TTDL-ZABTER-13-PA-013: Difference between revisions

From Dudjom Wiki
TTDL-ZABTER-13-PA-013
No edit summary
m (Text replacement - "ཧོཿ" to "ཧོཿ ")
Line 40: Line 40:




ཕྚ༔ ({{TibChung|བརྡ་ཡིག་}}) ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ སྨོན་ལམ་ལོག་པའི་བདུད་སྡེ་རྣམས༔ བན་བཙུན་སྔགས་པའི་དགྲ་རུ་ལང་༔ དེ་ཚེ་བཀའ་སྲུང་གཞན་རྣམས་ཉམས་ཕྲ་བས༔ གང་གི་བཟློག་ཏུ་མེད་པ་ཡི༔ སྲིད་པ་མ་མོ་ལ་བརྟེན་ནས༔ དྲག་བསྒྲུབ་རྣོ་བའི་མདེའུ་ཐུང་འདི༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས༔ རབ་དབེན་གནས་སུ་སྟེགས་བུ་མདའ་གང་གྲུ་གསུམ་བྱས་པའི་དབུས་སུ་བདུད་ཕོ་མ་ཏྲཾ་རཱུ་ཏྲ་གན་རྐྱལ་དུ་ཡོད་པའི་ལྟོ་བར་བྲུབ་ཁུང་མཐོ་གང་བ་ཕུང་ས་སྣ་ཚོགས་སྦྱར་བའི་ཆུ་བཏབ་ནས་འབྲུ་ནག་གི་ཕྱེ་མ་ཁྲག་ཆང་གིས་སྦག་པའི་གཏོར་མ་ཁྲུ་གང་འཁོར་བཞིས་བསྐོར་བ་ཟངས་ལྕགས་ཀྱི་སྣོད་ནང་དུ་བཀོད་ནས་ཁྲི་རྐང་གསུམ་གྱི་སྟེང་དུ་བཞག༔ དེ་ལ་སྙིང་དང་ཞིང་དབྱུག་མེ་རིས་བརྒྱན་པ་བརྗིད་ལྡན་བྱའོ༔ གཏོར་མ་ལ་ཁྲག་བྱུག་བྲུབ་ཁུང་ལ་དུག་ཁྲག་སྦག་པའི་ས་དམར་གྱིས་དམར་ནག་བྱ༔ གཏོར་མ་དང་སྟེགས་བུ་གཉིས་ཀའི་མཐར་རྩང་གི་ར་བས་བསྐོར༔ དེ་ནས་དུག་ཤོག་ངོས་ལ་གྲི་ཁྲག་གིས་དགྲ་བོའི་གཟུགས་ཚང་ཞིང་ཡན་ལག་ཐམས་ཅད་ལྕགས་སྒྲོག་གིས་སྡོམ་པ་བྲིས༔ དེའི་སྤྱི་བོར་ལཾ་ནན༔ དཔྲལ་བར་རུས༔ མགྲིན་པར་བརྗེད༔ མིག་ལ་ལོངས༔ སྣ་ལ་ཚུབ༔ རྣ་བར་འོན༔ ཁ་ལ་བདུད་མོ་ང་ལོངས༔ ཚིག་བཞིར་ཛ་ཧཱུྃ་བཾ་ཧོཿདཔུང་པ་གཉིས་ལ་ཆག༔ ངར་གདོང་ལ་ནན་ཏི་རྦད༔ བརླ་ལ་བླ་དྭགས་དང་ཆིངས༔ རྐང་འོག་ཏུ་ཡཾ་ཡཾ༔ འདོམས་སུ་ཕཊ༔ སྙིང་གར་ནྲྀ་ཏྲི་ཛ་ཛ་དགྲ་བོ་ཆེ་གེ་མོ་ཁུག་ཅིག་བྲི༔ དེའི་མཇུག་ཏུ་སྔགས་མགོ་ཕྱིར་བསྟན་ལ༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྵ༔ མུ་མ་ར་ན་ཧཱུྃ་ཕཊ༔ མ་མ་ཨེ་ཀ་ཙ་ཏི་དགྲ་བོའི་སྙིང་ལོངས༔ ཤག་སོད༔ ཙ་ཙ་ཤི་ཤི༔ ཁྲག་སྙིང་འདི་ཤིག་ཤིག༔ ཨེ་ཨེ་མ་མ༔ དུང་དུང་ལམ་ལམ༔ ཏུབ་ཏུབ་ཨེ་མྱག་ཤ༔ ཀྵཾ་མ་ར་ན་ཧཱུྃ་ཛ༔ ཏི་ཏི་ས་མ་ཧ་ན་ཧོར་ཐུན་ཛ་ཛཿཏི་ཏི༔ ལཾ་ལཾ་ཧིབ་བྷི༔ ཀ་ཀ་བིང་ཀ་ལ་ཙིཏྟ་ཕྱུང་ཕྱུང་མྱཽག༔ ཛ་བྷྱཽ༔ ཀ་མ་ཤྲི་ས་མ་ཡ་ཏིང་བྷྱཽ༔ ཙ་ཧ་སམ་མྱོག་ཧུར་ཐུམ་ཛ་བྷྱོ་ཏི་ཀ་དགྲ་བོའི་སྲོག་ལོང་རྨུག་ཆོད་སོད་སོད༔ དེ་ནས་རཱུ་པའི་སྤྱི་བོ་ནས་མགོ་ནང་དུ་བསྟན་ལ་སྔགས་འདི་དག་པར་བྲི༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྵ་ས་མ་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛ་ཥི་ཥི་ས་མ་ཡ་ཧ་ན་ཧུར་ཐུམ་ཛ་ཛཿསོགས་ཚང་བར་བྲིས༔ མཐར་ཛ་ཁྲམ་གྱིས་བསྐོར༔ ཤོག་ཟུར་ཐམས་ཅད་ཉི་ཟླ་གཟས་ཟིན་པ་ལྟར་བྱ༔ མཐར་ལྟེབ་ཅིང་ཁམས་སས་རཱུ་པ་བཟོས་པའི་ལྟོ་བར་བཅུག༔ ནྲྀ་མིག་ལ་བྱད་ཐག་དམར་ནག་བཏགས་ཏེ་ཡར་དྲངས་ནས་དཔལ་གཏོར་ལ་གཏོད༔ དེ་ནས་དྲག་པོའི་དཀྱིལ་འཁོར་བསྒོམ་པ་ནི༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སོགས་སྟོང་པའི་ངང་ལས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ལས་ཉོན་ཐམས་ཅད་ཡི་གེ་ཧ་ལ་ཟུང་ཁ་དོག་དམར་ནག་རྣམ་པ་ཅན་དུ་འདུག་པ་དེ་ཡོངས་སུ་གྱུར་པ་ལས་ནད་དུག་གྲིབ་ཀྱི་རྒྱ་མཚོ་དམར་ནག་རྦ་ཀློང་རབ་ཏུ་འཁྲིགས་པའི་ཀློང་དུ་ཏྲིཿལས་བདུད་ཕོ་མ་ཏྲཾ་རཱུ་ཏྲ་གན་རྐྱལ་དུ་གནས་པའི་རྐང་ལག་ལྕགས་སྒྲོག་གིས་བསྡམས་པ་འགུལ་བསྐྱོད་དང་བྲལ་བའི་ལྟོ་བར་ཨེ་ལས་གྲུ་གསུམ་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་ནག་ལ་ཁ་རུབ་ཅིང་གཏིང་ཟབ་པ་ནང་དུ་གཏི་མུག་གི་མུན་ནག་འཐིབ་ཅིང་ང་རྒྱལ་གྱི་བྲག་རི་སྙིལ་བ་འདོད་ཆགས་ཀྱི་དུག་མཚོ་ཁོལ་བ་ཞེ་སྡང་གི་མེ་དཔུང་འབར་བ་ཕྲག་དོག་གི་རླུང་དམར་གཡོ་ཞིང་ཐུན་མཚོན་གྱི་ཆར་ལ་འབེབས་པ་མཐར་རྩང་ལ་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་གཡས་པ་རྣམས་ཀྱིས་འགུགས་བྱེད་ལྕགས་ཀྱུ་དང་༔ གཡོན་པ་རྣམས་ན་འཆིང་བྱེད་ཀྱི་ཞགས་པ་ཐོགས་པ་རྒྱབ་ན་བླ་འཛིན་གྱི་དྲྭ་བ་ཁུར་བ་མེ་རླུང་དྲག་པོ་འབར་ཞིང་གཡོ་འཐབ་བྱེད་པའི་རང་བཞིན་ཅན་དུ་གྱུར༔ ལས་ཀྱི་བྲུབ་ཁུང་དེའི་ནང་དུ་དམ་ཉམས་པའི་དགྲ་བོའི་བླ་ཡིད་ཚེ་བསོད་ཐམས་ཅད་འདུས་པའི་ངོ་བོ་ནྲྀ་ཡིག་ཐལ་སྐྱའི་ཁ་དོག་ལྟ་བུ་ལས་འོད་འཕྲོས་པས་དགྲ་བོ་མི་ནོར་དང་བཅས་པ་ཐམས་ཅད་ཚུར་འདུས་ནྲྀ་ལ་ཐིམ་པས་དེ་ཡོངས་སུ་གྱུར་པ་ལས་དགྲ་བོའི་རཱུ་པ་ཁ་ངུ་བ་མིག་ཤི་མིག་ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན་རྐང་ལག་ཐམས་ཅད་ལྕགས་སྒྲོག་གིས་བསྡམས་ཤིང་༔ བུ་ག་དགུ་ནས་ཁྲག་འཛག་པ་བྱང་སེམས་དཀར་དམར་ཐུར་དུ་འབེབས་པ་མདོག་སྔོ་ཞིང་མདངས་ཉམས་པ་ཧམ་པ་སྐྱ་བ་རིད་པ་གཤིན་དྲི་ཐུ་ལུ་ལུ་འཐུལ་བ་དེའི་སྟེང་གི་ནམ་མཁར་གྲུ་གང་འཕགས་པའི་སྟེང་དུ་མེ་རླུང་འཚུབས་མ་ལས་གྲུབ་པ་གཞི་ཤིན་ཏུ་འཇིགས་ཤིང་ཡ་ང་བའི་སྟེང་དུ༔ གྲུ་གསུམ་དམར་ནག་མེ་རླུང་འཁྲུགས་པའི་དབུས༔ པདྨ་ཉི་མ་བམ་རོའི་གདན་གྱི་སྟེང་༔ བྷྱོ་ལས་དཔལ་ལྡན་སྔགས་ཀྱི་སྲུང་མ་ནི༔ སྐུ་མདོག་དམར་ནག་ཞིང་དབྱུག་ཙིཏྟ་བསྣམས༔ དཔྲལ་ན་མིག་གཅིག་ཞལ་ན་ཚེམས་གཅིག་མ༔ ཞབས་གཅིག་གར་གྱིས་དགྲ་བོའི་སྙིང་ཁར་བརྫིས༔ འཇིགས་བྱེད་ཆེན་མོ་རལ་པའི་ཐོར་གཙུག་ཅན༔ དགྲ་གདོན་བགེགས་ཀྱི་སྲོག་དབུགས་འཕྲོག་པར་བྱེད༔ སྨྲ་བཅད་མི་དང་མི་འཕྲད་པར་འབོད་སྔགས་འདི་དང་བླ་འགུགས་སྔགས་བསྒྲིལ་ལ་རྟགས་མ་བྱུང་བར་དུ་འབད༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ས་མ་ཡ་ཧྲཱིང་ཧྲཱིང་ཛ་ཛཿཞག་གསུམ་མམ་ལྔའམ་བདུན་དུ་བརྗོད་ཚེ་འཚུབས་མ་ཆེན་པོ་འཕྱོ་བ་དང་༔ སྒོ་བརྡུང་བ་དང་༔ ཐུག་ཆོམ་ཆེན་པོ་དང་༔ བུད་མེད་ཀྱི་ཚོགས་མང་པོ་འདུ་བ་དང་༔ དཔལ་གཏོར་ལ་མེ་འབར་བ་རྣམས་རབ་ལ་མངོན་སུམ་ཞལ་གཟིགས་པ་སོགས༔ མ་ངེས་པའི་ལྟས་བཟང་ཆོ་འཕྲུལ་སྣ་ཚོགས་འབྱུང་༔ མདོར་ན་རྟགས་རྣམས་རབ་ལ་དངོས༔ འབྲིང་ཉམས་སྣང་༔ ཐ་མ་ལ་རྨི་ལམ་དུ་འབྱུང་སྟེ་བཟང་ངན་གང་ལའང་རེ་དོགས་དགའ་སྡུག་འཇིགས་སྐྲག་ཡ་ང་བ་ཐམས་ཅད་རོ་སྙོམས་སུ་བཞག་པ་གནད་ཀྱི་ཡང་རྩེའོ༔ རྟགས་བྱུང་ནས་བསྐུལ་ཞིག་རྦད་སྔགས་འདི་ལ་འབད་པར་བྱ༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་ས་མ་ཡ་ཧྲཱིང་ཧྲཱིང༔ རྒྱུག་རྒྱུག༔ མུ་མ་རུ་རུ་ར་ན་ཧཱུྃ་རྒྱུག་རྒྱུག༔ མ་མ་རུ་རུ་ཨེ་ཀ་ཙ་ཏི་དགྲ་བོའི་སྟེང་དུ་རྒྱུག་རྒྱུག༔ ཨེ་ཨེ་མ་མ་ཏི་ཏི་ས་མ་ཧོར་ཐུན་དམ་ཉམས་དགྲ་བགེགས་ཀྱི་སྟེང་དུ་རྒྱུག་རྒྱུག་བྷྱཽ༔ ཏི་ཏི་ལཾ་ལཾ་ཧས་བྷྱི་ཡ༔ ཀ་ཀ་བིང་ཀ་ལ་ཙིཏྟ་ཕྱུངས་མྱོག་ཛ་རྦད་རྦད༔ ཀ་མ་ཤྲི་ས་མ་ཡ་ཏིང་བྷྱོ་རྦད་རྦད༔ ཙ་ཧ་སམ་མྱག་ཧུར་ཐུམ་བྷྱོ་རྦད་རྦད༔ དེ་ཚེ་འཕར་སྤྱང་ལ་སོགས་པའི་དུད་འགྲོའི་རིགས་གང་ཡང་རུང་བས་གཅིག་གིས་གཅིག་དེད་ནས་འོང་བ་དང་༔ དུད་འགྲོའི་རིགས་རྒྱ་དང་རྙི་དང་ར་བར་བཙུད་པ་དང་༔ དགྲ་བོ་དངོས་སུ་ཁྲིད་པ་འབྱུང་༔ དེ་ནས་འབོད་རྦད་བསད་གསུམ་དྲིལ་སྔགས་འདི་ཞག་བདུན་ལ་ཐུན་ཆར་བབ་ནས་བཟླའོ༔ ཧཱུྃ་ཨེ་ཀ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་དགྲ་བོའི་སྲོག་ཆོད་ལམ་རྨུག༔ མུ་མ་ར་ན་ཧཱུྃ༔ མ་མ་རུ་རུ་ཨེ་ཀ་ཙ་ཏི་བྷྱོ་དགྲ་བོ་ཤག་གཏུབ་སོད༔ ཙ་ཙ་ཤི་ཤི་དགྲ་བོའི་ཁྲག་སྙིང་འདི་ཤིག༔ ཨེ་ཨེ་མ་མ་བྷྱོ་བྷྱོ་དུང་དུང་ལམ་ལམ༔ དགྲ་བོ་གཏུབ་གཏུབ་ཨེ་མྱག་ཤ༔ ཀྵ་མ་ར་ན་ཧུ་ཛ་བྷྱོ་དགྲ་བོའི་སྲོག་ཆོད་ཆོད་ཏི་ཏི་མ་ཧཱ་ན་ཧོར་ཐུན་ཛ༔ ཏི་ཏི༔ ལཾ་ལཾ་ཧས་བྷྱི་ཡ༔ ཀ་ཀ་བིང་ཀ་ལ་དགྲ་བོའི་ཙིཏྟ་ཕྱུངས་མྱཽག་ཛ་ཛཿབྷྱཽ་སོད༔ ཀ་མ་ཤྲི་ས་མ་ཡ་ཏིང་བྷྱོ་རྦད་སོད༔ ཙ་ཧ་སམ་མྱོག༔ ཧུར་ཐུམ་ཐུམ་བྷྱོ་བྷྱོ་དགྲ་བགེགས་མཱ་ར་ཡ་ཧུར་ཐུམ་རྦད་སོད་སོད༔ དེ་ཡིས་ཤིང་གཅོད་པ་དང་༔ བྲག་བཤིག་པ་དང་༔ ལིང་འགྱེད་པ་དང་༔ བཤས་བཤས་པ་དང་༔ མཁར་བཤིག་པ་དང་༔ དགྲ་བོ་དངོས་སུ་བསད་པ་དང་༔ དུད་འགྲོའི་རིགས་གང་རུང་བསད་པ་དང་༔ མགོ་དང་དོན་སྙིང་ཁྱེར་བྱུང་བ་དང་༔ ཤ་རློན་པ་བྱུང་ན་བུལ་བ་ཡིན་ཏེ་སྒྲུབ་པ་བསྐྱར༔ ཤ་བཙོས་མ་བྱུང་ན་ཅུང་ཟད་མྱུར༔ ཤ་ཙམ་དང་རུས་པ་བརྡུང་བ་དང་༔ པགས་པ་མཉེ་བ་དང་༔ དགྲ་བོའི་བླ་སྐད་ཙེ་རེ་རེ་བྱུང་ན་གང་གིས་མི་བཟློག་མྱུར་དུ་སོད་པའི་རྟགས་ཡིན༔ རྟགས་མཚན་དེ་རྣམས་རབ་ལ་དངོས་སུ་འབྱུང་༔ འབྲིང་ལ་ཉམས་སྣང་དུ་འབྱུང་༔ ཐ་མ་རྨི་ལམ་དུ་འབྱུང་སྟེ་ཤེས་པར་མཛོད༔ དེ་ཚེ་ལིང་ག་གཏུན་དུ་བརྡུང་ནས་སྐྱེར་ཚེར་གྱི་ཤིང་གི་ཧོམ་བརྩིགས་པའི་ཐབ་ཏུ་སྔགས་སྲུང་མའི་ལས་གཞུང་བསྲང་མཐར་སྔགས་འདི་བརྗོད་ནས་ཕུལ༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་རུ་ལུ་རུ་ལུ་མ་མ་དགྲ་བོའི་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ ཞེས་བརྒྱ་རྩ་བཟླས་ཏེ་ཕུལ་བའི་ཐལ་བ་རྣམས་བག་ཟན་དང་བསྲེས་ཏེ་ཉ་བོ་གཉིས་བྱས་པ་གཅིག་གཏོར་མ་ལ་བསྟབ༔ གཅིག་མནན་པ་བྱའོ༔ དེ་ཡིས་དགྲ་བོ་མི་འགྱང་མྱུར་དུ་འཆི་ངེས་པ་ཡིན༔ རིག་འཛིན་པད་འབྱུང་བདུད་འདུལ་རྡོ་རྗེ་ཡིས༔ སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ་ངོམས་ནས༔ སྙིང་དང་སྲོག་ལས་གཅེས་པའི་མན་ངག་འདི༔ ང་སྤྲུལ་སྐྱེས་མཆོག་དམ་པ་ཁྱོད་ཉིད་ལ༔ བསྟན་དགྲ་སྒྲོལ་བའི་མཚོན་ཆར་ཁྱོད་ལ་གཏད༔ ཚངས་པའི་ཚེ་དང་ལྡན་ཡང་འཇིགས་པར་བྱེད༔ མན་ངག་འདི་འདྲ་སྲིད་པའི་ཁམས་ན་དཀོན༔ བདེན་རྫུན་ལག་ཏུ་ལོངས་དང་ངེས་པར་གསལ༔ མན་ངག་རྒྱབ་ཁལ་གཅིག་ལས་འདི་ལྷག་སྟེ༔ བླ་མ་རིག་འཛིན་རྒྱལ་བའི་དགོངས་པས་བརླབས༔ ཡི་དམ་མཁའ་འགྲོའི་ནུས་མཐུ་བཅུད་དུ་དྲིལ༔ བཀའ་སྲུང་དྲེགས་པ་ཡོངས་ཀྱི་སྲོག་རྩ་ཡིན༔ གཞན་ལ་མ་སྤེལ་སྙིང་ལས་གཅེས་པར་ཟུངས༔ བཀའ་འདི་གཟའ་བདུད་རྒྱལ་པོ་ཁྱོད་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་རང་གི་བུ་སློབ་དམ་པ་བློ་གྲོས་དབང་པོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །ཛ་ཡནྟུ།། །།  ༈  ནམ་མཁའ་མཛོད་སྔགས་མཐར༔ བྷྱོ༔ འདོད་ཡོན་སྣང་བ་མི་ཟད་གཏེར༔ མ་མོ་མཁའ་འགྲོ་དགྱེས་ཕྱིར་འབུལ༔ ཨེ་ཀ་ཙ་ཏིའི་ཐུགས་དམ་བསྐང་༔ སྲིད་པའི་མ་ཆེན༴སྤྲུལ་འཁོར་བཀའ་སྡོད༴དམ་ཚིག་ཉམས་ཆག་འགལ་འཁྲུལ་བཤགས༔ མ་གཡེལ་མ་འཁྲུགས་ཐུགས་རྗེས་དགོངས༔ རྣལ་འབྱོར་ཉམས་རྒུད་གསོ་བ་དང་༔ ཆོས་སྲིད་མངའ་ཐང་འཕེལ་རྒྱས་མཛོད༔ མི་འདོད་ཉེས་ཚོགས་དགྲ་ལ་བསྒྱུར༔ དགྲ་བགེགས་མ་ལུས་རྡུལ་དུ་རློག༔ རང་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་མ་མོ་མཁའ་འགྲོའི་སྡེ༔ བཛྲ་སཏྭ་ས་མ་ཡ༔ པཎ་ཆེན་བི་མ་མི་ཏྲས་འདི་ཅི་མང་བསྐྱར་བ་གལ་ཆེན་སྟེ་མ་མོའི་ཀོ་ལོང་དང་རུ་ང་རྒོལ་གྱིས་འདིའང་བཤགས་སྦྱང་གིས་སེལ་ཞིང་བཟློག་འགྱུར་ཅེས་ཟེར་ཡལ། །དགེའོ། །སརྦ་མངྒ་ལཾ།། །།}}
ཕྚ༔ ({{TibChung|བརྡ་ཡིག་}}) ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ སྨོན་ལམ་ལོག་པའི་བདུད་སྡེ་རྣམས༔ བན་བཙུན་སྔགས་པའི་དགྲ་རུ་ལང་༔ དེ་ཚེ་བཀའ་སྲུང་གཞན་རྣམས་ཉམས་ཕྲ་བས༔ གང་གི་བཟློག་ཏུ་མེད་པ་ཡི༔ སྲིད་པ་མ་མོ་ལ་བརྟེན་ནས༔ དྲག་བསྒྲུབ་རྣོ་བའི་མདེའུ་ཐུང་འདི༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས༔ རབ་དབེན་གནས་སུ་སྟེགས་བུ་མདའ་གང་གྲུ་གསུམ་བྱས་པའི་དབུས་སུ་བདུད་ཕོ་མ་ཏྲཾ་རཱུ་ཏྲ་གན་རྐྱལ་དུ་ཡོད་པའི་ལྟོ་བར་བྲུབ་ཁུང་མཐོ་གང་བ་ཕུང་ས་སྣ་ཚོགས་སྦྱར་བའི་ཆུ་བཏབ་ནས་འབྲུ་ནག་གི་ཕྱེ་མ་ཁྲག་ཆང་གིས་སྦག་པའི་གཏོར་མ་ཁྲུ་གང་འཁོར་བཞིས་བསྐོར་བ་ཟངས་ལྕགས་ཀྱི་སྣོད་ནང་དུ་བཀོད་ནས་ཁྲི་རྐང་གསུམ་གྱི་སྟེང་དུ་བཞག༔ དེ་ལ་སྙིང་དང་ཞིང་དབྱུག་མེ་རིས་བརྒྱན་པ་བརྗིད་ལྡན་བྱའོ༔ གཏོར་མ་ལ་ཁྲག་བྱུག་བྲུབ་ཁུང་ལ་དུག་ཁྲག་སྦག་པའི་ས་དམར་གྱིས་དམར་ནག་བྱ༔ གཏོར་མ་དང་སྟེགས་བུ་གཉིས་ཀའི་མཐར་རྩང་གི་ར་བས་བསྐོར༔ དེ་ནས་དུག་ཤོག་ངོས་ལ་གྲི་ཁྲག་གིས་དགྲ་བོའི་གཟུགས་ཚང་ཞིང་ཡན་ལག་ཐམས་ཅད་ལྕགས་སྒྲོག་གིས་སྡོམ་པ་བྲིས༔ དེའི་སྤྱི་བོར་ལཾ་ནན༔ དཔྲལ་བར་རུས༔ མགྲིན་པར་བརྗེད༔ མིག་ལ་ལོངས༔ སྣ་ལ་ཚུབ༔ རྣ་བར་འོན༔ ཁ་ལ་བདུད་མོ་ང་ལོངས༔ ཚིག་བཞིར་ཛ་ཧཱུྃ་བཾ་ཧོཿ དཔུང་པ་གཉིས་ལ་ཆག༔ ངར་གདོང་ལ་ནན་ཏི་རྦད༔ བརླ་ལ་བླ་དྭགས་དང་ཆིངས༔ རྐང་འོག་ཏུ་ཡཾ་ཡཾ༔ འདོམས་སུ་ཕཊ༔ སྙིང་གར་ནྲྀ་ཏྲི་ཛ་ཛ་དགྲ་བོ་ཆེ་གེ་མོ་ཁུག་ཅིག་བྲི༔ དེའི་མཇུག་ཏུ་སྔགས་མགོ་ཕྱིར་བསྟན་ལ༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྵ༔ མུ་མ་ར་ན་ཧཱུྃ་ཕཊ༔ མ་མ་ཨེ་ཀ་ཙ་ཏི་དགྲ་བོའི་སྙིང་ལོངས༔ ཤག་སོད༔ ཙ་ཙ་ཤི་ཤི༔ ཁྲག་སྙིང་འདི་ཤིག་ཤིག༔ ཨེ་ཨེ་མ་མ༔ དུང་དུང་ལམ་ལམ༔ ཏུབ་ཏུབ་ཨེ་མྱག་ཤ༔ ཀྵཾ་མ་ར་ན་ཧཱུྃ་ཛ༔ ཏི་ཏི་ས་མ་ཧ་ན་ཧོར་ཐུན་ཛ་ཛཿཏི་ཏི༔ ལཾ་ལཾ་ཧིབ་བྷི༔ ཀ་ཀ་བིང་ཀ་ལ་ཙིཏྟ་ཕྱུང་ཕྱུང་མྱཽག༔ ཛ་བྷྱཽ༔ ཀ་མ་ཤྲི་ས་མ་ཡ་ཏིང་བྷྱཽ༔ ཙ་ཧ་སམ་མྱོག་ཧུར་ཐུམ་ཛ་བྷྱོ་ཏི་ཀ་དགྲ་བོའི་སྲོག་ལོང་རྨུག་ཆོད་སོད་སོད༔ དེ་ནས་རཱུ་པའི་སྤྱི་བོ་ནས་མགོ་ནང་དུ་བསྟན་ལ་སྔགས་འདི་དག་པར་བྲི༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྵ་ས་མ་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛ་ཥི་ཥི་ས་མ་ཡ་ཧ་ན་ཧུར་ཐུམ་ཛ་ཛཿསོགས་ཚང་བར་བྲིས༔ མཐར་ཛ་ཁྲམ་གྱིས་བསྐོར༔ ཤོག་ཟུར་ཐམས་ཅད་ཉི་ཟླ་གཟས་ཟིན་པ་ལྟར་བྱ༔ མཐར་ལྟེབ་ཅིང་ཁམས་སས་རཱུ་པ་བཟོས་པའི་ལྟོ་བར་བཅུག༔ ནྲྀ་མིག་ལ་བྱད་ཐག་དམར་ནག་བཏགས་ཏེ་ཡར་དྲངས་ནས་དཔལ་གཏོར་ལ་གཏོད༔ དེ་ནས་དྲག་པོའི་དཀྱིལ་འཁོར་བསྒོམ་པ་ནི༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སོགས་སྟོང་པའི་ངང་ལས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ལས་ཉོན་ཐམས་ཅད་ཡི་གེ་ཧ་ལ་ཟུང་ཁ་དོག་དམར་ནག་རྣམ་པ་ཅན་དུ་འདུག་པ་དེ་ཡོངས་སུ་གྱུར་པ་ལས་ནད་དུག་གྲིབ་ཀྱི་རྒྱ་མཚོ་དམར་ནག་རྦ་ཀློང་རབ་ཏུ་འཁྲིགས་པའི་ཀློང་དུ་ཏྲིཿལས་བདུད་ཕོ་མ་ཏྲཾ་རཱུ་ཏྲ་གན་རྐྱལ་དུ་གནས་པའི་རྐང་ལག་ལྕགས་སྒྲོག་གིས་བསྡམས་པ་འགུལ་བསྐྱོད་དང་བྲལ་བའི་ལྟོ་བར་ཨེ་ལས་གྲུ་གསུམ་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་ནག་ལ་ཁ་རུབ་ཅིང་གཏིང་ཟབ་པ་ནང་དུ་གཏི་མུག་གི་མུན་ནག་འཐིབ་ཅིང་ང་རྒྱལ་གྱི་བྲག་རི་སྙིལ་བ་འདོད་ཆགས་ཀྱི་དུག་མཚོ་ཁོལ་བ་ཞེ་སྡང་གི་མེ་དཔུང་འབར་བ་ཕྲག་དོག་གི་རླུང་དམར་གཡོ་ཞིང་ཐུན་མཚོན་གྱི་ཆར་ལ་འབེབས་པ་མཐར་རྩང་ལ་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་གཡས་པ་རྣམས་ཀྱིས་འགུགས་བྱེད་ལྕགས་ཀྱུ་དང་༔ གཡོན་པ་རྣམས་ན་འཆིང་བྱེད་ཀྱི་ཞགས་པ་ཐོགས་པ་རྒྱབ་ན་བླ་འཛིན་གྱི་དྲྭ་བ་ཁུར་བ་མེ་རླུང་དྲག་པོ་འབར་ཞིང་གཡོ་འཐབ་བྱེད་པའི་རང་བཞིན་ཅན་དུ་གྱུར༔ ལས་ཀྱི་བྲུབ་ཁུང་དེའི་ནང་དུ་དམ་ཉམས་པའི་དགྲ་བོའི་བླ་ཡིད་ཚེ་བསོད་ཐམས་ཅད་འདུས་པའི་ངོ་བོ་ནྲྀ་ཡིག་ཐལ་སྐྱའི་ཁ་དོག་ལྟ་བུ་ལས་འོད་འཕྲོས་པས་དགྲ་བོ་མི་ནོར་དང་བཅས་པ་ཐམས་ཅད་ཚུར་འདུས་ནྲྀ་ལ་ཐིམ་པས་དེ་ཡོངས་སུ་གྱུར་པ་ལས་དགྲ་བོའི་རཱུ་པ་ཁ་ངུ་བ་མིག་ཤི་མིག་ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན་རྐང་ལག་ཐམས་ཅད་ལྕགས་སྒྲོག་གིས་བསྡམས་ཤིང་༔ བུ་ག་དགུ་ནས་ཁྲག་འཛག་པ་བྱང་སེམས་དཀར་དམར་ཐུར་དུ་འབེབས་པ་མདོག་སྔོ་ཞིང་མདངས་ཉམས་པ་ཧམ་པ་སྐྱ་བ་རིད་པ་གཤིན་དྲི་ཐུ་ལུ་ལུ་འཐུལ་བ་དེའི་སྟེང་གི་ནམ་མཁར་གྲུ་གང་འཕགས་པའི་སྟེང་དུ་མེ་རླུང་འཚུབས་མ་ལས་གྲུབ་པ་གཞི་ཤིན་ཏུ་འཇིགས་ཤིང་ཡ་ང་བའི་སྟེང་དུ༔ གྲུ་གསུམ་དམར་ནག་མེ་རླུང་འཁྲུགས་པའི་དབུས༔ པདྨ་ཉི་མ་བམ་རོའི་གདན་གྱི་སྟེང་༔ བྷྱོ་ལས་དཔལ་ལྡན་སྔགས་ཀྱི་སྲུང་མ་ནི༔ སྐུ་མདོག་དམར་ནག་ཞིང་དབྱུག་ཙིཏྟ་བསྣམས༔ དཔྲལ་ན་མིག་གཅིག་ཞལ་ན་ཚེམས་གཅིག་མ༔ ཞབས་གཅིག་གར་གྱིས་དགྲ་བོའི་སྙིང་ཁར་བརྫིས༔ འཇིགས་བྱེད་ཆེན་མོ་རལ་པའི་ཐོར་གཙུག་ཅན༔ དགྲ་གདོན་བགེགས་ཀྱི་སྲོག་དབུགས་འཕྲོག་པར་བྱེད༔ སྨྲ་བཅད་མི་དང་མི་འཕྲད་པར་འབོད་སྔགས་འདི་དང་བླ་འགུགས་སྔགས་བསྒྲིལ་ལ་རྟགས་མ་བྱུང་བར་དུ་འབད༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ས་མ་ཡ་ཧྲཱིང་ཧྲཱིང་ཛ་ཛཿཞག་གསུམ་མམ་ལྔའམ་བདུན་དུ་བརྗོད་ཚེ་འཚུབས་མ་ཆེན་པོ་འཕྱོ་བ་དང་༔ སྒོ་བརྡུང་བ་དང་༔ ཐུག་ཆོམ་ཆེན་པོ་དང་༔ བུད་མེད་ཀྱི་ཚོགས་མང་པོ་འདུ་བ་དང་༔ དཔལ་གཏོར་ལ་མེ་འབར་བ་རྣམས་རབ་ལ་མངོན་སུམ་ཞལ་གཟིགས་པ་སོགས༔ མ་ངེས་པའི་ལྟས་བཟང་ཆོ་འཕྲུལ་སྣ་ཚོགས་འབྱུང་༔ མདོར་ན་རྟགས་རྣམས་རབ་ལ་དངོས༔ འབྲིང་ཉམས་སྣང་༔ ཐ་མ་ལ་རྨི་ལམ་དུ་འབྱུང་སྟེ་བཟང་ངན་གང་ལའང་རེ་དོགས་དགའ་སྡུག་འཇིགས་སྐྲག་ཡ་ང་བ་ཐམས་ཅད་རོ་སྙོམས་སུ་བཞག་པ་གནད་ཀྱི་ཡང་རྩེའོ༔ རྟགས་བྱུང་ནས་བསྐུལ་ཞིག་རྦད་སྔགས་འདི་ལ་འབད་པར་བྱ༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་ས་མ་ཡ་ཧྲཱིང་ཧྲཱིང༔ རྒྱུག་རྒྱུག༔ མུ་མ་རུ་རུ་ར་ན་ཧཱུྃ་རྒྱུག་རྒྱུག༔ མ་མ་རུ་རུ་ཨེ་ཀ་ཙ་ཏི་དགྲ་བོའི་སྟེང་དུ་རྒྱུག་རྒྱུག༔ ཨེ་ཨེ་མ་མ་ཏི་ཏི་ས་མ་ཧོར་ཐུན་དམ་ཉམས་དགྲ་བགེགས་ཀྱི་སྟེང་དུ་རྒྱུག་རྒྱུག་བྷྱཽ༔ ཏི་ཏི་ལཾ་ལཾ་ཧས་བྷྱི་ཡ༔ ཀ་ཀ་བིང་ཀ་ལ་ཙིཏྟ་ཕྱུངས་མྱོག་ཛ་རྦད་རྦད༔ ཀ་མ་ཤྲི་ས་མ་ཡ་ཏིང་བྷྱོ་རྦད་རྦད༔ ཙ་ཧ་སམ་མྱག་ཧུར་ཐུམ་བྷྱོ་རྦད་རྦད༔ དེ་ཚེ་འཕར་སྤྱང་ལ་སོགས་པའི་དུད་འགྲོའི་རིགས་གང་ཡང་རུང་བས་གཅིག་གིས་གཅིག་དེད་ནས་འོང་བ་དང་༔ དུད་འགྲོའི་རིགས་རྒྱ་དང་རྙི་དང་ར་བར་བཙུད་པ་དང་༔ དགྲ་བོ་དངོས་སུ་ཁྲིད་པ་འབྱུང་༔ དེ་ནས་འབོད་རྦད་བསད་གསུམ་དྲིལ་སྔགས་འདི་ཞག་བདུན་ལ་ཐུན་ཆར་བབ་ནས་བཟླའོ༔ ཧཱུྃ་ཨེ་ཀ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་དགྲ་བོའི་སྲོག་ཆོད་ལམ་རྨུག༔ མུ་མ་ར་ན་ཧཱུྃ༔ མ་མ་རུ་རུ་ཨེ་ཀ་ཙ་ཏི་བྷྱོ་དགྲ་བོ་ཤག་གཏུབ་སོད༔ ཙ་ཙ་ཤི་ཤི་དགྲ་བོའི་ཁྲག་སྙིང་འདི་ཤིག༔ ཨེ་ཨེ་མ་མ་བྷྱོ་བྷྱོ་དུང་དུང་ལམ་ལམ༔ དགྲ་བོ་གཏུབ་གཏུབ་ཨེ་མྱག་ཤ༔ ཀྵ་མ་ར་ན་ཧུ་ཛ་བྷྱོ་དགྲ་བོའི་སྲོག་ཆོད་ཆོད་ཏི་ཏི་མ་ཧཱ་ན་ཧོར་ཐུན་ཛ༔ ཏི་ཏི༔ ལཾ་ལཾ་ཧས་བྷྱི་ཡ༔ ཀ་ཀ་བིང་ཀ་ལ་དགྲ་བོའི་ཙིཏྟ་ཕྱུངས་མྱཽག་ཛ་ཛཿབྷྱཽ་སོད༔ ཀ་མ་ཤྲི་ས་མ་ཡ་ཏིང་བྷྱོ་རྦད་སོད༔ ཙ་ཧ་སམ་མྱོག༔ ཧུར་ཐུམ་ཐུམ་བྷྱོ་བྷྱོ་དགྲ་བགེགས་མཱ་ར་ཡ་ཧུར་ཐུམ་རྦད་སོད་སོད༔ དེ་ཡིས་ཤིང་གཅོད་པ་དང་༔ བྲག་བཤིག་པ་དང་༔ ལིང་འགྱེད་པ་དང་༔ བཤས་བཤས་པ་དང་༔ མཁར་བཤིག་པ་དང་༔ དགྲ་བོ་དངོས་སུ་བསད་པ་དང་༔ དུད་འགྲོའི་རིགས་གང་རུང་བསད་པ་དང་༔ མགོ་དང་དོན་སྙིང་ཁྱེར་བྱུང་བ་དང་༔ ཤ་རློན་པ་བྱུང་ན་བུལ་བ་ཡིན་ཏེ་སྒྲུབ་པ་བསྐྱར༔ ཤ་བཙོས་མ་བྱུང་ན་ཅུང་ཟད་མྱུར༔ ཤ་ཙམ་དང་རུས་པ་བརྡུང་བ་དང་༔ པགས་པ་མཉེ་བ་དང་༔ དགྲ་བོའི་བླ་སྐད་ཙེ་རེ་རེ་བྱུང་ན་གང་གིས་མི་བཟློག་མྱུར་དུ་སོད་པའི་རྟགས་ཡིན༔ རྟགས་མཚན་དེ་རྣམས་རབ་ལ་དངོས་སུ་འབྱུང་༔ འབྲིང་ལ་ཉམས་སྣང་དུ་འབྱུང་༔ ཐ་མ་རྨི་ལམ་དུ་འབྱུང་སྟེ་ཤེས་པར་མཛོད༔ དེ་ཚེ་ལིང་ག་གཏུན་དུ་བརྡུང་ནས་སྐྱེར་ཚེར་གྱི་ཤིང་གི་ཧོམ་བརྩིགས་པའི་ཐབ་ཏུ་སྔགས་སྲུང་མའི་ལས་གཞུང་བསྲང་མཐར་སྔགས་འདི་བརྗོད་ནས་ཕུལ༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་རུ་ལུ་རུ་ལུ་མ་མ་དགྲ་བོའི་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ ཞེས་བརྒྱ་རྩ་བཟླས་ཏེ་ཕུལ་བའི་ཐལ་བ་རྣམས་བག་ཟན་དང་བསྲེས་ཏེ་ཉ་བོ་གཉིས་བྱས་པ་གཅིག་གཏོར་མ་ལ་བསྟབ༔ གཅིག་མནན་པ་བྱའོ༔ དེ་ཡིས་དགྲ་བོ་མི་འགྱང་མྱུར་དུ་འཆི་ངེས་པ་ཡིན༔ རིག་འཛིན་པད་འབྱུང་བདུད་འདུལ་རྡོ་རྗེ་ཡིས༔ སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ་ངོམས་ནས༔ སྙིང་དང་སྲོག་ལས་གཅེས་པའི་མན་ངག་འདི༔ ང་སྤྲུལ་སྐྱེས་མཆོག་དམ་པ་ཁྱོད་ཉིད་ལ༔ བསྟན་དགྲ་སྒྲོལ་བའི་མཚོན་ཆར་ཁྱོད་ལ་གཏད༔ ཚངས་པའི་ཚེ་དང་ལྡན་ཡང་འཇིགས་པར་བྱེད༔ མན་ངག་འདི་འདྲ་སྲིད་པའི་ཁམས་ན་དཀོན༔ བདེན་རྫུན་ལག་ཏུ་ལོངས་དང་ངེས་པར་གསལ༔ མན་ངག་རྒྱབ་ཁལ་གཅིག་ལས་འདི་ལྷག་སྟེ༔ བླ་མ་རིག་འཛིན་རྒྱལ་བའི་དགོངས་པས་བརླབས༔ ཡི་དམ་མཁའ་འགྲོའི་ནུས་མཐུ་བཅུད་དུ་དྲིལ༔ བཀའ་སྲུང་དྲེགས་པ་ཡོངས་ཀྱི་སྲོག་རྩ་ཡིན༔ གཞན་ལ་མ་སྤེལ་སྙིང་ལས་གཅེས་པར་ཟུངས༔ བཀའ་འདི་གཟའ་བདུད་རྒྱལ་པོ་ཁྱོད་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་རང་གི་བུ་སློབ་དམ་པ་བློ་གྲོས་དབང་པོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །ཛ་ཡནྟུ།། །།  ༈  ནམ་མཁའ་མཛོད་སྔགས་མཐར༔ བྷྱོ༔ འདོད་ཡོན་སྣང་བ་མི་ཟད་གཏེར༔ མ་མོ་མཁའ་འགྲོ་དགྱེས་ཕྱིར་འབུལ༔ ཨེ་ཀ་ཙ་ཏིའི་ཐུགས་དམ་བསྐང་༔ སྲིད་པའི་མ་ཆེན༴སྤྲུལ་འཁོར་བཀའ་སྡོད༴དམ་ཚིག་ཉམས་ཆག་འགལ་འཁྲུལ་བཤགས༔ མ་གཡེལ་མ་འཁྲུགས་ཐུགས་རྗེས་དགོངས༔ རྣལ་འབྱོར་ཉམས་རྒུད་གསོ་བ་དང་༔ ཆོས་སྲིད་མངའ་ཐང་འཕེལ་རྒྱས་མཛོད༔ མི་འདོད་ཉེས་ཚོགས་དགྲ་ལ་བསྒྱུར༔ དགྲ་བགེགས་མ་ལུས་རྡུལ་དུ་རློག༔ རང་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་མ་མོ་མཁའ་འགྲོའི་སྡེ༔ བཛྲ་སཏྭ་ས་མ་ཡ༔ པཎ་ཆེན་བི་མ་མི་ཏྲས་འདི་ཅི་མང་བསྐྱར་བ་གལ་ཆེན་སྟེ་མ་མོའི་ཀོ་ལོང་དང་རུ་ང་རྒོལ་གྱིས་འདིའང་བཤགས་སྦྱང་གིས་སེལ་ཞིང་བཟློག་འགྱུར་ཅེས་ཟེར་ཡལ། །དགེའོ། །སརྦ་མངྒ་ལཾ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Revision as of 09:31, 4 September 2025

