TTDL-ZABTER-13-PA-068: Difference between revisions

From Dudjom Wiki
TTDL-ZABTER-13-PA-068
No edit summary
m (Text replacement - "ཧོཿ" to "ཧོཿ ")
 
Line 37: Line 37:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༁ྃ༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཕགས་པ་ཛམ་བྷ་ལ་དཀར་པོའི་སྒྲུབ་ཐབས་དཔག་བསམ་རྒྱས་པའི་ལྗོན་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  དཀར་གསུམ་མངར་གསུམ་ལ་སོགས་པའི༔ གཏོར་མ་འབྱོར་ཚོགས་བཤམས་བྱས་ཏེ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཧཱུྃ༔ སྣང་སྲིད་ཐམས་ཅད་སྟོད་པ་ཉིད༔ རྣམ་ཐར་གསུམ་ལྡན་བཙུན་མོའི་མཁར༔ སྐད་ཅིག་སྣང་སྟོང་དབྱེར་མེད་པའི༔ སྒྱུ་འཕྲུལ་བཀོད་པ་རབ་རྫོགས་པའི༔ ཞིང་ཁམས་ཡིད་འོང་ཉམས་དགའི་ཚལ༔ རིན་ཆེན་སྣ་ཚོགས་ལས་གྲུབ་པའི༔ གཞལ་ཡས་ཁང་པ་ཁྱོན་ཡངས་པའི༔ དབུས་སུ་ནོར་བུའི་ཁྲི་ཡི་ཁར༔ ཛཾཿཡིག་དཀར་པོ་འོད་དུ་འབར༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ འཕགས་པ་མཆོད་ཅིང་འགྲོ་དོན་བསྒྲུབ༔ ཚུར་འདུས་འཁོར་འདས་གཟི་བྱིན་བསྡུས༔ གནས་འགྱུར་འཕགས་པ་ཛམ་བྷ་ལ༔ དཀར་གསལ་ཟླ་གཞོན་ལྟ་བུའི་སྐུ༔ ཞི་མ་ཁྲོ་འཛུམ་གཟི་བརྗིད་འབར༔ ཕྱག་གཡས་བེ་ཅོན་ཀླད་ལ་བསྐོར༔ གཡོན་པས་ནོར་སྐྱུགས་ནེའུ་ལེ་འཛིན༔ དར་དང་རིན་ཆེན་དུ་མས་བརྒྱན༔ རྩལ་ཆེན་གཡུ་འབྲུག་སྔོན་པོ་བཅིབས༔ སྤྲུལ་པ་ལས་ཀྱི་ལྷ་མོ་བཞི༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར༔ གཡས་པས་ཁམས་གསུམ་ལྕགས་ཀྱུས་འགུགས༔ གཡོན་པས་པདྨ་དཀར་པོ་བསྣམས༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར༔ ཕྱག་གཡས་ཞགས་པས་ཁམས་གསུམ་བཅིང་༔ གཡོན་པས་པདྨ་སེར་པོ་བསྣམས༔ ནུབ་ཏུ་པདྨ་མཁའ་འགྲོ་དམར༔ ཕྱག་གཡས་ལྕགས་སྒྲོག་འབར་བས་སྡོམས༔ གཡོན་པས་པདྨ་དམར་པོ་བསྣམས༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་༔ ཕྱག་གཡས་དྲིལ་བུས་མྱོས་པར་བྱེད༔ གཡོན་པས་པདྨ་ལྗང་ཀུ་བསྣམས༔ ཀུན་ཀྱང་གར་སྟབས་མཚན་དཔེས་བརྒྱན༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ནོར་བུའི་ཕྲེང་བ་སེ་རལ་ཁ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་ལས་འོད་འཕྲོས་པས༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ གནོད་སྦྱིན་ནོར་ལྷ་གཏེར་བདག་ཚོགས༔ མ་ལུས་ལུས་པ་མེད་པ་རུ༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ དམ་ཚིག་པ་དང་ཡེ་ཤེས་པ༔ གཉིས་སུ་མེད་པར་འདྲེས་པ་ཡིས༔ བདེ་སྟོང་ཡེ་ཤེས་རབ་འབར་བའི༔ ཆོས་འཕྲུལ་སྤྲུལ་པའི་ལོངས་སྤྱོད་དཔལ༔ དགའ་ལྡན་ལྷ་ཡི་དཔལ་ལྟ་བུ༔ རྨི་ལམ་སྣང་བ་བཞིན་དུ་འཕྲུལ༔ ཅེས་བསམ་ཞིང་འབོད་སྔགས་འདི་བརྗོད་པར་བྱའོ༔ ཨོཾ་པདྨ་ཀྲོ་ཏ་ཨཱཪྻ་ཛམ་བྷ་ལ་ཧཱུྃ༔ ས་མ་ཡ་ཛ་ཧོཿཞེས་ཤེས་པ་གཞན་དུ་མ་ཡེངས་པར་ལྷའི་གསལ་སྣང་དང་འགྲོགས༔ མི་ཚིག་གིས་བར་མ་ཆོད་པར་འབོད་སྔགས་དྲག་ཏུ་བཟླ༔ སྟན་གྱི་དྲོད་མ་ཡལ་བར་རྒྱུ་འགྲུལ་དང་རྣམ་གཡེང་སྤངས་ནས་བསྒྲུབས་ན་འགྲུབ་རྟགས་མྱུར་དུ་འབྱུང་བར་གདོན་མི་ཟའོ༔ དེ་ནས་སྒྲུབ་སྔགས་བརྗོད་པ་ལ༔ ཨོཾ་པདྨ་ཀྲོ་ཏ་ཨཱཪྻ་ཛམ་བྷ་ལ་ས་མ་ཡ་ནྲྀ་ཏྲི་ཨ་ཀཪྴ་ཡ་ཛ་ཛཿསརྦ་རཏྣ་བ་སུ་སིདྡྷི་ཕ་ལ་ཧཱུྃ་ཛཿརྟགས་མ་བྱུང་བར་དུ་བཟླ༔ དང་པོ་འབོད་པའི་རྟགས་མི་ཆེན་འདུ་བ་དང་༔ ཁྲོམ་ཚོགས་པ་དང་༔ ཚོང་འདུ་ཆེན་པོ་འདུ་བ་དང་༔ སྐྱེས་པ་བུད་མེད་ཀྱི་ཚོགས་རྣམས་ཆང་ལ་དགའ་གདུང་བྱེད་པ་དང་༔ ཉི་ཟླ་ཤར་བ་དང་༔ ལོ་ཏོག་སྣ་ཚོགས་རྒྱས་པ་དང་རོལ་མོའི་རིགས་དང་སྐུ་གསུང་ཐུགས་རྟེན་མང་པོ་རྙེད་པ་འབྱུང་ང་ོ༔ སྒྲུབ་པའི་ལྟས་རིན་པོ་ཆེ་རྣམ་པ་སྣ་ཚོགས་དང་༔ རས་ཕྲུག་གོས་དར་ལ་སོགས་གོས་ཀྱི་རིགས་དང་༔ འབྲུ་དང་འབྲས་བུ་སྣ་ཚོགས་དང་༔ མདོར་ན་ཁྱིམ་ཐམས་ཅད་དུ་ལོངས་སྤྱོད་བརྩེགས་པ་དང་སྤུངས་པས་གང་བ་དང་༔ ཟས་ཀྱི་གནས་ཡུལ་དུ་ཡོད་པ་དང་༔ རང་ལ་ཟས་ནོར་གྱི་རིགས་མང་པོ་འབུལ་བ་དང་༔ སྟེར་བ་དང་༔ གཞན་ཡང་ཉམས་དགའ་ཡིད་དུ་འོང་བའི་གནས་དང་ཁང་ཁྱིམ་ལོངས་སྤྱོད་ཀྱིས་གང་བ་སྣ་ཚོགས་མ་ངེས་པར་འབྱུང་བ་ཡིན༔ ལོངས་སྤྱོད་གཞན་གྱིས་རྐུན་ཇག་ལ་ཤོར་བ་དང་༔ ཟས་ཁྱི་དང་བྱ་གཅན་གྱིས་ཁྱེར་བ་དང་༔ གཞན་གྱིས་བསྡིགས་པ་དང་༔ ཉེས་པ་བསྒྲགས་པ་ལ་སོགས་མི་འདོད་པ་མི་དགའ་བ་སྣ་ཚོགས་གང་བྱུང་ཡང་འཁུ་ཞིང་ལྡོག་པའི་ལྟས་ཡིན་པས་ཚོགས་བསྐང་གྲངས་མང་ཞིང་རྒྱ་ཆེ་བ་བཏང་དགོས་པས་ཤེས་པར་མཛོད༔ དེ་ལྟར་བསྐྱེད་དང་བཟླས་པའི་སྒོ་ནས་བསྒྲུབ་པའི་སྐྱེས་བུ་རྣམས་ཀྱི་ལོངས་སྤྱོད་དང་འབྱོར་པ་རྒྱས་པར་གདོན་མི་ཟའོ༔ བར་སྐབས་རྣམས་སུ་བསྐང་གསོལ་འདི་གྲངས་མང་དུ་བརྗོད་པར་བྱའོ༔ ནམ་མཁའ་མཛོད་སྔགས་མཐར༔ ཛཿདད་པ་དང་ནི་དམ་ཚིག་གིས༔ ཛམ་ལྷ་འཁོར་བཅས་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ དངོས་གྲུབ་སྩོལ་ཕྱིར་ཕྱག་འཚལ་ལོ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ འབྱོར་ཚོགས་ཡོ་བྱད་དུ་མས་གསོལ༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ དམ་ལ་མ་འདའ་ས་མ་ཡ༔ དེ་ལྟར་ཡང་ཡང་གསོལ་མཆོད་བསྐྱལ༔ གནད་དེས་བསོད་ནམས་ལོངས་སྤྱོད་ཀུན༔ མི་ཟད་གཏེར་དུ་འཕེལ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གུ་ཧྱ༔ ཞེས་པ་འདི་སློབ་མ་དོན་བཟང་གིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}}
{{TibP|༁ྃ༔  ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཕགས་པ་ཛམ་བྷ་ལ་དཀར་པོའི་སྒྲུབ་ཐབས་དཔག་བསམ་རྒྱས་པའི་ལྗོན་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  དཀར་གསུམ་མངར་གསུམ་ལ་སོགས་པའི༔ གཏོར་མ་འབྱོར་ཚོགས་བཤམས་བྱས་ཏེ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཧཱུྃ༔ སྣང་སྲིད་ཐམས་ཅད་སྟོད་པ་ཉིད༔ རྣམ་ཐར་གསུམ་ལྡན་བཙུན་མོའི་མཁར༔ སྐད་ཅིག་སྣང་སྟོང་དབྱེར་མེད་པའི༔ སྒྱུ་འཕྲུལ་བཀོད་པ་རབ་རྫོགས་པའི༔ ཞིང་ཁམས་ཡིད་འོང་ཉམས་དགའི་ཚལ༔ རིན་ཆེན་སྣ་ཚོགས་ལས་གྲུབ་པའི༔ གཞལ་ཡས་ཁང་པ་ཁྱོན་ཡངས་པའི༔ དབུས་སུ་ནོར་བུའི་ཁྲི་ཡི་ཁར༔ ཛཾཿཡིག་དཀར་པོ་འོད་དུ་འབར༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ འཕགས་པ་མཆོད་ཅིང་འགྲོ་དོན་བསྒྲུབ༔ ཚུར་འདུས་འཁོར་འདས་གཟི་བྱིན་བསྡུས༔ གནས་འགྱུར་འཕགས་པ་ཛམ་བྷ་ལ༔ དཀར་གསལ་ཟླ་གཞོན་ལྟ་བུའི་སྐུ༔ ཞི་མ་ཁྲོ་འཛུམ་གཟི་བརྗིད་འབར༔ ཕྱག་གཡས་བེ་ཅོན་ཀླད་ལ་བསྐོར༔ གཡོན་པས་ནོར་སྐྱུགས་ནེའུ་ལེ་འཛིན༔ དར་དང་རིན་ཆེན་དུ་མས་བརྒྱན༔ རྩལ་ཆེན་གཡུ་འབྲུག་སྔོན་པོ་བཅིབས༔ སྤྲུལ་པ་ལས་ཀྱི་ལྷ་མོ་བཞི༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར༔ གཡས་པས་ཁམས་གསུམ་ལྕགས་ཀྱུས་འགུགས༔ གཡོན་པས་པདྨ་དཀར་པོ་བསྣམས༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར༔ ཕྱག་གཡས་ཞགས་པས་ཁམས་གསུམ་བཅིང་༔ གཡོན་པས་པདྨ་སེར་པོ་བསྣམས༔ ནུབ་ཏུ་པདྨ་མཁའ་འགྲོ་དམར༔ ཕྱག་གཡས་ལྕགས་སྒྲོག་འབར་བས་སྡོམས༔ གཡོན་པས་པདྨ་དམར་པོ་བསྣམས༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་༔ ཕྱག་གཡས་དྲིལ་བུས་མྱོས་པར་བྱེད༔ གཡོན་པས་པདྨ་ལྗང་ཀུ་བསྣམས༔ ཀུན་ཀྱང་གར་སྟབས་མཚན་དཔེས་བརྒྱན༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ནོར་བུའི་ཕྲེང་བ་སེ་རལ་ཁ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་ལས་འོད་འཕྲོས་པས༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ གནོད་སྦྱིན་ནོར་ལྷ་གཏེར་བདག་ཚོགས༔ མ་ལུས་ལུས་པ་མེད་པ་རུ༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ དམ་ཚིག་པ་དང་ཡེ་ཤེས་པ༔ གཉིས་སུ་མེད་པར་འདྲེས་པ་ཡིས༔ བདེ་སྟོང་ཡེ་ཤེས་རབ་འབར་བའི༔ ཆོས་འཕྲུལ་སྤྲུལ་པའི་ལོངས་སྤྱོད་དཔལ༔ དགའ་ལྡན་ལྷ་ཡི་དཔལ་ལྟ་བུ༔ རྨི་ལམ་སྣང་བ་བཞིན་དུ་འཕྲུལ༔ ཅེས་བསམ་ཞིང་འབོད་སྔགས་འདི་བརྗོད་པར་བྱའོ༔ ཨོཾ་པདྨ་ཀྲོ་ཏ་ཨཱཪྻ་ཛམ་བྷ་ལ་ཧཱུྃ༔ ས་མ་ཡ་ཛ་ཧོཿ ཞེས་ཤེས་པ་གཞན་དུ་མ་ཡེངས་པར་ལྷའི་གསལ་སྣང་དང་འགྲོགས༔ མི་ཚིག་གིས་བར་མ་ཆོད་པར་འབོད་སྔགས་དྲག་ཏུ་བཟླ༔ སྟན་གྱི་དྲོད་མ་ཡལ་བར་རྒྱུ་འགྲུལ་དང་རྣམ་གཡེང་སྤངས་ནས་བསྒྲུབས་ན་འགྲུབ་རྟགས་མྱུར་དུ་འབྱུང་བར་གདོན་མི་ཟའོ༔ དེ་ནས་སྒྲུབ་སྔགས་བརྗོད་པ་ལ༔ ཨོཾ་པདྨ་ཀྲོ་ཏ་ཨཱཪྻ་ཛམ་བྷ་ལ་ས་མ་ཡ་ནྲྀ་ཏྲི་ཨ་ཀཪྴ་ཡ་ཛ་ཛཿསརྦ་རཏྣ་བ་སུ་སིདྡྷི་ཕ་ལ་ཧཱུྃ་ཛཿརྟགས་མ་བྱུང་བར་དུ་བཟླ༔ དང་པོ་འབོད་པའི་རྟགས་མི་ཆེན་འདུ་བ་དང་༔ ཁྲོམ་ཚོགས་པ་དང་༔ ཚོང་འདུ་ཆེན་པོ་འདུ་བ་དང་༔ སྐྱེས་པ་བུད་མེད་ཀྱི་ཚོགས་རྣམས་ཆང་ལ་དགའ་གདུང་བྱེད་པ་དང་༔ ཉི་ཟླ་ཤར་བ་དང་༔ ལོ་ཏོག་སྣ་ཚོགས་རྒྱས་པ་དང་རོལ་མོའི་རིགས་དང་སྐུ་གསུང་ཐུགས་རྟེན་མང་པོ་རྙེད་པ་འབྱུང་ང་ོ༔ སྒྲུབ་པའི་ལྟས་རིན་པོ་ཆེ་རྣམ་པ་སྣ་ཚོགས་དང་༔ རས་ཕྲུག་གོས་དར་ལ་སོགས་གོས་ཀྱི་རིགས་དང་༔ འབྲུ་དང་འབྲས་བུ་སྣ་ཚོགས་དང་༔ མདོར་ན་ཁྱིམ་ཐམས་ཅད་དུ་ལོངས་སྤྱོད་བརྩེགས་པ་དང་སྤུངས་པས་གང་བ་དང་༔ ཟས་ཀྱི་གནས་ཡུལ་དུ་ཡོད་པ་དང་༔ རང་ལ་ཟས་ནོར་གྱི་རིགས་མང་པོ་འབུལ་བ་དང་༔ སྟེར་བ་དང་༔ གཞན་ཡང་ཉམས་དགའ་ཡིད་དུ་འོང་བའི་གནས་དང་ཁང་ཁྱིམ་ལོངས་སྤྱོད་ཀྱིས་གང་བ་སྣ་ཚོགས་མ་ངེས་པར་འབྱུང་བ་ཡིན༔ ལོངས་སྤྱོད་གཞན་གྱིས་རྐུན་ཇག་ལ་ཤོར་བ་དང་༔ ཟས་ཁྱི་དང་བྱ་གཅན་གྱིས་ཁྱེར་བ་དང་༔ གཞན་གྱིས་བསྡིགས་པ་དང་༔ ཉེས་པ་བསྒྲགས་པ་ལ་སོགས་མི་འདོད་པ་མི་དགའ་བ་སྣ་ཚོགས་གང་བྱུང་ཡང་འཁུ་ཞིང་ལྡོག་པའི་ལྟས་ཡིན་པས་ཚོགས་བསྐང་གྲངས་མང་ཞིང་རྒྱ་ཆེ་བ་བཏང་དགོས་པས་ཤེས་པར་མཛོད༔ དེ་ལྟར་བསྐྱེད་དང་བཟླས་པའི་སྒོ་ནས་བསྒྲུབ་པའི་སྐྱེས་བུ་རྣམས་ཀྱི་ལོངས་སྤྱོད་དང་འབྱོར་པ་རྒྱས་པར་གདོན་མི་ཟའོ༔ བར་སྐབས་རྣམས་སུ་བསྐང་གསོལ་འདི་གྲངས་མང་དུ་བརྗོད་པར་བྱའོ༔ ནམ་མཁའ་མཛོད་སྔགས་མཐར༔ ཛཿདད་པ་དང་ནི་དམ་ཚིག་གིས༔ ཛམ་ལྷ་འཁོར་བཅས་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ དངོས་གྲུབ་སྩོལ་ཕྱིར་ཕྱག་འཚལ་ལོ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ འབྱོར་ཚོགས་ཡོ་བྱད་དུ་མས་གསོལ༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ དམ་ལ་མ་འདའ་ས་མ་ཡ༔ དེ་ལྟར་ཡང་ཡང་གསོལ་མཆོད་བསྐྱལ༔ གནད་དེས་བསོད་ནམས་ལོངས་སྤྱོད་ཀུན༔ མི་ཟད་གཏེར་དུ་འཕེལ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གུ་ཧྱ༔ ཞེས་པ་འདི་སློབ་མ་དོན་བཟང་གིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 09:32, 4 September 2025

