TTDL-ZABTER-15-BA-071: Difference between revisions

From Dudjom Wiki
TTDL-ZABTER-15-BA-071
m (Text replacement - "ཧོ༔" to " ཧོཿ")
m (Text replacement - "ཧོཿ" to "ཧོཿ ")
 
Line 37: Line 37:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|ཐྂ༎༔    དག་སྣང་ཡེ་ཤེས་དྲྭ་བ་ལས༔ གནོད་སྦྱིན་ཤན་པའི་ཕྱག་རྒྱ་བཞུགས་སོ༔ ན་མོ་གུ་རུ་བྷྱ༔  ({{TibChung|བརྡ་ཡིག་}})  རང་ཉིད་ཡི་དམ་ལྷར་གསལ་བའི་ངང་ནས༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས༔ ཁམས་གསུམ་སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པའི་ངོ་བོ་གནོད་སྦྱིན་ཤན་པ་ཆེན་པོ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་བཞི་ཞབས་གཉིས་དང་ལྡན་པ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཏུ་གཡོ་བ་ཞལ་གདངས་ལྗགས་འདྲིལ་བ་རྣོ་དཀར་གྱི་མཆེ་བ་གཙིགས་པ༔ སྨ་ར་ལས་མེ་འབར་ཞིང་སྨིན་མར་གློག་འཁྱུགས་པ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོ་རུ་འཁྱིལ་ཞིང་སྐུ་ལ་བསྐལ་པའི་མེ་དཔུང་འབར་བ༔ ཕྱག་དང་པོ་གཉིས་ན་རལ་གྲི་དང་སྙིང་ཞགས་གདེངས་ཤིང་འོག་མ་གཉིས་གྲི་ཐོད་བསྣམས་པ༔ དར་དམར་སེར་བཀྲའི་བེར་ཆེན་གསོལ་ཞིང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ་མེ་ཁྱུང་དམར་པོ་རླུང་གི་གཤོག་པ་ཅན་ལ་བཅིབས་ཤིང་ཡུལ་མཆོག་གསོད་བྱེད་སྙིང་འབྱིན་དམར་མོས་གཡས་ལྕགས་ཀྱུ་དང་གཡོན་པས་དགྲ་སྙིང་བསྣམས་ནས་ཡབ་ལ་འཁྱུད་པ༔ ཡབ་ཡུམ་གཉིས་ཀས་དྲག་པོའི་གད་རྒྱངས་ནམ་མཁའི་འབྲུག་ལྟར་སྒྲོགས་པས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པར་བསྐྱེད་དོ༔ རྒྱ་མཚོ་ཆེན་པོ་ལ་གཟའ་སྐར་བཀྲ་བ་བཞིན་དུ་སྐུའི་ཀློང་དུ་ལས་མཁན་སྤྲུལ་པའི་འཁོར་བརྒྱད་བཀའི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཡོངས་སུ་རྫོགས་པར་བསྐྱེད་དོ༔ འཁོར་འདས་གཉིས་སུ་གཏོགས་པའི་བཀའ་སྲུང་ཆོས་སྐྱོང་ཐམས་ཅད་ལན་ཚྭ་ཆུར་ཞུ་བ་བཞིན་དུ་གནོད་སྦྱིན་ཆེན་པོའི་སྐུ་གསུང་ཐུགས་སུ་ཐིམ་པས་བཀའ་སྲུང་རྒྱ་མཚོ་ཡོངས་འདུས་ཀྱི་བདག་ཉིད་དུ་བསྐྱེད་དོ༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས་འོད་འཕྲོས་པས་ནུབ་ཕྱོགས་ཧེ་ཆེན་བརྡལ་བ་སོགས་གར་བཞུགས་ཀྱི་གནས་ནས་སྤྱན་དྲངས་ལ་བསྟིམ་མོ༔ ཀྵཿགནོད་སྦྱིན་ཤན་པ་དམར་ནག་ཡུམ་མཆོག་གསོད་བྱེད་དམར་མོ་ལས་མཁན་སྤྲུལ་པའི་འཁོར་བརྒྱད་བཀའི་ལྷ་སྲིན་སྡེ་བརྒྱད་བཀའ་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་བཀའ་དང་དམ་ཚིག་གཉན་གྱིས་འབོད་དོ་དམ་ཚིག་དབང་གིས་བསྒྲུབ་ཅིང་བརྟེན་པའི་གནས་འདིར་གཤེགས་ཅིག་བྱོན་ཅིག༔ ཨོཾ་བཛྲ་ས་མ་ཡ་ཛ་ཛ༔ ལན་གསུམ་བརྗོད་ཅིང་མཐར༔ ཏིཥྠ་བཛྲ་ན་མོ་སརྦ་ག་ན་པཱུ་ཛ་ ཧོཿ འཛབ་དམིགས་ནི༔ གཙོ་བོའི་ཐུགས་ཀར་ཟླ་ཕྱེད་ཀྱི་སྟེང་དུ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཧཱུྃ་ཡིག་དམར་ནགཿཀྵཿཧྲཱིཿམཚན་པ་ཅན་ལ་རྩ་བའི་སྔགས་ཀྱིས་བསྐོར་ཞིང་༔ ཡུམ་གྱི་ཐུགས་ཀར་ཉི་མའི་གདན་ལ་བྷྱོཿཡིག་དམར་པོའི་མཐར་སྔགས་ཀྱིས་བསྐོར་བར་བསྒོམ༔ བཟླས་པ་ཙམ་གྱིས་དམ་ཚིག་གཉན་པོའི་སྲོག་ཐོབ་ནས་བདག་གི་བཀའ་ཉན་ཅིང་གསུང་སྡོད་པར་བསམ༔ ཨེ་ཧེ་རྨ་རུ་ཙེ་གུ་ཎ་ཧྲཱི་ཏྲི་ས་མ་ཡ་ཧཱུྃ་ཛཿཞེས་མང་དུ་བཟླས་ཤིང་གསོལ་མཆོད་བྱས་མཐར་བསྟོད་པ་ནི༔ ཧཱུྃ༔ པདྨ་དབང་གི་དཀྱིལ་འཁོར་ལྷ༔ བསྟན་དང་འགྲོ་བའི་དོན་མཛད་ཕྱིར༔ དྲག་ཁྲོས་རྔམས་པའི་སྐུར་སྟོན་པ༔ འཇིགས་བྱེད་དམར་ནག་ཁྱོད་ལ་བསྟོད༔ ཅེས་རང་སློབ་ཤེས་རིག་རྡོ་རྗེས་བསྐུལ་ངོར་བདུད་འཛེམས་རྡོ་རྗེས་གཏན་ལ་ཕབ་པའོ། །དགེའོ། །སརྦ་མངྒ་ལཾ།། །།}}

