DJYD-KABUM-08-NYA-009: Difference between revisions

From Dudjom Wiki
DJYD-KABUM-08-NYA-009
m (Text replacement - "ཧོཿ" to "ཧོཿ ")
m (Text replacement - "༴" to "༴ ")
 
Line 41: Line 41:




༄༅།  །ཨོཾ་སྭསྟི།  །རབ་འབྱམས་རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་པ།  །བདུད་དཔུང་མཐར་མཛད་སེང་གེ་སྒྲ་སྒྲོགས་དང་།  །དབྱེར་མེད་ཞིང་སྐྱོང་ཆེན་པོར་ཉེར་བཏུད་ནས།  །གང་དེའི་ཕྲིན་ལས་གདུག་པ་ཚར་གཅོད་སྤྲོ།  །{{TibChung|དེ་ཡང་དབང་ཐོབ་ཅིང་སྤྱི་དང་བྱེ་བྲག་གི་དམ་ཚིག་ལ་གནས་པ་ཡི་དམ་གྱི་བསྙེན་སྒྲུབ་ཚད་དུ་འཁྱོལ་བས་སྲུང་མ་ལས་ལ་བཀོལ་དུ་བཏུབ་པའི་སྒྲུབ་པ་པོས།  མཐུ་ནུས་དྲག་རྩལ་མྱུར་མགྱོགས་གཞན་ལས་ཁྱད་པར་གྱུར་པ་དཔལ་ལྡན་ཞིང་སྐྱོང་དབང་པོ་ཉིད་སྒྲུབ་པའི་ཕྲིན་ལས་ལག་ཏུ་ལེན་པའི་རིམ་པ་ལ།  སྦྱོར་བ་དགུ་སྟོང་ལ་སོགས་པ་དུས་ཁྱད་ཅན་གྱི་ཚེ་ཡིད་དང་མཐུན་ཅིང་ཤིས་པའི་གནས་ཁང་བྱི་དོར་བྱས་ལ་ཉེ་ལོགས་རྣམས་མཛེས་ཤིང་བརྗིད་པའི་སྤྱན་གཟིགས་སྣ་ཚོགས་ཀྱིས་བརྒྱན།    {{TibChung|[2a]}} དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་དང་ལྡན་པའི་ཁར་ཐོད་པའམ་རིན་པོ་ཆེའི་སྣོད་དུ་གཙང་ཞིང་བཟང་བའི་རྒྱུ་དམ་རྫས་དང་བཅས་པ་ལས།  གོང་གནོན་ལྷའི་འདས་གཏོར་དང་།  ཞིང་སྐྱོང་གི་གཏོར་མ་རི་རབ་བང་རིམ་སུམ་བརྩེགས་སྟེང་དམར་གྱི་གཏོར་མ་གྲུ་གསུམ་བརྗིད་ལྡན་ཅུང་ཟད་མཐོ་དམན་བྱས་པ་གཉིས།  དེ་གཉིས་ཀྱི་མདུན་དུ་གཏོར་མ་སྙིང་གཟུགས་གཉིས།  བང་རིམ་འོག་མའི་ཕྱོགས་མཚམས་བརྒྱད་དུ་སྙིང་རེ་རེ་བཙུག་པ་བཅས་མཐེབ་ཀྱུ་དང་ཤ་ཁྲག་སོགས་ཁ་ཟས་བཟང་པོ་སྣ་ཚོགས་ཀྱིས་བསྐོར་བ་མདའ་དར་གྱིས་བརྒྱན་པ་དང་།  འདས་མ་འདས་ཀྱི་གཏོར་མ་བཤམ་དགོས་གཞན་ཡོད་ནའང་རིམ་པ་མ་འཆོལ་བར་བཀོད་པའི་གཡས་སུ་སྨན་ཕུད།  གཡོན་དུ་རཀྟ།  མདུན་དུ་མཆོད་ཡོན་སོགས་གཙང་མར་སྦྱར་བའི་ཕྱི་མཆོད་ {{TibChung|[2b]}} དང་།  དབང་པོ་ལྔའི་མེ་ཏོག་སོགས་ཁྱད་པར་གྱི་ཉེར་སྤྱོད་རྣམས་ཕྲེང་ཚར་དུ་འགོད།  གཞན་ཡང་ཕྱི་ནང་གསང་བའི་མཆོད་རྫས།  མཐུན་རྫས།  རྟེན་རྫས།  སྐོང་རྫས་ལ་སོགས་པ་ཅི་འབྱོར་དང་།  རྡོ་དྲིལ་རྔ་སིལ་གཡབ་དར་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམས་ཏེ།  ཆོ་ག་དངོས་ལ་སྦྱོར་དངོས་རྗེས་གསུམ་གྱི།  དང་པོ་ནི།  སྤྱིར་བདག་གི་རྣལ་འབྱོར་ཡི་དམ་ཞི་ཁྲོ་གང་ལ་བསྟེན་ཀྱང་རུང་མོད།  ཁྱད་པར་གཏེར་ཁ་འདི་གའི་རྩ་གསུམ་གང་རིགས་ལ་བརྟེན་ན་འབྲེལ་ཆགས་ཤིང་།  དེ་ཡང་ཉིན་ཞག་དེ་ཉིད་ཀྱི་ཁོངས་སུ་བདག་བསྐྱེད་གཞན་སྔོན་དུ་སོང་ན་སྐབས་འདིར་ལྷའི་ང་རྒྱལ་གསལ་བཏབ་པས་ཆོག་ལ།  དེ་ལྟར་མ་སོང་ན་སྐབས་འདིར་བདག་བསྐྱེད་མདོར་བསྡུས་གཞུང་གསལ་འདི་ལྟར་ཤེས་པར་བྱ་སྟེ།}}  རང་ཉིད་སྐད་ཅིག་དྲན་རྫོགས་སུ༔  གུ་རུ་པདྨ་བདུད་འདུལ་ནི༔  འཕགས་པ་སེང་གེ་སྒྲ་སྒྲོགས་སྐུ༔  སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔  ཞལ་གདངས་ལྗགས་འདྲིལ་མཆེ་བ་ཟངས་ཡག་གཙིགས༔  སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཟིགས༔  དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔  ཕྱག་གཡས་དབང་སྡུད་རྡོ་རྗེ་ནམ་མཁར་ཕྱར༔  གཡོན་པས་ཟིལ་གནོན་ལྕགས་སྡིག་མགོ་དགུ་བསྣམས༔  སྐུ་ལ་ཟ་བེར་ལྗང་སྨུག་ {{TibChung|[3a]}} གསེར་བཀྲ་གསོལ༔  ཞབས་གཉིས་འདོར་སྟབས་མུ་སྟེགས་དམ་སྲི་མནན༔  གཟི་བརྗིད་མདངས་ལྡན་མེ་དཔུང་ཀློང་དུ་བཞུགས༔  བདུད་འདུལ་དཔའ་བོའི་སྐུར་གསལ་ཞལ་སྒོ་ནས༔  གསང་སྔགས་སྙིང་པོ་འབྲུག་ལྟར་སྒྲོགས་པར་གྱུར༔  ཨོཾ་བཛྲ་གུ་རུ་སིཾ་ཧ་གྷ་ཎྜེ་དྷ་རྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཧཱུྃ༔  {{TibChung|ཞེས་གསལ་བཏབ་ལ་བཟླས་པ་ཅི་ནུས་བྱ།  མཆོད་རྫས་རྣམས་ལས་སྔགས་ཀྱིས་བསང་།  སྭ་བྷྭ་ཝས་སྦྱང་།}}  སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་ཕྱི་ནང་གསང་བའི་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་{{TibChung|བསམ་ལ།}}  ཨོཾ་བཛྲ་ཨ་རྒྷཾ་{{TibChung|སོགས་ནས།}}  ཤཔྡ་ཨཱཿཧཱུྃ་{{TibChung|གི་བར་གྱིས་སྤྱིར་བརླབ་ཅིང་།  བྱེ་བྲག་སྨན་གཏོར་རཀྟ་གསུམ།  རཾ་ཡཾ་ཁཾ་གིས་བསང་སྦྱང་།  སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་པའི་ཀ་པཱ་ལར་དམ་རྫས་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གིས་སྦྱངས།}}  ཡེ་ཤེས་ཀྱི་བདུད་རྩི་ཐིམ་པ་དང་གཉིས་སུ་མེད་པར་གྱུར་པར་བསམ་ཞིང་།    {{TibChung|[3b]}} ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔  ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔  ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔  {{TibChung|ཞེས་སོ་སོར་ལན་གསུམ་རེ་བརྗོད་པས་བྱིན་བརླབ་བོ།  །གཉིས་པ་དངོས་གཞི་ལ་གཉིས།  རྩ་བའི་ཕྲིན་ལས་གཞུང་སྲོང་བ་དང་།  ཁྱད་པར་སྐབས་ཀྱི་ཕྲིན་ལས་སྦྱོར་བའོ།  །སྔ་མ་ལ་དགུ་ལས། དང་པོ་མདུན་བསྐྱེད་གསལ་གདབ་པ་ནི།}}  ཨོཾ་མ་ཧཱ་ཤུ་ནྱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ༔  {{TibChung|གིས་བསང་སྦྱང་།}}  མདུན་དུ་དུར་ཁྲོད་རབ་འཇིགས་སྐྱི་གཡའ་བར༔  གྲུ་གསུམ་མཐིང་ནག་མེ་རླུང་འཁྲུགས་པའི་དབུས༔  ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཀློང་དཀྱིལ་དུ༔  གནམ་ལྕགས་ལས་གྲུབ་འཁོར་ལོ་རྩིབས་བརྒྱད་དབུས༔  པདྨ་ཉི་མ་འབར་བའི་གདན་སྟེང་དུ༔  དགྲ་བགེགས་ཕོ་མོ་གཅལ་དུ་བཀྲམ་པའི་སྟེང་༔  ཧཱུྃ་ལས་བདུད་མགོན་ཆེན་པོ་སེང་གེའི་གདོང་༔  སྐུ་མདོག་མཐིང་ནག་སྤྱན་གསུམ་དམར་ཟླུམ་འཁྲུགས༔  ཞལ་གདངས་མཆེ་གཙིགས་ལྗགས་དམར་གློག་ལྟར་འཁྱུག༔  གཡུ་རལ་གསེབ་ནས་སེང་ཆུང་སྐར་ལྟར་འཁྲུགས༔  ཕྱག་གཡས་དར་ནག་རུ་མཚོན་དགྲ་ལ་ཕྱར༔  གཡོན་པས་ལྕང་ལོར་བཅས་པའི་བྷནྡྷའི་ནང་༔  དམར་ {{TibChung|[4a]}} གྱི་གཏོར་མ་གནམ་ལྕགས་ཐོག་ལྟར་འཕེན༔  སྐུ་ལ་འཇོལ་བེར་དམར་ནག་ལྷུབས་ཆེན་གསོལ༔  སྐེད་པར་སྟག་རལ་གཟིག་ཤུབས་གློག་ལྟར་འཁྱུག༔  ཤིན་ཏུ་མི་སྲུན་པ་ཡི་ཆ་བྱད་ཅན་༔  ཆིབས་སུ་བདུད་རྟ་ནག་པོ་རླུང་གཤོག་བཅིབས༔  སྐད་ཅིག་ཉིད་ལ་གླིང་བཞི་མ་ལུས་བསྐོར༔  དམ་ཉམས་དགྲ་བོ་སྒྲོལ་བའི་ལས་ལ་བརྩོན༔  སྲིད་པ་ཕོ་རྒྱུད་ཐམས་ཅད་དབང་སྡུད་བསམ༔  དེ་ཡི་གཡོན་དུ་པད་ཉི་དགྲ་བགེགས་སྟེང་༔  ཏྲི་ལས་དཔལ་འབར་བདུད་མོ་སེང་གདོང་མ༔  སྐུ་མདོག་དམར་ནག་ཁྲོ་གཏུམ་གཟི་བརྗིད་འབར༔  དམར་ཟླུམ་འཇིགས་པའི་སྤྱན་གསུམ་ཁྲག་ལྟར་ཁོལ༔  ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔  ཁྲག་རལ་གསེབ་ནས་སེང་ཆུང་སྐར་ལྟར་འཁྲུགས༔  ཕྱག་གཡས་དགྲ་སྟྭ་རྩེ་གསུམ་དར་དམར་ཕྱར༔  དགྲ་བགེགས་གཟུགས་ཕུང་ཚལ་པ་དུམ་བུར་འཕེན༔  ཕྱག་གཡོན་བྷནྡྷ་ལྕང་ལོར་བཅས་པའི་ནང་༔  དགྲ་སྙིང་དམར་པོ་ཁྲུམ་ཁྲུམ་ཞལ་དུ་གསོལ༔  སྐུ་ལ་འཇོལ་བེར་དམར་པོ་ལྷུབ་ཆེན་གསོལ༔  བཙན་རྟ་དམར་པོ་བཅིབས་ནས་ཕྱོགས་བཅུར་རྒྱུག་༔    {{TibChung|[4b]}} སྐད་ཅིག་ཉིད་ལ་དགྲ་བགེགས་མ་ལུས་སྒྲོལ༔  སྲིད་པ་མོ་རྒྱུད་ཐམས་ཅད་དབང་སྡུད་བསམ༔  ཡབ་ཡུམ་གཉིས་ཀྱི་མདུན་ཉིད་དུ༔  དྷི་ཧྲི་གཉིས་ལས་སྐྱེས་པ་ཡི༔  ལས་མཁན་བམ་རོ་ཕོ་མོ་ནི༔  སྐྲ་མེད་མདོག་དམར་སྤྲེའུའི་གདོང་༔  ལག་གཉིས་བྱ་སྡེར་ས་ལ་བཙུགས༔  རྐང་པས་གཏོར་ཁྱེར་དགྲ་ལ་འཕེན༔  སྐད་ཅིག་ཉིད་ལ་སྟོང་གསུམ་བསྐོར༔  དམ་ཉམས་དགྲ་བགེགས་མ་ལུས་རྩད་ནས་གཅོད༔  ཕྱི་རོལ་ཕྱོགས་མཚམས་འཁོར་ལོ་རྩིབ་བརྒྱད་དབུས༔  དགྲ་བགེགས་ཇིང་འདུར་བསྣོལ་བའི་སྟེང་༔  ཤར་དུ་ཏྲི་ལས་རྡོ་རྗེ་ལེགས་པ་ནི༔  སྐུ་མདོག་དམར་སྨུག་སྐུ་ལ་བེར་དཀར་གསོལ༔  དབུ་ལ་སག་ཞུ་སྨུག་པོ་མནབ༔  ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར༔  གཡོན་པས་དགྲ་སྙིང་ཞལ་དུ་གསོལ༔  ཆིབས་སུ་སེང་གེ་དཀར་མོ་ཆིསབས༔  ལྷོ་རུ་ཡ་ལས་གཤིན་རྗེ་གཤེད་པོ་ནི༔  སྐུ་མདོག་ལྗང་ནག་མུན་པའི་འཇོལ་བེར་གསོལ༔  ཕྱག་གཡས་བེང་ཆེན་ནམ་མཁར་ཕྱར༔  གཡོན་པས་རྒྱུ་ཞགས་དགྲ་ལ་འཕེན༔  ཆིབས་སུ་ཆུ་གླང་སྔོན་པོ་ཆིབས༔  ནུབ་ཏུ་ཕུ་ལས་ཀླུ་བདུད་མགོ་དགུ་ནི༔  སྐུ་མདོག་ལྗང་ནག་གཅེར་ {{TibChung|[5a]}} བུ་སྤྲུལ་མཇུག་འཁྱིལ༔  ཕྱག་གཡས་སྦྲུལ་ཞགས་ནམ་མཁར་ཕྱར༔  གཡོན་པས་དུག་གི་སྤར་བུ་བསྣམས༔  ཆིབས་སུ་ཆུ་སྲིན་དམར་པོ་ཆིབས༔  བྱང་དུ་དུ་ལས་བདུད་རྗེ་རྐང་རིང་ནི༔  སྐུ་མདོག་ནག་པོ་འཇིགས་པའི་བེར་ནག་གསོལ༔  ཕྱག་གཡས་རལ་གྲི་ནམ་མཁར་ཕྱར༔  གཡོན་པས་བདུད་ཞགས་ནག་པོ་བསྣམས༔  ཆིབས་སུ་རྟ་ནག་རྟིང་དཀར་ཆིབ༔  ཤར་ལྷོར་ཙ་ལས་བཙན་འགོང་ཡམ་ཤུད་ནི༔  སྐུ་མདོག་དམར་ནག་འཇིགས་པའི་བེར་དམར་གསོལ༔  ཕྱག་གཡས་བཙན་མདུང་དམར་པོ་ཕྱར༔  གཡོན་པས་བཙན་ཞགས་དགྲ་ལ་འདེབས༔  ཆིབས་སུ་བཙན་རྟ་དམར་པོ་ཆིབས༔  ལྷོ་ནུབ་ར་ལས་ཡབ་རྗེ་ཚངས་པ་ནི༔  སྐུ་མདོག་དམར་སྨུག་སྐུ་ལ་བེར་དཀར་གསོལ༔  ཕྱག་གཡས་སྤུ་གྲི་ནམ་མཁར་ཕྱར༔  གཡོན་པས་དར་དཀར་རུ་མཚོན་བསྣམས༔  ཆིབས་སུ་ཅང་ཤེས་དཀར་པོ་ཆིབས༔  ནུབ་བྱང་ཏྲི་ལས་སྲིན་པོ་ན་ར་སིཾ་ཧ་ནི༔  སྐུ་མདོག་དུད་ཁ་འཇོལ་བེར་ལྗང་ཀུ་གསོལ༔  ཕྱག་གཡས་ཁྲམ་ཤིང་ནམ་མཁར་ཕྱར༔  གཡོན་པས་ལྕགས་ཀྱུ་དགྲ་ལ་འདེབས༔  ཆིབས་སུ་བོང་བུ་ཁམ་ནག་ཆིབ༔  བྱང་ {{TibChung|[5b]}} ཤར་མ་ལས་རྡོ་རྗེ་ཕ་ལམ་མ༔  སྐུ་མདོག་ནག་མོ་འཇིགས་པའི་བེར་སྨུག་གསོལ༔  ཕྱག་གཡས་རལ་གྲི་ནམ་མཁར་ཕྱར༔  གཡོན་པས་ནད་རྐྱལ་དགྲ་ལ་ལྷུད།  ཆིབས་སུ་དྲེལ་ནག་གྭ་པ་ཆིབ༔  དེ་ལྟར་ཤན་པ་གཏུམ་པོ་རྣམས༔  རང་རང་འཁོར་ཚོགས་མང་པོས་བསྐོར༔  ཀུན་ཀྱང་རྔམས་བརྗིད་ཁྲོས་པའི་གཟུགས༔  ཆོ་རོལ་གཅིག་ཏུ་མ་ངེས་པ༔  རྣམ་སྤྲུལ་བྱེ་བ་དཔག་མེད་འགྱེད༔  གཞན་ཡང་མ་ཚོགས་མཁའ་འགྲོ་དང་༔  བཀའ་ཉན་ལས་བྱེད་བསམ་མི་ཁྱབ༔  