Wylie title chos nyid nam mkha'i klong mdzod las: 'phags pa dzam b+ha la dkar po'i sgrub thabs dpag bsam rgyas pa'i ljon pa: TTDL-ZABTER-13-PA-068.pdf
Location bdud 'joms gling pa zab gter
Volume 13, Text 68, Pages 263-266 (Folios 1a1 to 2b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las 'phags pa dzam b+ha la dkar po'i sgrub thabs dpag bsam rgyas pa'i ljon pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 263-266. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sgrub thabs   Verso: bdud 'joms dzam dkar
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity dzam b+ha la dkar po
Colophon

ཞེས་པ་འདི་སློབ་མ་དོན་བཟང་གིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di slob ma don bzang gis nan du bskul ngor bdud 'joms rdo rjes nam mkha'i mdzod las bsgyur ba'o/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
༁ྃ༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཕགས་པ་ཛམ་བྷ་ལ་དཀར་པོའི་སྒྲུབ་ཐབས་དཔག་བསམ་རྒྱས་པའི་ལྗོན་པ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) དཀར་གསུམ་མངར་གསུམ་ལ་སོགས་པའི༔ གཏོར་མ་འབྱོར་ཚོགས་བཤམས་བྱས་ཏེ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཧཱུྃ༔ སྣང་སྲིད་ཐམས་ཅད་སྟོད་པ་ཉིད༔ རྣམ་ཐར་གསུམ་ལྡན་བཙུན་མོའི་མཁར༔ སྐད་ཅིག་སྣང་སྟོང་དབྱེར་མེད་པའི༔ སྒྱུ་འཕྲུལ་བཀོད་པ་རབ་རྫོགས་པའི༔ ཞིང་ཁམས་ཡིད་འོང་ཉམས་དགའི་ཚལ༔ རིན་ཆེན་སྣ་ཚོགས་ལས་གྲུབ་པའི༔ གཞལ་ཡས་ཁང་པ་ཁྱོན་ཡངས་པའི༔ དབུས་སུ་ནོར་བུའི་ཁྲི་ཡི་ཁར༔ ཛཾཿཡིག་དཀར་པོ་འོད་དུ་འབར༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ འཕགས་པ་མཆོད་ཅིང་འགྲོ་དོན་བསྒྲུབ༔ ཚུར་འདུས་འཁོར་འདས་གཟི་བྱིན་བསྡུས༔ གནས་འགྱུར་འཕགས་པ་ཛམ་བྷ་ལ༔ དཀར་གསལ་ཟླ་གཞོན་ལྟ་བུའི་སྐུ༔ ཞི་མ་ཁྲོ་འཛུམ་གཟི་བརྗིད་འབར༔ ཕྱག་གཡས་བེ་ཅོན་ཀླད་ལ་བསྐོར༔ གཡོན་པས་ནོར་སྐྱུགས་ནེའུ་ལེ་འཛིན༔ དར་དང་རིན་ཆེན་དུ་མས་བརྒྱན༔ རྩལ་ཆེན་གཡུ་འབྲུག་སྔོན་པོ་བཅིབས༔ སྤྲུལ་པ་ལས་ཀྱི་ལྷ་མོ་བཞི༔ ཤར་དུ་རྡོ་རྗེ་མཁའ་འགྲོ་དཀར༔ གཡས་པས་ཁམས་གསུམ་ལྕགས་ཀྱུས་འགུགས༔ གཡོན་པས་པདྨ་དཀར་པོ་བསྣམས༔ ལྷོ་རུ་རིན་ཆེན་མཁའ་འགྲོ་སེར༔ ཕྱག་གཡས་ཞགས་པས་ཁམས་གསུམ་བཅིང་༔ གཡོན་པས་པདྨ་སེར་པོ་བསྣམས༔ ནུབ་ཏུ་པདྨ་མཁའ་འགྲོ་དམར༔ ཕྱག་གཡས་ལྕགས་སྒྲོག་འབར་བས་སྡོམས༔ གཡོན་པས་པདྨ་དམར་པོ་བསྣམས༔ བྱང་དུ་ལས་ཀྱི་མཁའ་འགྲོ་ལྗང་༔ ཕྱག་གཡས་དྲིལ་བུས་མྱོས་པར་བྱེད༔ གཡོན་པས་པདྨ་ལྗང་ཀུ་བསྣམས༔ ཀུན་ཀྱང་གར་སྟབས་མཚན་དཔེས་བརྒྱན༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ནོར་བུའི་ཕྲེང་བ་སེ་རལ་ཁ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་ལས་འོད་འཕྲོས་པས༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ གནོད་སྦྱིན་ནོར་ལྷ་གཏེར་བདག་ཚོགས༔ མ་ལུས་ལུས་པ་མེད་པ་རུ༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ དམ་ཚིག་པ་དང་ཡེ་ཤེས་པ༔ གཉིས་སུ་མེད་པར་འདྲེས་པ་ཡིས༔ བདེ་སྟོང་ཡེ་ཤེས་རབ་འབར་བའི༔ ཆོས་འཕྲུལ་སྤྲུལ་པའི་ལོངས་སྤྱོད་དཔལ༔ དགའ་ལྡན་ལྷ་ཡི་དཔལ་ལྟ་བུ༔ རྨི་ལམ་སྣང་བ་བཞིན་དུ་འཕྲུལ༔ ཅེས་བསམ་ཞིང་འབོད་སྔགས་འདི་བརྗོད་པར་བྱའོ༔ ཨོཾ་པདྨ་ཀྲོ་ཏ་ཨཱཪྻ་ཛམ་བྷ་ལ་ཧཱུྃ༔ ས་མ་ཡ་ཛ་ཧོཿ ཞེས་ཤེས་པ་གཞན་དུ་མ་ཡེངས་པར་ལྷའི་གསལ་སྣང་དང་འགྲོགས༔ མི་ཚིག་གིས་བར་མ་ཆོད་པར་འབོད་སྔགས་དྲག་ཏུ་བཟླ༔ སྟན་གྱི་དྲོད་མ་ཡལ་བར་རྒྱུ་འགྲུལ་དང་རྣམ་གཡེང་སྤངས་ནས་བསྒྲུབས་ན་འགྲུབ་རྟགས་མྱུར་དུ་འབྱུང་བར་གདོན་མི་ཟའོ༔ དེ་ནས་སྒྲུབ་སྔགས་བརྗོད་པ་ལ༔ ཨོཾ་པདྨ་ཀྲོ་ཏ་ཨཱཪྻ་ཛམ་བྷ་ལ་ས་མ་ཡ་ནྲྀ་ཏྲི་ཨ་ཀཪྴ་ཡ་ཛ་ཛཿསརྦ་རཏྣ་བ་སུ་སིདྡྷི་ཕ་ལ་ཧཱུྃ་ཛཿརྟགས་མ་བྱུང་བར་དུ་བཟླ༔ དང་པོ་འབོད་པའི་རྟགས་མི་ཆེན་འདུ་བ་དང་༔ ཁྲོམ་ཚོགས་པ་དང་༔ ཚོང་འདུ་ཆེན་པོ་འདུ་བ་དང་༔ སྐྱེས་པ་བུད་མེད་ཀྱི་ཚོགས་རྣམས་ཆང་ལ་དགའ་གདུང་བྱེད་པ་དང་༔ ཉི་ཟླ་ཤར་བ་དང་༔ ལོ་ཏོག་སྣ་ཚོགས་རྒྱས་པ་དང་རོལ་མོའི་རིགས་དང་སྐུ་གསུང་ཐུགས་རྟེན་མང་པོ་རྙེད་པ་འབྱུང་ང་ོ༔ སྒྲུབ་པའི་ལྟས་རིན་པོ་ཆེ་རྣམ་པ་སྣ་ཚོགས་དང་༔ རས་ཕྲུག་གོས་དར་ལ་སོགས་གོས་ཀྱི་རིགས་དང་༔ འབྲུ་དང་འབྲས་བུ་སྣ་ཚོགས་དང་༔ མདོར་ན་ཁྱིམ་ཐམས་ཅད་དུ་ལོངས་སྤྱོད་བརྩེགས་པ་དང་སྤུངས་པས་གང་བ་དང་༔ ཟས་ཀྱི་གནས་ཡུལ་དུ་ཡོད་པ་དང་༔ རང་ལ་ཟས་ནོར་གྱི་རིགས་མང་པོ་འབུལ་བ་དང་༔ སྟེར་བ་དང་༔ གཞན་ཡང་ཉམས་དགའ་ཡིད་དུ་འོང་བའི་གནས་དང་ཁང་ཁྱིམ་ལོངས་སྤྱོད་ཀྱིས་གང་བ་སྣ་ཚོགས་མ་ངེས་པར་འབྱུང་བ་ཡིན༔ ལོངས་སྤྱོད་གཞན་གྱིས་རྐུན་ཇག་ལ་ཤོར་བ་དང་༔ ཟས་ཁྱི་དང་བྱ་གཅན་གྱིས་ཁྱེར་བ་དང་༔ གཞན་གྱིས་བསྡིགས་པ་དང་༔ ཉེས་པ་བསྒྲགས་པ་ལ་སོགས་མི་འདོད་པ་མི་དགའ་བ་སྣ་ཚོགས་གང་བྱུང་ཡང་འཁུ་ཞིང་ལྡོག་པའི་ལྟས་ཡིན་པས་ཚོགས་བསྐང་གྲངས་མང་ཞིང་རྒྱ་ཆེ་བ་བཏང་དགོས་པས་ཤེས་པར་མཛོད༔ དེ་ལྟར་བསྐྱེད་དང་བཟླས་པའི་སྒོ་ནས་བསྒྲུབ་པའི་སྐྱེས་བུ་རྣམས་ཀྱི་ལོངས་སྤྱོད་དང་འབྱོར་པ་རྒྱས་པར་གདོན་མི་ཟའོ༔ བར་སྐབས་རྣམས་སུ་བསྐང་གསོལ་འདི་གྲངས་མང་དུ་བརྗོད་པར་བྱའོ༔ ནམ་མཁའ་མཛོད་སྔགས་མཐར༔ ཛཿདད་པ་དང་ནི་དམ་ཚིག་གིས༔ ཛམ་ལྷ་འཁོར་བཅས་གཤེགས་སུ་གསོལ༔ དམ་ཚིག་ཆེན་པོའི་གདན་ལ་བཞུགས༔ དངོས་གྲུབ་སྩོལ་ཕྱིར་ཕྱག་འཚལ་ལོ༔ བདག་གི་སྲུང་མར་མངའ་གསོལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ངོ་ཉམས་ཆག་བཤགས༔ གདུང་དབྱངས་རོལ་མོའི་སྒྲ་ཡིས་བསྟོད༔ འབྱོར་ཚོགས་ཡོ་བྱད་དུ་མས་གསོལ༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ༔ དམ་ལ་མ་འདའ་ས་མ་ཡ༔ དེ་ལྟར་ཡང་ཡང་གསོལ་མཆོད་བསྐྱལ༔ གནད་དེས་བསོད་ནམས་ལོངས་སྤྱོད་ཀུན༔ མི་ཟད་གཏེར་དུ་འཕེལ་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ གུ་ཧྱ༔ ཞེས་པ་འདི་སློབ་མ་དོན་བཟང་གིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།