TTDL-ZABTER-15-BA-022: Difference between revisions
m (Text replacement - "ཧོ༔" to " ཧོཿ") |
m (Text replacement - "ཧོཿ" to "ཧོཿ ") |
||
| Line 40: | Line 40: | ||
༁ྃ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) དྲག་པོའི་ལས་ཀྱི་སྒྲུབ་པ་འདི༔ ལག་ཏུ་ལེན་པའི་རིམ་པ་ལ༔ ཞི་བའི་དཀྱིལ་འཁོར་སྤྱི་མཐུན་ལ༔ དྲག་པོའི་ལས་ཀྱི་དཀྱིལ་འཁོར་ནི༔ ཕུང་ཤུལ་ས་དང་གཡུལ་འགྱེད་ས༔ ས་ཞིག་རི་སྙིལ་འདྲེ་འཚུབ་ས༔ དེ་ལ་དུག་ཁྲག་སྣ་ཚོགས་བསྲེས༔ ཁ་ཁྱེར་དམར་པོ་དབང་སྡུད་མཚོན༔ དེ་ཡང་སོར་གང་ཙམ་མཐོ་བྱ༔ ནང་ནི་ལྗང་ལ་དེ་དཀྱིལ་ཡང་༔ རོ་སོལ་བཀུས་པས་ནག་པོ་བྱ༔ ཡང་ན་ནག་པོ་བྱས་ཀྱང་རུང་༔ མ་ཏྲཾ་གན་རྐྱལ་གནས་པ་ཡི༔ རྐང་ལག་ལྕགས་སྒྲོག་གིས་བསྡམས་པའི༔ སྙིང་ཁར་བྲུབ་ཁུང་གྲུ་གསུམ་པ༔ བང་རིམ་གསུམ་གྱི་དང་པོ་ལ༔ ལྷ་དབྱེའི་རྫས་རྣམས་བྱུག་པ་དང་༔ བར་པ་དུག་ཁྲག་སྣ་ཚོགས་བྱུག༔ འོག་མར་གྲི་ཁྲག་གྲི་ས་བྱུག༔ ཁ་ཁྱེར་རྩང་གི་ར་བས་བསྐོར༔ ནང་དུ་ལིངྒ་དབང་ཚང་གི༔ ཁོག་པར་མིང་རུས་མཁན་གསུམ་དང་༔ གནས་ཡིག་ཐམས་ཅད་ཚང་བྱས་ཏེ༔ བླ་འགུགས་ཚེ་འགུགས་གཟུགས་འགུགས་སོགས༔ བྲིས་ནས་རཱུ་པའི་ཕྱི་རིམ་དུ༔ དྲག་པོ་སྤུ་གྲིའི་སྔགས་ཤམ་མཐར༔ མིང་རུས་མཁན་སོགས་ཡི་གེའི་ཚོགས༔ སྤྱི་དང་མཐུན་པ་ཉིད་དུ་བྱ༔ ནྲྀཿལ་བྱད་ཐག་སྔོ་དམར་བཏགས༔ དེ་ནས་བྲུབ་ཁུང་ནང་དུ་བཞག༔ བྱད་ཐག་ཡལ་ག་ཟུང་བྱས་ཏེ༔ ཁ་ཁྱེར་རྩང་གཅིག་ལ་བཏགས་ནས༔ གཅིག་ནི་དཔལ་གྱི་གཏོར་མར་གཏོད༔ གཅིག་ནི་སྔགས་མཁན་ལག་ཏུ་ཐོགས༔ བྲུབ་ཁུང་སྟེང་དུ་མཉྫི་ཁྲིའི༔ སྟེང་དུ་ཁྲག་གིས་སྦྲུལ་པ་ཡིས༔ འབྲུ་ནག་གཏོར་མ་ཁྲུ་གང་བ༔ ཤིན་ཏུ་བརྗིད་ཅིང་རྔམས་པར་བྱ༔ དེ་མཐར་སྲས་བཞིར་གཏོར་ཕྲན་བཞི༔ དེ་མཐར་ཁྲོ་བཅུར་གཏོར་ཕྲན་བཅུ༔ དེ་མཐར་སྒོ་བཞིར་གཏོར་མ་བཞི༔ དེ་མཐར་ཕུར་སྲུང་བཅུ་དྲུག་ལ༔ གཏོར་མ་བཅུ་དྲུག་བཞག་ནས་སུ༔ བར་མཚམས་ཀུན་ཏུ་སྐྱུ་གུ་དང་༔ ཟན་དུམ་ཅི་མང་བཞག་ནས་སུ༔ མགོ་མཇུག་མ་ནོར་རྩང་གིས་བསྐོར༔ དེ་ནི་བཅའ་གཞིའི་རིམ་པའོ༔ དེ་ནས་གཞུང་དུ་འཇུག་པ་ལ༔ དཀར་ཕྱོགས་དཀར་གཏོར་ཀྱིས་མཆོད་ཅིང་༔ ནག་ཕྱོགས་ཤ་ཁྲག་གཏོར་མས་མཆོད༔ ཕྲིན་ལས་བསྒྲུབ་པའི་པོ་ཉར་བཅོལ༔ བགེགས་དང་བར་དུ་གཅོད་པ་ལ༔ ངར་མི་འབྲས་ཆན་ཤ་དུམ་དང་ཿལན་ཆགས་མར་མེ་ཞལ་ཟས་ཀྱིས༔ རྫོང་ཞིང་རྒྱ་མཚོའི་ཕ་མཐར་བསྐྲད༔ རྡོ་རྗེ་བསྲུང་པའི་གུར་ཁང་བསྒོམ༔ བདག་བསྐྱེད་ཆོ་ག་སྔོན་སོང་ནས༔ མདུན་བསྐྱེད་བསྒོམ་པའི་རིམ་པ་ལ༔ སྐད་ཅིག་གིས་མདུན་དུ་ཡི་གེ་ཧ་ལ་རྩེགས་མར་གནས་པ་ལས་འོད་འཕྲོས་པས་འབྱུང་བ་སྣོད་བཅུད་ཀྱི་དུག་དང་གྲིབ་དང་སྡུག་བསྔལ་ཐམས་ཅད་བསྡུས་ཏེ་ཡིག་འབྲུ་གཉིས་ལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས་དུག་གི་རྒྱ་མཚོ་ཆེན་པོ་གྲུ་གསུམ་པའི་རྣམ་པར་གནས་པ་ཁ་ཁྱེར་དམར་པོ་དབྱིབས་མཐོ་ལ་ནང་ལྗང་ནག་གྲུ་གསུམ་གྱི་རང་བཞིན་ཅན་རྒྱ་ཆེ་ལ་ཁྱོན་ཡངས་པའི་དབུས་སུ་ཡི་གེ་རུ་ཏྲི་དམར་ནག་ལས་འོད་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་བདག་ཏུ་འཛིན་པའི་རཱུ་ཏྲ་ལས་བྱུང་བའི་སྡིག་སྒྲིབ་ལས་ཉོན་བག་ཆགས་ཐམས་ཅད་བསྡུས་ཏེ་ཡིག་འབྲུ་གཉིས་ལ་ཐིམ་པས༔ དེ་ཡོངས་སུ་གྱུར་པ་ལས་བདུད་ཕོ་མ་ཏྲཾ་རཱུ་ཏྲ་བཞིན་དམར་ནག་ཏུ་འདུག་པ༔ སྐྲ་གཟེངས་པ༔ ཁ་ངུ་བ༔ མིག་ཤི་མིག༔ ཡན་ལག་ལྕགས་སྒྲོགས་གིས་བསྡམ་པ་གཅིག་ཏུ་གྱུར༔ དེའི་སྙིང་དཀར་ནག་མཚམས་སུ་ཡི་གེ་ཨེ་ཡིག་ནག་པོ་གནས་པ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་གྲུ་གསུམ་དུག་གསུམ་གྱི་ངོ་བོར་བང་རིམ་གསུམ་དང་ལྡན་པ༔ ཁ་དོག་ལ་གཏིང་ཟབ་པ༔ ཞབས་ན་འདོད་ཆགས་ཀྱི་རྒྱ་མཚོ་དམར་ནག་ཏུ་འཁྱིལ་བ༔ ནང་ན་གཏི་མུག་གི་མུན་ནག་འཐིབས་ཤིང་ཕྲག་དོག་གི་རླུང་དམར་གཡོ་བ་༔ ངོས་ན་ང་རྒྱལ་གྱི་བྲག་རི་སྙིལ་ཞིང་རྡོ་རྗེའི་ཐོག་ཆར་འབེབས་པ༔ སྟེང་དུ་ཞེ་སྡང་གི་མེ་དཔུང་འབར་བ༔ ཁ་ཁྱེར་དུ་དྲག་པོའི་རྩང་དམར་སྲིན་མོའི་འགྲོས་སུ་གཟུགས་པ་རྣམས་ལས་མཁན་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་ཁ་ནང་དུ་བལྟ་ཞིང་དགྲ་བོ་བྲོས་འཆོར་གྱི་སྒོ་བསྡམ་པ༔ དེའི་ཕྱི་རོལ་དུ་ཕོ་ཉ་མཚོན་ཐོགས་མང་པོས་དགྲ་བོ་གསོད་གཅོད་ཀྱི་ལས་ལ་རྔམས་པ༔ དེའི་ཕྱི་རོལ་གྱི་ཁ་ཁྱེར་ལ་དྲག་པོའི་རྩང་རྣམས་ཐམས་ཅད་ཕོ་ཉ་ལས་མཁན་འགུགས་འཆིང་སྡོམ་མྱོས་ཀྱི་ཕྱག་རྒྱས་དགྲ་བོ་རང་དབང་མེད་པར་འགུགས་པའི་རང་བཞིན་ཅན་དུ་བསྐྱེད་དོ༔ མ་ཏྲཾ་གི་ལྟོ་བ་བྲུབ་ཁུང་གྲུ་གསུམ་ནག་པོའི་ནང་དུ་ནྲྀ་ཡིག་ལྗང་ནག་གསལ་བ་ལས་འོད་འཕྲོས་པས་ཡིད་ལ་བརྣག་པའི་དགྲ་བོའི་བླ་ཚེ་སྲོག་གསུམ་རྣམ་ཤེས་དབང་ཡུལ་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་རྨི་ལམ་གྱི་ཡུལ་དུ་སླེབ་པ་བཞིན་དུ་ནྲྀ་ཡིག་ལ་ཐིམ་སྟེ་ཡོངས་སུ་གྱུར་པ་ལས༔ རཱུ་པ་ཁ་ངུ་བ༔ མིག་ཤི་མིག༔ ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན༔ རྐང་ལག་ལྕགས་སུ་བཅུག་ཅིང་བུ་ག་དགུ་ནས་ཁྲག་འཛག་པ༔ མདོག་སྔོ་ལ་མདངས་ཉམས་པ༔ ཧམ་པ་སྐྱ་བ་རིད་པ༔ གཤིན་དྲི་ཐུ་ལུ་ལུ་མནམ་པ་ཞིག་ཏུ་གྱུར༔ དེའི་སྟེང་གི་ནམ་མཁར་འདོམས་གང་འཕགས་པའི་སར་རླུང་རི་ནག་པོ་རྡོ་རྗེ་རྒྱ་གྲམ་གྱིས་བཏེགས་པའི་སྟེང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར༔ པདྨ་ཉི་མ་བདུད་བཞི་བསྣོལ་བའི་སྟེང་༔ ཧཱུྃ༔ ཡིག་མཐིང་ནག་མེ་དཔུང་འབར་བ་ལས༔ འོད་འཕྲོས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྡུས་ཏེ་བསྟིམ༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་ཕོ་མོ་དང་༔ སྡེ་བརྒྱད་དྲེགས་པའི་མཐུ་ནུས་མ་ལུས་དང་༔ སྣོད་བཅུད་འབྱུང་བའི་དྭངས་བཅུད་ཚུར་འདུས་བསྟིམ༔ ཡོངས་གྱུར་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་འབར་བ་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་ཁྲོ་གཏུམ་སྤྱན་དགུ་བསྒྲད༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྨ་ར་མེ་འབར་སྨིན་མ་གློག་སྟོང་འཁྱུག༔ དབུ་སྐྲ་ཁམ་ནག་སྲིད་པའི་རྩེ་མོར་བརྗེས༔ ཐོད་སྐམ་དབུ་རྒྱན་ཉི་ཟླའི་སྙན་རྒྱན་མཛེས༔ གཡས་ཀྱི་ཕྱག་གཉིས་རྡོ་རྗེ་ལྕགས་ཀྱུ་བསྣམས༔ གཡོན་གྱི་ཕྱག་ན་ཁ་ཊྭཱྃ་འབར་བ་དང་༔ བར་པས་ལྕགས་སྒྲོག་དང་ནི་དྲིལ་བུ་བསྣམས༔ ཐ་གཉིས་སྒྲོལ་བྱེད་གནམ་ལྕགས་ཕུར་པ་འདྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་ནམ་མཁར་གདེངས༔ ཞབས་བཞིས་བདུད་ནག་ཕོ་མོའི་སྤྱི་ནས་བརྫིས༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་དང་༔ གར་དགུ་ཉམས་དང་ལྡན་པའི་པང་གཡོན་དུ༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་སྐུ་ལ་འཁྲིལ༔ ཁྲོ་གཏུམ་རབ་འཇིགས་ཁ་ཊྭྃ་ཐོད་ཁྲག་བསྣམས༔ གཡང་གཞི་གཟིག་ཤམ་ཐོད་ཕྲེང་སྦྲུལ་གྱིས་བརྒྱན༔ གཡོན་དུ་སྒྲོལ་ཡུམ་ཨེ་ཀ་ཙ་ཏི་ནི༔ མཐིང་ནག་རལ་གཅིག་མིག་དང་མཆེ་བ་གཅིག༔ ཕྱག་གཡས་དགྲ་སྙིང་གཡོན་པས་ལྕགས་སྤྱང་འགྱེད༔ ཞབས་གཉིས་གར་སྟབས་དགྲ་བོའི་སྙིང་གར་བརྫིས༔ གཅེར་མོ་མགོ་ཕྲེང་རློན་པའི་དོ་ཤལ་ཅན༔ གསུམ་ཀ་ཡེ་ཤེས་མེ་དཔུང་ཀློང་དུ་འགྱིང་༔ ཤར་ཕྱོགས་དབང་བསྒྱུར་བཛྲ་ཀཱི་ལ་དཀར༔ གཡས་སྔོ་གཡོན་དམར་ཞལ་གསུམ་ཕྱག་དྲུག་པ༔ གཡས་གཉིས་གསེར་གྱི་རྡོ་རྗེ་དགྲ་སྟྭ་དང་༔ གཡོན་གཉིས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ མཐའ་གཉིས་ལྕགས་ཕུར་སྐུ་སྨད་དངུལ་ཕུར་དབལ༔ ལྷོ་ཕྱོགས་དབང་བསྒྱུར་རཏྣ་ཀཱི་ལ་སེར༔ གཡས་དཀར་གཡོན་དམར་རྡོ་རྗེའི་གཤོག་པ་ཅན༔ གཡས་གཉིས་གསེར་གྱི་རྡོ་རྗེ་བེ་ཅོན་དང་༔ གཡོན་གཉིས་ཁ་ཊྭྃ་སྤུ་གྲི་འབར་བ་བསྣམས༔ ཐ་གཉིས་ལྕགས་ཕུར་སྐུ་སྨད་གསེར་ཕུར་དབལ༔ ནུབ་ཕྱོག་དབང་བསྒྱུར་པདྨ་ཀཱི་ལ་དམར༔ གཡས་དཀར་གཡོན་སྔོ་རྡོ་རྗེ་གཤོག་པ་ཅནཿགཡས་གཉིས་རྡོ་རྗེ་རལ་གྲི་འབར་བ་དང་༔ གཡོན་གཉིས་ཁ་ཊྭྃ་གྲི་གུག་འབར་བ་བསྣམས༔ མཐའ་གཉིས་ལྕགས་ཕུར་སྐུ་སྨད་ཟངས་ཕུར་དབལ༔ བྱང་ཕྱོགས་དབང་བསྒྱུར་ཀརྨ་ཀཱི་ལ་ལྗང་༔ གཡས་དཀར་གཡོན་དམར་རྡོ་རྗེའི་གཤོག་པ་གདེངས༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྒྱ་གྲམ་དང་༔ གཡོན་གཉིས་ཁ་ཊཱྃ་རྡོ་རྗེའི་ཐོག་མདའ་བསྣམས༔ མཐའ་གཉིས་ལྕགས་ཕུར་སྐུ་སྨད་གཡུ་ཕུར་དབལ༔ དེ་ཡི་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་དུ༔ ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་དང་༔ སྒོ་བཞིར་ལས་ཀྱི་སྒོ་མ་དང་བཅས་གསལ༔ དེ་ཡི་ཕྱི་རིམ་ལས་ཀྱི་ཕོ་ཉ་ནི༔ ཤར་དུ་ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ༔ ཤྭ་ན་ནག་མོ་སྤྱུང་གདོང་ཅན་གྱིས་ཞོན༔ ཕྱག་གཉིས་འཁོར་ལོ་ཁྲམ་ཤིང་ཕུར་པ་འདྲིལ༔ ལྷོ་རུ་གསེར་གྱི་འཕར་བ་ལྕེ་བརྒྱད་ལ༔ སྲི་ཀ་སེར་མོ་འཕར་གདོང་ཅན་གྱིས་ཞོན༔ ཕྱག་གཡས་ལྕགས་ཀྱུ་གཡོན་པས་ཕུར་པ་འདྲིལ༔ ནུབ་ཏུ་ཟངས་ཀྱི་ཝ་མོ་རྐང་གསུམ་ལ༔ སྲི་ལ་དམར་མོ་ཝ་གདོང་ཅན་གྱིས་ཞོན༔ ཕྱག་གཡས་ཞིང་དབྱུག་གཡོན་པས་ཕུར་པ་འདྲིལ༔ བྱང་དུ་ལྕགས་ཀྱི་ཁྱི་མོ་རལ་ཅན་ལ༔ མི་མོ་ནག་མོ་ཁྱི་གདོང་ཅན་གྱིས་ཞོན༔ ཕྱག་གཉིས་ཞིང་གི་རྒྱལ་མཚན་ཕུར་པ་འདྲིལ༔ ཤར་སྟོད་རྡོ་རྗེས་རེ་ཏཱི་ཕྱག་བཞི་མ༔ སྐུ་མདོག་དམར་ནག་དྲིལ་རྟ་རྐང་གསུམ་བཅིབས༔ གཡས་གཉིས་མེ་ལོང་ཁ་ཊྭཱྃ་བར་བ་དང་༔ གཡོན་གཉིས་སྦྲུལ་ཞགས་གནམ་ལྕགས་ཕུར་པ་འདྲིལ༔ ལྷོ་སྟོད་རིན་ཆེན་རེ་ཏཱི་སེར་མོ་ཡིས༔ སྟོབས་དང་ཤུགས་ལྡན་ཆུ་གླང་སྔོན་པོ་ཆིབས༔ ཕྱག་གཡས་གསེར་ཟོར་གཡོན་པས་ཕུར་པ་འདྲིལ༔ ནུབ་སྟོད་པདྨ་རེ་ཏཱི་དམར་མོ་ཡི༔ ཕྱག་གཡས་རལ་གྲི་གཡོན་པས་ཕུར་པ་འདྲིལ༔ མྱུར་འགྱོགས་ཤུགས་ལྡན་ཤ་བ་ཡུ་མོ་ཆིབས༔ བྱང་སྟོད་ལས་ཀྱི་རེ་ཏཱི་ལྗང་མོ་ཡི༔ ཕྱག་གཡས་ལྕགས་སྒྲོག་གཡོན་པས་ཕུར་པ་འདྲིལ༔ དགྲ་ཕུང་ལྟས་ངན་རྔ་མོང་གྭ་པ་ཆིབས༔ ཤར་སྨད་རྡོ་རྗེ་ཡ་བྱིན་མཐིང་ནག་ནི༔ ཕྱག་གཡས་རྡོ་རྗེ་ལྕགས་སྒྲོག་གཡོན་ཕུར་པ༔ གཡུ་འབྲུག་སྔོན་པོ་རླུང་གི་གཤོག་ལྡན་ཆིབས༔ ལྷོ་སྨད་རྡོ་རྗེ་དེ་བྱིན་སེར་མོ་ཡིཿཕྱག་གཡས་གསེར་ཞགས་གཟི་ཐུར་གཡོན་ཕུར་པ༔ རབ་འཇིགས་རྔམས་པས་ཆུ་སྲིན་ཁམ་པ་ཞོན༔ ནུབ་སྨད་ཏེ་སེ་ཡ་བྱིན་དམར་མོ་ཡི༔ ཕྱག་གཡས་སྤུ་གྲི་ལྕགས་སྒྲོག་གཡོན་ཕུར་པ༔ མྱུར་ལྡན་ཁྱབ་བྱེད་གློག་དམར་འཇིགས་ལ་ཆིབས༔ བྱང་སྨད་རྡོ་རྗེ་ཕག་བྱིན་ཆེན་མོ་མཐིང་༔ ཕྱག་གཡས་གཡུ་ཞགས་ཐོག་མདའ་གཡོན་ཕུར་པ༔ ཆིབས་སུ་མྱུར་མགྱོགས་ཆུ་རྟ་སྔོན་པོ་ཆིབས༔ ཤར་ཕྱོགས་དུང་སྐྱེས་དཀར་པོ་སེངྒེ་ཆིབསཿཕྱག་གཉིས་ཤེལ་གྲི་ཤེལ་གྱི་ཕུར་པ་འདྲིལ༔ ལྷོ་ཕྱོགས་ལྕགས་སྐྱེས་ནག་པོ་ལྕགས་སྤྱང་ཆིབས༔ ཕྱག་གཉིས་རལ་གྲི་གནམ་ལྕགས་ཕུར་པ་འདྲིལ༔ ནུབ་ཕྱོགས་བསྭེ་སྐྱེས་དམར་ནག་བསྭེ་རྟ་ཆིབས༔ ཕྱག་གཉིས་ཟངས་གྲི་དང་ནི་ཟངས་ཕུར་འདྲིལ༔ བྱང་དུ་ཏ་ཀི་ནག་པོ་མེ་དབལ་གཟུགས༔ ཕྱག་གཉིས་རལ་གྲི་གནམ་ལྕགས་ཕུར་པ་འདྲིལ༔ ཤར་ལྷོ་སྲིན་པོའི་གིང་ཆེན་ལ༔ སྲིན་པའི་དམག་དཔུང་བྱེ་བས་བསྐོར༔ ལྷོ་ནུབ་གཤིན་རྗེའི་གིང་ཆེན་ལ༔ གཤིན་རྗེའི་དམག་ཚོགས་བྱེ་བས་བསྐོར༔ ནུབ་བྱང་གནོད་སྦྱིན་གིང་ཆེན་ལ༔ གནོད་སྦྱིན་དམག་དཔུང་བྱེ་བས་བསྐོར༔ བྱང་ཤར་བདུད་ཀྱི་གིང་ཆེན་ལ༔ བདུད་ཀྱི་དམག་དཔུང་བྱེ་བས་བསྐོར༔ དེ་ཡི་ཕྱི་རིམ་འཁོར་ཡུག་ཏུ༔ རེ་ཏཱི་སྟོང་དང་རྩ་གཉིས་དང་༔ གིང་ཆེན་བཅོ་བརྒྱད་འབར་མ་དགུ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་༔ ལྷ་སྲིན་སྡེ་བརྒྱད་ལངྐ་འབུམ༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ ཉི་མ་དང་ནི་འོད་ཟེར་ཚུལ༔ ་ཀུན་ཀྱང་ཕུར་པ་ཕྲིན་ལས་ཀྱི༔ སྒྱུ་འཕྲུལ་རོལ་པའི་འཁོར་ལོར་ཤར༔ སྤྱི་བོར་ཟླ་བར་ཨོཾ་དཀར་པོ༔ མགྲིན་པར་པདྨར་ཨཱ༔ དམར་གསལ༔ ཐུགས་ཀར་ཉི་མར་རྡོ་རྗེ་ཧཱུྃ༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ དག་པ་དབྱིངས་ཀྱི་དཀྱིལ་འཁོར་དང་༔ མ་དག་སྣོད་བཅུད་ངོ་བོའི་ཁམས༔ བསྐྱེད་པ་ལྷ་ཡི་རྣམ་རོལ་དུ༔ ཁ་བ་བབས་ལྟར་སྤྱན་དྲངས་བསྟིམ༔ དེ་ནས་འབོད་སྔགས་ཅུང་ཟད་བཟླས་ཏེ༔ འགུགས་གཞུགས་བྱ་བ་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་ཅིང་ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་མཐུས༔ ཉེས་བྱས་དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་ཁ་རྗེ་དབང་ཐང་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ བསྟིམ་ཅིག༔ གཉིས་སུ་མེད་པར་གྱུར་ཅིག༔ ནྲྀ་ཨ་ཀེཪྴ་ཡ་ཛ༔ ཧཱུྃ་བཾ་ ཧོཿ བརྒྱ་རྩ་སོགས་སྐབས་དང་བསྟུན་ཏེ་བརྗོད༔ དེ་ནས་བླ་འགུགས་ཕོ་ཉ་སྦྲན་ཏེ་འབོད་སྔགས་འདི་བླ་འགུགས་དང་སྦྲགས་ཏེ་རྟགས་མ་བྱུང་བར་དུ་མི་ཚིག་གིས་བར་མི་གཅོད་ཅིང་བཟླ༔ སྟན་གྱི་དྲོད་མ་ཡལ་བར་སྡོད་པ་བརྟན་པ་དང་ཤེས་པ་གཞན་དུ་མི་ཡངས་པར་བཟླའོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ་ཧཱུྃ་བཾ་ ཧོཿ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ༔ མཱ་ར་སེ་ན་པྲ་མར་ཏ་ན་ཡེ་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ས་མ་ཡ་ཛ་ཛ༔ ཞེས་བཟླས་པས་རྟགས་སུ་དངོས་སུ་གཏོར་མ་ལ་མེ་འབར་བ་དང་༔ གནས་ཁང་ལ་མེ་འབར་བ་མེ་སྟག་འཕྲོ་བ་དང་༔ སྒོ་བརྡུང་བ་དང་༔ སྒྲ་དང་ཐུག་ཆོམ་ཆེན་པོ་སོགས་འབྱུང་བ་ནི་རབ་ལ་དངོས་ཉམས་སྣང་དུ་ལྷ་ཞལ་མངོན་སུམ་མཐོང་བ་དང་༔ སྣང་སྲིད་ལྷ་འདྲེའི་འདུ་ཚོགས་གྲལ་དུ་འཁོད་པ་རྣམས་འབྲིང་ལ་ཉམས་སྣང་དུ་འབྱུང་༔ ཡང་ན་དམག་མི་མང་པོ་གོ་སར་འདུ་བ་དང་༔ སེར་ཚོགས་དང་མི་ཕོ་མོའི་འདུ་འཚོགས་ཆེན་པོ་བྱེད་པ་དང་༔ དམག་མི་མང་པོ་ལམ་དུ་ཞུགས་ལ་ཁད་པ་ལ་སོགས་པ་ཐ་མ་ལ་རྨི་ལམ་དུ་འབྱུང་༔ བླ་རྟགས་དངོས་སུ་སྲོག་ཆགས་ཆེན་པོས་ཆུང་ངུ་དེད་ནས་ཉེ་སར་འབྱུང་བ་དང་༔ གསོད་པ་དང་༔ དགྲ་བོ་དངོས་སུ་ཁྲིད་ནས་འོང་བའི་དངོས་སྣང་དང་ཉམས་སྣང་འབྱུང་༔ ཐ་མ་རྨི་ལམ་དུ་ལིང་འགྱེད་ཅིང་རི་དྭགས་གསོད་པ་དང་༔ ཁྱི་འགྱེད་ཅིང་གོ་རར་བཙུད་པ་དང་༔ བཙོན་དུ་བཟུང་བ༔ དགྲ་ཁྲིད་པ་སེམས་ཅན་གསོད་པ་རྣམས་དང་༔ ཁྱད་པར་དུ་བླ་གདགས་བཟུང་བ་བཅིང་བ་བཏགས་པ་ར་བར་བཙུད་པ་གསོད་པ་སོགས་རྨི་རྟགས་བརྟན་པོ་བྱུང་བ་ཤིན་ཏུ་གནད་དུ་ཟུང་༔ བླ་རྟགས་བྱུང་ཚེ་རང་གི་བླ་དང་དགྲ་ཡི་བླ་མི་ནོར་བ་བླ་མའི་ཞལ་ཤེས་གལ་ཆའོ༔ དེ་ལྟར་འབོད་རྟགས་བརྟན་པོ་བྱུང་ཚེ༔ ཤ་ཆང་གཙོ་བོར་འཛིན་པའི་ཚོགས་བརྒྱ་བསྐང་བརྒྱ་ན་རག་དོང་སྤྲུག་གི་བཤགས་སྦྱང་སྟོང་ངམ་བརྒྱ་ལས་མི་ཉུང་བར་བཏང་བ་གལ་ཆེའོ༔ དེ་ནས་རྦད་པ་ལ་འཇུག་ཚེ་ཁྲག་ལམ་བར་མ་ཆད་པར་དགྲ་ཕྱོགས་སུ་དཔག་ཚད་གཅིགས་གི་ཕ་མཐར༔ ཉེས་པ་བསྒྲགས༔ འོ་འདོད་འབོད༔ བྲང་བརྡུང་༔ ཐལ་མོ་བརྡབ༔ གོས་མགོ་མཇུག་བཟློག་སྟེ་གོང་བ་ས་ལ་བརྡབ༔ དགྲ་བོའི་མིང་རུས་མཁན་གསུམ་ནས་བཟུང་སྟེ་དེ་ཡི་ཡུལ་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྲུང་དམ་ཅན་རྒྱ་མཚོ་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་སྟོང་གསུམ་ཡུལ་ལྷ་གཞི་བདག་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་བཅས་པ་ཁྲག་ལམ་དམར་པོ་འདི་ཡི་རྒྱུད་དུ་རྒྱུག་ལ་སོངས་ཤིག༔ ཟ་སྐལ་དགྲ་ཤ་ལ་གྱིས་ཤིག༔ འཐུང་སྐལ་དགྲ་ཁྲག་ལ་གྱིས་ཤིག༔ དགྲ་བོ་གསོད་པའི་ཤན་པ་ལག་དམར་དུ་རྦད་དོ༔ ཆོ་ཆོ༔ རྒྱུག་རྒྱུག༔ ཅེས་བརྗོད༔ ཁྲག་སྐྱེམས་ཀྱིས་འཕང་ངོ་༔ འཇུག་པ་དགོང་མོ་ཉི་མ་དམར་ཐག་ཆད་ཚེ་འཇུག༔ བསྐུལ་བ་བརྒྱ་བརྗོད༔ གཏོར་མ་དགྲ་ཕྱོགས་སུ་འཕང་༔ དེ་ནས་རྦད་པ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ༔ ཧཱུྃ་བཾ་ ཧོཿ ཀ་ཏཾ་ཀ་ཡེ་ཛ་ཡེ༔ བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ༔ མཱ་ར་སེ་ན་པྲ་མར་ཏ་ན་ཡེ་དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་ལ་རྦད་བྷྱོ༔ སརྦ་དྷརྨ་པཱ་ལ་ས་མ་ཡ་དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་ལ་རྦད་བྷྱོ༔ སརྦ་ཀྵེ་ཊ་པཱ་ལ་ས་མ་ཡ་དགྲ་བོའི་བླ་ཚེ་སྲོག་ལ་རྦད་བྷྱོ༔ སརྦ་ལོ་ཀ་པཱ་ལ་ས་མ་ཡ་དགྲ་བོའི་བླ་ཚེ་སྲོག་ལ་རྦད་བྷྱོ༔ ཆོ་ཆོ༔ རྒྱུག་རྒྱུག༔ ཛ་ཧཱུྃ་བཾ་ ཧོཿ བླ་འགུགས་དང་སྦྲགས་རྦད་རྟགས་བརྟན་པོ་མ་བྱུང་བར་དུ་མི་ཚིག་གིས་བར་མི་གཅོད་པར་བཟླ༔ བླ་འགྱུ་དུས་རྣམས་དང་ཁྱད་པར་ནམ་གྱི་སྲོད་ལ་ཕོ་ཉ་སྦྲན་པ་དང་བླ་འགུགས་ལ་འབད་པ་གནད་དུ་ཤེས་བར་བྱའོ༔ དམག་ཆེན་ཡུལ་དུ་སོང་ནས་ཡུལ་མང་བརླགས་པ་དང་༔ བྲག་བརྙིལ་ཤིང་གཅོད་མཁར་བཤིག་པ་ལ་སོགས་གོང་བཞིན་རྦད་རྟགས་དང་བླ་རྟགས་བསྟན་པོ་ཡིད་ཆེས་པ་ཞིག་བྱུང་ཚེ༔ དགྲ་བོ་གསོད་པ་ལ་མེད་ཐབས་མེད་པའི་ཐུན་སྐྱེར་པའི་མདའ་ལ་གྲི་ལྕགས་ཀྱི་མདེའུ་བསྒྲོན་པ་མདའི་ཐུན༔ ཉུང་དཀར་ལ་གྲི་ཁྲག་བྱུག་པའི་ཉུང་ཐུན༔ མི་བསད་གྲི་ཡི་གྲི་ཐུན༔ གྲི་རྡོའམ་མཁར་འོང་གི་ཕྱེ་ལ་དུག་ཁྲག་སྦགས་པའི་རྡོ་ཐུན༔ ལྕགས་སམ་དྲག་ཤིང་ཚེར་མ་ཅན་ལས་བྱས་པའི་ཕུར་ཐུན་རྣམས་ནི་མེད་ཐབས་མེད་པའི་ཐུན་མཚོན་ནོ༔ གཞན་ཡང་ཐུན་རྫས་སྣ་ཚོགས་སྤྱི་དང་མཐུན་པ་བསགས་ཤིང་འབྱོར་ན་རབ་བོ༔ རྦད་ཐུན་གཏོར་མ་ལ་བྲབ་ཅིང་བསད་ཐུན་ལིངྒ་ལ་བྲབ་པར་བྱ་བ་ལས༔ འདིར་བསད་ཐུན་ལིང་གར་བྲབ་པ་ལ༔ ཧཱུྃདུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་སྐུར་བཞེངས་ཤིག༔ དགྲ་བོ་བསྒྲལ་བའི་དུས་ལ་བབ༔ ལས་ཀྱི་མཚོན་ཐུན་འཁྲུལ་འཁོར་གྱིས༔ བསད་ཅིང་བརླག་པའི་ཕྲིན་ལས་མཛོད༔ སྦྱོར་སྒྲོལ་ཡུམ་ཆེན་སྐུར་བཞེངས་ལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱི༔ སྒྲོལ་བྱེད་ལས་ཀྱི་ཐུན་མཚོན་འདི༔ དགྲ་བོའི་བླ་ཚེ་སྲོག་ལ་ཕོབ༔ སྲས་མཆོག་ཀཱི་ལ་རིགས་བཞི་དང་༔ ཁྲོ་བཅུ་ཟ་གསོད་སྒོ་སྐྱོང་བཅས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བོ་བསྒྲལ་བའི་དུས་ལ་བབ༔ དྲག་པོའི་ཐུན་མཚོན་འཁྲུལ་འཁོར་གྱིས༔ བསད་ཅིང་བརླག་པའི་ཕྲིན་ལས་མཛོད༔ ཤྭ་ན་མ་བཞི་རེ་ཏཱི་བཞི༔ བསྭེ་མོ་མཆེད་བཞི་སྐྱེས་བུ་བཞི༔ གིང་དང་དབང་ཕྱུག་འབར་མ་དང་༔ སྡེ་བརྒྱད་ལྷ་འདྲེ་དྲེགས་པའི་ཚོགས༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་གཏུམ་རྔམས་བརྗིད་སྐུར་བཞེངས་ལ༔ ལས་ཀྱི་ཐུན་མཚོན་འཁྲུལ་འཁོར་གྱིས༔ དགྲ་བོའི་བླ་ཚེ་སྲོག་དབུགས་བཅས༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ མེ་སྟག་ཆུ་ཡིས་བསད་བཞིན་ཐོངས༔ བདག་གིས་བྲབ་ཅིང་བཏབ་པ་ཡི༔ ཐུན་མཚོན་དགྲ་བོའི་བླ་ལ་ཕོབ༔ རྗེས་ལྷག་མེད་པར་རྡུལ་དུ་རློག༔ དེ་ནས་བསད་སྔགས་བཟླ་བ་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ་དགྲ་བོའི་བླ་སོད་ཚེ་བསྟུང་སྲོག་ཆོད༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་སྲོག་ལ་ཤད་ཛ༔ ཐུམ་རི་ལི་ལི༔ སྙིང་རྩེག་རྩེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ ངྷ་ངྷི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ་མཱ་ར་སེ་ན་པྲ་མར་ཏ་ན་ཡེ་སརྦ་བིགྷྣན་བྃ་ཧཱུྃ་ཕཊ༔ ཅེས་ཐུན་ཆར་ཕབ་ཅིང་ཆུ་ཀླུང་དྲག་པོ་ལྟར་ལྷག་ཆད་མེད་པར་དམིགས་པའི་གཟེར་དང་བཅས་པར་བར་མ་ཆད་པར་བཟླའོ༔ རྟགས་ཀྱི་རིམ་པ་ནི༔ སྲོག་ཆགས་གསོད་དང་དམར་གཡོས་བྱེད་པ་རྣམས་དང་དོན་ལྔ་སྣོད་དྲུག་བྱུང་ན་བསད་པའི་རྟགས་དང་པོ་ཡིན༔ ཤ་རློན་པ་བྱུང་ན་འགྱང་བས་ད་དུང་བསྒྲུབ་བསྐྱར་བ་དང་༔ བཙོས་མ་བྱུང་ཡང་ལོ་རེར་འགྱང་བས་ད་དུང་སྒྲུབ་པ་ལ་འབད༔ ཤ་སྐམ་རུས་པ་བརྡུང་བ་པགས་པ་མཉེ་བ་རྣམས་བྱུང་ཚེ༔ ཚེ་ལུང་ཁྲུས་ལུང་གནས་ལུང་རྣམས་རྫོགས་པར་བྱས་ནས་གཟུགས་ཀྱི་མགོ་མཇུག་ཐམས་ཅད་དུ་རིམ་པ་བཞིན་དུ་ཕུར་པ་བཏབ༔ བླ་གནས་བརྩིས་པས་གནས་སར་ཁྱད་པར་དུ་བཏབ༔ དེ་ནས་ལིང་ག་གཏུན་དུ་བརྡུངས་ཏེ་ནས་ཙམ་ཡོས་ཙམ་དུ་བཏང་ནས་ཆ་གསུམ་དུ་བྱས་ཏེ༔ ཆ་གཅིག་ཞལ་བསྟབ་བྱ༔ ཆ་གཉིས་ལྷག་མར་བཞག༔ དེ་ནས་ལྷན་ཅིག་ཏུ་བསྡེབ་སྟེ་ལྕགས་སྣོད་ངོས་དྭངས་པའི་སྟེང་དུ་སྐྱེར་ཚེར་གྱི་མེ་ཧོམ་གྲུ་གསུམ་དུ་བརྩིགས་ཏེ་བསྐྱེད་ཆོག་དང་སྤྱན་འདྲེན་ལ་སོགས་གཞུང་ལྟར་བྱ༔ འབྲུ་ནག་དང་ཤ་ཁྲག་སྦགས་ཏེ༔ དགྲ་བོ་མི་ནོར་འཁོར་དང་བཅས་པ་འབྲས་བུ་ཕོར་གྱིས་བཅུས་པ་ལྟར་མགོ་མཇུག་ཟློག་སྡེ་རྐང་མཐིལ་སྐྱ་ལྷག་གེ་དྲག་པོའི་ཞལ་དུ་ཐིམ་པར་བསམ༔ འབོད་སྔགས་ཀྱི་མཐར༔ དགྲ་བོ་ཆེ་གེ་མོའི་མཱཾ་ས་རཀྟ་ཙིཏྟ་སརྦ་མཱ་ར་ཡ་ཁཱ་ཧི༔ ཅེས་བརྒྱ་རྩ་བརྒྱད་ཀྱིས་ཕུལ༔ མཐར་གཤེགས་གསོལ་བསྡུ་རིམ་དང་བཅས་རྫོགས་པའི་མཐར་ཐལ་བ་རྣམས་ཞིབ་ཏུ་བསྡུས་ཏེ་འབྲུ་ཤིང་གི་སོལ་བ་རྣམས་བསལ་ནས་ཐལ་བ་བག་ཟན་དང་བསྲེས་ཏེ་ལིང་ག་དབང་ཚང་གཉིས་བཅས་ཏེ་སྙིང་ཁར་མིང་རུས་མཁན་གསུམ་གྱི་ཡི་གེ་གཞུག་སྟེ་ལིང་ག་གཅིག་གི་སྟེང་ཏུ་གཏོར་ཟོར་གྱིས་བརྡབ་ཚེ་དགྲ་བོའི་མི་ནོར་འཁོར་དང་བཅས་པ་འདུས་ཤིང་རྫོགས་པ་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཐམས་ཅད་ཀྱིས་དགྲ་བོ་རྗེས་ལྷག་མེད་པར་མེ་སྟག་ཆུ་ཡིས་བསད་པ་ལྟར་བརླག་པར་བསམ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་མ་རཀྨོ་ཡཀྨོ་སོགས༔ མཱ་ར་སེ་ན་པྲ་མར་ཏ་ན་ཡེ་ས་མ་ཡ་ཐུན་ཡ་ཐུན་ཡ་ཟོར་ཡ་ཟོར་ཡ་ཨ་མུ་ཀའི་བླ་ཚེ་སྲོག་ལ་མཱ་ར་ཡ་རྦད་སོད༔ ཅི་མང་བཟླས་མཐར་ལིང་གའི་སྟེང་དུ་གདབ་སྟེ་དུག་ཤིང་ཚེར་མ་ཅན་གྱི་མེ་ལ་བསྲེགས༔ བཟློག་པ་དགུ་ཡིས་ཕྱིར་མི་ལྡོག་པར་རྒྱས་བཏབ༔ དེ་ནས་ལིང་ག་གཅིག་པུ་དེ་བྲུབ་ཁུང་དུ་འཕང་ནས་སླར་ཡང་སྔགས་འདི་ཞག་གསུམ་དུ་བཟླཿའབོད་སྔགས་ཀྱི་མཐརཿདགྲ་བོའི་མི་ནོར་ལོངས་སྤྱོད་དཀོར་དང་བཅས་པ་ཁུག་ཁུག་ཛ་ཛཿནྲྀ་ཨ་ཝེ་ཤ་ཡ་ཛ༔ ཧཱུྃ་བཾ་ ཧོཿ དེ་ནས་བྲུབ་ཁུང་དུ་བཅུག་སྟེ་གནས་གཉན་པོ་དང་མནན་པའི་ས་དཔྱད་ཀྱི་མཚན་ཉིད་ཚང་སར་གཏད་དམིགས་བརྒྱ་རྩ་བརྒྱད་དམ་བདུན་ནམ་གཅིག་གང་རུང་གིས་གཏད་ཅིང་མནན༔ སྒྲུབ་པ་ཐོན་པའི་རྗེས་སུ་དྲག་པོའི་དཀྱིལ་འཁོར་དང་བཅས་པ་དཔག་ཚད་གཅིག་ལས་མི་ཉེ་བའི་སར་བསྐྱལ༔ ཤུལ་ཐམས་ཅད་དུ་མེ་བརྒྱབ་རྣམ་འཇོམས་དང་བདུད་རྩིའཁྱིལ་བའི་ཆུ་ཡིས་བྲན༔ སྦུད་པའི་རླུང་གིས་གཡབ༔ བསྲེགས་སྦྱངས་གཏོར་བ་རྟེན་འབྲེལ་གནད༔ སྒྲུབ་ཁང་ནི་ཕུང་ཤུལ་ཞིག་ཤུར་སྲོག་ཆགས་མང་པོ་བཤའ་གཏུབ་བྱེད་པའམ་ཤི་ཆད་མང་པོ་བྱུང་བའི་ཁང་པ་རྙེད་ན་མཆོག་ཏུ་བཟང་༔ མ་རྙེད་ན་རང་གི་མིན་པ་ཞིག་འཛོམ་ན་མཆོག༔ ཁང་ཐོག་དང་ཡང་ཐོག་ནི་བསྒྲུབ་པའི་གནས་མ་ཡིན༔ བཀྲ་ཤིས་བྱིན་ཆགས་གྱི་གནས་ཀྱང་མ་ཡིན༔ སྐུ་གསུང་རྟེན་མང་པོ་ཚོགས་པའི་སར་མ་ཡིན༔ ཞི་བ་དང་རྒྱས་པའི་ལས་དང་དངོས་གྲུབ་བསྒྲུབ་པའི་ཁང་པ་ན་བསྒྲུབ་མི་རུང་༔ བཀྲ་ཤིས་པའི་ལས་བྱེད་པའི་ས་ན་བསྒྲུབ་ཏུ་མི་རུང་༔ གལ་ཏེ་སྒྲུབ་ན་ཞུད་དེ་མི་བསྒྲུབ་པའི་སྐྱོན་ཡོད་པས་སོ༔ ཁང་པའི་གྱུ་ཕྱོགས་རབ་ན་བྱང་ངམ་འབྲིང་ན་ལྷོ་ཕྱོགས་གཤིན་རྗེ་ཐ་ན་ནུབ་ཕྱོགས་ཀླུ་བདུད་ཀྱི་ཡུལ་དུ་བལྟ་ཕྱོགས་སོ༔ ནུབ་བྱང་མཚམས་ཀྱང་རུང་༔ དེ་མ་གཏོགས་ཕྱོགས་གཞན་ལ་ཁ་གྱུ་ནས་སྒྲུབ་མི་རུང་༔ ཁྱད་པར་བྱང་ཤར་དབང་ལྡན་གྱི་ཡུལ་ལ་འཛེམ་དགོས༔ རང་གི་མཚོན་ཆའི་རྩེ་ཆག་པ་དང་༔ སོ་ཆད་པ་དང་༔ སྐྱོན་ཅན་རྨིས་ན་སྔགས་མ་དག་པའམ་རྫས་མ་ཚང་པའི་རྟགས་ནས་བརྗོད༔ རྟེན་འབྲེལ་སྙིང་པོ་ལན་ཉི་ཤུ་རྩ་གཅིག་ཀྱང་བརྗོད༔ གཞན་གྱིས་རང་ལ་རྒོལ་པ་དང་བསྡིགས་པ་དང་༔ བརྡག་བརྡུང་བྱེད་པ་རྨི་ན་དམ་བསྒྲགས་དམ་ཚིག་བསྲེ་དམ་ཆུ་བྲན་པས་ཉེས་ཤོར་བསལ་མཁོན་པ་བསྡུམ༔ དེས་མ་ཐུབ་ན་སྲོག་གཟིར༔ འཁོར་དང་མི་ཆད་ཀྱི་ཉེས་པ་འདོར་བ་རྨིས་ན་མཆོད་རྫས་ངན་ཞིང་ཉུང་བ་དང་མ་འབྱོར་པའི་སྐྱོན་ཡིན་ཏེ༔ དངོས་པོ་མང་དུ་བསགས༔ སྔགས་དང་ཏིང་ངེ་འཛིན་གྱིས་རྒྱ་ཆེ་གྲངས་མང་དུ་སྤེལ༔ བསྐང་གསོ་ཅི་མང་བྱ༔ འགྲུབ་རྟགས་མ་བྱུང་ན་རྟགས་འབྱིན་གྱི་སྔགས་བཏགས་ནས་བརྗོད༔ འབོད་རྟགས་བརྟན་པོ་བྱུང་ནས་མ་རྦད་ན་གཡེལ་ཞིང་འགྱང་དུ་འགྲོ༔ རྦད་རྟགས་བྱུང་ནས་མ་བསད་ན་རང་ལ་ལྡོག༔ སྙིང་རྗེ་དང་བྱང་སེམས་དང་སྡིག་པ་ལ་འཛེམ་པ་སོགས་ཐེ་ཚོམ་བྱུང་ན་ཁྱི་འགྱེད་ཤ་ཤོར་བ་དང་མཚུངས་ཏེ་མི་ཐུབ༔ ལྷ་ཕོ་རྐྱང་དང་མོ་རྐྱང་སྒྲུབ་ན་ཤིན་ཏུ་འགྱང་ཞིང་གཡེལ༔ ཕོ་མོ་དྲིལ་བསྒྲུབ་བྱས་ན་ཕོ་ཁ་མོ་ཡིས་བསྒྱུར༔ མོ་གཤེད་དུ་ཕོ་ཆེ་བས་ལས་མྱུར༔ རྣལ་འབྱོར་དམ་ཚིག་དང་མི་ལྡན་པ་རྣམས་ཀྱིས་ལྷ་ཡེ་ཤེས་པ་བསྒྲུབ་ན་མི་འགྲུབ་ཅིང་རང་ལ་ཉེས་པ་སྣ་ཚོགས་འོངས༔ རྣལ་འབྱོར་དམ་ཚིག་དང་ལྡན་པ་རྣམས་ཀྱིས་ལྷ་འཇིག་རྟེན་པ་བསྒྲུབ་ན་མི་འདོད་བ་སྣ་ཚོགས་འབྱུང་༔ འཇིག་རྟེན་པའི་ལྷ་ནི་གསོད་དང་གཅོད་ལ་དགའ༔ ཤ་དང་ཁྲག་ལ་དགྱེས༔ ཡེ་ཤེས་པས་ནི་དེ་ལྟར་མི་བཞེད་པས་སོ༔ ལོག་རྡུག་འབྱམས་གསུམ་གྱི་སྐྱོན་མི་འབྱུང་བའི་མན་ངག་དང་༔ རྫོང་འཕྲང་སྲོག་གསུམ་གྱི་གནད་དང་ལྡན་པ་དང་༔ ཚེ་ལུང་ཁྲུས་ལུང་གནས་ལུང་གི་གནད་དང་གསོ་བ་རྣམ་གསུམ་གྱི་ཏིང་ངེ་འཛིན་གྱི་མཐུས་ཕྱི་མ་རྣམ་སྨིན་མི་འབྱུང་བའི་ཐབས་སོགས་སློབ་དཔོན་གྱི་ཞལ་ཤེས་བཞིན་དུ་ལྡན་དགོས་སོ༔ དང་པོ་བསྒྲུབ་ཚེ་དགྲ་མ་སོད་ཀྱི་བར་དུ་ཡང་ནས་ཡང་དུ་བསྐྱར་ཏེ་བསྒྲུབ༔ ཐོག་མའི་དགྲ་བོ་དེ་མ་སོད་ན་རྟེན་འབྲེལ་གྱི་ཐོག་མ་འཆུག་པས་ནམ་ཡང་མི་སོད༔ ཐོག་མའི་དགྲ་བོ་དེ་ཐུབ་ཕན་ཆོད་བསྐུལ་བ་དང་འོ་འདོད་འབོད་པ་དང་ཐལ་མོ་བརྡབ་པ་དང་སྐྲ་བསིགས་པ་དང་གོས་མགོ་འཇུག་བཟློག་ནས་བརྡབ་པ་ཙམ་ལ་སོགས་པར་དགྲ་སྒྲོལ་བར་འགྱུར་བ་ལས༔ ཡུན་རིང་དུ་བསྒྲུབ་མི་དགོས་པ་ལྷ་དང་སྲུང་མ་འགྲུབ་པའི་ཁྱད་ཆོས་ཡིན༔ ལྷ་དངོས་གྲུབ་ནས་བསྐང་གསོལ་དང་རྒྱུན་གཏོར་མ་བཏང་ན་བྲན་གཡོག་བཀོལ་ཏེ་འཚོ་བ་མ་སྦྱོར་བ་ལྟར་རང་གི་མི་ནོར་ལ་འཚེ་ཞིང་ཟ་ཁ་སྟོན་པ་སོགས་ཀྱི་རྐྱེན་མང་པོ་འབྱུང་པར་འགྱུར༔ མཐུ་བྱས་ཚར་ནས་གཏོར་བཟློག་དང་ཟ་ངུ་ལ་འབད་པ་རང་ལ་མི་ལྡོག་པའི་གནད་ཡིན༔ གནད་ཀྱི་འཁྲུལ་འཁོར་ལ་མཁས་པ་སྔགས་མཁན་གྱི་ཁོག་པའི་དོན་སྙིང་ལྟ་བུ་ཡིན༔ སངས་རྒྱས་ཀྱི་བསྟན་པའི་ཆེད་དོན་དུ་དམིགས་པ་ལྷ་དང་སྲུང་མའི་སྲོག་འདྲེན་ཡིན༔ དམར་གསུར་རྒྱུན་མི་བཅད་པ་སྲུང་མའི་སྣ་འདྲེན་ཡིན༔ དེ་ལྟར་ཚུལ་བཞིན་གནད་དང་ལྡན་པར་གྱུར་ན་ལེགས་པའི་ཡོན་ཏན་ཐམས་ཅད་འབྱུང་ཞིང་འདོད་དོན་འབད་མེད་དུ་འགྲུབ་པ་གདོན་མི་ཟའོ༔ ཞེས་པ་འདི་འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར་བའི་རིག་འཛིན་པད་འབྱུང་ཀརྨ་དྲག་རྩལ་གྱི་ཁོག་པའི་དོན་སྙིང་ལྟ་བུའི་མན་ངག་ཡིན་ཏེ༔ དྲེགས་པ་ཡོངས་ཀྱི་གཙོ་བོ་ལྷ་ཆེན་དབང་ཕྱུག་ཆེན་པོ་ལ་གཏད་དོ༔ དམ་ཉམས་ལོག་སྤྱོད་སྡིག་དྲེད་བསྟན་བཤིག་ལག་དམར་རྣམས་ཀྱི་ལག་ཏུ་མ་བཏང་ཞིག༔ ཕུར་སྲུང་དྲེགས་པ་ཅན་གྱིས་སྲུངས་ཤིག༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་སྨོན་ལམ་ལས་ཀྱིས་འབྲེལ་པའི་སྐྱེས་བུ་ཡེ་ཤེས་ཞེས་བྱ་བས་བསྐུལ་ངོར། ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བ་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་ལ་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།}} | ༁ྃ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) དྲག་པོའི་ལས་ཀྱི་སྒྲུབ་པ་འདི༔ ལག་ཏུ་ལེན་པའི་རིམ་པ་ལ༔ ཞི་བའི་དཀྱིལ་འཁོར་སྤྱི་མཐུན་ལ༔ དྲག་པོའི་ལས་ཀྱི་དཀྱིལ་འཁོར་ནི༔ ཕུང་ཤུལ་ས་དང་གཡུལ་འགྱེད་ས༔ ས་ཞིག་རི་སྙིལ་འདྲེ་འཚུབ་ས༔ དེ་ལ་དུག་ཁྲག་སྣ་ཚོགས་བསྲེས༔ ཁ་ཁྱེར་དམར་པོ་དབང་སྡུད་མཚོན༔ དེ་ཡང་སོར་གང་ཙམ་མཐོ་བྱ༔ ནང་ནི་ལྗང་ལ་དེ་དཀྱིལ་ཡང་༔ རོ་སོལ་བཀུས་པས་ནག་པོ་བྱ༔ ཡང་ན་ནག་པོ་བྱས་ཀྱང་རུང་༔ མ་ཏྲཾ་གན་རྐྱལ་གནས་པ་ཡི༔ རྐང་ལག་ལྕགས་སྒྲོག་གིས་བསྡམས་པའི༔ སྙིང་ཁར་བྲུབ་ཁུང་གྲུ་གསུམ་པ༔ བང་རིམ་གསུམ་གྱི་དང་པོ་ལ༔ ལྷ་དབྱེའི་རྫས་རྣམས་བྱུག་པ་དང་༔ བར་པ་དུག་ཁྲག་སྣ་ཚོགས་བྱུག༔ འོག་མར་གྲི་ཁྲག་གྲི་ས་བྱུག༔ ཁ་ཁྱེར་རྩང་གི་ར་བས་བསྐོར༔ ནང་དུ་ལིངྒ་དབང་ཚང་གི༔ ཁོག་པར་མིང་རུས་མཁན་གསུམ་དང་༔ གནས་ཡིག་ཐམས་ཅད་ཚང་བྱས་ཏེ༔ བླ་འགུགས་ཚེ་འགུགས་གཟུགས་འགུགས་སོགས༔ བྲིས་ནས་རཱུ་པའི་ཕྱི་རིམ་དུ༔ དྲག་པོ་སྤུ་གྲིའི་སྔགས་ཤམ་མཐར༔ མིང་རུས་མཁན་སོགས་ཡི་གེའི་ཚོགས༔ སྤྱི་དང་མཐུན་པ་ཉིད་དུ་བྱ༔ ནྲྀཿལ་བྱད་ཐག་སྔོ་དམར་བཏགས༔ དེ་ནས་བྲུབ་ཁུང་ནང་དུ་བཞག༔ བྱད་ཐག་ཡལ་ག་ཟུང་བྱས་ཏེ༔ ཁ་ཁྱེར་རྩང་གཅིག་ལ་བཏགས་ནས༔ གཅིག་ནི་དཔལ་གྱི་གཏོར་མར་གཏོད༔ གཅིག་ནི་སྔགས་མཁན་ལག་ཏུ་ཐོགས༔ བྲུབ་ཁུང་སྟེང་དུ་མཉྫི་ཁྲིའི༔ སྟེང་དུ་ཁྲག་གིས་སྦྲུལ་པ་ཡིས༔ འབྲུ་ནག་གཏོར་མ་ཁྲུ་གང་བ༔ ཤིན་ཏུ་བརྗིད་ཅིང་རྔམས་པར་བྱ༔ དེ་མཐར་སྲས་བཞིར་གཏོར་ཕྲན་བཞི༔ དེ་མཐར་ཁྲོ་བཅུར་གཏོར་ཕྲན་བཅུ༔ དེ་མཐར་སྒོ་བཞིར་གཏོར་མ་བཞི༔ དེ་མཐར་ཕུར་སྲུང་བཅུ་དྲུག་ལ༔ གཏོར་མ་བཅུ་དྲུག་བཞག་ནས་སུ༔ བར་མཚམས་ཀུན་ཏུ་སྐྱུ་གུ་དང་༔ ཟན་དུམ་ཅི་མང་བཞག་ནས་སུ༔ མགོ་མཇུག་མ་ནོར་རྩང་གིས་བསྐོར༔ དེ་ནི་བཅའ་གཞིའི་རིམ་པའོ༔ དེ་ནས་གཞུང་དུ་འཇུག་པ་ལ༔ དཀར་ཕྱོགས་དཀར་གཏོར་ཀྱིས་མཆོད་ཅིང་༔ ནག་ཕྱོགས་ཤ་ཁྲག་གཏོར་མས་མཆོད༔ ཕྲིན་ལས་བསྒྲུབ་པའི་པོ་ཉར་བཅོལ༔ བགེགས་དང་བར་དུ་གཅོད་པ་ལ༔ ངར་མི་འབྲས་ཆན་ཤ་དུམ་དང་ཿལན་ཆགས་མར་མེ་ཞལ་ཟས་ཀྱིས༔ རྫོང་ཞིང་རྒྱ་མཚོའི་ཕ་མཐར་བསྐྲད༔ རྡོ་རྗེ་བསྲུང་པའི་གུར་ཁང་བསྒོམ༔ བདག་བསྐྱེད་ཆོ་ག་སྔོན་སོང་ནས༔ མདུན་བསྐྱེད་བསྒོམ་པའི་རིམ་པ་ལ༔ སྐད་ཅིག་གིས་མདུན་དུ་ཡི་གེ་ཧ་ལ་རྩེགས་མར་གནས་པ་ལས་འོད་འཕྲོས་པས་འབྱུང་བ་སྣོད་བཅུད་ཀྱི་དུག་དང་གྲིབ་དང་སྡུག་བསྔལ་ཐམས་ཅད་བསྡུས་ཏེ་ཡིག་འབྲུ་གཉིས་ལ་ཐིམ༔ དེ་ཡོངས་སུ་གྱུར་པ་ལས་དུག་གི་རྒྱ་མཚོ་ཆེན་པོ་གྲུ་གསུམ་པའི་རྣམ་པར་གནས་པ་ཁ་ཁྱེར་དམར་པོ་དབྱིབས་མཐོ་ལ་ནང་ལྗང་ནག་གྲུ་གསུམ་གྱི་རང་བཞིན་ཅན་རྒྱ་ཆེ་ལ་ཁྱོན་ཡངས་པའི་དབུས་སུ་ཡི་གེ་རུ་ཏྲི་དམར་ནག་ལས་འོད་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་བདག་ཏུ་འཛིན་པའི་རཱུ་ཏྲ་ལས་བྱུང་བའི་སྡིག་སྒྲིབ་ལས་ཉོན་བག་ཆགས་ཐམས་ཅད་བསྡུས་ཏེ་ཡིག་འབྲུ་གཉིས་ལ་ཐིམ་པས༔ དེ་ཡོངས་སུ་གྱུར་པ་ལས་བདུད་ཕོ་མ་ཏྲཾ་རཱུ་ཏྲ་བཞིན་དམར་ནག་ཏུ་འདུག་པ༔ སྐྲ་གཟེངས་པ༔ ཁ་ངུ་བ༔ མིག་ཤི་མིག༔ ཡན་ལག་ལྕགས་སྒྲོགས་གིས་བསྡམ་པ་གཅིག་ཏུ་གྱུར༔ དེའི་སྙིང་དཀར་ནག་མཚམས་སུ་ཡི་གེ་ཨེ་ཡིག་ནག་པོ་གནས་པ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་གྲུ་གསུམ་དུག་གསུམ་གྱི་ངོ་བོར་བང་རིམ་གསུམ་དང་ལྡན་པ༔ ཁ་དོག་ལ་གཏིང་ཟབ་པ༔ ཞབས་ན་འདོད་ཆགས་ཀྱི་རྒྱ་མཚོ་དམར་ནག་ཏུ་འཁྱིལ་བ༔ ནང་ན་གཏི་མུག་གི་མུན་ནག་འཐིབས་ཤིང་ཕྲག་དོག་གི་རླུང་དམར་གཡོ་བ་༔ ངོས་ན་ང་རྒྱལ་གྱི་བྲག་རི་སྙིལ་ཞིང་རྡོ་རྗེའི་ཐོག་ཆར་འབེབས་པ༔ སྟེང་དུ་ཞེ་སྡང་གི་མེ་དཔུང་འབར་བ༔ ཁ་ཁྱེར་དུ་དྲག་པོའི་རྩང་དམར་སྲིན་མོའི་འགྲོས་སུ་གཟུགས་པ་རྣམས་ལས་མཁན་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་ཁ་ནང་དུ་བལྟ་ཞིང་དགྲ་བོ་བྲོས་འཆོར་གྱི་སྒོ་བསྡམ་པ༔ དེའི་ཕྱི་རོལ་དུ་ཕོ་ཉ་མཚོན་ཐོགས་མང་པོས་དགྲ་བོ་གསོད་གཅོད་ཀྱི་ལས་ལ་རྔམས་པ༔ དེའི་ཕྱི་རོལ་གྱི་ཁ་ཁྱེར་ལ་དྲག་པོའི་རྩང་རྣམས་ཐམས་ཅད་ཕོ་ཉ་ལས་མཁན་འགུགས་འཆིང་སྡོམ་མྱོས་ཀྱི་ཕྱག་རྒྱས་དགྲ་བོ་རང་དབང་མེད་པར་འགུགས་པའི་རང་བཞིན་ཅན་དུ་བསྐྱེད་དོ༔ མ་ཏྲཾ་གི་ལྟོ་བ་བྲུབ་ཁུང་གྲུ་གསུམ་ནག་པོའི་ནང་དུ་ནྲྀ་ཡིག་ལྗང་ནག་གསལ་བ་ལས་འོད་འཕྲོས་པས་ཡིད་ལ་བརྣག་པའི་དགྲ་བོའི་བླ་ཚེ་སྲོག་གསུམ་རྣམ་ཤེས་དབང་ཡུལ་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་རྨི་ལམ་གྱི་ཡུལ་དུ་སླེབ་པ་བཞིན་དུ་ནྲྀ་ཡིག་ལ་ཐིམ་སྟེ་ཡོངས་སུ་གྱུར་པ་ལས༔ རཱུ་པ་ཁ་ངུ་བ༔ མིག་ཤི་མིག༔ ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན༔ རྐང་ལག་ལྕགས་སུ་བཅུག་ཅིང་བུ་ག་དགུ་ནས་ཁྲག་འཛག་པ༔ མདོག་སྔོ་ལ་མདངས་ཉམས་པ༔ ཧམ་པ་སྐྱ་བ་རིད་པ༔ གཤིན་དྲི་ཐུ་ལུ་ལུ་མནམ་པ་ཞིག་ཏུ་གྱུར༔ དེའི་སྟེང་གི་ནམ་མཁར་འདོམས་གང་འཕགས་པའི་སར་རླུང་རི་ནག་པོ་རྡོ་རྗེ་རྒྱ་གྲམ་གྱིས་བཏེགས་པའི་སྟེང་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར༔ པདྨ་ཉི་མ་བདུད་བཞི་བསྣོལ་བའི་སྟེང་༔ ཧཱུྃ༔ ཡིག་མཐིང་ནག་མེ་དཔུང་འབར་བ་ལས༔ འོད་འཕྲོས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྡུས་ཏེ་བསྟིམ༔ ཡེ་ཤེས་འཇིག་རྟེན་བཀའ་སྲུང་ཕོ་མོ་དང་༔ སྡེ་བརྒྱད་དྲེགས་པའི་མཐུ་ནུས་མ་ལུས་དང་༔ སྣོད་བཅུད་འབྱུང་བའི་དྭངས་བཅུད་ཚུར་འདུས་བསྟིམ༔ ཡོངས་གྱུར་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་འབར་བ་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་ཁྲོ་གཏུམ་སྤྱན་དགུ་བསྒྲད༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ སྨ་ར་མེ་འབར་སྨིན་མ་གློག་སྟོང་འཁྱུག༔ དབུ་སྐྲ་ཁམ་ནག་སྲིད་པའི་རྩེ་མོར་བརྗེས༔ ཐོད་སྐམ་དབུ་རྒྱན་ཉི་ཟླའི་སྙན་རྒྱན་མཛེས༔ གཡས་ཀྱི་ཕྱག་གཉིས་རྡོ་རྗེ་ལྕགས་ཀྱུ་བསྣམས༔ གཡོན་གྱི་ཕྱག་ན་ཁ་ཊྭཱྃ་འབར་བ་དང་༔ བར་པས་ལྕགས་སྒྲོག་དང་ནི་དྲིལ་བུ་བསྣམས༔ ཐ་གཉིས་སྒྲོལ་བྱེད་གནམ་ལྕགས་ཕུར་པ་འདྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་ནམ་མཁར་གདེངས༔ ཞབས་བཞིས་བདུད་ནག་ཕོ་མོའི་སྤྱི་ནས་བརྫིས༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་དང་༔ གར་དགུ་ཉམས་དང་ལྡན་པའི་པང་གཡོན་དུ༔ ཡུམ་མཆོག་འཁོར་ལོ་རྒྱས་འདེབས་སྐུ་ལ་འཁྲིལ༔ ཁྲོ་གཏུམ་རབ་འཇིགས་ཁ་ཊྭྃ་ཐོད་ཁྲག་བསྣམས༔ གཡང་གཞི་གཟིག་ཤམ་ཐོད་ཕྲེང་སྦྲུལ་གྱིས་བརྒྱན༔ གཡོན་དུ་སྒྲོལ་ཡུམ་ཨེ་ཀ་ཙ་ཏི་ནི༔ མཐིང་ནག་རལ་གཅིག་མིག་དང་མཆེ་བ་གཅིག༔ ཕྱག་གཡས་དགྲ་སྙིང་གཡོན་པས་ལྕགས་སྤྱང་འགྱེད༔ ཞབས་གཉིས་གར་སྟབས་དགྲ་བོའི་སྙིང་གར་བརྫིས༔ གཅེར་མོ་མགོ་ཕྲེང་རློན་པའི་དོ་ཤལ་ཅན༔ གསུམ་ཀ་ཡེ་ཤེས་མེ་དཔུང་ཀློང་དུ་འགྱིང་༔ ཤར་ཕྱོགས་དབང་བསྒྱུར་བཛྲ་ཀཱི་ལ་དཀར༔ གཡས་སྔོ་གཡོན་དམར་ཞལ་གསུམ་ཕྱག་དྲུག་པ༔ གཡས་གཉིས་གསེར་གྱི་རྡོ་རྗེ་དགྲ་སྟྭ་དང་༔ གཡོན་གཉིས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ མཐའ་གཉིས་ལྕགས་ཕུར་སྐུ་སྨད་དངུལ་ཕུར་དབལ༔ ལྷོ་ཕྱོགས་དབང་བསྒྱུར་རཏྣ་ཀཱི་ལ་སེར༔ གཡས་དཀར་གཡོན་དམར་རྡོ་རྗེའི་གཤོག་པ་ཅན༔ གཡས་གཉིས་གསེར་གྱི་རྡོ་རྗེ་བེ་ཅོན་དང་༔ གཡོན་གཉིས་ཁ་ཊྭྃ་སྤུ་གྲི་འབར་བ་བསྣམས༔ ཐ་གཉིས་ལྕགས་ཕུར་སྐུ་སྨད་གསེར་ཕུར་དབལ༔ ནུབ་ཕྱོག་དབང་བསྒྱུར་པདྨ་ཀཱི་ལ་དམར༔ གཡས་དཀར་གཡོན་སྔོ་རྡོ་རྗེ་གཤོག་པ་ཅནཿགཡས་གཉིས་རྡོ་རྗེ་རལ་གྲི་འབར་བ་དང་༔ གཡོན་གཉིས་ཁ་ཊྭྃ་གྲི་གུག་འབར་བ་བསྣམས༔ མཐའ་གཉིས་ལྕགས་ཕུར་སྐུ་སྨད་ཟངས་ཕུར་དབལ༔ བྱང་ཕྱོགས་དབང་བསྒྱུར་ཀརྨ་ཀཱི་ལ་ལྗང་༔ གཡས་དཀར་གཡོན་དམར་རྡོ་རྗེའི་གཤོག་པ་གདེངས༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྒྱ་གྲམ་དང་༔ གཡོན་གཉིས་ཁ་ཊཱྃ་རྡོ་རྗེའི་ཐོག་མདའ་བསྣམས༔ མཐའ་གཉིས་ལྕགས་ཕུར་སྐུ་སྨད་གཡུ་ཕུར་དབལ༔ དེ་ཡི་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་དུ༔ ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་དང་༔ སྒོ་བཞིར་ལས་ཀྱི་སྒོ་མ་དང་བཅས་གསལ༔ དེ་ཡི་ཕྱི་རིམ་ལས་ཀྱི་ཕོ་ཉ་ནི༔ ཤར་དུ་ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ༔ ཤྭ་ན་ནག་མོ་སྤྱུང་གདོང་ཅན་གྱིས་ཞོན༔ ཕྱག་གཉིས་འཁོར་ལོ་ཁྲམ་ཤིང་ཕུར་པ་འདྲིལ༔ ལྷོ་རུ་གསེར་གྱི་འཕར་བ་ལྕེ་བརྒྱད་ལ༔ སྲི་ཀ་སེར་མོ་འཕར་གདོང་ཅན་གྱིས་ཞོན༔ ཕྱག་གཡས་ལྕགས་ཀྱུ་གཡོན་པས་ཕུར་པ་འདྲིལ༔ ནུབ་ཏུ་ཟངས་ཀྱི་ཝ་མོ་རྐང་གསུམ་ལ༔ སྲི་ལ་དམར་མོ་ཝ་གདོང་ཅན་གྱིས་ཞོན༔ ཕྱག་གཡས་ཞིང་དབྱུག་གཡོན་པས་ཕུར་པ་འདྲིལ༔ བྱང་དུ་ལྕགས་ཀྱི་ཁྱི་མོ་རལ་ཅན་ལ༔ མི་མོ་ནག་མོ་ཁྱི་གདོང་ཅན་གྱིས་ཞོན༔ ཕྱག་གཉིས་ཞིང་གི་རྒྱལ་མཚན་ཕུར་པ་འདྲིལ༔ ཤར་སྟོད་རྡོ་རྗེས་རེ་ཏཱི་ཕྱག་བཞི་མ༔ སྐུ་མདོག་དམར་ནག་དྲིལ་རྟ་རྐང་གསུམ་བཅིབས༔ གཡས་གཉིས་མེ་ལོང་ཁ་ཊྭཱྃ་བར་བ་དང་༔ གཡོན་གཉིས་སྦྲུལ་ཞགས་གནམ་ལྕགས་ཕུར་པ་འདྲིལ༔ ལྷོ་སྟོད་རིན་ཆེན་རེ་ཏཱི་སེར་མོ་ཡིས༔ སྟོབས་དང་ཤུགས་ལྡན་ཆུ་གླང་སྔོན་པོ་ཆིབས༔ ཕྱག་གཡས་གསེར་ཟོར་གཡོན་པས་ཕུར་པ་འདྲིལ༔ ནུབ་སྟོད་པདྨ་རེ་ཏཱི་དམར་མོ་ཡི༔ ཕྱག་གཡས་རལ་གྲི་གཡོན་པས་ཕུར་པ་འདྲིལ༔ མྱུར་འགྱོགས་ཤུགས་ལྡན་ཤ་བ་ཡུ་མོ་ཆིབས༔ བྱང་སྟོད་ལས་ཀྱི་རེ་ཏཱི་ལྗང་མོ་ཡི༔ ཕྱག་གཡས་ལྕགས་སྒྲོག་གཡོན་པས་ཕུར་པ་འདྲིལ༔ དགྲ་ཕུང་ལྟས་ངན་རྔ་མོང་གྭ་པ་ཆིབས༔ ཤར་སྨད་རྡོ་རྗེ་ཡ་བྱིན་མཐིང་ནག་ནི༔ ཕྱག་གཡས་རྡོ་རྗེ་ལྕགས་སྒྲོག་གཡོན་ཕུར་པ༔ གཡུ་འབྲུག་སྔོན་པོ་རླུང་གི་གཤོག་ལྡན་ཆིབས༔ ལྷོ་སྨད་རྡོ་རྗེ་དེ་བྱིན་སེར་མོ་ཡིཿཕྱག་གཡས་གསེར་ཞགས་གཟི་ཐུར་གཡོན་ཕུར་པ༔ རབ་འཇིགས་རྔམས་པས་ཆུ་སྲིན་ཁམ་པ་ཞོན༔ ནུབ་སྨད་ཏེ་སེ་ཡ་བྱིན་དམར་མོ་ཡི༔ ཕྱག་གཡས་སྤུ་གྲི་ལྕགས་སྒྲོག་གཡོན་ཕུར་པ༔ མྱུར་ལྡན་ཁྱབ་བྱེད་གློག་དམར་འཇིགས་ལ་ཆིབས༔ བྱང་སྨད་རྡོ་རྗེ་ཕག་བྱིན་ཆེན་མོ་མཐིང་༔ ཕྱག་གཡས་གཡུ་ཞགས་ཐོག་མདའ་གཡོན་ཕུར་པ༔ ཆིབས་སུ་མྱུར་མགྱོགས་ཆུ་རྟ་སྔོན་པོ་ཆིབས༔ ཤར་ཕྱོགས་དུང་སྐྱེས་དཀར་པོ་སེངྒེ་ཆིབསཿཕྱག་གཉིས་ཤེལ་གྲི་ཤེལ་གྱི་ཕུར་པ་འདྲིལ༔ ལྷོ་ཕྱོགས་ལྕགས་སྐྱེས་ནག་པོ་ལྕགས་སྤྱང་ཆིབས༔ ཕྱག་གཉིས་རལ་གྲི་གནམ་ལྕགས་ཕུར་པ་འདྲིལ༔ ནུབ་ཕྱོགས་བསྭེ་སྐྱེས་དམར་ནག་བསྭེ་རྟ་ཆིབས༔ ཕྱག་གཉིས་ཟངས་གྲི་དང་ནི་ཟངས་ཕུར་འདྲིལ༔ བྱང་དུ་ཏ་ཀི་ནག་པོ་མེ་དབལ་གཟུགས༔ ཕྱག་གཉིས་རལ་གྲི་གནམ་ལྕགས་ཕུར་པ་འདྲིལ༔ ཤར་ལྷོ་སྲིན་པོའི་གིང་ཆེན་ལ༔ སྲིན་པའི་དམག་དཔུང་བྱེ་བས་བསྐོར༔ ལྷོ་ནུབ་གཤིན་རྗེའི་གིང་ཆེན་ལ༔ གཤིན་རྗེའི་དམག་ཚོགས་བྱེ་བས་བསྐོར༔ ནུབ་བྱང་གནོད་སྦྱིན་གིང་ཆེན་ལ༔ གནོད་སྦྱིན་དམག་དཔུང་བྱེ་བས་བསྐོར༔ བྱང་ཤར་བདུད་ཀྱི་གིང་ཆེན་ལ༔ བདུད་ཀྱི་དམག་དཔུང་བྱེ་བས་བསྐོར༔ དེ་ཡི་ཕྱི་རིམ་འཁོར་ཡུག་ཏུ༔ རེ་ཏཱི་སྟོང་དང་རྩ་གཉིས་དང་༔ གིང་ཆེན་བཅོ་བརྒྱད་འབར་མ་དགུ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་༔ ལྷ་སྲིན་སྡེ་བརྒྱད་ལངྐ་འབུམ༔ བརྟན་མ་བཅུ་གཉིས་འཁོར་དང་བཅས༔ ཉི་མ་དང་ནི་འོད་ཟེར་ཚུལ༔ ་ཀུན་ཀྱང་ཕུར་པ་ཕྲིན་ལས་ཀྱི༔ སྒྱུ་འཕྲུལ་རོལ་པའི་འཁོར་ལོར་ཤར༔ སྤྱི་བོར་ཟླ་བར་ཨོཾ་དཀར་པོ༔ མགྲིན་པར་པདྨར་ཨཱ༔ དམར་གསལ༔ ཐུགས་ཀར་ཉི་མར་རྡོ་རྗེ་ཧཱུྃ༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ དག་པ་དབྱིངས་ཀྱི་དཀྱིལ་འཁོར་དང་༔ མ་དག་སྣོད་བཅུད་ངོ་བོའི་ཁམས༔ བསྐྱེད་པ་ལྷ་ཡི་རྣམ་རོལ་དུ༔ ཁ་བ་བབས་ལྟར་སྤྱན་དྲངས་བསྟིམ༔ དེ་ནས་འབོད་སྔགས་ཅུང་ཟད་བཟླས་ཏེ༔ འགུགས་གཞུགས་བྱ་བ་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་རྣམ་པར་དག་ཅིང་ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་མཐུས༔ ཉེས་བྱས་དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་ཁ་རྗེ་དབང་ཐང་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ བསྟིམ་ཅིག༔ གཉིས་སུ་མེད་པར་གྱུར་ཅིག༔ ནྲྀ་ཨ་ཀེཪྴ་ཡ་ཛ༔ ཧཱུྃ་བཾ་ ཧོཿ བརྒྱ་རྩ་སོགས་སྐབས་དང་བསྟུན་ཏེ་བརྗོད༔ དེ་ནས་བླ་འགུགས་ཕོ་ཉ་སྦྲན་ཏེ་འབོད་སྔགས་འདི་བླ་འགུགས་དང་སྦྲགས་ཏེ་རྟགས་མ་བྱུང་བར་དུ་མི་ཚིག་གིས་བར་མི་གཅོད་ཅིང་བཟླ༔ སྟན་གྱི་དྲོད་མ་ཡལ་བར་སྡོད་པ་བརྟན་པ་དང་ཤེས་པ་གཞན་དུ་མི་ཡངས་པར་བཟླའོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ་ཧཱུྃ་བཾ་ ཧོཿ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ༔ མཱ་ར་སེ་ན་པྲ་མར་ཏ་ན་ཡེ་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ས་མ་ཡ་ཛ་ཛ༔ ཞེས་བཟླས་པས་རྟགས་སུ་དངོས་སུ་གཏོར་མ་ལ་མེ་འབར་བ་དང་༔ གནས་ཁང་ལ་མེ་འབར་བ་མེ་སྟག་འཕྲོ་བ་དང་༔ སྒོ་བརྡུང་བ་དང་༔ སྒྲ་དང་ཐུག་ཆོམ་ཆེན་པོ་སོགས་འབྱུང་བ་ནི་རབ་ལ་དངོས་ཉམས་སྣང་དུ་ལྷ་ཞལ་མངོན་སུམ་མཐོང་བ་དང་༔ སྣང་སྲིད་ལྷ་འདྲེའི་འདུ་ཚོགས་གྲལ་དུ་འཁོད་པ་རྣམས་འབྲིང་ལ་ཉམས་སྣང་དུ་འབྱུང་༔ ཡང་ན་དམག་མི་མང་པོ་གོ་སར་འདུ་བ་དང་༔ སེར་ཚོགས་དང་མི་ཕོ་མོའི་འདུ་འཚོགས་ཆེན་པོ་བྱེད་པ་དང་༔ དམག་མི་མང་པོ་ལམ་དུ་ཞུགས་ལ་ཁད་པ་ལ་སོགས་པ་ཐ་མ་ལ་རྨི་ལམ་དུ་འབྱུང་༔ བླ་རྟགས་དངོས་སུ་སྲོག་ཆགས་ཆེན་པོས་ཆུང་ངུ་དེད་ནས་ཉེ་སར་འབྱུང་བ་དང་༔ གསོད་པ་དང་༔ དགྲ་བོ་དངོས་སུ་ཁྲིད་ནས་འོང་བའི་དངོས་སྣང་དང་ཉམས་སྣང་འབྱུང་༔ ཐ་མ་རྨི་ལམ་དུ་ལིང་འགྱེད་ཅིང་རི་དྭགས་གསོད་པ་དང་༔ ཁྱི་འགྱེད་ཅིང་གོ་རར་བཙུད་པ་དང་༔ བཙོན་དུ་བཟུང་བ༔ དགྲ་ཁྲིད་པ་སེམས་ཅན་གསོད་པ་རྣམས་དང་༔ ཁྱད་པར་དུ་བླ་གདགས་བཟུང་བ་བཅིང་བ་བཏགས་པ་ར་བར་བཙུད་པ་གསོད་པ་སོགས་རྨི་རྟགས་བརྟན་པོ་བྱུང་བ་ཤིན་ཏུ་གནད་དུ་ཟུང་༔ བླ་རྟགས་བྱུང་ཚེ་རང་གི་བླ་དང་དགྲ་ཡི་བླ་མི་ནོར་བ་བླ་མའི་ཞལ་ཤེས་གལ་ཆའོ༔ དེ་ལྟར་འབོད་རྟགས་བརྟན་པོ་བྱུང་ཚེ༔ ཤ་ཆང་གཙོ་བོར་འཛིན་པའི་ཚོགས་བརྒྱ་བསྐང་བརྒྱ་ན་རག་དོང་སྤྲུག་གི་བཤགས་སྦྱང་སྟོང་ངམ་བརྒྱ་ལས་མི་ཉུང་བར་བཏང་བ་གལ་ཆེའོ༔ དེ་ནས་རྦད་པ་ལ་འཇུག་ཚེ་ཁྲག་ལམ་བར་མ་ཆད་པར་དགྲ་ཕྱོགས་སུ་དཔག་ཚད་གཅིགས་གི་ཕ་མཐར༔ ཉེས་པ་བསྒྲགས༔ འོ་འདོད་འབོད༔ བྲང་བརྡུང་༔ ཐལ་མོ་བརྡབ༔ གོས་མགོ་མཇུག་བཟློག་སྟེ་གོང་བ་ས་ལ་བརྡབ༔ དགྲ་བོའི་མིང་རུས་མཁན་གསུམ་ནས་བཟུང་སྟེ་དེ་ཡི་ཡུལ་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྲུང་དམ་ཅན་རྒྱ་མཚོ་བཀའ་ཡི་ལྷ་སྲིན་སྡེ་བརྒྱད་སྟོང་གསུམ་ཡུལ་ལྷ་གཞི་བདག་སྣང་ཞིང་སྲིད་པའི་ལྷ་འདྲེ་དང་བཅས་པ་ཁྲག་ལམ་དམར་པོ་འདི་ཡི་རྒྱུད་དུ་རྒྱུག་ལ་སོངས་ཤིག༔ ཟ་སྐལ་དགྲ་ཤ་ལ་གྱིས་ཤིག༔ འཐུང་སྐལ་དགྲ་ཁྲག་ལ་གྱིས་ཤིག༔ དགྲ་བོ་གསོད་པའི་ཤན་པ་ལག་དམར་དུ་རྦད་དོ༔ ཆོ་ཆོ༔ རྒྱུག་རྒྱུག༔ ཅེས་བརྗོད༔ ཁྲག་སྐྱེམས་ཀྱིས་འཕང་ངོ་༔ འཇུག་པ་དགོང་མོ་ཉི་མ་དམར་ཐག་ཆད་ཚེ་འཇུག༔ བསྐུལ་བ་བརྒྱ་བརྗོད༔ གཏོར་མ་དགྲ་ཕྱོགས་སུ་འཕང་༔ དེ་ནས་རྦད་པ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ༔ ཧཱུྃ་བཾ་ ཧོཿ ཀ་ཏཾ་ཀ་ཡེ་ཛ་ཡེ༔ བི་ཛ་ཡེ༔ ཨ་ཛི་ཏེ་ཨ་པ་ར་ཛི་ཏེ༔ མཱ་ར་སེ་ན་པྲ་མར་ཏ་ན་ཡེ་དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་ལ་རྦད་བྷྱོ༔ སརྦ་དྷརྨ་པཱ་ལ་ས་མ་ཡ་དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་ལ་རྦད་བྷྱོ༔ སརྦ་ཀྵེ་ཊ་པཱ་ལ་ས་མ་ཡ་དགྲ་བོའི་བླ་ཚེ་སྲོག་ལ་རྦད་བྷྱོ༔ སརྦ་ལོ་ཀ་པཱ་ལ་ས་མ་ཡ་དགྲ་བོའི་བླ་ཚེ་སྲོག་ལ་རྦད་བྷྱོ༔ ཆོ་ཆོ༔ རྒྱུག་རྒྱུག༔ ཛ་ཧཱུྃ་བཾ་ ཧོཿ བླ་འགུགས་དང་སྦྲགས་རྦད་རྟགས་བརྟན་པོ་མ་བྱུང་བར་དུ་མི་ཚིག་གིས་བར་མི་གཅོད་པར་བཟླ༔ བླ་འགྱུ་དུས་རྣམས་དང་ཁྱད་པར་ནམ་གྱི་སྲོད་ལ་ཕོ་ཉ་སྦྲན་པ་དང་བླ་འགུགས་ལ་འབད་པ་གནད་དུ་ཤེས་བར་བྱའོ༔ དམག་ཆེན་ཡུལ་དུ་སོང་ནས་ཡུལ་མང་བརླགས་པ་དང་༔ བྲག་བརྙིལ་ཤིང་གཅོད་མཁར་བཤིག་པ་ལ་སོགས་གོང་བཞིན་རྦད་རྟགས་དང་བླ་རྟགས་བསྟན་པོ་ཡིད་ཆེས་པ་ཞིག་བྱུང་ཚེ༔ དགྲ་བོ་གསོད་པ་ལ་མེད་ཐབས་མེད་པའི་ཐུན་སྐྱེར་པའི་མདའ་ལ་གྲི་ལྕགས་ཀྱི་མདེའུ་བསྒྲོན་པ་མདའི་ཐུན༔ ཉུང་དཀར་ལ་གྲི་ཁྲག་བྱུག་པའི་ཉུང་ཐུན༔ མི་བསད་གྲི་ཡི་གྲི་ཐུན༔ གྲི་རྡོའམ་མཁར་འོང་གི་ཕྱེ་ལ་དུག་ཁྲག་སྦགས་པའི་རྡོ་ཐུན༔ ལྕགས་སམ་དྲག་ཤིང་ཚེར་མ་ཅན་ལས་བྱས་པའི་ཕུར་ཐུན་རྣམས་ནི་མེད་ཐབས་མེད་པའི་ཐུན་མཚོན་ནོ༔ གཞན་ཡང་ཐུན་རྫས་སྣ་ཚོགས་སྤྱི་དང་མཐུན་པ་བསགས་ཤིང་འབྱོར་ན་རབ་བོ༔ རྦད་ཐུན་གཏོར་མ་ལ་བྲབ་ཅིང་བསད་ཐུན་ལིངྒ་ལ་བྲབ་པར་བྱ་བ་ལས༔ འདིར་བསད་ཐུན་ལིང་གར་བྲབ་པ་ལ༔ ཧཱུྃདུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངའ་བདག་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་སྐུར་བཞེངས་ཤིག༔ དགྲ་བོ་བསྒྲལ་བའི་དུས་ལ་བབ༔ ལས་ཀྱི་མཚོན་ཐུན་འཁྲུལ་འཁོར་གྱིས༔ བསད་ཅིང་བརླག་པའི་ཕྲིན་ལས་མཛོད༔ སྦྱོར་སྒྲོལ་ཡུམ་ཆེན་སྐུར་བཞེངས་ལ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱི༔ སྒྲོལ་བྱེད་ལས་ཀྱི་ཐུན་མཚོན་འདི༔ དགྲ་བོའི་བླ་ཚེ་སྲོག་ལ་ཕོབ༔ སྲས་མཆོག་ཀཱི་ལ་རིགས་བཞི་དང་༔ ཁྲོ་བཅུ་ཟ་གསོད་སྒོ་སྐྱོང་བཅས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བོ་བསྒྲལ་བའི་དུས་ལ་བབ༔ དྲག་པོའི་ཐུན་མཚོན་འཁྲུལ་འཁོར་གྱིས༔ བསད་ཅིང་བརླག་པའི་ཕྲིན་ལས་མཛོད༔ ཤྭ་ན་མ་བཞི་རེ་ཏཱི་བཞི༔ བསྭེ་མོ་མཆེད་བཞི་སྐྱེས་བུ་བཞི༔ གིང་དང་དབང་ཕྱུག་འབར་མ་དང་༔ སྡེ་བརྒྱད་ལྷ་འདྲེ་དྲེགས་པའི་ཚོགས༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ ཁྲོ་གཏུམ་རྔམས་བརྗིད་སྐུར་བཞེངས་ལ༔ ལས་ཀྱི་ཐུན་མཚོན་འཁྲུལ་འཁོར་གྱིས༔ དགྲ་བོའི་བླ་ཚེ་སྲོག་དབུགས་བཅས༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ མེ་སྟག་ཆུ་ཡིས་བསད་བཞིན་ཐོངས༔ བདག་གིས་བྲབ་ཅིང་བཏབ་པ་ཡི༔ ཐུན་མཚོན་དགྲ་བོའི་བླ་ལ་ཕོབ༔ རྗེས་ལྷག་མེད་པར་རྡུལ་དུ་རློག༔ དེ་ནས་བསད་སྔགས་བཟླ་བ་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་མ་རཀྨོ་ཡཀྨོ་ཀཱ་ལ་རཱུ་པ་དགྲ་བོའི་བླ་སོད་ཚེ་བསྟུང་སྲོག་ཆོད༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་སྲོག་ལ་ཤད་ཛ༔ ཐུམ་རི་ལི་ལི༔ སྙིང་རྩེག་རྩེག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ ངྷ་ངྷི་མ་མ་ཀརྨ་ཤཱི་གྷྲཾ་ཀ་ར་ཡེ་མཱ་ར་སེ་ན་པྲ་མར་ཏ་ན་ཡེ་སརྦ་བིགྷྣན་བྃ་ཧཱུྃ་ཕཊ༔ ཅེས་ཐུན་ཆར་ཕབ་ཅིང་ཆུ་ཀླུང་དྲག་པོ་ལྟར་ལྷག་ཆད་མེད་པར་དམིགས་པའི་གཟེར་དང་བཅས་པར་བར་མ་ཆད་པར་བཟླའོ༔ རྟགས་ཀྱི་རིམ་པ་ནི༔ སྲོག་ཆགས་གསོད་དང་དམར་གཡོས་བྱེད་པ་རྣམས་དང་དོན་ལྔ་སྣོད་དྲུག་བྱུང་ན་བསད་པའི་རྟགས་དང་པོ་ཡིན༔ ཤ་རློན་པ་བྱུང་ན་འགྱང་བས་ད་དུང་བསྒྲུབ་བསྐྱར་བ་དང་༔ བཙོས་མ་བྱུང་ཡང་ལོ་རེར་འགྱང་བས་ད་དུང་སྒྲུབ་པ་ལ་འབད༔ ཤ་སྐམ་རུས་པ་བརྡུང་བ་པགས་པ་མཉེ་བ་རྣམས་བྱུང་ཚེ༔ ཚེ་ལུང་ཁྲུས་ལུང་གནས་ལུང་རྣམས་རྫོགས་པར་བྱས་ནས་གཟུགས་ཀྱི་མགོ་མཇུག་ཐམས་ཅད་དུ་རིམ་པ་བཞིན་དུ་ཕུར་པ་བཏབ༔ བླ་གནས་བརྩིས་པས་གནས་སར་ཁྱད་པར་དུ་བཏབ༔ དེ་ནས་ལིང་ག་གཏུན་དུ་བརྡུངས་ཏེ་ནས་ཙམ་ཡོས་ཙམ་དུ་བཏང་ནས་ཆ་གསུམ་དུ་བྱས་ཏེ༔ ཆ་གཅིག་ཞལ་བསྟབ་བྱ༔ ཆ་གཉིས་ལྷག་མར་བཞག༔ དེ་ནས་ལྷན་ཅིག་ཏུ་བསྡེབ་སྟེ་ལྕགས་སྣོད་ངོས་དྭངས་པའི་སྟེང་དུ་སྐྱེར་ཚེར་གྱི་མེ་ཧོམ་གྲུ་གསུམ་དུ་བརྩིགས་ཏེ་བསྐྱེད་ཆོག་དང་སྤྱན་འདྲེན་ལ་སོགས་གཞུང་ལྟར་བྱ༔ འབྲུ་ནག་དང་ཤ་ཁྲག་སྦགས་ཏེ༔ དགྲ་བོ་མི་ནོར་འཁོར་དང་བཅས་པ་འབྲས་བུ་ཕོར་གྱིས་བཅུས་པ་ལྟར་མགོ་མཇུག་ཟློག་སྡེ་རྐང་མཐིལ་སྐྱ་ལྷག་གེ་དྲག་པོའི་ཞལ་དུ་ཐིམ་པར་བསམ༔ འབོད་སྔགས་ཀྱི་མཐར༔ དགྲ་བོ་ཆེ་གེ་མོའི་མཱཾ་ས་རཀྟ་ཙིཏྟ་སརྦ་མཱ་ར་ཡ་ཁཱ་ཧི༔ ཅེས་བརྒྱ་རྩ་བརྒྱད་ཀྱིས་ཕུལ༔ མཐར་གཤེགས་གསོལ་བསྡུ་རིམ་དང་བཅས་རྫོགས་པའི་མཐར་ཐལ་བ་རྣམས་ཞིབ་ཏུ་བསྡུས་ཏེ་འབྲུ་ཤིང་གི་སོལ་བ་རྣམས་བསལ་ནས་ཐལ་བ་བག་ཟན་དང་བསྲེས་ཏེ་ལིང་ག་དབང་ཚང་གཉིས་བཅས་ཏེ་སྙིང་ཁར་མིང་རུས་མཁན་གསུམ་གྱི་ཡི་གེ་གཞུག་སྟེ་ལིང་ག་གཅིག་གི་སྟེང་ཏུ་གཏོར་ཟོར་གྱིས་བརྡབ་ཚེ་དགྲ་བོའི་མི་ནོར་འཁོར་དང་བཅས་པ་འདུས་ཤིང་རྫོགས་པ་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཐམས་ཅད་ཀྱིས་དགྲ་བོ་རྗེས་ལྷག་མེད་པར་མེ་སྟག་ཆུ་ཡིས་བསད་པ་ལྟར་བརླག་པར་བསམ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་མ་རཀྨོ་ཡཀྨོ་སོགས༔ མཱ་ར་སེ་ན་པྲ་མར་ཏ་ན་ཡེ་ས་མ་ཡ་ཐུན་ཡ་ཐུན་ཡ་ཟོར་ཡ་ཟོར་ཡ་ཨ་མུ་ཀའི་བླ་ཚེ་སྲོག་ལ་མཱ་ར་ཡ་རྦད་སོད༔ ཅི་མང་བཟླས་མཐར་ལིང་གའི་སྟེང་དུ་གདབ་སྟེ་དུག་ཤིང་ཚེར་མ་ཅན་གྱི་མེ་ལ་བསྲེགས༔ བཟློག་པ་དགུ་ཡིས་ཕྱིར་མི་ལྡོག་པར་རྒྱས་བཏབ༔ དེ་ནས་ལིང་ག་གཅིག་པུ་དེ་བྲུབ་ཁུང་དུ་འཕང་ནས་སླར་ཡང་སྔགས་འདི་ཞག་གསུམ་དུ་བཟླཿའབོད་སྔགས་ཀྱི་མཐརཿདགྲ་བོའི་མི་ནོར་ལོངས་སྤྱོད་དཀོར་དང་བཅས་པ་ཁུག་ཁུག་ཛ་ཛཿནྲྀ་ཨ་ཝེ་ཤ་ཡ་ཛ༔ ཧཱུྃ་བཾ་ ཧོཿ དེ་ནས་བྲུབ་ཁུང་དུ་བཅུག་སྟེ་གནས་གཉན་པོ་དང་མནན་པའི་ས་དཔྱད་ཀྱི་མཚན་ཉིད་ཚང་སར་གཏད་དམིགས་བརྒྱ་རྩ་བརྒྱད་དམ་བདུན་ནམ་གཅིག་གང་རུང་གིས་གཏད་ཅིང་མནན༔ སྒྲུབ་པ་ཐོན་པའི་རྗེས་སུ་དྲག་པོའི་དཀྱིལ་འཁོར་དང་བཅས་པ་དཔག་ཚད་གཅིག་ལས་མི་ཉེ་བའི་སར་བསྐྱལ༔ ཤུལ་ཐམས་ཅད་དུ་མེ་བརྒྱབ་རྣམ་འཇོམས་དང་བདུད་རྩིའཁྱིལ་བའི་ཆུ་ཡིས་བྲན༔ སྦུད་པའི་རླུང་གིས་གཡབ༔ བསྲེགས་སྦྱངས་གཏོར་བ་རྟེན་འབྲེལ་གནད༔ སྒྲུབ་ཁང་ནི་ཕུང་ཤུལ་ཞིག་ཤུར་སྲོག་ཆགས་མང་པོ་བཤའ་གཏུབ་བྱེད་པའམ་ཤི་ཆད་མང་པོ་བྱུང་བའི་ཁང་པ་རྙེད་ན་མཆོག་ཏུ་བཟང་༔ མ་རྙེད་ན་རང་གི་མིན་པ་ཞིག་འཛོམ་ན་མཆོག༔ ཁང་ཐོག་དང་ཡང་ཐོག་ནི་བསྒྲུབ་པའི་གནས་མ་ཡིན༔ བཀྲ་ཤིས་བྱིན་ཆགས་གྱི་གནས་ཀྱང་མ་ཡིན༔ སྐུ་གསུང་རྟེན་མང་པོ་ཚོགས་པའི་སར་མ་ཡིན༔ ཞི་བ་དང་རྒྱས་པའི་ལས་དང་དངོས་གྲུབ་བསྒྲུབ་པའི་ཁང་པ་ན་བསྒྲུབ་མི་རུང་༔ བཀྲ་ཤིས་པའི་ལས་བྱེད་པའི་ས་ན་བསྒྲུབ་ཏུ་མི་རུང་༔ གལ་ཏེ་སྒྲུབ་ན་ཞུད་དེ་མི་བསྒྲུབ་པའི་སྐྱོན་ཡོད་པས་སོ༔ ཁང་པའི་གྱུ་ཕྱོགས་རབ་ན་བྱང་ངམ་འབྲིང་ན་ལྷོ་ཕྱོགས་གཤིན་རྗེ་ཐ་ན་ནུབ་ཕྱོགས་ཀླུ་བདུད་ཀྱི་ཡུལ་དུ་བལྟ་ཕྱོགས་སོ༔ ནུབ་བྱང་མཚམས་ཀྱང་རུང་༔ དེ་མ་གཏོགས་ཕྱོགས་གཞན་ལ་ཁ་གྱུ་ནས་སྒྲུབ་མི་རུང་༔ ཁྱད་པར་བྱང་ཤར་དབང་ལྡན་གྱི་ཡུལ་ལ་འཛེམ་དགོས༔ རང་གི་མཚོན་ཆའི་རྩེ་ཆག་པ་དང་༔ སོ་ཆད་པ་དང་༔ སྐྱོན་ཅན་རྨིས་ན་སྔགས་མ་དག་པའམ་རྫས་མ་ཚང་པའི་རྟགས་ནས་བརྗོད༔ རྟེན་འབྲེལ་སྙིང་པོ་ལན་ཉི་ཤུ་རྩ་གཅིག་ཀྱང་བརྗོད༔ གཞན་གྱིས་རང་ལ་རྒོལ་པ་དང་བསྡིགས་པ་དང་༔ བརྡག་བརྡུང་བྱེད་པ་རྨི་ན་དམ་བསྒྲགས་དམ་ཚིག་བསྲེ་དམ་ཆུ་བྲན་པས་ཉེས་ཤོར་བསལ་མཁོན་པ་བསྡུམ༔ དེས་མ་ཐུབ་ན་སྲོག་གཟིར༔ འཁོར་དང་མི་ཆད་ཀྱི་ཉེས་པ་འདོར་བ་རྨིས་ན་མཆོད་རྫས་ངན་ཞིང་ཉུང་བ་དང་མ་འབྱོར་པའི་སྐྱོན་ཡིན་ཏེ༔ དངོས་པོ་མང་དུ་བསགས༔ སྔགས་དང་ཏིང་ངེ་འཛིན་གྱིས་རྒྱ་ཆེ་གྲངས་མང་དུ་སྤེལ༔ བསྐང་གསོ་ཅི་མང་བྱ༔ འགྲུབ་རྟགས་མ་བྱུང་ན་རྟགས་འབྱིན་གྱི་སྔགས་བཏགས་ནས་བརྗོད༔ འབོད་རྟགས་བརྟན་པོ་བྱུང་ནས་མ་རྦད་ན་གཡེལ་ཞིང་འགྱང་དུ་འགྲོ༔ རྦད་རྟགས་བྱུང་ནས་མ་བསད་ན་རང་ལ་ལྡོག༔ སྙིང་རྗེ་དང་བྱང་སེམས་དང་སྡིག་པ་ལ་འཛེམ་པ་སོགས་ཐེ་ཚོམ་བྱུང་ན་ཁྱི་འགྱེད་ཤ་ཤོར་བ་དང་མཚུངས་ཏེ་མི་ཐུབ༔ ལྷ་ཕོ་རྐྱང་དང་མོ་རྐྱང་སྒྲུབ་ན་ཤིན་ཏུ་འགྱང་ཞིང་གཡེལ༔ ཕོ་མོ་དྲིལ་བསྒྲུབ་བྱས་ན་ཕོ་ཁ་མོ་ཡིས་བསྒྱུར༔ མོ་གཤེད་དུ་ཕོ་ཆེ་བས་ལས་མྱུར༔ རྣལ་འབྱོར་དམ་ཚིག་དང་མི་ལྡན་པ་རྣམས་ཀྱིས་ལྷ་ཡེ་ཤེས་པ་བསྒྲུབ་ན་མི་འགྲུབ་ཅིང་རང་ལ་ཉེས་པ་སྣ་ཚོགས་འོངས༔ རྣལ་འབྱོར་དམ་ཚིག་དང་ལྡན་པ་རྣམས་ཀྱིས་ལྷ་འཇིག་རྟེན་པ་བསྒྲུབ་ན་མི་འདོད་བ་སྣ་ཚོགས་འབྱུང་༔ འཇིག་རྟེན་པའི་ལྷ་ནི་གསོད་དང་གཅོད་ལ་དགའ༔ ཤ་དང་ཁྲག་ལ་དགྱེས༔ ཡེ་ཤེས་པས་ནི་དེ་ལྟར་མི་བཞེད་པས་སོ༔ ལོག་རྡུག་འབྱམས་གསུམ་གྱི་སྐྱོན་མི་འབྱུང་བའི་མན་ངག་དང་༔ རྫོང་འཕྲང་སྲོག་གསུམ་གྱི་གནད་དང་ལྡན་པ་དང་༔ ཚེ་ལུང་ཁྲུས་ལུང་གནས་ལུང་གི་གནད་དང་གསོ་བ་རྣམ་གསུམ་གྱི་ཏིང་ངེ་འཛིན་གྱི་མཐུས་ཕྱི་མ་རྣམ་སྨིན་མི་འབྱུང་བའི་ཐབས་སོགས་སློབ་དཔོན་གྱི་ཞལ་ཤེས་བཞིན་དུ་ལྡན་དགོས་སོ༔ དང་པོ་བསྒྲུབ་ཚེ་དགྲ་མ་སོད་ཀྱི་བར་དུ་ཡང་ནས་ཡང་དུ་བསྐྱར་ཏེ་བསྒྲུབ༔ ཐོག་མའི་དགྲ་བོ་དེ་མ་སོད་ན་རྟེན་འབྲེལ་གྱི་ཐོག་མ་འཆུག་པས་ནམ་ཡང་མི་སོད༔ ཐོག་མའི་དགྲ་བོ་དེ་ཐུབ་ཕན་ཆོད་བསྐུལ་བ་དང་འོ་འདོད་འབོད་པ་དང་ཐལ་མོ་བརྡབ་པ་དང་སྐྲ་བསིགས་པ་དང་གོས་མགོ་འཇུག་བཟློག་ནས་བརྡབ་པ་ཙམ་ལ་སོགས་པར་དགྲ་སྒྲོལ་བར་འགྱུར་བ་ལས༔ ཡུན་རིང་དུ་བསྒྲུབ་མི་དགོས་པ་ལྷ་དང་སྲུང་མ་འགྲུབ་པའི་ཁྱད་ཆོས་ཡིན༔ ལྷ་དངོས་གྲུབ་ནས་བསྐང་གསོལ་དང་རྒྱུན་གཏོར་མ་བཏང་ན་བྲན་གཡོག་བཀོལ་ཏེ་འཚོ་བ་མ་སྦྱོར་བ་ལྟར་རང་གི་མི་ནོར་ལ་འཚེ་ཞིང་ཟ་ཁ་སྟོན་པ་སོགས་ཀྱི་རྐྱེན་མང་པོ་འབྱུང་པར་འགྱུར༔ མཐུ་བྱས་ཚར་ནས་གཏོར་བཟློག་དང་ཟ་ངུ་ལ་འབད་པ་རང་ལ་མི་ལྡོག་པའི་གནད་ཡིན༔ གནད་ཀྱི་འཁྲུལ་འཁོར་ལ་མཁས་པ་སྔགས་མཁན་གྱི་ཁོག་པའི་དོན་སྙིང་ལྟ་བུ་ཡིན༔ སངས་རྒྱས་ཀྱི་བསྟན་པའི་ཆེད་དོན་དུ་དམིགས་པ་ལྷ་དང་སྲུང་མའི་སྲོག་འདྲེན་ཡིན༔ དམར་གསུར་རྒྱུན་མི་བཅད་པ་སྲུང་མའི་སྣ་འདྲེན་ཡིན༔ དེ་ལྟར་ཚུལ་བཞིན་གནད་དང་ལྡན་པར་གྱུར་ན་ལེགས་པའི་ཡོན་ཏན་ཐམས་ཅད་འབྱུང་ཞིང་འདོད་དོན་འབད་མེད་དུ་འགྲུབ་པ་གདོན་མི་ཟའོ༔ ཞེས་པ་འདི་འཁོར་འདས་ཡོངས་ལ་མངའ་དབང་བསྒྱུར་བའི་རིག་འཛིན་པད་འབྱུང་ཀརྨ་དྲག་རྩལ་གྱི་ཁོག་པའི་དོན་སྙིང་ལྟ་བུའི་མན་ངག་ཡིན་ཏེ༔ དྲེགས་པ་ཡོངས་ཀྱི་གཙོ་བོ་ལྷ་ཆེན་དབང་ཕྱུག་ཆེན་པོ་ལ་གཏད་དོ༔ དམ་ཉམས་ལོག་སྤྱོད་སྡིག་དྲེད་བསྟན་བཤིག་ལག་དམར་རྣམས་ཀྱི་ལག་ཏུ་མ་བཏང་ཞིག༔ ཕུར་སྲུང་དྲེགས་པ་ཅན་གྱིས་སྲུངས་ཤིག༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་སྨོན་ལམ་ལས་ཀྱིས་འབྲེལ་པའི་སྐྱེས་བུ་ཡེ་ཤེས་ཞེས་བྱ་བས་བསྐུལ་ངོར། ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བ་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་ལ་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 09:40, 4 September 2025
| Wylie title | dag snang ye shes drwa ba las: dpal chen rdo rje gzhon nu'i drag sgrub rno ba'i mde'u thung 'bigs byed rdo rje'i thog mda': | |
|---|---|---|
| Location | bdud 'joms gling pa zab gter Volume 15, Text 22, Pages 95-115 (Folios 1a1 to 11a3) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Dag snang ye shes drwa ba las dpal chen rdo rje gzhon nu'i drag sgrub rno ba'i mde'u thung 'bigs byed rdo rje'i thog mda'. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 95-115. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: drag srgub Verso: bdud 'joms phur pa | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Sadhanas - Evocation Ritual - sgrub thabs | |
| Cycle | དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba) | |
| Deity | Rdo rje phur pa | |
| Colophon |
ཞེས་པ་འདི་ཉིད་སྨོན་ལམ་ལས་ཀྱིས་འབྲེལ་པའི་སྐྱེས་བུ་ཡེ་ཤེས་ཞེས་བྱ་བས་བསྐུལ་ངོར། ཁྲག་འཐུང་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བ་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་ལ་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། | |
|
zhes pa 'di nyid smon lam las kyis 'brel pa'i skyes bu ye shes zhes bya bas bskul ngor/_khrag 'thung bdud 'joms rdo rjes dag snang ye shes drwa ba las bsgyur ba nyams su len pa'i skyes bu rnams la thog mtha' bar gsum kun tu dge bar gyur cig_/dge'o/_/legs so/_/sarba mang+ga laM// | ||