དམ་ཉམས་དགྲ་བོའི་རྗེས་གཅོད་པ༔  སེང་གེ་གཏུམ་པོ་གླང་ཆེན་སྨྱོན་པ་དང་༔  སྟག་གཟིག་དོམ་དྲེད་ལྕེ་སྤྱང་སྣ་ཚོགས་དང་༔  དུར་བྱ་ཀང་ཀ་ཁྲ་དང་འུག་པ་དང་༔  ཕག་རྒོད་མི་རྒོད་བུད་མེད་ནག་མོ་དང་༔  བྱ་ནག་གཤོག་སྒྲ་ཁྱི་ནག་ཁངས་སེ་ཁང་༔  གཡག་རོག་རྭ་བདར་སོ་སྒྲ་ཁྲུགས་སེ་ཁྲུག༔  མི་ནག་འབུམ་གྱིས་འོ་འོད་ལྷང་ལྷང་འབོད༔  ལ་ལ་ཐོག་དང་སེར་བའི་བདག༔  ལ་ལས་རི་རབ་པང་ལ་འདེབས༔  ལ་ལས་རྒྱ་མཚོ་ཧུབ་ཀྱིས་འཐུང་༔  ལ་ལས་ཉི་ཟླ་ཆ་ལང་རྡེབ༔  ལ་ལས་རང་ཤ་རང་གིས་ཟ༔  ལ་ལས་ནང་རོལ་སྦར་མོས་འདེབས༔  ལ་ལས་ {{TibChung|[6a]}} རང་ལུས་དུམ་བུར་གཏུབ༔  ལ་ལས་དགྲ་བགེགས་མགོ་ལུས་ཕྲལ༔  ལ་ལས་མཚོན་ཆའི་འཁོར་ལོ་བསྐོར༔  ལ་ལས་ཧ་ཧ་ཧཱུྃ་ཕཊ་སྒྲོགས༔  ཀུན་ཀྱང་དགྲ་བགེགས་སྒྲོལ་བའི་ལས་ལ་བརྩོན༔  ལྷ་ཚོགས་དེ་དག་ཐམས་ཐད་ཀྱི༔  སྤྱི་བོར་ཨོྃ་དང་མགྲིན་པར་ཨཱཿཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔  དུར་ཁྲོད་བརྒྱད་དང་ཧེ་རུའི་གནས་བཅུ་དང་༔  འཇིག་རྟེན་དང་ནི་འཇིག་རྟེན་འདས་པ་ཡི༔  རྒྱལ་བའི་ཞིང་ཁམས་རྣམ་པར་དག་པ་ནས༔  བདུད་མགོན་སེང་གདོང་ཡབ་ཡུམ་འཁོར་བཅས་རྣམས༔  མཆོད་ཅིང་སྒྲུབ་པའི་གནས་འདིར་སྤྱན་དྲངས་གྱུར༔  {{TibChung|ཞེས་གསལ་གདབ།  གཉིས་པ་སྤྱན་འདྲེན་པ་ནི།  ཤ་ཆེན་དང་གུ་གུལ་སོགས་སྦྱར་བའི་སྤོས་བསྲེག་ཅིང་།  རྐང་གླིང་གིས་དྲངས་པའི་རོལ་མོའི་སྒྲ་དང་།  གདུང་བའི་དབྱངས་ཀྱི་ང་རོའི་འགྱུར་བ་དང་བཅས།}}  ཧཱུྃ་བྷྱོ༔  དུར་ཁྲོད་ཆེན་པོ་མཁའ་སྤྱོད་ཙཱ་རི་ནས༔  ཆེ་མཆོག་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པ༔  ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཡབ་ཡུམ་དང་༔  བཀའ་གཉན་ལས་བྱེད་དྲེགས་པ་སྡེ་བརྒྱད་ཚོགས༔  སྔོན་གྱི་དམ་བཅའ་གཉན་པོ་མ་གཡེལ་བར༔  མ་ཐོགས་མྱུར་དུ་གནས་ {{TibChung|[6b]}} འདིར་གཤེགས་སུ་གསོལ༔  ཧཱུྃ་བྷྱོ༔  སྔོན་ཚེ་དབང་ཆེན་པད་འབྱུང་སྤྱན་སྔ་རུ༔  སེང་གདོང་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན༔  ཕྲིན་ལས་དྲག་པོའི་ལས་ལ་སྤྱན་འདྲེན་ནོ༔  གསང་སྔགས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔  མ་ཐོགས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔  ཧཱུྃ་བྷྱོ༔  སྡེ་བརྒྱད་ཡོངས་ཀྱི་དམག་དཔོན་མཛད་ཙ་ན༔  དུར་ཁྲོད་བསིལ་བའི་ཚལ་ནས་གཤེགས་སུ་གསོལ༔  སེང་གདོང་སྤྲུལ་པ་གྲངས་མེད་འགྱེད་ཙ་ན༔  གངས་དཀར་ཏི་སེའི་གནས་ནས༴ སྒྲུབ་བརྒྱུད་བསྟན་པ་ཕྱོགས་བཅུར་སྤེལ་ཙ་ན༔  འབྲོག་ཆེན་ལ་ཕྱིའི་གནས་ནས༴ མ་མོ་མཁའ་འགྲོའི་གཙོ་བོ་མཛད་ཙ་ན༔  རྣམ་དག་ཨོ་རྒྱན་གནས་ནས༴ ཟབ་གཏེར་བཀའ་ཡི་སྲུང་མ་མཛད་ཙ་ན༔  བན་རི་པདྨ་འོད་ནས༴ གསངས་སྔགས་བསྟན་པ་ཕྱོགས་བཅུར་སྤེལ་ཙ་ན༔  སྦས་ཡུལ་མཁའ་སྤྱོད་གནས་ནས༴ རྣལ་འབྱོར་དགྲ་ལྷ་ཆེན་པོ་མཛད་ཙ་ན༔  དེ་ཝྰེ་ཀོ་ཊིའི་གནས་ནས༴བསྟན་པའི་རུ་དྲ་མ་ལུས་བསྒྲལ་ཙ་ན༔   མཐུ་སྟོབས་དྲག་པོའི་གནས་ནས་གཤེགས་སུ་གསོལ༔  ཧཱུྃ་བྷྱོ༔  བདུད་མགོན་ཆེན་པོ་སེང་གདོང་ཡབ་ཡུམ་དང་༔    {{TibChung|[7a]}} དྲེགས་པ་སྡེ་བརྒྱད་ལས་བྱེད་དམག་ཚོགས་རྣམས༔  སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔  གསང་སྔགས་བསྟན་པ་སྤེལ་ཕྱིར༴ རྣལ་འབྱོར་དགྲ་ལྷ་མཛད་ཕྱིར༴ ལོག་འདྲེན་བྱད་མ་འདུལ་ཕྱིར༴ ས་བདག་ཀླུ་གཉན་འདུལ་ཕྱིར༴  རྒྱལ་འགོང་དམ་སྲི་འདུལ་ཕྱིར༴ དགྲ་བགེགས་ཇིང་འདུར་བཟློག་ཕྱིར༴ མི་ནད་ཕྱུགས་ནད་བཟློག་ཕྱིར༴ ནད་མུག་མཚོན་འཁྲུགས་བཟློག་ཕྱིར༴ མི་མཐུན་རྐྱེན་ངན་བཟློག་ཕྱིར་གཤེགས་སུ་གསོལ༔  ཨོཾ་བཛྲ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ {{TibChung|ཞེས་སྤྱན་དྲངས་པས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་བར་བསམ། གསུམ་པ་བཞུགས་སུ་གསོལ་བ་ནི།}}  ཧཱུྃ་བྷྱོ༔  དུར་ཁྲོད་རབ་འཇིགས་འབར་བའི་གཞལ་ཡས་སུ༔  གྲུ་གསུམ་མཐིང་ནག་ཨེ་ཡི་ཀློང་དཀྱིལ་དུ༔  ཞིང་བཅུའི་དགྲ་བགེགས་བྱད་མ་བསྣོལ་བའི་སྟེང་༔  བདུད་མགོན་སེང་གདོང་ཡབ་ཡུམ་འཁོར་དང་བཅས༔  དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔  བཛྲ་ས་མ་ཡ་ཏིཥྛ་ལྷན༔  {{TibChung|ཞེས་བསྐྱེད་པའི་དམ་ཚིག་པ་དང་དབྱེར་མེད་དུ་བཞུགས་པར་བསམ། བཞི་པ་དམ་ལ་བཞག་པ་ནི།  རང་ཉིད་ཡི་དམ་གྱི་སྙེམས་པ་ {{TibChung|[7b]}} བརྟན་པོས་བདུད་མགོན་འཁོར་བཅས་ཀྱི་སྤྱི་བོར་རྡོ་རྗེ་བཞག  །བདུད་རྩི་ལྗགས་ལ་བསྟིམ་པར་མོས་ཏེ།}}  ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔  དཔལ་བདུད་མགོན་ཞིང་སྐྱོང་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་ཁྲག་འཐུང་ཧེ་རུ་ཀ་དཔལ།  སློབ་དཔོན་པདྨ་ཐོད་ཕྲེང་།  མ་གཅིག་ཡེ་ཤེས་མཚོ་རྒྱལ།  འབྲོག་བན་ཁྱེའུ་ཆུང་ལོ་ཙཱ།  བདུད་འདུལ་ནུས་ལྡན་རྡོ་རྗེ་ནས་དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བསྟན་པ་སྲུངས།  དཀོན་མཆོག་དབུ་འཕང་བསྟོད།  དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས།  འཇིག་རྟེན་གྱི་རྒུད་པ་སོལ།  སེམས་ཅན་གྱི་ཕན་བདེ་སྤེལ།  རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད།  སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས།  སྡང་བའི་དགྲ་ཐུལ།  གནོད་པའི་བགེགས་ཆོམས།  ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་།  མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་།  མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་ {{TibChung|[8a]}} དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག  །{{TibChung|ཅེས་དམ་ལ་བཞག་པས་ཅི་བསྒོ་བའི་ལས་ཐམས་ཅད་ངོ་འཐོན་དུ་བསྒྲུབ་པའི་བཀའ་ནོན་པར་བསམ། ལྔ་པ་ཕྱག་བྱ་བ་ནི།}}  ཧཱུྃ་བྷྱོ༔  ཆོས་སྐུ་སྐྱེ་མེད་ཀུན་བཟང་ཧེ་རུ་ཀ༔  ལོངས་སྐུ་འགགས་མེད་དཔལ་ཆེན་སེང་གེའི་སྒྲ༔  སྤྲུལ་སྐུ་བདུད་མགོན་སེང་གེའི་གདོང་པ་ཅན༔  མཐུ་སྟོབས་རྫུ་འཕྲུལ་ནུས་པའི་ཤུགས་འཆང་བ༔  ཞིང་སྐྱོང་གཟི་ལྡན་ཡབ་ཡུམ་འཁོར་བཅས་ལ༔  གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔  ན་མོ་པུ་རུ་ཤ་ཡ་ཧོཿ  {{TibChung|ཞེས་ཕྱག་བྱ། དྲུག་པ་མཆོད་པ་འབུལ་བ་ནི།}}  ཧཱུྃ་བྷྱོ༔  ཞིང་སྐྱོང་ཆེན་པོ་ཡབ་ཡུམ་འཁོར་བཅས་ལ༔  དམ་རྫས་དགྱེས་མཆོད་སྣ་ཚོགས་འབུལ་བ་ནི༔  ཤ་ཁྲག་ལ་སོགས་བ་ལིཾ་མཆོད་པ་འབུལ༔  ཐུགས་དམ་དབང་གིས་དགྲ་བགེགས་མ་ལུས་སྒྲོལ༔  དབང་པོ་ལྔ་སོགས་ཀེང་རུས་མཆོད་པ་འབུལ༔  རྫུ་འཕྲུལ་སྟོབས་ཀྱིས་བར་ཆད་ཐམས་ཅད་ཟློག༔  ཀླད་ཁྲག་ལ་སོགས་བདུད་རྩིའི་མཆོད་པ་འབུལ༔  སྤྲུལ་པའི་སྟོབས་ཀྱིས་མི་མཐུན་འགལ་རྐྱེན་ཟློག༔  སྙིང་ཁྲག་ལ་སོགས་ནང་རོལ་གསང་མཆོད་འབུལ༔  བཞད་པའི་ཚུལ་གྱིས་ {{TibChung|[8b]}} སངས་རྒྱས་བསྟན་པ་སྲུངས༔  ག་ཎ་ལ་སོགས་ལོངས་སྤྱོད་མཆོད་པ་འབུལ༔  འདོད་པའི་དངོས་གྲུབ་མ་ལུས་བདག་ལ་སྩོལ༔  མི་མཐུན་རྐྱེན་ངན་བར་ཆད་བཟློག་ཏུ་གསོལ༔  ཨོཾ་བཛྲ་ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔  མཧཱ་རཀྟ་ལ་ཁཱ་ཧི༔  མ་ཧཱ་ཙིཏྟ་ལ་ཁཱ་ཧི༔  མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔  མཧཱ་བ་སུ་ཏ་ལ་ཁཱ་ཧི༔  མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔  མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔  ཨི་དཾ།  དྷུ་པཾ པུཥྤཾ།  དི་པཾ།  གྷནྡྷཾ།  ནཻདྱ།  བ་ལིཾ་ཏ་པི་པ་ཏོ་ཧོཿ  {{TibChung|ཞེས་སྤྱིར་མཆོད་ཅིང་།  བྱེ་བྲག་ཏུ།}}  བདུད་མགོན་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཚིམ་ཞིང་དགྱེས་པར་{{TibChung|བསམ་ལ།  རྩ་སྔགས་ཀྱི་མཐར།}}  ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།  {{TibChung|ཞེས་བཏགས་པ་བདུན་ནམ་གསུམ་གྱིས་ཕུལ་ཏེ།}}  དཔལ་བདུད་མགོན་ནག་པོ་ཆེན་པོ་སེང་གེའི་གདོང་པ་ཅན།  ཡུམ་མཆོག་སི་ན་ར་མ།  བཀའ་ཉན་བམ་རོ་ཕོ་མོ།  ལས་བྱེད་ཤན་པ་སྡེ་བརྒྱད།  སྤྲུལ་པ་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་{{TibChung|སོགས་སྔར་དམ་བཞག་གི་སྐབས་བཞིན་ {{TibChung|[9a]}} ཕྲིན་ལས་གསོལ། བདུན་པ་བསྟོད་པ་བྱ་བ་ནི།}}  ཧཱུྃ་བྷྱོ༔  དུར་ཁྲོད་བདག་པོ་ཞིང་སྐྱོང་སེང་གེའི་གདོང་༔  བཀྲ་ཤིས་ཆེན་པོ་མཐུ་སྟོབས་རྣོ་ལ་མྱུར༔  ཟློག་པས་མི་བཟློག་སྔགས་བཟློག་དགྲ་བོའི་གཤེད༔  རྦོད་གཏོང་ཕར་བརླག་ནུས་པ་རང་གཤེད་འབེབས༔  བདུད་མགོན་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔  དྲེགས་པ་འདུལ་ཞིང་དགྲ་བགེགས་ཀུན་གྱི་གཤེད༔  ལྟས་ངན་ཆོ་འཕྲུལ་རྒྱུག་པའི་ཞོར་ལ་འདེབས༔  དམ་ཉམས་ཚེ་སྲོག་གློ་བུར་སྡུད་མཛད་པ༔  དྲག་པོ་སྒྲོལ་བྱེད་གསུང་ལ་ཕྱག་འཚལ་བསྟོད༔  ནང་དུ་ཞི་ཞིང་བཀྲ་ཤིས་བུ་ནོར་སྤེལ༔  ཕྱི་རུ་ཁྲོས་པས་རྩུབ་འགྱུར་འཇིག་རྟེན་གཡོ༔  བ་དན་ཕྱར་བས་སངས་རྒྱས་བསྟན་པ་སྲུང་༔  གཡུ་རལ་བསིགས་པས་སེང་ཆུང་སྐར་ལྟར་འཁྲུགས༔  ཞིང་སྐྱོང་དཔལ་འབར་ཐུགས་ལ་ཕྱག་འཚལ་བསྟོད༔  ཧཱུྃ་བྷྱོ༔  སྤྱན་དམར་གློག་འཁྱུགས་སྲིད་གསུམ་འོད་ཀྱིས་གང་༔  ལྗགས་དམར་བརྡབས་པས་ས་གཞི་གཡོ་ཞིང་འཁྲུགས༔  དམར་གཏོར་གདེངས་པས་ནད་ཡམས་ཆར་བཞིན་འབེབས༔  བདུད་རྟ་རྒྱུག་པས་ལྷ་སྲིན་བརྒྱལ་ཞིང་འབོགས༔  དམག་ {{TibChung|[9b]}} དཔོན་སེང་གདོང་དགྲ་འདུལ་སྐུ་ལ་བསྟོད༔  ཧཱུྃ་བྷྱོ༔  དེ་ཡི་ཡུམ་ཆེན་སྲིན་མོ་སེང་གདོང་མ༔  བཀྲ་ཤིས་དཔལ་འབར་ནོར་གྱི་དངོས་གྲུབ་སྟེར༔  སྟོབས་ཆེན་ཡིད་འགུགས་ལྷ་མོ་དབྱིངས་ཕྱུག་མ༔  དུར་ཁྲོད་བདག་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔  ཧཱུྃ་བྷྱོ༔  བསྟན་པ་བསྲུང་ཞིང་བཀའ་ཡི་བྱ་ར་མཛད༔  རྣལ་འབྱོར་མགོ་འདོན་སྔགས་འཆང་ཚེ་སྲོག་སྲིང་༔  