Wylie title chos nyid nam mkha'i klong mdzod las: sngags srung dbyings kyi rje mo'i drag bsgrub rno ba'i mde'u thung: TTDL-ZABTER-13-PA-013.pdf
Location bdud 'joms gling pa zab gter
Volume 13, Text 13, Pages 31-40 (Folios 1a1 to 5b1)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las sngags srung dbyings kyi rje mo'i drag bsgrub rno ba'i mde'u thung. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 31-40. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: drag sgrub   Verso: bdud 'joms srung ma sngags srung
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity E ka dzA Ti
Colophon

ཞེས་པ་འདི་རང་གི་བུ་སློབ་དམ་པ་བློ་གྲོས་དབང་པོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །ཛ་ཡནྟུ།།

zhes pa 'di rang gi bu slob dam pa blo gros dbang pos nan du bskul ngor khrag 'thung bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'o/_/dge'o/_/dge'o/_/dge'o/_/sarba mang+ga laM/_/dza yan+tu//

[edit]
ཕྚ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོའི་དྲག་བསྒྲུབ་རྣོ་བའི་མདེའུ་ཐུང་བཞུགས་སོ༔


ཕྚ༔ (བརྡ་ཡིག་) ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ སྨོན་ལམ་ལོག་པའི་བདུད་སྡེ་རྣམས༔ བན་བཙུན་སྔགས་པའི་དགྲ་རུ་ལང་༔ དེ་ཚེ་བཀའ་སྲུང་གཞན་རྣམས་ཉམས་ཕྲ་བས༔ གང་གི་བཟློག་ཏུ་མེད་པ་ཡི༔ སྲིད་པ་མ་མོ་ལ་བརྟེན་ནས༔ དྲག་བསྒྲུབ་རྣོ་བའི་མདེའུ་ཐུང་འདི༔ ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས༔ རབ་དབེན་གནས་སུ་སྟེགས་བུ་མདའ་གང་གྲུ་གསུམ་བྱས་པའི་དབུས་སུ་བདུད་ཕོ་མ་ཏྲཾ་རཱུ་ཏྲ་གན་རྐྱལ་དུ་ཡོད་པའི་ལྟོ་བར་བྲུབ་ཁུང་མཐོ་གང་བ་ཕུང་ས་སྣ་ཚོགས་སྦྱར་བའི་ཆུ་བཏབ་ནས་འབྲུ་ནག་གི་ཕྱེ་མ་ཁྲག་ཆང་གིས་སྦག་པའི་གཏོར་མ་ཁྲུ་གང་འཁོར་བཞིས་བསྐོར་བ་ཟངས་ལྕགས་ཀྱི་སྣོད་ནང་དུ་བཀོད་ནས་ཁྲི་རྐང་གསུམ་གྱི་སྟེང་དུ་བཞག༔ དེ་ལ་སྙིང་དང་ཞིང་དབྱུག་མེ་རིས་བརྒྱན་པ་བརྗིད་ལྡན་བྱའོ༔ གཏོར་མ་ལ་ཁྲག་བྱུག་བྲུབ་ཁུང་ལ་དུག་ཁྲག་སྦག་པའི་ས་དམར་གྱིས་དམར་ནག་བྱ༔ གཏོར་མ་དང་སྟེགས་བུ་གཉིས་ཀའི་མཐར་རྩང་གི་ར་བས་བསྐོར༔ དེ་ནས་དུག་ཤོག་ངོས་ལ་གྲི་ཁྲག་གིས་དགྲ་བོའི་གཟུགས་ཚང་ཞིང་ཡན་ལག་ཐམས་ཅད་ལྕགས་སྒྲོག་གིས་སྡོམ་པ་བྲིས༔ དེའི་སྤྱི་བོར་ལཾ་ནན༔ དཔྲལ་བར་རུས༔ མགྲིན་པར་བརྗེད༔ མིག་ལ་ལོངས༔ སྣ་ལ་ཚུབ༔ རྣ་བར་འོན༔ ཁ་ལ་བདུད་མོ་ང་ལོངས༔ ཚིག་བཞིར་ཛ་ཧཱུྃ་བཾ་ཧོཿ དཔུང་པ་གཉིས་ལ་ཆག༔ ངར་གདོང་ལ་ནན་ཏི་རྦད༔ བརླ་ལ་བླ་དྭགས་དང་ཆིངས༔ རྐང་འོག་ཏུ་ཡཾ་ཡཾ༔ འདོམས་སུ་ཕཊ༔ སྙིང་གར་ནྲྀ་ཏྲི་ཛ་ཛ་དགྲ་བོ་ཆེ་གེ་མོ་ཁུག་ཅིག་བྲི༔ དེའི་མཇུག་ཏུ་སྔགས་མགོ་ཕྱིར་བསྟན་ལ༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྵ༔ མུ་མ་ར་ན་ཧཱུྃ་ཕཊ༔ མ་མ་ཨེ་ཀ་ཙ་ཏི་དགྲ་བོའི་སྙིང་ལོངས༔ ཤག་སོད༔ ཙ་ཙ་ཤི་ཤི༔ ཁྲག་སྙིང་འདི་ཤིག་ཤིག༔ ཨེ་ཨེ་མ་མ༔ དུང་དུང་ལམ་ལམ༔ ཏུབ་ཏུབ་ཨེ་མྱག་ཤ༔ ཀྵཾ་མ་ར་ན་ཧཱུྃ་ཛ༔ ཏི་ཏི་ས་མ་ཧ་ན་ཧོར་ཐུན་ཛ་ཛཿཏི་ཏི༔ ལཾ་ལཾ་ཧིབ་བྷི༔ ཀ་ཀ་བིང་ཀ་ལ་ཙིཏྟ་ཕྱུང་ཕྱུང་མྱཽག༔ ཛ་བྷྱཽ༔ ཀ་མ་ཤྲི་ས་མ་ཡ་ཏིང་བྷྱཽ༔ ཙ་ཧ་སམ་མྱོག་ཧུར་ཐུམ་ཛ་བྷྱོ་ཏི་ཀ་དགྲ་བོའི་སྲོག་ལོང་རྨུག་ཆོད་སོད་སོད༔ དེ་ནས་རཱུ་པའི་སྤྱི་བོ་ནས་མགོ་ནང་དུ་བསྟན་ལ་སྔགས་འདི་དག་པར་བྲི༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྵ་ས་མ་ཡ་ཙིཏྟ་ཧྲཱིང་ཧྲཱིང་ཛ་ཥི་ཥི་ས་མ་ཡ་ཧ་ན་ཧུར་ཐུམ་ཛ་ཛཿསོགས་ཚང་བར་བྲིས༔ མཐར་ཛ་ཁྲམ་གྱིས་བསྐོར༔ ཤོག་ཟུར་ཐམས་ཅད་ཉི་ཟླ་གཟས་ཟིན་པ་ལྟར་བྱ༔ མཐར་ལྟེབ་ཅིང་ཁམས་སས་རཱུ་པ་བཟོས་པའི་ལྟོ་བར་བཅུག༔ ནྲྀ་མིག་ལ་བྱད་ཐག་དམར་ནག་བཏགས་ཏེ་ཡར་དྲངས་ནས་དཔལ་གཏོར་ལ་གཏོད༔ དེ་ནས་དྲག་པོའི་དཀྱིལ་འཁོར་བསྒོམ་པ་ནི༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སོགས་སྟོང་པའི་ངང་ལས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ལས་ཉོན་ཐམས་ཅད་ཡི་གེ་ཧ་ལ་ཟུང་ཁ་དོག་དམར་ནག་རྣམ་པ་ཅན་དུ་འདུག་པ་དེ་ཡོངས་སུ་གྱུར་པ་ལས་ནད་དུག་གྲིབ་ཀྱི་རྒྱ་མཚོ་དམར་ནག་རྦ་ཀློང་རབ་ཏུ་འཁྲིགས་པའི་ཀློང་དུ་ཏྲིཿལས་བདུད་ཕོ་མ་ཏྲཾ་རཱུ་ཏྲ་གན་རྐྱལ་དུ་གནས་པའི་རྐང་ལག་ལྕགས་སྒྲོག་གིས་བསྡམས་པ་འགུལ་བསྐྱོད་དང་བྲལ་བའི་ལྟོ་བར་ཨེ་ལས་གྲུ་གསུམ་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་ནག་ལ་ཁ་རུབ་ཅིང་གཏིང་ཟབ་པ་ནང་དུ་གཏི་མུག་གི་མུན་ནག་འཐིབ་ཅིང་ང་རྒྱལ་གྱི་བྲག་རི་སྙིལ་བ་འདོད་ཆགས་ཀྱི་དུག་མཚོ་ཁོལ་བ་ཞེ་སྡང་གི་མེ་དཔུང་འབར་བ་ཕྲག་དོག་གི་རླུང་དམར་གཡོ་ཞིང་ཐུན་མཚོན་གྱི་ཆར་ལ་འབེབས་པ་མཐར་རྩང་ལ་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་གཡས་པ་རྣམས་ཀྱིས་འགུགས་བྱེད་ལྕགས་ཀྱུ་དང་༔ གཡོན་པ་རྣམས་ན་འཆིང་བྱེད་ཀྱི་ཞགས་པ་ཐོགས་པ་རྒྱབ་ན་བླ་འཛིན་གྱི་དྲྭ་བ་ཁུར་བ་མེ་རླུང་དྲག་པོ་འབར་ཞིང་གཡོ་འཐབ་བྱེད་པའི་རང་བཞིན་ཅན་དུ་གྱུར༔ ལས་ཀྱི་བྲུབ་ཁུང་དེའི་ནང་དུ་དམ་ཉམས་པའི་དགྲ་བོའི་བླ་ཡིད་ཚེ་བསོད་ཐམས་ཅད་འདུས་པའི་ངོ་བོ་ནྲྀ་ཡིག་ཐལ་སྐྱའི་ཁ་དོག་ལྟ་བུ་ལས་འོད་འཕྲོས་པས་དགྲ་བོ་མི་ནོར་དང་བཅས་པ་ཐམས་ཅད་ཚུར་འདུས་ནྲྀ་ལ་ཐིམ་པས་དེ་ཡོངས་སུ་གྱུར་པ་ལས་དགྲ་བོའི་རཱུ་པ་ཁ་ངུ་བ་མིག་ཤི་མིག་ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན་རྐང་ལག་ཐམས་ཅད་ལྕགས་སྒྲོག་གིས་བསྡམས་ཤིང་༔ བུ་ག་དགུ་ནས་ཁྲག་འཛག་པ་བྱང་སེམས་དཀར་དམར་ཐུར་དུ་འབེབས་པ་མདོག་སྔོ་ཞིང་མདངས་ཉམས་པ་ཧམ་པ་སྐྱ་བ་རིད་པ་གཤིན་དྲི་ཐུ་ལུ་ལུ་འཐུལ་བ་དེའི་སྟེང་གི་ནམ་མཁར་གྲུ་གང་འཕགས་པའི་སྟེང་དུ་མེ་རླུང་འཚུབས་མ་ལས་གྲུབ་པ་གཞི་ཤིན་ཏུ་འཇིགས་ཤིང་ཡ་ང་བའི་སྟེང་དུ༔ གྲུ་གསུམ་དམར་ནག་མེ་རླུང་འཁྲུགས་པའི་དབུས༔ པདྨ་ཉི་མ་བམ་རོའི་གདན་གྱི་སྟེང་༔ བྷྱོ་ལས་དཔལ་ལྡན་སྔགས་ཀྱི་སྲུང་མ་ནི༔ སྐུ་མདོག་དམར་ནག་ཞིང་དབྱུག་ཙིཏྟ་བསྣམས༔ དཔྲལ་ན་མིག་གཅིག་ཞལ་ན་ཚེམས་གཅིག་མ༔ ཞབས་གཅིག་གར་གྱིས་དགྲ་བོའི་སྙིང་ཁར་བརྫིས༔ འཇིགས་བྱེད་ཆེན་མོ་རལ་པའི་ཐོར་གཙུག་ཅན༔ དགྲ་གདོན་བགེགས་ཀྱི་སྲོག་དབུགས་འཕྲོག་པར་བྱེད༔ སྨྲ་བཅད་མི་དང་མི་འཕྲད་པར་འབོད་སྔགས་འདི་དང་བླ་འགུགས་སྔགས་བསྒྲིལ་ལ་རྟགས་མ་བྱུང་བར་དུ་འབད༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ས་མ་ཡ་ཧྲཱིང་ཧྲཱིང་ཛ་ཛཿཞག་གསུམ་མམ་ལྔའམ་བདུན་དུ་བརྗོད་ཚེ་འཚུབས་མ་ཆེན་པོ་འཕྱོ་བ་དང་༔ སྒོ་བརྡུང་བ་དང་༔ ཐུག་ཆོམ་ཆེན་པོ་དང་༔ བུད་མེད་ཀྱི་ཚོགས་མང་པོ་འདུ་བ་དང་༔ དཔལ་གཏོར་ལ་མེ་འབར་བ་རྣམས་རབ་ལ་མངོན་སུམ་ཞལ་གཟིགས་པ་སོགས༔ མ་ངེས་པའི་ལྟས་བཟང་ཆོ་འཕྲུལ་སྣ་ཚོགས་འབྱུང་༔ མདོར་ན་རྟགས་རྣམས་རབ་ལ་དངོས༔ འབྲིང་ཉམས་སྣང་༔ ཐ་མ་ལ་རྨི་ལམ་དུ་འབྱུང་སྟེ་བཟང་ངན་གང་ལའང་རེ་དོགས་དགའ་སྡུག་འཇིགས་སྐྲག་ཡ་ང་བ་ཐམས་ཅད་རོ་སྙོམས་སུ་བཞག་པ་གནད་ཀྱི་ཡང་རྩེའོ༔ རྟགས་བྱུང་ནས་བསྐུལ་ཞིག་རྦད་སྔགས་འདི་ལ་འབད་པར་བྱ༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་ས་མ་ཡ་ཧྲཱིང་ཧྲཱིང༔ རྒྱུག་རྒྱུག༔ མུ་མ་རུ་རུ་ར་ན་ཧཱུྃ་རྒྱུག་རྒྱུག༔ མ་མ་རུ་རུ་ཨེ་ཀ་ཙ་ཏི་དགྲ་བོའི་སྟེང་དུ་རྒྱུག་རྒྱུག༔ ཨེ་ཨེ་མ་མ་ཏི་ཏི་ས་མ་ཧོར་ཐུན་དམ་ཉམས་དགྲ་བགེགས་ཀྱི་སྟེང་དུ་རྒྱུག་རྒྱུག་བྷྱཽ༔ ཏི་ཏི་ལཾ་ལཾ་ཧས་བྷྱི་ཡ༔ ཀ་ཀ་བིང་ཀ་ལ་ཙིཏྟ་ཕྱུངས་མྱོག་ཛ་རྦད་རྦད༔ ཀ་མ་ཤྲི་ས་མ་ཡ་ཏིང་བྷྱོ་རྦད་རྦད༔ ཙ་ཧ་སམ་མྱག་ཧུར་ཐུམ་བྷྱོ་རྦད་རྦད༔ དེ་ཚེ་འཕར་སྤྱང་ལ་སོགས་པའི་དུད་འགྲོའི་རིགས་གང་ཡང་རུང་བས་གཅིག་གིས་གཅིག་དེད་ནས་འོང་བ་དང་༔ དུད་འགྲོའི་རིགས་རྒྱ་དང་རྙི་དང་ར་བར་བཙུད་པ་དང་༔ དགྲ་བོ་དངོས་སུ་ཁྲིད་པ་འབྱུང་༔ དེ་ནས་འབོད་རྦད་བསད་གསུམ་དྲིལ་སྔགས་འདི་ཞག་བདུན་ལ་ཐུན་ཆར་བབ་ནས་བཟླའོ༔ ཧཱུྃ་ཨེ་ཀ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་དགྲ་བོའི་སྲོག་ཆོད་ལམ་རྨུག༔ མུ་མ་ར་ན་ཧཱུྃ༔ མ་མ་རུ་རུ་ཨེ་ཀ་ཙ་ཏི་བྷྱོ་དགྲ་བོ་ཤག་གཏུབ་སོད༔ ཙ་ཙ་ཤི་ཤི་དགྲ་བོའི་ཁྲག་སྙིང་འདི་ཤིག༔ ཨེ་ཨེ་མ་མ་བྷྱོ་བྷྱོ་དུང་དུང་ལམ་ལམ༔ དགྲ་བོ་གཏུབ་གཏུབ་ཨེ་མྱག་ཤ༔ ཀྵ་མ་ར་ན་ཧུ་ཛ་བྷྱོ་དགྲ་བོའི་སྲོག་ཆོད་ཆོད་ཏི་ཏི་མ་ཧཱ་ན་ཧོར་ཐུན་ཛ༔ ཏི་ཏི༔ ལཾ་ལཾ་ཧས་བྷྱི་ཡ༔ ཀ་ཀ་བིང་ཀ་ལ་དགྲ་བོའི་ཙིཏྟ་ཕྱུངས་མྱཽག་ཛ་ཛཿབྷྱཽ་སོད༔ ཀ་མ་ཤྲི་ས་མ་ཡ་ཏིང་བྷྱོ་རྦད་སོད༔ ཙ་ཧ་སམ་མྱོག༔ ཧུར་ཐུམ་ཐུམ་བྷྱོ་བྷྱོ་དགྲ་བགེགས་མཱ་ར་ཡ་ཧུར་ཐུམ་རྦད་སོད་སོད༔ དེ་ཡིས་ཤིང་གཅོད་པ་དང་༔ བྲག་བཤིག་པ་དང་༔ ལིང་འགྱེད་པ་དང་༔ བཤས་བཤས་པ་དང་༔ མཁར་བཤིག་པ་དང་༔ དགྲ་བོ་དངོས་སུ་བསད་པ་དང་༔ དུད་འགྲོའི་རིགས་གང་རུང་བསད་པ་དང་༔ མགོ་དང་དོན་སྙིང་ཁྱེར་བྱུང་བ་དང་༔ ཤ་རློན་པ་བྱུང་ན་བུལ་བ་ཡིན་ཏེ་སྒྲུབ་པ་བསྐྱར༔ ཤ་བཙོས་མ་བྱུང་ན་ཅུང་ཟད་མྱུར༔ ཤ་ཙམ་དང་རུས་པ་བརྡུང་བ་དང་༔ པགས་པ་མཉེ་བ་དང་༔ དགྲ་བོའི་བླ་སྐད་ཙེ་རེ་རེ་བྱུང་ན་གང་གིས་མི་བཟློག་མྱུར་དུ་སོད་པའི་རྟགས་ཡིན༔ རྟགས་མཚན་དེ་རྣམས་རབ་ལ་དངོས་སུ་འབྱུང་༔ འབྲིང་ལ་ཉམས་སྣང་དུ་འབྱུང་༔ ཐ་མ་རྨི་ལམ་དུ་འབྱུང་སྟེ་ཤེས་པར་མཛོད༔ དེ་ཚེ་ལིང་ག་གཏུན་དུ་བརྡུང་ནས་སྐྱེར་ཚེར་གྱི་ཤིང་གི་ཧོམ་བརྩིགས་པའི་ཐབ་ཏུ་སྔགས་སྲུང་མའི་ལས་གཞུང་བསྲང་མཐར་སྔགས་འདི་བརྗོད་ནས་ཕུལ༔ ཧཱུྃ་མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་རུ་ལུ་རུ་ལུ་མ་མ་དགྲ་བོའི་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ལ་ཁཱ་ཧི༔ ཞེས་བརྒྱ་རྩ་བཟླས་ཏེ་ཕུལ་བའི་ཐལ་བ་རྣམས་བག་ཟན་དང་བསྲེས་ཏེ་ཉ་བོ་གཉིས་བྱས་པ་གཅིག་གཏོར་མ་ལ་བསྟབ༔ གཅིག་མནན་པ་བྱའོ༔ དེ་ཡིས་དགྲ་བོ་མི་འགྱང་མྱུར་དུ་འཆི་ངེས་པ་ཡིན༔ རིག་འཛིན་པད་འབྱུང་བདུད་འདུལ་རྡོ་རྗེ་ཡིས༔ སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ་ངོམས་ནས༔ སྙིང་དང་སྲོག་ལས་གཅེས་པའི་མན་ངག་འདི༔ ང་སྤྲུལ་སྐྱེས་མཆོག་དམ་པ་ཁྱོད་ཉིད་ལ༔ བསྟན་དགྲ་སྒྲོལ་བའི་མཚོན་ཆར་ཁྱོད་ལ་གཏད༔ ཚངས་པའི་ཚེ་དང་ལྡན་ཡང་འཇིགས་པར་བྱེད༔ མན་ངག་འདི་འདྲ་སྲིད་པའི་ཁམས་ན་དཀོན༔ བདེན་རྫུན་ལག་ཏུ་ལོངས་དང་ངེས་པར་གསལ༔ མན་ངག་རྒྱབ་ཁལ་གཅིག་ལས་འདི་ལྷག་སྟེ༔ བླ་མ་རིག་འཛིན་རྒྱལ་བའི་དགོངས་པས་བརླབས༔ ཡི་དམ་མཁའ་འགྲོའི་ནུས་མཐུ་བཅུད་དུ་དྲིལ༔ བཀའ་སྲུང་དྲེགས་པ་ཡོངས་ཀྱི་སྲོག་རྩ་ཡིན༔ གཞན་ལ་མ་སྤེལ་སྙིང་ལས་གཅེས་པར་ཟུངས༔ བཀའ་འདི་གཟའ་བདུད་རྒྱལ་པོ་ཁྱོད་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་རང་གི་བུ་སློབ་དམ་པ་བློ་གྲོས་དབང་པོས་ནན་དུ་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །ཛ་ཡནྟུ།། །། ༈ ནམ་མཁའ་མཛོད་སྔགས་མཐར༔ བྷྱོ༔ འདོད་ཡོན་སྣང་བ་མི་ཟད་གཏེར༔ མ་མོ་མཁའ་འགྲོ་དགྱེས་ཕྱིར་འབུལ༔ ཨེ་ཀ་ཙ་ཏིའི་ཐུགས་དམ་བསྐང་༔ སྲིད་པའི་མ་ཆེན༴སྤྲུལ་འཁོར་བཀའ་སྡོད༴དམ་ཚིག་ཉམས་ཆག་འགལ་འཁྲུལ་བཤགས༔ མ་གཡེལ་མ་འཁྲུགས་ཐུགས་རྗེས་དགོངས༔ རྣལ་འབྱོར་ཉམས་རྒུད་གསོ་བ་དང་༔ ཆོས་སྲིད་མངའ་ཐང་འཕེལ་རྒྱས་མཛོད༔ མི་འདོད་ཉེས་ཚོགས་དགྲ་ལ་བསྒྱུར༔ དགྲ་བགེགས་མ་ལུས་རྡུལ་དུ་རློག༔ རང་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་མ་མོ་མཁའ་འགྲོའི་སྡེ༔ བཛྲ་སཏྭ་ས་མ་ཡ༔ པཎ་ཆེན་བི་མ་མི་ཏྲས་འདི་ཅི་མང་བསྐྱར་བ་གལ་ཆེན་སྟེ་མ་མོའི་ཀོ་ལོང་དང་རུ་ང་རྒོལ་གྱིས་འདིའང་བཤགས་སྦྱང་གིས་སེལ་ཞིང་བཟློག་འགྱུར་ཅེས་ཟེར་ཡལ། །དགེའོ། །སརྦ་མངྒ་ལཾ།། །།