཉེས་སྐྱོན་སྦྱང༔ འབྲུ་གསུམ་འོད་དུ་ཞུ་བ་ལས༔ འདོད་རྒུ་འཆར་བའི་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃཿལན་གསུམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་བདེ་ཆེན་པདྨ་འོད༔ རང་སྣང་དོན་གྱི་འོག་མིན་སོགས༔ སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ནས༔ བརྒྱུད་གསུམ་བླ་མ་རིན་པོ་ཆེ༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ལ༔ ན་མོ༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ རིག་འཛིན་བླ་མ་ཡོན་ཏན་མཛོད༔ ཁྱབ་བདག་མགོན་པོའི་དཀྱིལ་འཁོར་དུ༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ བཛྲ་གུ་རུ་ཧ་རི་ནི་ས་ག་ཎ་ཙཀྲ་པཱུ་ཛ་ ཧོཿ དེ་ནས་བཤགས་པ་བྱ་བ་ལ༔ | {{TibP|རྸྂ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཡང་གསང་བླ་མའི་སྒྲུབ་སྐོར་གྱི༔ ཚོགས་མཆོད་སྒྱུ་འཕྲུལ་དགའ་སྟོན་བཞུགས༔ ན་མོ་གུ་རུ་ཝེ༔ ({{TibChung|བརྡ་ཡིག་}}) འབྱོར་ཚོགས་ཡོ་བྱད་བཤམས་བྱས་ནས༔ ནམ་མཁའ་མཛོད་དུ་བྱིན་གྱིས་བརླབས༔ ཉམས་ཆག་རྟོག་སྒྲིབ་སྦྱང་བའི་ཕྱིར༔ དམིགས་ནས་ཚོགས་བསྐང་བཤགས་སྦྱང་འབད༔ རཾ་ཡཾ་ཁཾ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་ཚོགས་ཀྱི་ཉེས་སྐྱོན་སྦྱང༔ འབྲུ་གསུམ་འོད་དུ་ཞུ་བ་ལས༔ འདོད་རྒུ་འཆར་བའི་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃཿལན་གསུམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་བདེ་ཆེན་པདྨ་འོད༔ རང་སྣང་དོན་གྱི་འོག་མིན་སོགས༔ སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ནས༔ བརྒྱུད་གསུམ་བླ་མ་རིན་པོ་ཆེ༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ལ༔ ན་མོ༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ རིག་འཛིན་བླ་མ་ཡོན་ཏན་མཛོད༔ ཁྱབ་བདག་མགོན་པོའི་དཀྱིལ་འཁོར་དུ༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ བཛྲ་གུ་རུ་ཧ་རི་ནི་ས་ག་ཎ་ཙཀྲ་པཱུ་ཛ་ ཧོཿ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿ བླ་མ་སྐུ་གསུམ་ལྷ་ཚོགས་དགོངས༔ བདག་གི་ཚེ་རབས་ཐམས་ཅད་དུ༔ སྒོ་གསུམ་བག་མེད་དམ་ཉམས་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ དེ་ནས་བསྒྲལ་བསྟབས་བྱ་བ་ལ༔ ཧཱུྃ༔ ཉོན་མོངས་དུག་ལྔ་དུག་གསུམ་དང༔ རྒྱུ་རྐྱེན་འབྲེལ་བའི་དགྲ་བགེགས་རྣམས༔ མཁྱེན་གཉིས་ཡེ་ཤེས་སྟོབས་ཀྱིས་བསད༔ ཆོས་དབྱིངས་བདེ་བ་ཆེན་པོར་བསྟབས༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཁ་རཾ་ཁཱ་ཧི༔ དེ་ནས་ལྷག་མ་བཏང་བ་ལ༔ ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་སྐྱོང་ཚོགས༔ དམ་ཚིག་ཆད་དོན་ལྷག་ལ་རོལ༔ ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བརྟན་སྐྱོང་ལ༔ ཧོཿ སྔོན་ཚེ་བརྒྱུད་གསུམ་བླ་མ་ཡི༔ སྤྱན་སྔར་ཁས་བླང་དམ་བཅས་པའི༔ བཀའ་སྲུང་ཕོ་མོ་བརྟན་སྐྱོང་སྡེ༔ ཀུན་ཀྱང་དམར་གྱི་གཏོར་མ་ལོངས༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་སརྦ་ས་མ་ཡ༔ ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ དེ་ནས་བྲོ་མནན་ནི༔ ཧཱུྃ༔ ཆོས་དབྱིངས་རོལ་པའི་བྲུབ་ཁུང་དུ༔ ཉོན་མོངས་འཁྲུལ་པའི་དགྲ་བགེགས་བྲུབ༔ བདག་མེད་བརྟུལ་ཞུགས་བྲོ་བརྡུང་ངོ་༔ རིག་པ་ཡེ་ཤེས་སྟོབས་ཀྱིས་མནན༔ གནོད་བྱེད་སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་དང་དངོས་གྲུབ་དགའ་བཞིའི་བཅུད༔ ད་ལྟ་ཉིད་དུ་སྩལ་དུ་གསོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ནས་བསྔོ་སྨོན་བྱ་བ་ལ༔ ཧོཿ དུས་གསུམ་བསགས་པའི་དགེ་རྩ་ཀུན༔ འགྲོ་ཀུན་རྣམ་མཁྱེན་ཕྱིར་བསྔོའོ༔ དུག་གསུམ་རྒྱུད་འཁྲུལ་ཁམས་གསུམ་འགྲོ༔ སྐུ་གསུམ་འབྲས་བུའི་དཔལ་ཐོབ་ཤོག༔ ལན་གསུམ༔ དེ་ནས་ཕྱག་རྒྱ་སྒོ་བཅད་ལ༔ ཧཱུྃ༔ གདོད་ནས་རང་རིག་བླ་མར་ཤར༔ དབྱེར་མེད་ཆེན་པོར་རྫོགས་སངས་རྒྱས༔ ལྷ་དང་རང་སྣང་གཉིས་མེད་ངང་༔ མ་བཅོས་ཡོངས་གྲུབ་རྫོགས་སངས་རྒྱས༔ ཏིཥྛ་བཛྲ་ས་མ་ཡ་སྟྭཾ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཧཱུྃ༔ སྐུ་གསུམ་བླ་མའི་བྱིན་རླབས་མཐུས༔ བསྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་དྲལ༔ མངོན་སུམ་སྣང་བ་གོང་འཕེལ་ནས༔ ཆོས་སྐུའི་རིག་པ་ཚད་ཕེབས་ཏེ༔ བློ་འདས་གཞོན་ནུ་བུམ་པའི་སྐུར༔ འཇའ་ལུས་འཕོ་ཆེན་བཀྲ་ཤིས་ཤོག༔ དེ་ཡིས་དངོས་གྲུབ་མཆོག་འཐོབ་བྱེད༔ དུས་གསུམ་སངས་རྒྱས་བསྒོམ་པ་བས༔ བླ་མ་ཡིད་ལ་གསལ་ཙམ་མཆོག༔ ཚེ་གཅིག་རྣམ་པར་གྲོལ་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་སློབ་བུ་རིན་ཕྲེང་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །ལེགས་སོ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 09:31, 4 September 2025
| Wylie title | chos nyid nam mkha'i klong mdzod las: yang gsang bla ma'i sgrub skor gyi: tshogs mchod sgyu 'phrul dga' ston: | |
|---|---|---|
| Location | bdud 'joms gling pa zab gter Volume 12, Text 41, Pages 241-244 (Folios 1a1 to 2b2) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las yang gsang bla ma'i sgrub skor gyi tshogs mchod sgyu 'phrul dga' ston. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 12: 241-244. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: tshogs mchod Verso: bdud 'joms bdud 'joms bla sgrub | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Feast Offering - tshogs mchod - tshogs kyi 'khor lo | |
| Cycle | ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod) | |
| Colophon |
ཞེས་སློབ་བུ་རིན་ཕྲེང་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །ལེགས་སོ།། | |
|
zhes slob bu rin phreng gis bskul ngor bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'o/_/dge'o/_/legs so// | ||