ནང་དུ་ཞི་བས་ཡིད་བཞིན་ལྷ་མོ་འདྲ༔  ཕྱི་རུ་ཁྲོས་པས་ཕྲ་མེན་སེར་ལྟར་འཁྲུགས༔  དམ་ཉམས་དྲུག་ཁྲི་ཉིན་བཞིན་གསོད་པར་བྱེད༔  གུང་གཉིས་རྒྱུག་པས་དཀོར་རྐུན་རྩད་ནས་གཅོད༔  རྣོ་མྱུར་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔  ཟློག་པས་མི་བཟློག་གཞན་གྱིས་མི་ཆུན་ཞིང་༔  བཀའ་སྲུང་བདུད་ཚོགས་དགྲ་ལ་རང་གཤེད་འབེབས༔  བདག་ལ་བྱམས་ཤིང་ནང་དུ་དངོས་གྲུབ་སྟེར༔  བཀྲ་ཤིས་སྙིང་ཉེ་གྲོགས་ལྟར་རྟག་ཏུ་སྲུང་༔  གསུང་སྒྲོས་གཅིག་ཐོས་ལས་ནི་ཚར་གསུམ་བསྒྲུབ༔  བུ་ལྟར་སྲུང་ཞིང་ཁྱོ་ལྟར་སྐྱོང་བའི་ལྷ༔  དྷཱ་ཀི་སེང་གདོང་གསུང་ལ་ཕྱག་འཚལ་བསྟོད༔  གསང་སྔགས་བཀའ་སྲུང་རྣལ་འབྱོར་དགྲ་བླ་ཆེ༔  བདུད་ཀྱི་གཡུལ་འཇོམས་ {{TibChung|[10a]}} མ་རུང་དགྲ་བགེགས་སྒྲོལ༔  རྫུ་འཕྲུལ་མཐུ་ཡིས་ལྷ་སྲིན་དབང་སྡུད་ཅིང་༔  སངས་རྒྱས་བསྟན་པ་སྲུང་བའི་ལས་ལ་བརྩོན༔  སྲིན་མོའི་གཟུགས་ཀྱིས་དགྲ་ལ་ནད་ཡམས་འབེབས༔  དཔལ་འབར་སེང་གདོང་ཐུགས་ལ་ཕྱག་འཚལ་བསྟོད་༔  ཧཱུྃ་བྷྱོ༔  ཡབ་ཡུམ་གཉིས་ཀྱི་བཀའ་ཉན་མཐུ་རྩལ་ཅན༔  བམ་རོ་ཕོ་མོའོ་སྐུ་ལ་ཕྱག་འཚལ་བསྟོད༔  ཧཱུྃ་བྷྱོ༔  དམ་ཉམས་དགྲ་ལ་ལྟས་ངན་སྣ་ཚོགས་གཏོང་༔  སྐྱེས་བུ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔  དམ་ཉམས་དགྲ་བགེགས་མ་ལུས་ཁྲམ་ལ་འདེབས༔  གཤིན་རྗེ་ཆོས་རྒྱལ་སྐུ་ལ༴ དམ་ཉམས་དགྲ་ལ་མཛེ་ནད་ཆར་བཞིན་འབེབས༔  ཀླུ་བདུད་མགོ་དགུའི་སྐུ་ལ༴ དམ་ཉམས་དགྲ་བགེགས་མ་ལུས་ཞགས་པས་འཆིང་༔  བདུད་རྗེ་ནག་པོའི་སྐུ་ལ༴ དམ་ཉམས་དགྲ་ལ་ཡེ་འདྲོགས་སྣ་ཚོགས་གཏོང་༔  བཙན་འགོང་ཆེན་པོའི་སྐུ་ལ༴ དམ་ཉམས་དགྲ་ལ་འཇའ་འཁྱིལ་ལྟས་ངན་གཏོང་༔  ལྷ་བདུད་དཀར་པོ་སྐུ་ལ༴ དམ་ཉམས་དགྲ་བགེགས་དམོད་པའི་མཚོན་ཆས་ཕུང་༔  སྲིན་པོ་དྷ་ར་དྷིའི་སྐུ་ལ༴ དམ་ཉམས་དགྲ་ལ་ {{TibChung|[10b]}} ཁྲག་ནད་ཆར་བཞིན་འབེབས༔  རྡོ་རྗེ་ཕ་ལམ་སྐུ་ལ༴ ཧཱུྃ་བྷྱོ༔  གཞན་ཡང་ལས་མཁན་དྲེགས་པའི་དམག་ཚོགས་ནི༔  གཙོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔  བསྟན་པའི་དགྲ་བགེགས་ཐལ་བའི་རྡུལ་བཞིན་རློག༔  བཀའ་ཉན་ལས་བྱེད་ཚོགས་ལ་ཕྱག་འཚལ་བསྟོད༔  {{TibChung|ཅེས་བསྟོད། བརྒྱད་པ་བཟླས་པ་བྱ་བ་ནི།}}  བདུད་མགོན་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ།  བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་{{TibChung|མོས་ལ།  གོང་གནོན་གྱི་བཟླས་པ་ཅི་རིགས་སྔོན་དུ་འགྲོ་བས།}}  ཨོཾ་ཏྲི་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ཧཱུྃ་ཕཊ༔  ཏྲི་ཧྲིང་ཛཿ དྷཱ་ཀི་ནཱི་སི་ན་ར་མ་ཧཱུྃ་ཕཊ༔  ཏྲི་ཧྲིང་ཛཿ དྷི་ཏྲི་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊཿཛ་ཛཿ {{TibChung|ཞེས་བཟླ།  འདི་ནི་ཐུན་མོང་རྒྱུན་གྱི་བསྙེན་སྔགས་ཏེ་སྤྱི་ཙམ་དུ་འདི་ཁོ་ནས་ཆོག་ལ།  ལས་ཁྱད་པར་བ་དང་འབྲེལ་བའི་སྔགས་ཐུན་མོང་མ་ཡིན་པ་རྣམས་མན་ངག་ལས་ཤེས་སོ།  །བཟླས་པའི་མཐར།}}  ཨོཾ་བཛྲ་ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་{{TibChung|སོགས་ནས་}} ཤཔྡའི་{{TibChung|བར་དང་།}}  མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔  {{TibChung|ཞེས་མཆོད།}}  ཧཱུྃ།  ཆོས་ཉིད་སྐྱེ་མེད་དབྱིངས་ {{TibChung|[11a]}} ལས་ཁྲོས་པའི་སྐུ།  །འབར་བའི་གར་གྱིས་དམ་ཉམས་ཐལ་བར་རློག  །འཇིགས་བྱེད་ཆེན་པོ་གསང་སྔགས་སྲུང་མའི་གཙོ།  །ཞིང་སྐྱོང་བདུད་མགོན་འཁོར་དང་བཅས་ལ་བསྟོད།  །ཐུགས་རྗེ་ཐུགས་དམ་གཉན་པོ་མ་གཡེལ་བར།  །ཟབ་གསང་བསྟན་པ་དར་ཞིང་རྒྱས་པ་དང་།  །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས།  །རྣལ་འབྱོར་བསམ་པའི་རེ་བ་ཡོངས་གང་མཛོད།  །{{TibChung|ཅེས་བསྟོད་ཅིང་ཕྲིན་ལས་གསོལ།  །དགུ་པ་ཚོགས་མཆོད་འབུལ་བ་ནི། བདག་བསྐྱེད་གང་ལ་བརྟེན་པ་དེ་ཉིད་ཀྱི་གཞུང་བཞིན་བྱས་པས་ཁྱབ་མོད།  དམིགས་ཀྱིས་བསལ་བར་སྤྲོ་ན་གཏེར་གཞུང་དུ་བལྟའོ།  །གཉིས་པ་ཁྱད་པར་གྱི་ཕྲིན་ལས་སྦྱོར་བ་ལ་གཉིས།  སྐོང་བཤགས་དང་འབྲེལ་བའི་ཕྲིན་ལས་སྤྱི་ཙམ་བསྒྲུབ་པ་དང་།  དྲག་ལས་དང་འབྲེལ་བའི་ཕྲིན་ལས་བྱེ་བྲག་ཏུ་བརྩམ་པའོ།  །སྔ་མ་ལ་གསུམ་གྱི། དང་པོ་ཐུགས་དམ་སྐོང་བ་ནི།  བསྐང་རྫས་རྣམས།}}  ཨ་མྲྀ་ཏ{{TibChung|ས་བསང་།}}  སྭ་བྷཱ་ཝ{{TibChung|ས་སྦྱང་།}} སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་རྒུ་ {{TibChung|[11b]}} ཚང་བ།  བཟང་རྒུ་འབྱོར་པ།  མཛེས་རྒུས་བརྒྱན་པ།  ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་{{TibChung|བསམ་ཞིང་།}}  ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ།  {{TibChung|ལན་གསུམ་དང་།}}  བཛྲ་སྥ་ར་ཎ་ཁཾ།  {{TibChung|ཞེས་རྒྱ་ཆེར་སྤེལ་ནས།}}  ཧཱུྃ།  བདེ་ཆེན་འདུ་འབྲལ་མེད་པའི་ཀློང་ཡངས་ནས།  །ཧེ་རུ་ཀ་དཔལ་ཕྲིན་ལས་སྒྱུ་མའི་གར།  །བདུད་མགོན་ཞིང་སྐྱོང་ཆེན་པོ་མཐུ་རྩལ་ཅན།  །འཁོར་བཅས་ཐུགས་དམ་སྐོང་བའི་དམ་རྫས་ནི།  །གདུག་ཅན་བསྒྲལ་བའི་གཟུགས་ཕུང་ལས་གྲུབ་པའི།  །དྲག་པོའི་ཉེར་སྤྱོད་རྒྱན་ཕྲེང་ཚར་དུ་དངར།  །དབང་པོ་ཚིམ་བྱེད་འདོད་ཡོན་དཔག་ཏུ་མེད།  །རྩ་བརྒྱད་སྟོང་སྦྱར་འཆི་མེད་བདུད་རྩིའི་རྒྱུན།  །མྱོས་བྱེད་ཁྲག་གི་བཏུང་བས་མཚོ་ལྟར་བསྐྱིལ།  །ཤ་རུས་དོན་སྙིང་ནང་ཁྲོལ་རྐང་ཀླད་ཞག  །བཟའ་བཅའ་ལྡག་མྱང་གཏོར་ཚོགས་རི་ལྟར་སྤུངས།  །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རྣམ་པ་བདུན།  །ལྷ་མིའི་དཔལ་འབྱོར་འདོད་རྒུའི་སྤྲིན་དུ་གཏིབས།  །ཕྱི་ནང་གསང་བ་རྟེན་སྒྲུབ་མཆོད་པ་སོགས།  །དགྱེས་པའི་ {{TibChung|[12a]}} མཐུན་རྫས་ས་གཞིའི་ཁམས་ཀུན་གང་།  །སྲ་བརྟན་གོ་ཆ་རྣོ་གཅོད་མཚོན་ཆ་དང་།  །བརྗིད་པའི་སྤྱན་གཟིགས་ཕྱོགས་ཀུན་དོགས་པོར་བྱེད།  །དར་ནག་རུ་མཚོན་དྲེགས་པ་སྡུད་ཅིང་འཁོལ།  །བྱ་ནག་ཁྱི་ནག་དགྲ་བོའི་བླ་ལ་འཇབས།  །ཤུགས་ལྡན་བདུད་རྟ་ནག་པོ་རྒྱན་གྱིས་སྤྲས།  །བཞུགས་པའི་ཕོ་བྲང་ཆགས་པའི་བླ་རྡོ་བཀྲམ།  །འབྲུ་སྨན་རིན་ཆེན་ནོར་དབྱིག་ཕྱུར་བུར་སྤུངས།  །སྣ་ཚོགས་གཟུགས་འགྲོས་མཁོ་རྒུ་ཆར་དུ་འབེབས།  །དངོས་སུ་འབྱོར་བཤམས་ཡིད་སྤྲུལ་ནམ་མཁའི་མཛོད།  །མི་འཛད་ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་ཤར།  །རྨད་བྱུང་ལྷ་སྔགས་ཏིང་འཛིན་དགོངས་པ་ཡིས།  །བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་མཐའ་རུ་སོན།  །ཟག་མེད་བདེ་བ་མཆོག་གི་དམ་ཚིག་འདིས།  །དཔལ་ལྡན་བདུད་མགོན་ཆེན་པོའི་ཐུགས་དམ་བསྐང་།  །སྟོབས་ཆེན་ཞིང་སྐྱོང་དབང་པོའི༴ གཟི་ལྡན་ཀུན་དགའ་གཞོན་ནུའི༴ བསྟན་སྲུང་ལེགས་གྲུབ་རྡོ་རྗེའི༴ འཇིགས་བྱེད་ལྷོ་བཙན་ཆེན་པོའི༴ གཏུམ་རྔམས་སེང་གེའི་གདོང་ཅན༴ ཁྲག་འཐུང་ག་ཡ་དྷ་རའི༴ ཡུམ་མཆོག་སིན་ར་མའི༴ {{TibChung|[12b]}} ལས་མཁན་བམ་རོ་ཕོ་མོའི༴ བཀའ་ཉན་དྲེགས་པ་སྡེ་བརྒྱད༴ བདུད་དམག་བྱེ་བ་འབུམ་སྡེའི༴ སྤྲུལ་འཁོར་ཕོ་ཉའི་ཚོགས་ཀྱི༴ ཐུགས་དམ་གཉན་པོ་དབྱིངས་སུ་རབ་བསྐངས་ཏེ།  །དགྱེས་པའི་ཞལ་སྟོན་གྲུབ་པའི་རྟགས་ཕྱུང་ལ།  །ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་སོགས།  །འདོད་པའི་དོན་ཀུན་མྱུར་དུ་སྒྲུབ་པ་མཛོད།  །{{TibChung|ཅེས་བསྐང་།  །གཉིས་པ་བཤགས་པ་བྱ་བ་ནི།}}  ཧཱུྃ།  རྒྱལ་བ་ཀུན་གྱི་ཕྲིན་ལས་དྲག་པོའི་སྐུ།  །གཏུམ་ཆེན་བདུད་མགོན་ནག་པོར་རྣམ་རོལ་པ།  །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་རྣམས།  །ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ།  །བདག་ནི་གསང་སྔགས་དཀྱིལ་འཁོར་སྒོར་ཞུགས་ནས།  །འདའ་དཀའི་དམ་ཚིག་གཉན་པོ་གཉེར་བླངས་ཏེ།  །ཚུལ་བཞིན་སྒྲུབ་པར་ཁས་བླངས་དམ་བཅས་ཀྱང་།  །མི་ཤེས་རྨོངས་པས་འགལ་འཁྲུལ་ནོངས་གྱུར་ཏེ།  །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ།  །གནོང་འགྱོད་དྲག་པོས་མཐོལ་ཞིང་འཆགས་བགྱིད་ན།  །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ།  །{{TibChung|ཞེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ།  །གསུམ་པ་ཕྲིན་ལས་གསོལ་བ་ནི།}}  ཧཱུྃ༔    {{TibChung|[13a]}} དཔལ་ལྡན་བདུད་མགོན་ཆེན་པོའི་འཁོར་བཅས་ལ།  །ཕྲིན་ལས་གཉན་པོ་གསོལ་ཞིང་བསྐུལ་བ་ནི།  །གསང་སྔགས་བསྟན་པ་དར་ཞིང་རྒྱས་པ་དང་།  །དཀོན་མཆོག་གསུམ་གྱི་དབུ་འཕང་དགུང་དུ་བསྟོད།  །ཁྱད་པར་རྣལ་འབྱོར་བདག་ཅག་དཔོན་སློབ་ལ།  །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་དང་།  །རྟག་ཏུ་ཁ་འཛིན་སྡོང་གྲོགས་མ་གཡེལ་བར།  །ཉེས་པ་སྟོང་བསྣོལ་ལེགས་པ་བརྒྱ་དང་སྤྲོད།  །བསྟན་པའི་སྤྱི་དགྲ་བླ་མའི་སྐུ་དགྲ་དང་།  །རྣལ་འབྱོར་སྡང་དགྲ་གསོད་ལ་མཐུ་མ་ཆུང་།  །མདོར་ན་བདག་གི་རེ་འབྲས་གང་ཡིན་པ།  །གེགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད།  །{{TibChung|ཅེས་འདོད་པ་ཕྲིན་ལས་ནན་ཏན་དུ་གསོལ་ལོ།  །གཉིས་པ་དྲག་པོའི་ཕྲིན་ལས་བྱེ་བྲག་ཏུ་བརྩམ་པ་ནི།  འབོད་རྦད་བསད་པ་གསུམ་གྱིས་གཞི་བཟུང་།  མནན་སྲེག་འཕང་བ་གསུམ་གྱིས་མཐའ་བསྡུས་ཏེ་དྲག་པོའི་ལས་ལ་སྦྱོར་ཚུལ་གཏེར་གཞུང་རྩ་བའི་མན་ངག་བརྒྱུད་ལྡན་བླ་མའི་ཕྱག་བཞེས་བཞིན་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་སྟེ་ལག་ཏུ་བླང་བར་བྱའོ།  །གསུམ་པ་རྗེས་ཀྱི་བྱ་བ་ནི།  གཏོར་མ་གཏོང་བ་ལ།  ཆོ་ག་ཉིན་ཞག་སྦྲེལ་མར་བྱེད་པའི་སྐབས་སུ་འབུལ་གཏོར་ཟུར་དུ་བཅས་པ་ཉིད་འབུལ་ཞིང་།  ཉིན་ཐ་ {{TibChung|[13b]}} མའི་ཚེ་ན་འདས་གཏོར་མ་གཏོགས་པའི་གཏོར་མ་གཞན་རྣམས་ལ་དཔལ་འབར་བཙུག  །སྤོས་དང་རོལ་མོར་བཅས་པས་སྒྲུབ་ཁང་གི་ཡང་ཐོག་སོགས་གང་དུ་གཏོང་བའི་སར་ཁྱེར་ཏེ་རཀྟས་བྲན་ལ་དམིགས་བྱ་འགུགས།  