</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 09:40, 4 September 2025

Wylie title dag snang ye shes drwa ba las: gnod sbyin shan pa'i phyag rgya: TTDL-ZABTER-15-BA-071.pdf
Location bdud 'joms gling pa zab gter
Volume 15, Text 71, Pages 307-309 (Folios 1a1 to 2a4)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Dag snang ye shes drwa ba las gnod sbyin shan pa'i phyag rgya. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 15: 307-309. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: phyag rgya   Verso: bdud 'joms srung ma shan pa
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle དག་སྣང་ཡེ་ཤེས་དྲྭ་བ་ (dag snang ye shes drwa ba)
Deity Shan pa dmar nag
Colophon

ཅེས་རང་སློབ་ཤེས་རིག་རྡོ་རྗེས་བསྐུལ་ངོར་བདུད་འཛེམས་རྡོ་རྗེས་གཏན་ལ་ཕབ་པའོ། །དགེའོ། །སརྦ་མངྒ་ལཾ།།

ces rang slob shes rig rdo rjes bskul ngor bdud 'dzems rdo rjes gtan la phab pa'o/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ དག་སྣང་ཡེ་ཤེས་དྲྭ་བ་ལས༔ གནོད་སྦྱིན་ཤན་པའི་ཕྱག་རྒྱ་བཞུགས་སོ༔ ན་མོ་གུ་རུ་བྷྱ༔ (བརྡ་ཡིག་) རང་ཉིད་ཡི་དམ་ལྷར་གསལ་བའི་ངང་ནས༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས༔ ཁམས་གསུམ་སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་དུ་རོ་གཅིག་པའི་ངོ་བོ་གནོད་སྦྱིན་ཤན་པ་ཆེན་པོ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་བཞི་ཞབས་གཉིས་དང་ལྡན་པ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཏུ་གཡོ་བ་ཞལ་གདངས་ལྗགས་འདྲིལ་བ་རྣོ་དཀར་གྱི་མཆེ་བ་གཙིགས་པ༔ སྨ་ར་ལས་མེ་འབར་ཞིང་སྨིན་མར་གློག་འཁྱུགས་པ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོ་རུ་འཁྱིལ་ཞིང་སྐུ་ལ་བསྐལ་པའི་མེ་དཔུང་འབར་བ༔ ཕྱག་དང་པོ་གཉིས་ན་རལ་གྲི་དང་སྙིང་ཞགས་གདེངས་ཤིང་འོག་མ་གཉིས་གྲི་ཐོད་བསྣམས་པ༔ དར་དམར་སེར་བཀྲའི་བེར་ཆེན་གསོལ་ཞིང་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ་མེ་ཁྱུང་དམར་པོ་རླུང་གི་གཤོག་པ་ཅན་ལ་བཅིབས་ཤིང་ཡུལ་མཆོག་གསོད་བྱེད་སྙིང་འབྱིན་དམར་མོས་གཡས་ལྕགས་ཀྱུ་དང་གཡོན་པས་དགྲ་སྙིང་བསྣམས་ནས་ཡབ་ལ་འཁྱུད་པ༔ ཡབ་ཡུམ་གཉིས་ཀས་དྲག་པོའི་གད་རྒྱངས་ནམ་མཁའི་འབྲུག་ལྟར་སྒྲོགས་པས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པར་བསྐྱེད་དོ༔ རྒྱ་མཚོ་ཆེན་པོ་ལ་གཟའ་སྐར་བཀྲ་བ་བཞིན་དུ་སྐུའི་ཀློང་དུ་ལས་མཁན་སྤྲུལ་པའི་འཁོར་བརྒྱད་བཀའི་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཡོངས་སུ་རྫོགས་པར་བསྐྱེད་དོ༔ འཁོར་འདས་གཉིས་སུ་གཏོགས་པའི་བཀའ་སྲུང་ཆོས་སྐྱོང་ཐམས་ཅད་ལན་ཚྭ་ཆུར་ཞུ་བ་བཞིན་དུ་གནོད་སྦྱིན་ཆེན་པོའི་སྐུ་གསུང་ཐུགས་སུ་ཐིམ་པས་བཀའ་སྲུང་རྒྱ་མཚོ་ཡོངས་འདུས་ཀྱི་བདག་ཉིད་དུ་བསྐྱེད་དོ༔ གནས་གསུམ་རྡོ་རྗེ་སྙིང་པོ་ལས་འོད་འཕྲོས་པས་ནུབ་ཕྱོགས་ཧེ་ཆེན་བརྡལ་བ་སོགས་གར་བཞུགས་ཀྱི་གནས་ནས་སྤྱན་དྲངས་ལ་བསྟིམ་མོ༔ ཀྵཿགནོད་སྦྱིན་ཤན་པ་དམར་ནག་ཡུམ་མཆོག་གསོད་བྱེད་དམར་མོ་ལས་མཁན་སྤྲུལ་པའི་འཁོར་བརྒྱད་བཀའི་ལྷ་སྲིན་སྡེ་བརྒྱད་བཀའ་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་བཀའ་དང་དམ་ཚིག་གཉན་གྱིས་འབོད་དོ་དམ་ཚིག་དབང་གིས་བསྒྲུབ་ཅིང་བརྟེན་པའི་གནས་འདིར་གཤེགས་ཅིག་བྱོན་ཅིག༔ ཨོཾ་བཛྲ་ས་མ་ཡ་ཛ་ཛ༔ ལན་གསུམ་བརྗོད་ཅིང་མཐར༔ ཏིཥྠ་བཛྲ་ན་མོ་སརྦ་ག་ན་པཱུ་ཛ་ ཧོཿ འཛབ་དམིགས་ནི༔ གཙོ་བོའི་ཐུགས་ཀར་ཟླ་ཕྱེད་ཀྱི་སྟེང་དུ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཧཱུྃ་ཡིག་དམར་ནགཿཀྵཿཧྲཱིཿམཚན་པ་ཅན་ལ་རྩ་བའི་སྔགས་ཀྱིས་བསྐོར་ཞིང་༔ ཡུམ་གྱི་ཐུགས་ཀར་ཉི་མའི་གདན་ལ་བྷྱོཿཡིག་དམར་པོའི་མཐར་སྔགས་ཀྱིས་བསྐོར་བར་བསྒོམ༔ བཟླས་པ་ཙམ་གྱིས་དམ་ཚིག་གཉན་པོའི་སྲོག་ཐོབ་ནས་བདག་གི་བཀའ་ཉན་ཅིང་གསུང་སྡོད་པར་བསམ༔ ཨེ་ཧེ་རྨ་རུ་ཙེ་གུ་ཎ་ཧྲཱི་ཏྲི་ས་མ་ཡ་ཧཱུྃ་ཛཿཞེས་མང་དུ་བཟླས་ཤིང་གསོལ་མཆོད་བྱས་མཐར་བསྟོད་པ་ནི༔ ཧཱུྃ༔ པདྨ་དབང་གི་དཀྱིལ་འཁོར་ལྷ༔ བསྟན་དང་འགྲོ་བའི་དོན་མཛད་ཕྱིར༔ དྲག་ཁྲོས་རྔམས་པའི་སྐུར་སྟོན་པ༔ འཇིགས་བྱེད་དམར་ནག་ཁྱོད་ལ་བསྟོད༔ ཅེས་རང་སློབ་ཤེས་རིག་རྡོ་རྗེས་བསྐུལ་ངོར་བདུད་འཛེམས་རྡོ་རྗེས་གཏན་ལ་ཕབ་པའོ། །དགེའོ། །སརྦ་མངྒ་ལཾ།། །།