བདུད་རྩིས་བྲན་ལ།}}  ཨོཾ་ཨཱཿཧཱུྃ་ཧོཿ {{TibChung|ས་བྱིན་གྱིས་བརླབས་པ་རྩ་སྔགས་ལ་གཏོར་སྔགས་བཏགས་པ་བདུན་ནམ་གསུམ་གྱིས་ཕུལ་ཞིང་།}}  ཧཱུྃ་བྷྱོ༔  སྟག་ཚང་སེང་གེ་བསམ་འགྲུབ་ཀེའུ་ཚང་དུ༔  རིག་འཛིན་ཆེན་པོ་པདྨ་བདུད་འདུལ་དང་༔  ཡེ་ཤེས་མཚོ་རྒྱལ་ཁྱེའུ་ཆུང་ལོ་ཙཱ་ཡིས༔  གསང་བ་སྙིང་ཐིག་དཀྱིལ་འཁོར་ཞལ་ཕྱེས་ཚེ༔  བདུད་མགོན་ལྕམ་དྲལ་བཀའ་སྡོད་འཁོར་བཅས་ཀྱིས༔  རང་རང་གཟུགས་བསྟན་སྲོག་སྙིང་མངོན་དུ་ཕུལ༔  ཡང་གསང་བསྟན་པ་ཕྱོགས་བཅུར་སྤེལ་བ་དང་༔  ལོག་གཤེད་བདུད་རིགས་མ་ལུས་སྒྲོལ་བ་དང་༔  བརྒྱུད་འཛིན་རྣལ་འབྱོར་བུ་བཞིན་སྐྱོང་བ་དང་།  བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔  སྔོན་གྱི་ཁས་བླངས་ཐ་ཚིག་མ་གཡེལ་བར༔  ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔  ཅི་བཅོལ་ལས་ཀུན་མྱུར་དུ་སྒྲུབས་པར་མཛོད༔  {{TibChung|ཅེས་ཕུལ་ལ་ཕྲིན་ལས་བཅོལ།  སླར་ཡང་གཏང་རག་གི་མཆོད་བསྟོད་མདོར་བསྡུས་མཐར།}}  {{TibChung|[14a]}} མ་རྙེད་ཡོངས་སུ་མ་ཚང་དང་།  །{{TibChung|ཞེས་སོགས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས།  རྟེན་ཡོད་པའི་ཡེ་ཤེས་པ་རྣམས།  །}} འདིར་ནི་གཟུགས་དང་ལྷན་ཅིག་ཏུ།  {{TibChung|སོགས་ཀྱིས་བརྟན་བཞུགས་བྱ།  རྟེན་མེད་ན།  །}} ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།  །{{TibChung|སོགས་ཀྱིས་གཤེགས་སུ་གསོལ།  དམ་ཚིག་པ་རང་ལ་བསྡུས་པའི་གནས་གསུམ་འབྲུ་གསུམ་གྱིས་བསྲུང་།  འཇིག་རྟེན་པའི་འཁོར་རྣམས།}}  གཙྪ་གཙྪ་སྭབྷཱ་ཝ་ནཾ་{{TibChung|གྱིས་རང་གནས་སུ་བཏང་།  དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པའི་བདེ་ལེགས་ཀྱིས་ཡོངས་སུ་ཁྱབ་པར་བྱའོ།  །ཧེ་རུ་ཀ་དཔལ་ཞིང་སྐྱོང་དབང་པོའི་སྐུར།  །རྣམ་རོལ་གར་དེ་སྒྲུབ་ཅིང་མཆོད་པའི་ཚུལ།  །འཇུག་བདེའི་ཁྲིགས་སུ་ཉེ་བར་བསྡེབས་འདིས་ཀྱང་།  །ཟབ་གསང་བསྟན་དང་བསྟན་འཛིན་རྒྱས་བྱེད་ཤོག  །དེ་ལྟར་བསྟན་སྲུང་བདུད་མགོན་ཞིང་སྐྱོང་ཆེན་པོའི་ཕྲིན་ལས་གདུག་པ་ཚར་གཅོད་ཅེས་བྱ་བ་འདི་ཡང་།  གཏེར་གཞུང་རྩ་བའི་ལས་བྱང་ལ་སྐོང་བཤགས་སོགས་སྐབས་སུ་བབས་པའི་ཚིག་ཕྲེང་ཇི་ལྟར་རིགས་པས་མི་འགལ་བར་བརྒྱན་ཅིང་རྒྱུན་གྱི་མཆོད་ཕྲིན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ།  ཟབ་གཏེར་སྙིང་པོའི་རིང་ལུགས་དར་ཞིང་རྒྱས་པའི་ཆ་རྐྱེན་དུ་རྗེ་རིགས་ཀྱི་སྔགས་ནག་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མོན་གྱི་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཀེའུ་ཚང་དུ་སྦྱར་བ་བསྟན་དགྲ་ཆམ་ལ་འབེབས་པའི་རྒྱུར་གྱུར་ཅིག  །ཛ་ཡནྟུ།  །}} }}
༄༅།  །ཨོཾ་སྭསྟི།  །རབ་འབྱམས་རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་པ།  །བདུད་དཔུང་མཐར་མཛད་སེང་གེ་སྒྲ་སྒྲོགས་དང་།  །དབྱེར་མེད་ཞིང་སྐྱོང་ཆེན་པོར་ཉེར་བཏུད་ནས།  །གང་དེའི་ཕྲིན་ལས་གདུག་པ་ཚར་གཅོད་སྤྲོ།  །{{TibChung|དེ་ཡང་དབང་ཐོབ་ཅིང་སྤྱི་དང་བྱེ་བྲག་གི་དམ་ཚིག་ལ་གནས་པ་ཡི་དམ་གྱི་བསྙེན་སྒྲུབ་ཚད་དུ་འཁྱོལ་བས་སྲུང་མ་ལས་ལ་བཀོལ་དུ་བཏུབ་པའི་སྒྲུབ་པ་པོས།  མཐུ་ནུས་དྲག་རྩལ་མྱུར་མགྱོགས་གཞན་ལས་ཁྱད་པར་གྱུར་པ་དཔལ་ལྡན་ཞིང་སྐྱོང་དབང་པོ་ཉིད་སྒྲུབ་པའི་ཕྲིན་ལས་ལག་ཏུ་ལེན་པའི་རིམ་པ་ལ།  སྦྱོར་བ་དགུ་སྟོང་ལ་སོགས་པ་དུས་ཁྱད་ཅན་གྱི་ཚེ་ཡིད་དང་མཐུན་ཅིང་ཤིས་པའི་གནས་ཁང་བྱི་དོར་བྱས་ལ་ཉེ་ལོགས་རྣམས་མཛེས་ཤིང་བརྗིད་པའི་སྤྱན་གཟིགས་སྣ་ཚོགས་ཀྱིས་བརྒྱན།    {{TibChung|[2a]}} དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་དང་ལྡན་པའི་ཁར་ཐོད་པའམ་རིན་པོ་ཆེའི་སྣོད་དུ་གཙང་ཞིང་བཟང་བའི་རྒྱུ་དམ་རྫས་དང་བཅས་པ་ལས།  གོང་གནོན་ལྷའི་འདས་གཏོར་དང་།  ཞིང་སྐྱོང་གི་གཏོར་མ་རི་རབ་བང་རིམ་སུམ་བརྩེགས་སྟེང་དམར་གྱི་གཏོར་མ་གྲུ་གསུམ་བརྗིད་ལྡན་ཅུང་ཟད་མཐོ་དམན་བྱས་པ་གཉིས།  དེ་གཉིས་ཀྱི་མདུན་དུ་གཏོར་མ་སྙིང་གཟུགས་གཉིས།  བང་རིམ་འོག་མའི་ཕྱོགས་མཚམས་བརྒྱད་དུ་སྙིང་རེ་རེ་བཙུག་པ་བཅས་མཐེབ་ཀྱུ་དང་ཤ་ཁྲག་སོགས་ཁ་ཟས་བཟང་པོ་སྣ་ཚོགས་ཀྱིས་བསྐོར་བ་མདའ་དར་གྱིས་བརྒྱན་པ་དང་།  འདས་མ་འདས་ཀྱི་གཏོར་མ་བཤམ་དགོས་གཞན་ཡོད་ནའང་རིམ་པ་མ་འཆོལ་བར་བཀོད་པའི་གཡས་སུ་སྨན་ཕུད།  གཡོན་དུ་རཀྟ།  མདུན་དུ་མཆོད་ཡོན་སོགས་གཙང་མར་སྦྱར་བའི་ཕྱི་མཆོད་ {{TibChung|[2b]}} དང་།  དབང་པོ་ལྔའི་མེ་ཏོག་སོགས་ཁྱད་པར་གྱི་ཉེར་སྤྱོད་རྣམས་ཕྲེང་ཚར་དུ་འགོད།  གཞན་ཡང་ཕྱི་ནང་གསང་བའི་མཆོད་རྫས།  མཐུན་རྫས།  རྟེན་རྫས།  སྐོང་རྫས་ལ་སོགས་པ་ཅི་འབྱོར་དང་།  རྡོ་དྲིལ་རྔ་སིལ་གཡབ་དར་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམས་ཏེ།  ཆོ་ག་དངོས་ལ་སྦྱོར་དངོས་རྗེས་གསུམ་གྱི།  དང་པོ་ནི།  སྤྱིར་བདག་གི་རྣལ་འབྱོར་ཡི་དམ་ཞི་ཁྲོ་གང་ལ་བསྟེན་ཀྱང་རུང་མོད།  ཁྱད་པར་གཏེར་ཁ་འདི་གའི་རྩ་གསུམ་གང་རིགས་ལ་བརྟེན་ན་འབྲེལ་ཆགས་ཤིང་།  དེ་ཡང་ཉིན་ཞག་དེ་ཉིད་ཀྱི་ཁོངས་སུ་བདག་བསྐྱེད་གཞན་སྔོན་དུ་སོང་ན་སྐབས་འདིར་ལྷའི་ང་རྒྱལ་གསལ་བཏབ་པས་ཆོག་ལ།  དེ་ལྟར་མ་སོང་ན་སྐབས་འདིར་བདག་བསྐྱེད་མདོར་བསྡུས་གཞུང་གསལ་འདི་ལྟར་ཤེས་པར་བྱ་སྟེ།}}  རང་ཉིད་སྐད་ཅིག་དྲན་རྫོགས་སུ༔  གུ་རུ་པདྨ་བདུད་འདུལ་ནི༔  འཕགས་པ་སེང་གེ་སྒྲ་སྒྲོགས་སྐུ༔  སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔  ཞལ་གདངས་ལྗགས་འདྲིལ་མཆེ་བ་ཟངས་ཡག་གཙིགས༔  སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཟིགས༔  དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔  ཕྱག་གཡས་དབང་སྡུད་རྡོ་རྗེ་ནམ་མཁར་ཕྱར༔  གཡོན་པས་ཟིལ་གནོན་ལྕགས་སྡིག་མགོ་དགུ་བསྣམས༔  སྐུ་ལ་ཟ་བེར་ལྗང་སྨུག་ {{TibChung|[3a]}} གསེར་བཀྲ་གསོལ༔  ཞབས་གཉིས་འདོར་སྟབས་མུ་སྟེགས་དམ་སྲི་མནན༔  གཟི་བརྗིད་མདངས་ལྡན་མེ་དཔུང་ཀློང་དུ་བཞུགས༔  བདུད་འདུལ་དཔའ་བོའི་སྐུར་གསལ་ཞལ་སྒོ་ནས༔  གསང་སྔགས་སྙིང་པོ་འབྲུག་ལྟར་སྒྲོགས་པར་གྱུར༔  ཨོཾ་བཛྲ་གུ་རུ་སིཾ་ཧ་གྷ་ཎྜེ་དྷ་རྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཧཱུྃ༔  {{TibChung|ཞེས་གསལ་བཏབ་ལ་བཟླས་པ་ཅི་ནུས་བྱ།  མཆོད་རྫས་རྣམས་ལས་སྔགས་ཀྱིས་བསང་།  སྭ་བྷྭ་ཝས་སྦྱང་།}}  སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་ཕྱི་ནང་གསང་བའི་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་{{TibChung|བསམ་ལ།}}  ཨོཾ་བཛྲ་ཨ་རྒྷཾ་{{TibChung|སོགས་ནས།}}  ཤཔྡ་ཨཱཿཧཱུྃ་{{TibChung|གི་བར་གྱིས་སྤྱིར་བརླབ་ཅིང་།  བྱེ་བྲག་སྨན་གཏོར་རཀྟ་གསུམ།  རཾ་ཡཾ་ཁཾ་གིས་བསང་སྦྱང་།  སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་པའི་ཀ་པཱ་ལར་དམ་རྫས་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གིས་སྦྱངས།}}  ཡེ་ཤེས་ཀྱི་བདུད་རྩི་ཐིམ་པ་དང་གཉིས་སུ་མེད་པར་གྱུར་པར་བསམ་ཞིང་།    {{TibChung|[3b]}} ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔  ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔  ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔  {{TibChung|ཞེས་སོ་སོར་ལན་གསུམ་རེ་བརྗོད་པས་བྱིན་བརླབ་བོ།  །གཉིས་པ་དངོས་གཞི་ལ་གཉིས།  རྩ་བའི་ཕྲིན་ལས་གཞུང་སྲོང་བ་དང་།  ཁྱད་པར་སྐབས་ཀྱི་ཕྲིན་ལས་སྦྱོར་བའོ།  །སྔ་མ་ལ་དགུ་ལས། དང་པོ་མདུན་བསྐྱེད་གསལ་གདབ་པ་ནི།}}  ཨོཾ་མ་ཧཱ་ཤུ་ནྱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ༔  {{TibChung|གིས་བསང་སྦྱང་།}}  མདུན་དུ་དུར་ཁྲོད་རབ་འཇིགས་སྐྱི་གཡའ་བར༔  གྲུ་གསུམ་མཐིང་ནག་མེ་རླུང་འཁྲུགས་པའི་དབུས༔  ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཀློང་དཀྱིལ་དུ༔  གནམ་ལྕགས་ལས་གྲུབ་འཁོར་ལོ་རྩིབས་བརྒྱད་དབུས༔  པདྨ་ཉི་མ་འབར་བའི་གདན་སྟེང་དུ༔  དགྲ་བགེགས་ཕོ་མོ་གཅལ་དུ་བཀྲམ་པའི་སྟེང་༔  ཧཱུྃ་ལས་བདུད་མགོན་ཆེན་པོ་སེང་གེའི་གདོང་༔  སྐུ་མདོག་མཐིང་ནག་སྤྱན་གསུམ་དམར་ཟླུམ་འཁྲུགས༔  ཞལ་གདངས་མཆེ་གཙིགས་ལྗགས་དམར་གློག་ལྟར་འཁྱུག༔  གཡུ་རལ་གསེབ་ནས་སེང་ཆུང་སྐར་ལྟར་འཁྲུགས༔  ཕྱག་གཡས་དར་ནག་རུ་མཚོན་དགྲ་ལ་ཕྱར༔  གཡོན་པས་ལྕང་ལོར་བཅས་པའི་བྷནྡྷའི་ནང་༔  དམར་ {{TibChung|[4a]}} གྱི་གཏོར་མ་གནམ་ལྕགས་ཐོག་ལྟར་འཕེན༔  སྐུ་ལ་འཇོལ་བེར་དམར་ནག་ལྷུབས་ཆེན་གསོལ༔  སྐེད་པར་སྟག་རལ་གཟིག་ཤུབས་གློག་ལྟར་འཁྱུག༔  ཤིན་ཏུ་མི་སྲུན་པ་ཡི་ཆ་བྱད་ཅན་༔  ཆིབས་སུ་བདུད་རྟ་ནག་པོ་རླུང་གཤོག་བཅིབས༔  སྐད་ཅིག་ཉིད་ལ་གླིང་བཞི་མ་ལུས་བསྐོར༔  དམ་ཉམས་དགྲ་བོ་སྒྲོལ་བའི་ལས་ལ་བརྩོན༔  སྲིད་པ་ཕོ་རྒྱུད་ཐམས་ཅད་དབང་སྡུད་བསམ༔  དེ་ཡི་གཡོན་དུ་པད་ཉི་དགྲ་བགེགས་སྟེང་༔  ཏྲི་ལས་དཔལ་འབར་བདུད་མོ་སེང་གདོང་མ༔  སྐུ་མདོག་དམར་ནག་ཁྲོ་གཏུམ་གཟི་བརྗིད་འབར༔  དམར་ཟླུམ་འཇིགས་པའི་སྤྱན་གསུམ་ཁྲག་ལྟར་ཁོལ༔  ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔  ཁྲག་རལ་གསེབ་ནས་སེང་ཆུང་སྐར་ལྟར་འཁྲུགས༔  ཕྱག་གཡས་དགྲ་སྟྭ་རྩེ་གསུམ་དར་དམར་ཕྱར༔  དགྲ་བགེགས་གཟུགས་ཕུང་ཚལ་པ་དུམ་བུར་འཕེན༔  ཕྱག་གཡོན་བྷནྡྷ་ལྕང་ལོར་བཅས་པའི་ནང་༔  དགྲ་སྙིང་དམར་པོ་ཁྲུམ་ཁྲུམ་ཞལ་དུ་གསོལ༔  སྐུ་ལ་འཇོལ་བེར་དམར་པོ་ལྷུབ་ཆེན་གསོལ༔  བཙན་རྟ་དམར་པོ་བཅིབས་ནས་ཕྱོགས་བཅུར་རྒྱུག་༔    {{TibChung|[4b]}} སྐད་ཅིག་ཉིད་ལ་དགྲ་བགེགས་མ་ལུས་སྒྲོལ༔  སྲིད་པ་མོ་རྒྱུད་ཐམས་ཅད་དབང་སྡུད་བསམ༔  ཡབ་ཡུམ་གཉིས་ཀྱི་མདུན་ཉིད་དུ༔  དྷི་ཧྲི་གཉིས་ལས་སྐྱེས་པ་ཡི༔  ལས་མཁན་བམ་རོ་ཕོ་མོ་ནི༔  སྐྲ་མེད་མདོག་དམར་སྤྲེའུའི་གདོང་༔  ལག་གཉིས་བྱ་སྡེར་ས་ལ་བཙུགས༔  རྐང་པས་གཏོར་ཁྱེར་དགྲ་ལ་འཕེན༔  སྐད་ཅིག་ཉིད་ལ་སྟོང་གསུམ་བསྐོར༔  དམ་ཉམས་དགྲ་བགེགས་མ་ལུས་རྩད་ནས་གཅོད༔  ཕྱི་རོལ་ཕྱོགས་མཚམས་འཁོར་ལོ་རྩིབ་བརྒྱད་དབུས༔  དགྲ་བགེགས་ཇིང་འདུར་བསྣོལ་བའི་སྟེང་༔  ཤར་དུ་ཏྲི་ལས་རྡོ་རྗེ་ལེགས་པ་ནི༔  སྐུ་མདོག་དམར་སྨུག་སྐུ་ལ་བེར་དཀར་གསོལ༔  དབུ་ལ་སག་ཞུ་སྨུག་པོ་མནབ༔  ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར༔  གཡོན་པས་དགྲ་སྙིང་ཞལ་དུ་གསོལ༔  ཆིབས་སུ་སེང་གེ་དཀར་མོ་ཆིསབས༔  ལྷོ་རུ་ཡ་ལས་གཤིན་རྗེ་གཤེད་པོ་ནི༔  སྐུ་མདོག་ལྗང་ནག་མུན་པའི་འཇོལ་བེར་གསོལ༔  ཕྱག་གཡས་བེང་ཆེན་ནམ་མཁར་ཕྱར༔  གཡོན་པས་རྒྱུ་ཞགས་དགྲ་ལ་འཕེན༔  ཆིབས་སུ་ཆུ་གླང་སྔོན་པོ་ཆིབས༔  ནུབ་ཏུ་ཕུ་ལས་ཀླུ་བདུད་མགོ་དགུ་ནི༔  སྐུ་མདོག་ལྗང་ནག་གཅེར་ {{TibChung|[5a]}} བུ་སྤྲུལ་མཇུག་འཁྱིལ༔  ཕྱག་གཡས་སྦྲུལ་ཞགས་ནམ་མཁར་ཕྱར༔  གཡོན་པས་དུག་གི་སྤར་བུ་བསྣམས༔  ཆིབས་སུ་ཆུ་སྲིན་དམར་པོ་ཆིབས༔  བྱང་དུ་དུ་ལས་བདུད་རྗེ་རྐང་རིང་ནི༔  སྐུ་མདོག་ནག་པོ་འཇིགས་པའི་བེར་ནག་གསོལ༔  ཕྱག་གཡས་རལ་གྲི་ནམ་མཁར་ཕྱར༔  གཡོན་པས་བདུད་ཞགས་ནག་པོ་བསྣམས༔  ཆིབས་སུ་རྟ་ནག་རྟིང་དཀར་ཆིབ༔  ཤར་ལྷོར་ཙ་ལས་བཙན་འགོང་ཡམ་ཤུད་ནི༔  སྐུ་མདོག་དམར་ནག་འཇིགས་པའི་བེར་དམར་གསོལ༔  ཕྱག་གཡས་བཙན་མདུང་དམར་པོ་ཕྱར༔  གཡོན་པས་བཙན་ཞགས་དགྲ་ལ་འདེབས༔  ཆིབས་སུ་བཙན་རྟ་དམར་པོ་ཆིབས༔  ལྷོ་ནུབ་ར་ལས་ཡབ་རྗེ་ཚངས་པ་ནི༔  སྐུ་མདོག་དམར་སྨུག་སྐུ་ལ་བེར་དཀར་གསོལ༔  ཕྱག་གཡས་སྤུ་གྲི་ནམ་མཁར་ཕྱར༔  གཡོན་པས་དར་དཀར་རུ་མཚོན་བསྣམས༔  ཆིབས་སུ་ཅང་ཤེས་དཀར་པོ་ཆིབས༔  ནུབ་བྱང་ཏྲི་ལས་སྲིན་པོ་ན་ར་སིཾ་ཧ་ནི༔  སྐུ་མདོག་དུད་ཁ་འཇོལ་བེར་ལྗང་ཀུ་གསོལ༔  ཕྱག་གཡས་ཁྲམ་ཤིང་ནམ་མཁར་ཕྱར༔  གཡོན་པས་ལྕགས་ཀྱུ་དགྲ་ལ་འདེབས༔  ཆིབས་སུ་བོང་བུ་ཁམ་ནག་ཆིབ༔  བྱང་ {{TibChung|[5b]}} ཤར་མ་ལས་རྡོ་རྗེ་ཕ་ལམ་མ༔  སྐུ་མདོག་ནག་མོ་འཇིགས་པའི་བེར་སྨུག་གསོལ༔  ཕྱག་གཡས་རལ་གྲི་ནམ་མཁར་ཕྱར༔  གཡོན་པས་ནད་རྐྱལ་དགྲ་ལ་ལྷུད།  ཆིབས་སུ་དྲེལ་ནག་གྭ་པ་ཆིབ༔  དེ་ལྟར་ཤན་པ་གཏུམ་པོ་རྣམས༔  རང་རང་འཁོར་ཚོགས་མང་པོས་བསྐོར༔  ཀུན་ཀྱང་རྔམས་བརྗིད་ཁྲོས་པའི་གཟུགས༔  ཆོ་རོལ་གཅིག་ཏུ་མ་ངེས་པ༔  རྣམ་སྤྲུལ་བྱེ་བ་དཔག་མེད་འགྱེད༔  གཞན་ཡང་མ་ཚོགས་མཁའ་འགྲོ་དང་༔  བཀའ་ཉན་ལས་བྱེད་བསམ་མི་ཁྱབ༔  དམ་ཉམས་དགྲ་བོའི་རྗེས་གཅོད་པ༔  སེང་གེ་གཏུམ་པོ་གླང་ཆེན་སྨྱོན་པ་དང་༔  སྟག་གཟིག་དོམ་དྲེད་ལྕེ་སྤྱང་སྣ་ཚོགས་དང་༔  དུར་བྱ་ཀང་ཀ་ཁྲ་དང་འུག་པ་དང་༔  ཕག་རྒོད་མི་རྒོད་བུད་མེད་ནག་མོ་དང་༔  བྱ་ནག་གཤོག་སྒྲ་ཁྱི་ནག་ཁངས་སེ་ཁང་༔  གཡག་རོག་རྭ་བདར་སོ་སྒྲ་ཁྲུགས་སེ་ཁྲུག༔  མི་ནག་འབུམ་གྱིས་འོ་འོད་ལྷང་ལྷང་འབོད༔  ལ་ལ་ཐོག་དང་སེར་བའི་བདག༔  ལ་ལས་རི་རབ་པང་ལ་འདེབས༔  ལ་ལས་རྒྱ་མཚོ་ཧུབ་ཀྱིས་འཐུང་༔  ལ་ལས་ཉི་ཟླ་ཆ་ལང་རྡེབ༔  ལ་ལས་རང་ཤ་རང་གིས་ཟ༔  ལ་ལས་ནང་རོལ་སྦར་མོས་འདེབས༔  ལ་ལས་ {{TibChung|[6a]}} རང་ལུས་དུམ་བུར་གཏུབ༔  ལ་ལས་དགྲ་བགེགས་མགོ་ལུས་ཕྲལ༔  ལ་ལས་མཚོན་ཆའི་འཁོར་ལོ་བསྐོར༔  ལ་ལས་ཧ་ཧ་ཧཱུྃ་ཕཊ་སྒྲོགས༔  ཀུན་ཀྱང་དགྲ་བགེགས་སྒྲོལ་བའི་ལས་ལ་བརྩོན༔  ལྷ་ཚོགས་དེ་དག་ཐམས་ཐད་ཀྱི༔  སྤྱི་བོར་ཨོྃ་དང་མགྲིན་པར་ཨཱཿཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔  དུར་ཁྲོད་བརྒྱད་དང་ཧེ་རུའི་གནས་བཅུ་དང་༔  འཇིག་རྟེན་དང་ནི་འཇིག་རྟེན་འདས་པ་ཡི༔  རྒྱལ་བའི་ཞིང་ཁམས་རྣམ་པར་དག་པ་ནས༔  བདུད་མགོན་སེང་གདོང་ཡབ་ཡུམ་འཁོར་བཅས་རྣམས༔  མཆོད་ཅིང་སྒྲུབ་པའི་གནས་འདིར་སྤྱན་དྲངས་གྱུར༔  {{TibChung|ཞེས་གསལ་གདབ།  གཉིས་པ་སྤྱན་འདྲེན་པ་ནི།  ཤ་ཆེན་དང་གུ་གུལ་སོགས་སྦྱར་བའི་སྤོས་བསྲེག་ཅིང་།  རྐང་གླིང་གིས་དྲངས་པའི་རོལ་མོའི་སྒྲ་དང་།  གདུང་བའི་དབྱངས་ཀྱི་ང་རོའི་འགྱུར་བ་དང་བཅས།}}  ཧཱུྃ་བྷྱོ༔  དུར་ཁྲོད་ཆེན་པོ་མཁའ་སྤྱོད་ཙཱ་རི་ནས༔  ཆེ་མཆོག་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པ༔  ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཡབ་ཡུམ་དང་༔  བཀའ་གཉན་ལས་བྱེད་དྲེགས་པ་སྡེ་བརྒྱད་ཚོགས༔  སྔོན་གྱི་དམ་བཅའ་གཉན་པོ་མ་གཡེལ་བར༔  མ་ཐོགས་མྱུར་དུ་གནས་ {{TibChung|[6b]}} འདིར་གཤེགས་སུ་གསོལ༔  ཧཱུྃ་བྷྱོ༔  སྔོན་ཚེ་དབང་ཆེན་པད་འབྱུང་སྤྱན་སྔ་རུ༔  སེང་གདོང་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན༔  ཕྲིན་ལས་དྲག་པོའི་ལས་ལ་སྤྱན་འདྲེན་ནོ༔  གསང་སྔགས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔  མ་ཐོགས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔  ཧཱུྃ་བྷྱོ༔  སྡེ་བརྒྱད་ཡོངས་ཀྱི་དམག་དཔོན་མཛད་ཙ་ན༔  དུར་ཁྲོད་བསིལ་བའི་ཚལ་ནས་གཤེགས་སུ་གསོལ༔  སེང་གདོང་སྤྲུལ་པ་གྲངས་མེད་འགྱེད་ཙ་ན༔  གངས་དཀར་ཏི་སེའི་གནས་ནས༴ སྒྲུབ་བརྒྱུད་བསྟན་པ་ཕྱོགས་བཅུར་སྤེལ་ཙ་ན༔  འབྲོག་ཆེན་ལ་ཕྱིའི་གནས་ནས༴ མ་མོ་མཁའ་འགྲོའི་གཙོ་བོ་མཛད་ཙ་ན༔  རྣམ་དག་ཨོ་རྒྱན་གནས་ནས༴ ཟབ་གཏེར་བཀའ་ཡི་སྲུང་མ་མཛད་ཙ་ན༔  བན་རི་པདྨ་འོད་ནས༴ གསངས་སྔགས་བསྟན་པ་ཕྱོགས་བཅུར་སྤེལ་ཙ་ན༔  སྦས་ཡུལ་མཁའ་སྤྱོད་གནས་ནས༴ རྣལ་འབྱོར་དགྲ་ལྷ་ཆེན་པོ་མཛད་ཙ་ན༔  དེ་ཝྰེ་ཀོ་ཊིའི་གནས་ནས༴ བསྟན་པའི་རུ་དྲ་མ་ལུས་བསྒྲལ་ཙ་ན༔   མཐུ་སྟོབས་དྲག་པོའི་གནས་ནས་གཤེགས་སུ་གསོལ༔  ཧཱུྃ་བྷྱོ༔  བདུད་མགོན་ཆེན་པོ་སེང་གདོང་ཡབ་ཡུམ་དང་༔    {{TibChung|[7a]}} དྲེགས་པ་སྡེ་བརྒྱད་ལས་བྱེད་དམག་ཚོགས་རྣམས༔  སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔  གསང་སྔགས་བསྟན་པ་སྤེལ་ཕྱིར༴ རྣལ་འབྱོར་དགྲ་ལྷ་མཛད་ཕྱིར༴ ལོག་འདྲེན་བྱད་མ་འདུལ་ཕྱིར༴ ས་བདག་ཀླུ་གཉན་འདུལ་ཕྱིར༴   རྒྱལ་འགོང་དམ་སྲི་འདུལ་ཕྱིར༴ དགྲ་བགེགས་ཇིང་འདུར་བཟློག་ཕྱིར༴ མི་ནད་ཕྱུགས་ནད་བཟློག་ཕྱིར༴ ནད་མུག་མཚོན་འཁྲུགས་བཟློག་ཕྱིར༴ མི་མཐུན་རྐྱེན་ངན་བཟློག་ཕྱིར་གཤེགས་སུ་གསོལ༔  ཨོཾ་བཛྲ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ {{TibChung|ཞེས་སྤྱན་དྲངས་པས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་བར་བསམ། གསུམ་པ་བཞུགས་སུ་གསོལ་བ་ནི།}}  ཧཱུྃ་བྷྱོ༔  དུར་ཁྲོད་རབ་འཇིགས་འབར་བའི་གཞལ་ཡས་སུ༔  གྲུ་གསུམ་མཐིང་ནག་ཨེ་ཡི་ཀློང་དཀྱིལ་དུ༔  ཞིང་བཅུའི་དགྲ་བགེགས་བྱད་མ་བསྣོལ་བའི་སྟེང་༔  བདུད་མགོན་སེང་གདོང་ཡབ་ཡུམ་འཁོར་དང་བཅས༔  དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔  བཛྲ་ས་མ་ཡ་ཏིཥྛ་ལྷན༔  {{TibChung|ཞེས་བསྐྱེད་པའི་དམ་ཚིག་པ་དང་དབྱེར་མེད་དུ་བཞུགས་པར་བསམ། བཞི་པ་དམ་ལ་བཞག་པ་ནི།  རང་ཉིད་ཡི་དམ་གྱི་སྙེམས་པ་ {{TibChung|[7b]}} བརྟན་པོས་བདུད་མགོན་འཁོར་བཅས་ཀྱི་སྤྱི་བོར་རྡོ་རྗེ་བཞག  །བདུད་རྩི་ལྗགས་ལ་བསྟིམ་པར་མོས་ཏེ།}}  ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔  དཔལ་བདུད་མགོན་ཞིང་སྐྱོང་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་ཁྲག་འཐུང་ཧེ་རུ་ཀ་དཔལ།  སློབ་དཔོན་པདྨ་ཐོད་ཕྲེང་།  མ་གཅིག་ཡེ་ཤེས་མཚོ་རྒྱལ།  འབྲོག་བན་ཁྱེའུ་ཆུང་ལོ་ཙཱ།  བདུད་འདུལ་ནུས་ལྡན་རྡོ་རྗེ་ནས་དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བསྟན་པ་སྲུངས།  དཀོན་མཆོག་དབུ་འཕང་བསྟོད།  དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས།  འཇིག་རྟེན་གྱི་རྒུད་པ་སོལ།  སེམས་ཅན་གྱི་ཕན་བདེ་སྤེལ།  རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད།  སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས།  སྡང་བའི་དགྲ་ཐུལ།  གནོད་པའི་བགེགས་ཆོམས།  ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་།  མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་།  མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་ {{TibChung|[8a]}} དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག  །{{TibChung|ཅེས་དམ་ལ་བཞག་པས་ཅི་བསྒོ་བའི་ལས་ཐམས་ཅད་ངོ་འཐོན་དུ་བསྒྲུབ་པའི་བཀའ་ནོན་པར་བསམ། ལྔ་པ་ཕྱག་བྱ་བ་ནི།}}  ཧཱུྃ་བྷྱོ༔  ཆོས་སྐུ་སྐྱེ་མེད་ཀུན་བཟང་ཧེ་རུ་ཀ༔  ལོངས་སྐུ་འགགས་མེད་དཔལ་ཆེན་སེང་གེའི་སྒྲ༔  སྤྲུལ་སྐུ་བདུད་མགོན་སེང་གེའི་གདོང་པ་ཅན༔  མཐུ་སྟོབས་རྫུ་འཕྲུལ་ནུས་པའི་ཤུགས་འཆང་བ༔  ཞིང་སྐྱོང་གཟི་ལྡན་ཡབ་ཡུམ་འཁོར་བཅས་ལ༔  གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔  ན་མོ་པུ་རུ་ཤ་ཡ་ཧོཿ  {{TibChung|ཞེས་ཕྱག་བྱ། དྲུག་པ་མཆོད་པ་འབུལ་བ་ནི།}}  ཧཱུྃ་བྷྱོ༔  ཞིང་སྐྱོང་ཆེན་པོ་ཡབ་ཡུམ་འཁོར་བཅས་ལ༔  དམ་རྫས་དགྱེས་མཆོད་སྣ་ཚོགས་འབུལ་བ་ནི༔  ཤ་ཁྲག་ལ་སོགས་བ་ལིཾ་མཆོད་པ་འབུལ༔  ཐུགས་དམ་དབང་གིས་དགྲ་བགེགས་མ་ལུས་སྒྲོལ༔  དབང་པོ་ལྔ་སོགས་ཀེང་རུས་མཆོད་པ་འབུལ༔  རྫུ་འཕྲུལ་སྟོབས་ཀྱིས་བར་ཆད་ཐམས་ཅད་ཟློག༔  ཀླད་ཁྲག་ལ་སོགས་བདུད་རྩིའི་མཆོད་པ་འབུལ༔  སྤྲུལ་པའི་སྟོབས་ཀྱིས་མི་མཐུན་འགལ་རྐྱེན་ཟློག༔  སྙིང་ཁྲག་ལ་སོགས་ནང་རོལ་གསང་མཆོད་འབུལ༔  བཞད་པའི་ཚུལ་གྱིས་ {{TibChung|[8b]}} སངས་རྒྱས་བསྟན་པ་སྲུངས༔  ག་ཎ་ལ་སོགས་ལོངས་སྤྱོད་མཆོད་པ་འབུལ༔  འདོད་པའི་དངོས་གྲུབ་མ་ལུས་བདག་ལ་སྩོལ༔  མི་མཐུན་རྐྱེན་ངན་བར་ཆད་བཟློག་ཏུ་གསོལ༔  ཨོཾ་བཛྲ་ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔  མཧཱ་རཀྟ་ལ་ཁཱ་ཧི༔  མ་ཧཱ་ཙིཏྟ་ལ་ཁཱ་ཧི༔  མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔  མཧཱ་བ་སུ་ཏ་ལ་ཁཱ་ཧི༔  མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔  མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔  ཨི་དཾ།  དྷུ་པཾ པུཥྤཾ།  དི་པཾ།  གྷནྡྷཾ།  ནཻདྱ།  བ་ལིཾ་ཏ་པི་པ་ཏོ་ཧོཿ  {{TibChung|ཞེས་སྤྱིར་མཆོད་ཅིང་།  བྱེ་བྲག་ཏུ།}}  བདུད་མགོན་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཚིམ་ཞིང་དགྱེས་པར་{{TibChung|བསམ་ལ།  རྩ་སྔགས་ཀྱི་མཐར།}}  ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།  {{TibChung|ཞེས་བཏགས་པ་བདུན་ནམ་གསུམ་གྱིས་ཕུལ་ཏེ།}}  དཔལ་བདུད་མགོན་ནག་པོ་ཆེན་པོ་སེང་གེའི་གདོང་པ་ཅན།  ཡུམ་མཆོག་སི་ན་ར་མ།  བཀའ་ཉན་བམ་རོ་ཕོ་མོ།  ལས་བྱེད་ཤན་པ་སྡེ་བརྒྱད།  སྤྲུལ་པ་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་{{TibChung|སོགས་སྔར་དམ་བཞག་གི་སྐབས་བཞིན་ {{TibChung|[9a]}} ཕྲིན་ལས་གསོལ། བདུན་པ་བསྟོད་པ་བྱ་བ་ནི།}}  ཧཱུྃ་བྷྱོ༔  དུར་ཁྲོད་བདག་པོ་ཞིང་སྐྱོང་སེང་གེའི་གདོང་༔  བཀྲ་ཤིས་ཆེན་པོ་མཐུ་སྟོབས་རྣོ་ལ་མྱུར༔  ཟློག་པས་མི་བཟློག་སྔགས་བཟློག་དགྲ་བོའི་གཤེད༔  རྦོད་གཏོང་ཕར་བརླག་ནུས་པ་རང་གཤེད་འབེབས༔  བདུད་མགོན་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔  དྲེགས་པ་འདུལ་ཞིང་དགྲ་བགེགས་ཀུན་གྱི་གཤེད༔  ལྟས་ངན་ཆོ་འཕྲུལ་རྒྱུག་པའི་ཞོར་ལ་འདེབས༔  དམ་ཉམས་ཚེ་སྲོག་གློ་བུར་སྡུད་མཛད་པ༔  དྲག་པོ་སྒྲོལ་བྱེད་གསུང་ལ་ཕྱག་འཚལ་བསྟོད༔  ནང་དུ་ཞི་ཞིང་བཀྲ་ཤིས་བུ་ནོར་སྤེལ༔  ཕྱི་རུ་ཁྲོས་པས་རྩུབ་འགྱུར་འཇིག་རྟེན་གཡོ༔  བ་དན་ཕྱར་བས་སངས་རྒྱས་བསྟན་པ་སྲུང་༔  གཡུ་རལ་བསིགས་པས་སེང་ཆུང་སྐར་ལྟར་འཁྲུགས༔  ཞིང་སྐྱོང་དཔལ་འབར་ཐུགས་ལ་ཕྱག་འཚལ་བསྟོད༔  ཧཱུྃ་བྷྱོ༔  སྤྱན་དམར་གློག་འཁྱུགས་སྲིད་གསུམ་འོད་ཀྱིས་གང་༔  ལྗགས་དམར་བརྡབས་པས་ས་གཞི་གཡོ་ཞིང་འཁྲུགས༔  དམར་གཏོར་གདེངས་པས་ནད་ཡམས་ཆར་བཞིན་འབེབས༔  བདུད་རྟ་རྒྱུག་པས་ལྷ་སྲིན་བརྒྱལ་ཞིང་འབོགས༔  དམག་ {{TibChung|[9b]}} དཔོན་སེང་གདོང་དགྲ་འདུལ་སྐུ་ལ་བསྟོད༔  ཧཱུྃ་བྷྱོ༔  དེ་ཡི་ཡུམ་ཆེན་སྲིན་མོ་སེང་གདོང་མ༔  བཀྲ་ཤིས་དཔལ་འབར་ནོར་གྱི་དངོས་གྲུབ་སྟེར༔  སྟོབས་ཆེན་ཡིད་འགུགས་ལྷ་མོ་དབྱིངས་ཕྱུག་མ༔  དུར་ཁྲོད་བདག་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔  ཧཱུྃ་བྷྱོ༔  བསྟན་པ་བསྲུང་ཞིང་བཀའ་ཡི་བྱ་ར་མཛད༔  རྣལ་འབྱོར་མགོ་འདོན་སྔགས་འཆང་ཚེ་སྲོག་སྲིང་༔  ནང་དུ་ཞི་བས་ཡིད་བཞིན་ལྷ་མོ་འདྲ༔  ཕྱི་རུ་ཁྲོས་པས་ཕྲ་མེན་སེར་ལྟར་འཁྲུགས༔  དམ་ཉམས་དྲུག་ཁྲི་ཉིན་བཞིན་གསོད་པར་བྱེད༔  གུང་གཉིས་རྒྱུག་པས་དཀོར་རྐུན་རྩད་ནས་གཅོད༔  རྣོ་མྱུར་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔  ཟློག་པས་མི་བཟློག་གཞན་གྱིས་མི་ཆུན་ཞིང་༔  བཀའ་སྲུང་བདུད་ཚོགས་དགྲ་ལ་རང་གཤེད་འབེབས༔  བདག་ལ་བྱམས་ཤིང་ནང་དུ་དངོས་གྲུབ་སྟེར༔  བཀྲ་ཤིས་སྙིང་ཉེ་གྲོགས་ལྟར་རྟག་ཏུ་སྲུང་༔  གསུང་སྒྲོས་གཅིག་ཐོས་ལས་ནི་ཚར་གསུམ་བསྒྲུབ༔  བུ་ལྟར་སྲུང་ཞིང་ཁྱོ་ལྟར་སྐྱོང་བའི་ལྷ༔  དྷཱ་ཀི་སེང་གདོང་གསུང་ལ་ཕྱག་འཚལ་བསྟོད༔  གསང་སྔགས་བཀའ་སྲུང་རྣལ་འབྱོར་དགྲ་བླ་ཆེ༔  བདུད་ཀྱི་གཡུལ་འཇོམས་ {{TibChung|[10a]}} མ་རུང་དགྲ་བགེགས་སྒྲོལ༔  རྫུ་འཕྲུལ་མཐུ་ཡིས་ལྷ་སྲིན་དབང་སྡུད་ཅིང་༔  སངས་རྒྱས་བསྟན་པ་སྲུང་བའི་ལས་ལ་བརྩོན༔  སྲིན་མོའི་གཟུགས་ཀྱིས་དགྲ་ལ་ནད་ཡམས་འབེབས༔  དཔལ་འབར་སེང་གདོང་ཐུགས་ལ་ཕྱག་འཚལ་བསྟོད་༔  ཧཱུྃ་བྷྱོ༔  ཡབ་ཡུམ་གཉིས་ཀྱི་བཀའ་ཉན་མཐུ་རྩལ་ཅན༔  བམ་རོ་ཕོ་མོའོ་སྐུ་ལ་ཕྱག་འཚལ་བསྟོད༔  ཧཱུྃ་བྷྱོ༔  དམ་ཉམས་དགྲ་ལ་ལྟས་ངན་སྣ་ཚོགས་གཏོང་༔  སྐྱེས་བུ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔  དམ་ཉམས་དགྲ་བགེགས་མ་ལུས་ཁྲམ་ལ་འདེབས༔  གཤིན་རྗེ་ཆོས་རྒྱལ་སྐུ་ལ༴   དམ་ཉམས་དགྲ་ལ་མཛེ་ནད་ཆར་བཞིན་འབེབས༔  ཀླུ་བདུད་མགོ་དགུའི་སྐུ་ལ༴ དམ་ཉམས་དགྲ་བགེགས་མ་ལུས་ཞགས་པས་འཆིང་༔  བདུད་རྗེ་ནག་པོའི་སྐུ་ལ༴ དམ་ཉམས་དགྲ་ལ་ཡེ་འདྲོགས་སྣ་ཚོགས་གཏོང་༔  བཙན་འགོང་ཆེན་པོའི་སྐུ་ལ༴ དམ་ཉམས་དགྲ་ལ་འཇའ་འཁྱིལ་ལྟས་ངན་གཏོང་༔  ལྷ་བདུད་དཀར་པོ་སྐུ་ལ༴ དམ་ཉམས་དགྲ་བགེགས་དམོད་པའི་མཚོན་ཆས་ཕུང་༔  སྲིན་པོ་དྷ་ར་དྷིའི་སྐུ་ལ༴ དམ་ཉམས་དགྲ་ལ་ {{TibChung|[10b]}} ཁྲག་ནད་ཆར་བཞིན་འབེབས༔  རྡོ་རྗེ་ཕ་ལམ་སྐུ་ལ༴ ཧཱུྃ་བྷྱོ༔  གཞན་ཡང་ལས་མཁན་དྲེགས་པའི་དམག་ཚོགས་ནི༔  གཙོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔  བསྟན་པའི་དགྲ་བགེགས་ཐལ་བའི་རྡུལ་བཞིན་རློག༔  བཀའ་ཉན་ལས་བྱེད་ཚོགས་ལ་ཕྱག་འཚལ་བསྟོད༔  {{TibChung|ཅེས་བསྟོད། བརྒྱད་པ་བཟླས་པ་བྱ་བ་ནི།}}  བདུད་མགོན་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ།  བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་{{TibChung|མོས་ལ།  གོང་གནོན་གྱི་བཟླས་པ་ཅི་རིགས་སྔོན་དུ་འགྲོ་བས།}}  ཨོཾ་ཏྲི་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ཧཱུྃ་ཕཊ༔  ཏྲི་ཧྲིང་ཛཿ དྷཱ་ཀི་ནཱི་སི་ན་ར་མ་ཧཱུྃ་ཕཊ༔  ཏྲི་ཧྲིང་ཛཿ དྷི་ཏྲི་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊཿཛ་ཛཿ {{TibChung|ཞེས་བཟླ།  འདི་ནི་ཐུན་མོང་རྒྱུན་གྱི་བསྙེན་སྔགས་ཏེ་སྤྱི་ཙམ་དུ་འདི་ཁོ་ནས་ཆོག་ལ།  ལས་ཁྱད་པར་བ་དང་འབྲེལ་བའི་སྔགས་ཐུན་མོང་མ་ཡིན་པ་རྣམས་མན་ངག་ལས་ཤེས་སོ།  །བཟླས་པའི་མཐར།}}  ཨོཾ་བཛྲ་ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་{{TibChung|སོགས་ནས་}} ཤཔྡའི་{{TibChung|བར་དང་།}}  མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔  {{TibChung|ཞེས་མཆོད།}}  ཧཱུྃ།  ཆོས་ཉིད་སྐྱེ་མེད་དབྱིངས་ {{TibChung|[11a]}} ལས་ཁྲོས་པའི་སྐུ།  །འབར་བའི་གར་གྱིས་དམ་ཉམས་ཐལ་བར་རློག  །འཇིགས་བྱེད་ཆེན་པོ་གསང་སྔགས་སྲུང་མའི་གཙོ།  །ཞིང་སྐྱོང་བདུད་མགོན་འཁོར་དང་བཅས་ལ་བསྟོད།  །ཐུགས་རྗེ་ཐུགས་དམ་གཉན་པོ་མ་གཡེལ་བར།  །ཟབ་གསང་བསྟན་པ་དར་ཞིང་རྒྱས་པ་དང་།  །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས།  །རྣལ་འབྱོར་བསམ་པའི་རེ་བ་ཡོངས་གང་མཛོད།  །{{TibChung|ཅེས་བསྟོད་ཅིང་ཕྲིན་ལས་གསོལ།  །དགུ་པ་ཚོགས་མཆོད་འབུལ་བ་ནི། བདག་བསྐྱེད་གང་ལ་བརྟེན་པ་དེ་ཉིད་ཀྱི་གཞུང་བཞིན་བྱས་པས་ཁྱབ་མོད།  དམིགས་ཀྱིས་བསལ་བར་སྤྲོ་ན་གཏེར་གཞུང་དུ་བལྟའོ།  །གཉིས་པ་ཁྱད་པར་གྱི་ཕྲིན་ལས་སྦྱོར་བ་ལ་གཉིས།  སྐོང་བཤགས་དང་འབྲེལ་བའི་ཕྲིན་ལས་སྤྱི་ཙམ་བསྒྲུབ་པ་དང་།  དྲག་ལས་དང་འབྲེལ་བའི་ཕྲིན་ལས་བྱེ་བྲག་ཏུ་བརྩམ་པའོ།  །སྔ་མ་ལ་གསུམ་གྱི། དང་པོ་ཐུགས་དམ་སྐོང་བ་ནི།  བསྐང་རྫས་རྣམས།}}  ཨ་མྲྀ་ཏ{{TibChung|ས་བསང་།}}  སྭ་བྷཱ་ཝ{{TibChung|ས་སྦྱང་།}} སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་རྒུ་ {{TibChung|[11b]}} ཚང་བ།  བཟང་རྒུ་འབྱོར་པ།  མཛེས་རྒུས་བརྒྱན་པ།  ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་{{TibChung|བསམ་ཞིང་།}}  ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ།  {{TibChung|ལན་གསུམ་དང་།}}  བཛྲ་སྥ་ར་ཎ་ཁཾ།  {{TibChung|ཞེས་རྒྱ་ཆེར་སྤེལ་ནས།}}  ཧཱུྃ།  བདེ་ཆེན་འདུ་འབྲལ་མེད་པའི་ཀློང་ཡངས་ནས།  །ཧེ་རུ་ཀ་དཔལ་ཕྲིན་ལས་སྒྱུ་མའི་གར།  །བདུད་མགོན་ཞིང་སྐྱོང་ཆེན་པོ་མཐུ་རྩལ་ཅན།  །འཁོར་བཅས་ཐུགས་དམ་སྐོང་བའི་དམ་རྫས་ནི།  །གདུག་ཅན་བསྒྲལ་བའི་གཟུགས་ཕུང་ལས་གྲུབ་པའི།  །དྲག་པོའི་ཉེར་སྤྱོད་རྒྱན་ཕྲེང་ཚར་དུ་དངར།  །དབང་པོ་ཚིམ་བྱེད་འདོད་ཡོན་དཔག་ཏུ་མེད།  །རྩ་བརྒྱད་སྟོང་སྦྱར་འཆི་མེད་བདུད་རྩིའི་རྒྱུན།  །མྱོས་བྱེད་ཁྲག་གི་བཏུང་བས་མཚོ་ལྟར་བསྐྱིལ།  །ཤ་རུས་དོན་སྙིང་ནང་ཁྲོལ་རྐང་ཀླད་ཞག  །བཟའ་བཅའ་ལྡག་མྱང་གཏོར་ཚོགས་རི་ལྟར་སྤུངས།  །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རྣམ་པ་བདུན།  །ལྷ་མིའི་དཔལ་འབྱོར་འདོད་རྒུའི་སྤྲིན་དུ་གཏིབས།  །ཕྱི་ནང་གསང་བ་རྟེན་སྒྲུབ་མཆོད་པ་སོགས།  །དགྱེས་པའི་ {{TibChung|[12a]}} མཐུན་རྫས་ས་གཞིའི་ཁམས་ཀུན་གང་།  །སྲ་བརྟན་གོ་ཆ་རྣོ་གཅོད་མཚོན་ཆ་དང་།  །བརྗིད་པའི་སྤྱན་གཟིགས་ཕྱོགས་ཀུན་དོགས་པོར་བྱེད།  །དར་ནག་རུ་མཚོན་དྲེགས་པ་སྡུད་ཅིང་འཁོལ།  །བྱ་ནག་ཁྱི་ནག་དགྲ་བོའི་བླ་ལ་འཇབས།  །ཤུགས་ལྡན་བདུད་རྟ་ནག་པོ་རྒྱན་གྱིས་སྤྲས།  །བཞུགས་པའི་ཕོ་བྲང་ཆགས་པའི་བླ་རྡོ་བཀྲམ།  །འབྲུ་སྨན་རིན་ཆེན་ནོར་དབྱིག་ཕྱུར་བུར་སྤུངས།  །སྣ་ཚོགས་གཟུགས་འགྲོས་མཁོ་རྒུ་ཆར་དུ་འབེབས།  །དངོས་སུ་འབྱོར་བཤམས་ཡིད་སྤྲུལ་ནམ་མཁའི་མཛོད།  །མི་འཛད་ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་ཤར།  །རྨད་བྱུང་ལྷ་སྔགས་ཏིང་འཛིན་དགོངས་པ་ཡིས།  །བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་མཐའ་རུ་སོན།  །ཟག་མེད་བདེ་བ་མཆོག་གི་དམ་ཚིག་འདིས།  །དཔལ་ལྡན་བདུད་མགོན་ཆེན་པོའི་ཐུགས་དམ་བསྐང་།  །སྟོབས་ཆེན་ཞིང་སྐྱོང་དབང་པོའི༴ གཟི་ལྡན་ཀུན་དགའ་གཞོན་ནུའི༴ བསྟན་སྲུང་ལེགས་གྲུབ་རྡོ་རྗེའི༴ འཇིགས་བྱེད་ལྷོ་བཙན་ཆེན་པོའི༴ གཏུམ་རྔམས་སེང་གེའི་གདོང་ཅན༴ ཁྲག་འཐུང་ག་ཡ་དྷ་རའི༴ ཡུམ་མཆོག་སིན་ར་མའི༴ {{TibChung|[12b]}} ལས་མཁན་བམ་རོ་ཕོ་མོའི༴ བཀའ་ཉན་དྲེགས་པ་སྡེ་བརྒྱད༴ བདུད་དམག་བྱེ་བ་འབུམ་སྡེའི༴ སྤྲུལ་འཁོར་ཕོ་ཉའི་ཚོགས་ཀྱི༴ ཐུགས་དམ་གཉན་པོ་དབྱིངས་སུ་རབ་བསྐངས་ཏེ།  །དགྱེས་པའི་ཞལ་སྟོན་གྲུབ་པའི་རྟགས་ཕྱུང་ལ།  །ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་སོགས།  །འདོད་པའི་དོན་ཀུན་མྱུར་དུ་སྒྲུབ་པ་མཛོད།  །{{TibChung|ཅེས་བསྐང་།  །གཉིས་པ་བཤགས་པ་བྱ་བ་ནི།}}  ཧཱུྃ།  རྒྱལ་བ་ཀུན་གྱི་ཕྲིན་ལས་དྲག་པོའི་སྐུ།  །གཏུམ་ཆེན་བདུད་མགོན་ནག་པོར་རྣམ་རོལ་པ།  །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་རྣམས།  །ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ།  །བདག་ནི་གསང་སྔགས་དཀྱིལ་འཁོར་སྒོར་ཞུགས་ནས།  །འདའ་དཀའི་དམ་ཚིག་གཉན་པོ་གཉེར་བླངས་ཏེ།  །ཚུལ་བཞིན་སྒྲུབ་པར་ཁས་བླངས་དམ་བཅས་ཀྱང་།  །མི་ཤེས་རྨོངས་པས་འགལ་འཁྲུལ་ནོངས་གྱུར་ཏེ།  །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ།  །གནོང་འགྱོད་དྲག་པོས་མཐོལ་ཞིང་འཆགས་བགྱིད་ན།  །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ།  །{{TibChung|ཞེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ།  །གསུམ་པ་ཕྲིན་ལས་གསོལ་བ་ནི།}}  ཧཱུྃ༔    {{TibChung|[13a]}} དཔལ་ལྡན་བདུད་མགོན་ཆེན་པོའི་འཁོར་བཅས་ལ།  །ཕྲིན་ལས་གཉན་པོ་གསོལ་ཞིང་བསྐུལ་བ་ནི།  །གསང་སྔགས་བསྟན་པ་དར་ཞིང་རྒྱས་པ་དང་།  །དཀོན་མཆོག་གསུམ་གྱི་དབུ་འཕང་དགུང་དུ་བསྟོད།  །ཁྱད་པར་རྣལ་འབྱོར་བདག་ཅག་དཔོན་སློབ་ལ།  །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་དང་།  །རྟག་ཏུ་ཁ་འཛིན་སྡོང་གྲོགས་མ་གཡེལ་བར།  །ཉེས་པ་སྟོང་བསྣོལ་ལེགས་པ་བརྒྱ་དང་སྤྲོད།  །བསྟན་པའི་སྤྱི་དགྲ་བླ་མའི་སྐུ་དགྲ་དང་།  །རྣལ་འབྱོར་སྡང་དགྲ་གསོད་ལ་མཐུ་མ་ཆུང་།  །མདོར་ན་བདག་གི་རེ་འབྲས་གང་ཡིན་པ།  །གེགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད།  །{{TibChung|ཅེས་འདོད་པ་ཕྲིན་ལས་ནན་ཏན་དུ་གསོལ་ལོ།  །གཉིས་པ་དྲག་པོའི་ཕྲིན་ལས་བྱེ་བྲག་ཏུ་བརྩམ་པ་ནི།  འབོད་རྦད་བསད་པ་གསུམ་གྱིས་གཞི་བཟུང་།  མནན་སྲེག་འཕང་བ་གསུམ་གྱིས་མཐའ་བསྡུས་ཏེ་དྲག་པོའི་ལས་ལ་སྦྱོར་ཚུལ་གཏེར་གཞུང་རྩ་བའི་མན་ངག་བརྒྱུད་ལྡན་བླ་མའི་ཕྱག་བཞེས་བཞིན་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་སྟེ་ལག་ཏུ་བླང་བར་བྱའོ།  །གསུམ་པ་རྗེས་ཀྱི་བྱ་བ་ནི།  གཏོར་མ་གཏོང་བ་ལ།  ཆོ་ག་ཉིན་ཞག་སྦྲེལ་མར་བྱེད་པའི་སྐབས་སུ་འབུལ་གཏོར་ཟུར་དུ་བཅས་པ་ཉིད་འབུལ་ཞིང་།  ཉིན་ཐ་ {{TibChung|[13b]}} མའི་ཚེ་ན་འདས་གཏོར་མ་གཏོགས་པའི་གཏོར་མ་གཞན་རྣམས་ལ་དཔལ་འབར་བཙུག  །སྤོས་དང་རོལ་མོར་བཅས་པས་སྒྲུབ་ཁང་གི་ཡང་ཐོག་སོགས་གང་དུ་གཏོང་བའི་སར་ཁྱེར་ཏེ་རཀྟས་བྲན་ལ་དམིགས་བྱ་འགུགས།  བདུད་རྩིས་བྲན་ལ།}}  ཨོཾ་ཨཱཿཧཱུྃ་ཧོཿ {{TibChung|ས་བྱིན་གྱིས་བརླབས་པ་རྩ་སྔགས་ལ་གཏོར་སྔགས་བཏགས་པ་བདུན་ནམ་གསུམ་གྱིས་ཕུལ་ཞིང་།}}  ཧཱུྃ་བྷྱོ༔  སྟག་ཚང་སེང་གེ་བསམ་འགྲུབ་ཀེའུ་ཚང་དུ༔  རིག་འཛིན་ཆེན་པོ་པདྨ་བདུད་འདུལ་དང་༔  ཡེ་ཤེས་མཚོ་རྒྱལ་ཁྱེའུ་ཆུང་ལོ་ཙཱ་ཡིས༔  གསང་བ་སྙིང་ཐིག་དཀྱིལ་འཁོར་ཞལ་ཕྱེས་ཚེ༔  བདུད་མགོན་ལྕམ་དྲལ་བཀའ་སྡོད་འཁོར་བཅས་ཀྱིས༔  རང་རང་གཟུགས་བསྟན་སྲོག་སྙིང་མངོན་དུ་ཕུལ༔  ཡང་གསང་བསྟན་པ་ཕྱོགས་བཅུར་སྤེལ་བ་དང་༔  ལོག་གཤེད་བདུད་རིགས་མ་ལུས་སྒྲོལ་བ་དང་༔  བརྒྱུད་འཛིན་རྣལ་འབྱོར་བུ་བཞིན་སྐྱོང་བ་དང་།  བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔  སྔོན་གྱི་ཁས་བླངས་ཐ་ཚིག་མ་གཡེལ་བར༔  ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔  ཅི་བཅོལ་ལས་ཀུན་མྱུར་དུ་སྒྲུབས་པར་མཛོད༔  {{TibChung|ཅེས་ཕུལ་ལ་ཕྲིན་ལས་བཅོལ།  སླར་ཡང་གཏང་རག་གི་མཆོད་བསྟོད་མདོར་བསྡུས་མཐར།}}  {{TibChung|[14a]}} མ་རྙེད་ཡོངས་སུ་མ་ཚང་དང་།  །{{TibChung|ཞེས་སོགས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས།  རྟེན་ཡོད་པའི་ཡེ་ཤེས་པ་རྣམས།  །}} འདིར་ནི་གཟུགས་དང་ལྷན་ཅིག་ཏུ།  {{TibChung|སོགས་ཀྱིས་བརྟན་བཞུགས་བྱ།  རྟེན་མེད་ན།  །}} ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།  །{{TibChung|སོགས་ཀྱིས་གཤེགས་སུ་གསོལ།  དམ་ཚིག་པ་རང་ལ་བསྡུས་པའི་གནས་གསུམ་འབྲུ་གསུམ་གྱིས་བསྲུང་།  འཇིག་རྟེན་པའི་འཁོར་རྣམས།}}  གཙྪ་གཙྪ་སྭབྷཱ་ཝ་ནཾ་{{TibChung|གྱིས་རང་གནས་སུ་བཏང་།  དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པའི་བདེ་ལེགས་ཀྱིས་ཡོངས་སུ་ཁྱབ་པར་བྱའོ།  །ཧེ་རུ་ཀ་དཔལ་ཞིང་སྐྱོང་དབང་པོའི་སྐུར།  །རྣམ་རོལ་གར་དེ་སྒྲུབ་ཅིང་མཆོད་པའི་ཚུལ།  །འཇུག་བདེའི་ཁྲིགས་སུ་ཉེ་བར་བསྡེབས་འདིས་ཀྱང་།  །ཟབ་གསང་བསྟན་དང་བསྟན་འཛིན་རྒྱས་བྱེད་ཤོག  །དེ་ལྟར་བསྟན་སྲུང་བདུད་མགོན་ཞིང་སྐྱོང་ཆེན་པོའི་ཕྲིན་ལས་གདུག་པ་ཚར་གཅོད་ཅེས་བྱ་བ་འདི་ཡང་།  གཏེར་གཞུང་རྩ་བའི་ལས་བྱང་ལ་སྐོང་བཤགས་སོགས་སྐབས་སུ་བབས་པའི་ཚིག་ཕྲེང་ཇི་ལྟར་རིགས་པས་མི་འགལ་བར་བརྒྱན་ཅིང་རྒྱུན་གྱི་མཆོད་ཕྲིན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ།  ཟབ་གཏེར་སྙིང་པོའི་རིང་ལུགས་དར་ཞིང་རྒྱས་པའི་ཆ་རྐྱེན་དུ་རྗེ་རིགས་ཀྱི་སྔགས་ནག་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མོན་གྱི་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཀེའུ་ཚང་དུ་སྦྱར་བ་བསྟན་དགྲ་ཆམ་ལ་འབེབས་པའི་རྒྱུར་གྱུར་ཅིག  །ཛ་ཡནྟུ།  །}} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 10:00, 4 September 2025

Wylie title dam chos sprul sku'i snying thig las bstan srung bdud mgon zhing skyong chen po'i phrin las gdug pa tshar gcod DJYD-KABUM-08-NYA-009.pdf
Location bdud 'joms rin po che bka' 'bum
Volume 8, Text 9, Pages 329-355 (Folios 1a1 to 14a6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dam chos sprul sku'i snying thig las bstan srung bdud mgon zhing skyong chen po'i phrin las gdug pa tshar gcod. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 8: 329-355. Kalimpong: Dupjung Lama, 1979-1985.
Side notes Recto: zhing skyong   Verso: bdud 'dul thugs chen
More details More details
Tertön བདུད་འདུལ་རྡོ་རྗེ་ (bdud 'dul rdo rje)
Genre Activity Manual - las byang  ·  Protector Rituals - gsol mchod
Cycle དམ་ཆོས་སྤྲུལ་སྐུ་སྙིང་ཐིག་ (dam chos sprul sku snying thig)
Deity bdud mgon zhing skyong
Colophon

།དེ་ལྟར་བསྟན་སྲུང་བདུད་མགོན་ཞིང་སྐྱོང་ཆེན་པོའི་ཕྲིན་ལས་གདུག་པ་ཚར་གཅོད་ཅེས་བྱ་བ་འདི་ཡང་། གཏེར་གཞུང་རྩ་བའི་ལས་བྱང་ལ་སྐོང་བཤགས་སོགས་སྐབས་སུ་བབས་པའི་ཚིག་ཕྲེང་ཇི་ལྟར་རིགས་པས་མི་འགལ་བར་བརྒྱན་ཅིང་རྒྱུན་གྱི་མཆོད་ཕྲིན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། ཟབ་གཏེར་སྙིང་པོའི་རིང་ལུགས་དར་ཞིང་རྒྱས་པའི་ཆ་རྐྱེན་དུ་རྗེ་རིགས་ཀྱི་སྔགས་ནག་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མོན་གྱི་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཀེའུ་ཚང་དུ་སྦྱར་བ་བསྟན་དགྲ་ཆམ་ལ་འབེབས་པའི་རྒྱུར་གྱུར་ཅིག །ཛ་ཡནྟུ།

de ltar bstan srung bdud mgon zhing skyong chen po'i phrin las gdug pa tshar gcod ces bya ba 'di yang /___gter gzhung rtsa ba'i las byang la skong bshags sogs skabs su babs pa'i tshig phreng ji ltar rigs pas mi 'gal bar brgyan cing rgyun gyi mchod phrin 'jug pa bde ba'i dbang du byas te/___zab gter snying po'i ring lugs dar zhing rgyas pa'i cha rkyen du rje rigs kyi sngags nag 'jigs bral ye shes rdo rjes mon gyi spa gro stag tshang seng ge bsam 'grub kyi ke'u tshang du sbyar ba bstan dgra cham la 'bebs pa'i rgyur gyur cig___/dza yan+tu/

[edit]
༄༅། །དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་ལས། བསྟན་སྲུང་བདུད་མགོན་ཞིང་སྐྱོང་ཆེན་པོའི་ཕྲིན་ལས་གདུག་པ་ཚར་གཅོད་ཅེས་བྱ་བ་བཞུགས་སོ།། །།


༄༅། །ཨོཾ་སྭསྟི། །རབ་འབྱམས་རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་པ། །བདུད་དཔུང་མཐར་མཛད་སེང་གེ་སྒྲ་སྒྲོགས་དང་། །དབྱེར་མེད་ཞིང་སྐྱོང་ཆེན་པོར་ཉེར་བཏུད་ནས། །གང་དེའི་ཕྲིན་ལས་གདུག་པ་ཚར་གཅོད་སྤྲོ། །དེ་ཡང་དབང་ཐོབ་ཅིང་སྤྱི་དང་བྱེ་བྲག་གི་དམ་ཚིག་ལ་གནས་པ་ཡི་དམ་གྱི་བསྙེན་སྒྲུབ་ཚད་དུ་འཁྱོལ་བས་སྲུང་མ་ལས་ལ་བཀོལ་དུ་བཏུབ་པའི་སྒྲུབ་པ་པོས། མཐུ་ནུས་དྲག་རྩལ་མྱུར་མགྱོགས་གཞན་ལས་ཁྱད་པར་གྱུར་པ་དཔལ་ལྡན་ཞིང་སྐྱོང་དབང་པོ་ཉིད་སྒྲུབ་པའི་ཕྲིན་ལས་ལག་ཏུ་ལེན་པའི་རིམ་པ་ལ། སྦྱོར་བ་དགུ་སྟོང་ལ་སོགས་པ་དུས་ཁྱད་ཅན་གྱི་ཚེ་ཡིད་དང་མཐུན་ཅིང་ཤིས་པའི་གནས་ཁང་བྱི་དོར་བྱས་ལ་ཉེ་ལོགས་རྣམས་མཛེས་ཤིང་བརྗིད་པའི་སྤྱན་གཟིགས་སྣ་ཚོགས་ཀྱིས་བརྒྱན། [2a] དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་དང་ལྡན་པའི་ཁར་ཐོད་པའམ་རིན་པོ་ཆེའི་སྣོད་དུ་གཙང་ཞིང་བཟང་བའི་རྒྱུ་དམ་རྫས་དང་བཅས་པ་ལས། གོང་གནོན་ལྷའི་འདས་གཏོར་དང་། ཞིང་སྐྱོང་གི་གཏོར་མ་རི་རབ་བང་རིམ་སུམ་བརྩེགས་སྟེང་དམར་གྱི་གཏོར་མ་གྲུ་གསུམ་བརྗིད་ལྡན་ཅུང་ཟད་མཐོ་དམན་བྱས་པ་གཉིས། དེ་གཉིས་ཀྱི་མདུན་དུ་གཏོར་མ་སྙིང་གཟུགས་གཉིས། བང་རིམ་འོག་མའི་ཕྱོགས་མཚམས་བརྒྱད་དུ་སྙིང་རེ་རེ་བཙུག་པ་བཅས་མཐེབ་ཀྱུ་དང་ཤ་ཁྲག་སོགས་ཁ་ཟས་བཟང་པོ་སྣ་ཚོགས་ཀྱིས་བསྐོར་བ་མདའ་དར་གྱིས་བརྒྱན་པ་དང་། འདས་མ་འདས་ཀྱི་གཏོར་མ་བཤམ་དགོས་གཞན་ཡོད་ནའང་རིམ་པ་མ་འཆོལ་བར་བཀོད་པའི་གཡས་སུ་སྨན་ཕུད། གཡོན་དུ་རཀྟ། མདུན་དུ་མཆོད་ཡོན་སོགས་གཙང་མར་སྦྱར་བའི་ཕྱི་མཆོད་ [2b] དང་། དབང་པོ་ལྔའི་མེ་ཏོག་སོགས་ཁྱད་པར་གྱི་ཉེར་སྤྱོད་རྣམས་ཕྲེང་ཚར་དུ་འགོད། གཞན་ཡང་ཕྱི་ནང་གསང་བའི་མཆོད་རྫས། མཐུན་རྫས། རྟེན་རྫས། སྐོང་རྫས་ལ་སོགས་པ་ཅི་འབྱོར་དང་། རྡོ་དྲིལ་རྔ་སིལ་གཡབ་དར་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམས་ཏེ། ཆོ་ག་དངོས་ལ་སྦྱོར་དངོས་རྗེས་གསུམ་གྱི། དང་པོ་ནི། སྤྱིར་བདག་གི་རྣལ་འབྱོར་ཡི་དམ་ཞི་ཁྲོ་གང་ལ་བསྟེན་ཀྱང་རུང་མོད། ཁྱད་པར་གཏེར་ཁ་འདི་གའི་རྩ་གསུམ་གང་རིགས་ལ་བརྟེན་ན་འབྲེལ་ཆགས་ཤིང་། དེ་ཡང་ཉིན་ཞག་དེ་ཉིད་ཀྱི་ཁོངས་སུ་བདག་བསྐྱེད་གཞན་སྔོན་དུ་སོང་ན་སྐབས་འདིར་ལྷའི་ང་རྒྱལ་གསལ་བཏབ་པས་ཆོག་ལ། དེ་ལྟར་མ་སོང་ན་སྐབས་འདིར་བདག་བསྐྱེད་མདོར་བསྡུས་གཞུང་གསལ་འདི་ལྟར་ཤེས་པར་བྱ་སྟེ། རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ གུ་རུ་པདྨ་བདུད་འདུལ་ནི༔ འཕགས་པ་སེང་གེ་སྒྲ་སྒྲོགས་སྐུ༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་ཟངས་ཡག་གཙིགས༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཟིགས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ ཕྱག་གཡས་དབང་སྡུད་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་ཟིལ་གནོན་ལྕགས་སྡིག་མགོ་དགུ་བསྣམས༔ སྐུ་ལ་ཟ་བེར་ལྗང་སྨུག་ [3a] གསེར་བཀྲ་གསོལ༔ ཞབས་གཉིས་འདོར་སྟབས་མུ་སྟེགས་དམ་སྲི་མནན༔ གཟི་བརྗིད་མདངས་ལྡན་མེ་དཔུང་ཀློང་དུ་བཞུགས༔ བདུད་འདུལ་དཔའ་བོའི་སྐུར་གསལ་ཞལ་སྒོ་ནས༔ གསང་སྔགས་སྙིང་པོ་འབྲུག་ལྟར་སྒྲོགས་པར་གྱུར༔ ཨོཾ་བཛྲ་གུ་རུ་སིཾ་ཧ་གྷ་ཎྜེ་དྷ་རྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་གསལ་བཏབ་ལ་བཟླས་པ་ཅི་ནུས་བྱ། མཆོད་རྫས་རྣམས་ལས་སྔགས་ཀྱིས་བསང་། སྭ་བྷྭ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་ཕྱི་ནང་གསང་བའི་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་བསམ་ལ། ཨོཾ་བཛྲ་ཨ་རྒྷཾ་སོགས་ནས། ཤཔྡ་ཨཱཿཧཱུྃ་གི་བར་གྱིས་སྤྱིར་བརླབ་ཅིང་། བྱེ་བྲག་སྨན་གཏོར་རཀྟ་གསུམ། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་པའི་ཀ་པཱ་ལར་དམ་རྫས་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གིས་སྦྱངས། ཡེ་ཤེས་ཀྱི་བདུད་རྩི་ཐིམ་པ་དང་གཉིས་སུ་མེད་པར་གྱུར་པར་བསམ་ཞིང་། [3b] ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཞེས་སོ་སོར་ལན་གསུམ་རེ་བརྗོད་པས་བྱིན་བརླབ་བོ། །གཉིས་པ་དངོས་གཞི་ལ་གཉིས། རྩ་བའི་ཕྲིན་ལས་གཞུང་སྲོང་བ་དང་། ཁྱད་པར་སྐབས་ཀྱི་ཕྲིན་ལས་སྦྱོར་བའོ། །སྔ་མ་ལ་དགུ་ལས། དང་པོ་མདུན་བསྐྱེད་གསལ་གདབ་པ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ༔ གིས་བསང་སྦྱང་། མདུན་དུ་དུར་ཁྲོད་རབ་འཇིགས་སྐྱི་གཡའ་བར༔ གྲུ་གསུམ་མཐིང་ནག་མེ་རླུང་འཁྲུགས་པའི་དབུས༔ ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཀློང་དཀྱིལ་དུ༔ གནམ་ལྕགས་ལས་གྲུབ་འཁོར་ལོ་རྩིབས་བརྒྱད་དབུས༔ པདྨ་ཉི་མ་འབར་བའི་གདན་སྟེང་དུ༔ དགྲ་བགེགས་ཕོ་མོ་གཅལ་དུ་བཀྲམ་པའི་སྟེང་༔ ཧཱུྃ་ལས་བདུད་མགོན་ཆེན་པོ་སེང་གེའི་གདོང་༔ སྐུ་མདོག་མཐིང་ནག་སྤྱན་གསུམ་དམར་ཟླུམ་འཁྲུགས༔ ཞལ་གདངས་མཆེ་གཙིགས་ལྗགས་དམར་གློག་ལྟར་འཁྱུག༔ གཡུ་རལ་གསེབ་ནས་སེང་ཆུང་སྐར་ལྟར་འཁྲུགས༔ ཕྱག་གཡས་དར་ནག་རུ་མཚོན་དགྲ་ལ་ཕྱར༔ གཡོན་པས་ལྕང་ལོར་བཅས་པའི་བྷནྡྷའི་ནང་༔ དམར་ [4a] གྱི་གཏོར་མ་གནམ་ལྕགས་ཐོག་ལྟར་འཕེན༔ སྐུ་ལ་འཇོལ་བེར་དམར་ནག་ལྷུབས་ཆེན་གསོལ༔ སྐེད་པར་སྟག་རལ་གཟིག་ཤུབས་གློག་ལྟར་འཁྱུག༔ ཤིན་ཏུ་མི་སྲུན་པ་ཡི་ཆ་བྱད་ཅན་༔ ཆིབས་སུ་བདུད་རྟ་ནག་པོ་རླུང་གཤོག་བཅིབས༔ སྐད་ཅིག་ཉིད་ལ་གླིང་བཞི་མ་ལུས་བསྐོར༔ དམ་ཉམས་དགྲ་བོ་སྒྲོལ་བའི་ལས་ལ་བརྩོན༔ སྲིད་པ་ཕོ་རྒྱུད་ཐམས་ཅད་དབང་སྡུད་བསམ༔ དེ་ཡི་གཡོན་དུ་པད་ཉི་དགྲ་བགེགས་སྟེང་༔ ཏྲི་ལས་དཔལ་འབར་བདུད་མོ་སེང་གདོང་མ༔ སྐུ་མདོག་དམར་ནག་ཁྲོ་གཏུམ་གཟི་བརྗིད་འབར༔ དམར་ཟླུམ་འཇིགས་པའི་སྤྱན་གསུམ་ཁྲག་ལྟར་ཁོལ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ ཁྲག་རལ་གསེབ་ནས་སེང་ཆུང་སྐར་ལྟར་འཁྲུགས༔ ཕྱག་གཡས་དགྲ་སྟྭ་རྩེ་གསུམ་དར་དམར་ཕྱར༔ དགྲ་བགེགས་གཟུགས་ཕུང་ཚལ་པ་དུམ་བུར་འཕེན༔ ཕྱག་གཡོན་བྷནྡྷ་ལྕང་ལོར་བཅས་པའི་ནང་༔ དགྲ་སྙིང་དམར་པོ་ཁྲུམ་ཁྲུམ་ཞལ་དུ་གསོལ༔ སྐུ་ལ་འཇོལ་བེར་དམར་པོ་ལྷུབ་ཆེན་གསོལ༔ བཙན་རྟ་དམར་པོ་བཅིབས་ནས་ཕྱོགས་བཅུར་རྒྱུག་༔ [4b] སྐད་ཅིག་ཉིད་ལ་དགྲ་བགེགས་མ་ལུས་སྒྲོལ༔ སྲིད་པ་མོ་རྒྱུད་ཐམས་ཅད་དབང་སྡུད་བསམ༔ ཡབ་ཡུམ་གཉིས་ཀྱི་མདུན་ཉིད་དུ༔ དྷི་ཧྲི་གཉིས་ལས་སྐྱེས་པ་ཡི༔ ལས་མཁན་བམ་རོ་ཕོ་མོ་ནི༔ སྐྲ་མེད་མདོག་དམར་སྤྲེའུའི་གདོང་༔ ལག་གཉིས་བྱ་སྡེར་ས་ལ་བཙུགས༔ རྐང་པས་གཏོར་ཁྱེར་དགྲ་ལ་འཕེན༔ སྐད་ཅིག་ཉིད་ལ་སྟོང་གསུམ་བསྐོར༔ དམ་ཉམས་དགྲ་བགེགས་མ་ལུས་རྩད་ནས་གཅོད༔ ཕྱི་རོལ་ཕྱོགས་མཚམས་འཁོར་ལོ་རྩིབ་བརྒྱད་དབུས༔ དགྲ་བགེགས་ཇིང་འདུར་བསྣོལ་བའི་སྟེང་༔ ཤར་དུ་ཏྲི་ལས་རྡོ་རྗེ་ལེགས་པ་ནི༔ སྐུ་མདོག་དམར་སྨུག་སྐུ་ལ་བེར་དཀར་གསོལ༔ དབུ་ལ་སག་ཞུ་སྨུག་པོ་མནབ༔ ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་དགྲ་སྙིང་ཞལ་དུ་གསོལ༔ ཆིབས་སུ་སེང་གེ་དཀར་མོ་ཆིསབས༔ ལྷོ་རུ་ཡ་ལས་གཤིན་རྗེ་གཤེད་པོ་ནི༔ སྐུ་མདོག་ལྗང་ནག་མུན་པའི་འཇོལ་བེར་གསོལ༔ ཕྱག་གཡས་བེང་ཆེན་ནམ་མཁར་ཕྱར༔ གཡོན་པས་རྒྱུ་ཞགས་དགྲ་ལ་འཕེན༔ ཆིབས་སུ་ཆུ་གླང་སྔོན་པོ་ཆིབས༔ ནུབ་ཏུ་ཕུ་ལས་ཀླུ་བདུད་མགོ་དགུ་ནི༔ སྐུ་མདོག་ལྗང་ནག་གཅེར་ [5a] བུ་སྤྲུལ་མཇུག་འཁྱིལ༔ ཕྱག་གཡས་སྦྲུལ་ཞགས་ནམ་མཁར་ཕྱར༔ གཡོན་པས་དུག་གི་སྤར་བུ་བསྣམས༔ ཆིབས་སུ་ཆུ་སྲིན་དམར་པོ་ཆིབས༔ བྱང་དུ་དུ་ལས་བདུད་རྗེ་རྐང་རིང་ནི༔ སྐུ་མདོག་ནག་པོ་འཇིགས་པའི་བེར་ནག་གསོལ༔ ཕྱག་གཡས་རལ་གྲི་ནམ་མཁར་ཕྱར༔ གཡོན་པས་བདུད་ཞགས་ནག་པོ་བསྣམས༔ ཆིབས་སུ་རྟ་ནག་རྟིང་དཀར་ཆིབ༔ ཤར་ལྷོར་ཙ་ལས་བཙན་འགོང་ཡམ་ཤུད་ནི༔ སྐུ་མདོག་དམར་ནག་འཇིགས་པའི་བེར་དམར་གསོལ༔ ཕྱག་གཡས་བཙན་མདུང་དམར་པོ་ཕྱར༔ གཡོན་པས་བཙན་ཞགས་དགྲ་ལ་འདེབས༔ ཆིབས་སུ་བཙན་རྟ་དམར་པོ་ཆིབས༔ ལྷོ་ནུབ་ར་ལས་ཡབ་རྗེ་ཚངས་པ་ནི༔ སྐུ་མདོག་དམར་སྨུག་སྐུ་ལ་བེར་དཀར་གསོལ༔ ཕྱག་གཡས་སྤུ་གྲི་ནམ་མཁར་ཕྱར༔ གཡོན་པས་དར་དཀར་རུ་མཚོན་བསྣམས༔ ཆིབས་སུ་ཅང་ཤེས་དཀར་པོ་ཆིབས༔ ནུབ་བྱང་ཏྲི་ལས་སྲིན་པོ་ན་ར་སིཾ་ཧ་ནི༔ སྐུ་མདོག་དུད་ཁ་འཇོལ་བེར་ལྗང་ཀུ་གསོལ༔ ཕྱག་གཡས་ཁྲམ་ཤིང་ནམ་མཁར་ཕྱར༔ གཡོན་པས་ལྕགས་ཀྱུ་དགྲ་ལ་འདེབས༔ ཆིབས་སུ་བོང་བུ་ཁམ་ནག་ཆིབ༔ བྱང་ [5b] ཤར་མ་ལས་རྡོ་རྗེ་ཕ་ལམ་མ༔ སྐུ་མདོག་ནག་མོ་འཇིགས་པའི་བེར་སྨུག་གསོལ༔ ཕྱག་གཡས་རལ་གྲི་ནམ་མཁར་ཕྱར༔ གཡོན་པས་ནད་རྐྱལ་དགྲ་ལ་ལྷུད། ཆིབས་སུ་དྲེལ་ནག་གྭ་པ་ཆིབ༔ དེ་ལྟར་ཤན་པ་གཏུམ་པོ་རྣམས༔ རང་རང་འཁོར་ཚོགས་མང་པོས་བསྐོར༔ ཀུན་ཀྱང་རྔམས་བརྗིད་ཁྲོས་པའི་གཟུགས༔ ཆོ་རོལ་གཅིག་ཏུ་མ་ངེས་པ༔ རྣམ་སྤྲུལ་བྱེ་བ་དཔག་མེད་འགྱེད༔ གཞན་ཡང་མ་ཚོགས་མཁའ་འགྲོ་དང་༔ བཀའ་ཉན་ལས་བྱེད་བསམ་མི་ཁྱབ༔ དམ་ཉམས་དགྲ་བོའི་རྗེས་གཅོད་པ༔ སེང་གེ་གཏུམ་པོ་གླང་ཆེན་སྨྱོན་པ་དང་༔ སྟག་གཟིག་དོམ་དྲེད་ལྕེ་སྤྱང་སྣ་ཚོགས་དང་༔ དུར་བྱ་ཀང་ཀ་ཁྲ་དང་འུག་པ་དང་༔ ཕག་རྒོད་མི་རྒོད་བུད་མེད་ནག་མོ་དང་༔ བྱ་ནག་གཤོག་སྒྲ་ཁྱི་ནག་ཁངས་སེ་ཁང་༔ གཡག་རོག་རྭ་བདར་སོ་སྒྲ་ཁྲུགས་སེ་ཁྲུག༔ མི་ནག་འབུམ་གྱིས་འོ་འོད་ལྷང་ལྷང་འབོད༔ ལ་ལ་ཐོག་དང་སེར་བའི་བདག༔ ལ་ལས་རི་རབ་པང་ལ་འདེབས༔ ལ་ལས་རྒྱ་མཚོ་ཧུབ་ཀྱིས་འཐུང་༔ ལ་ལས་ཉི་ཟླ་ཆ་ལང་རྡེབ༔ ལ་ལས་རང་ཤ་རང་གིས་ཟ༔ ལ་ལས་ནང་རོལ་སྦར་མོས་འདེབས༔ ལ་ལས་ [6a] རང་ལུས་དུམ་བུར་གཏུབ༔ ལ་ལས་དགྲ་བགེགས་མགོ་ལུས་ཕྲལ༔ ལ་ལས་མཚོན་ཆའི་འཁོར་ལོ་བསྐོར༔ ལ་ལས་ཧ་ཧ་ཧཱུྃ་ཕཊ་སྒྲོགས༔ ཀུན་ཀྱང་དགྲ་བགེགས་སྒྲོལ་བའི་ལས་ལ་བརྩོན༔ ལྷ་ཚོགས་དེ་དག་ཐམས་ཐད་ཀྱི༔ སྤྱི་བོར་ཨོྃ་དང་མགྲིན་པར་ཨཱཿཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ དུར་ཁྲོད་བརྒྱད་དང་ཧེ་རུའི་གནས་བཅུ་དང་༔ འཇིག་རྟེན་དང་ནི་འཇིག་རྟེན་འདས་པ་ཡི༔ རྒྱལ་བའི་ཞིང་ཁམས་རྣམ་པར་དག་པ་ནས༔ བདུད་མགོན་སེང་གདོང་ཡབ་ཡུམ་འཁོར་བཅས་རྣམས༔ མཆོད་ཅིང་སྒྲུབ་པའི་གནས་འདིར་སྤྱན་དྲངས་གྱུར༔ ཞེས་གསལ་གདབ། གཉིས་པ་སྤྱན་འདྲེན་པ་ནི། ཤ་ཆེན་དང་གུ་གུལ་སོགས་སྦྱར་བའི་སྤོས་བསྲེག་ཅིང་། རྐང་གླིང་གིས་དྲངས་པའི་རོལ་མོའི་སྒྲ་དང་། གདུང་བའི་དབྱངས་ཀྱི་ང་རོའི་འགྱུར་བ་དང་བཅས། ཧཱུྃ་བྷྱོ༔ དུར་ཁྲོད་ཆེན་པོ་མཁའ་སྤྱོད་ཙཱ་རི་ནས༔ ཆེ་མཆོག་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པ༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཡབ་ཡུམ་དང་༔ བཀའ་གཉན་ལས་བྱེད་དྲེགས་པ་སྡེ་བརྒྱད་ཚོགས༔ སྔོན་གྱི་དམ་བཅའ་གཉན་པོ་མ་གཡེལ་བར༔ མ་ཐོགས་མྱུར་དུ་གནས་ [6b] འདིར་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ སྔོན་ཚེ་དབང་ཆེན་པད་འབྱུང་སྤྱན་སྔ་རུ༔ སེང་གདོང་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན༔ ཕྲིན་ལས་དྲག་པོའི་ལས་ལ་སྤྱན་འདྲེན་ནོ༔ གསང་སྔགས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ མ་ཐོགས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ སྡེ་བརྒྱད་ཡོངས་ཀྱི་དམག་དཔོན་མཛད་ཙ་ན༔ དུར་ཁྲོད་བསིལ་བའི་ཚལ་ནས་གཤེགས་སུ་གསོལ༔ སེང་གདོང་སྤྲུལ་པ་གྲངས་མེད་འགྱེད་ཙ་ན༔ གངས་དཀར་ཏི་སེའི་གནས་ནས༴ སྒྲུབ་བརྒྱུད་བསྟན་པ་ཕྱོགས་བཅུར་སྤེལ་ཙ་ན༔ འབྲོག་ཆེན་ལ་ཕྱིའི་གནས་ནས༴ མ་མོ་མཁའ་འགྲོའི་གཙོ་བོ་མཛད་ཙ་ན༔ རྣམ་དག་ཨོ་རྒྱན་གནས་ནས༴ ཟབ་གཏེར་བཀའ་ཡི་སྲུང་མ་མཛད་ཙ་ན༔ བན་རི་པདྨ་འོད་ནས༴ གསངས་སྔགས་བསྟན་པ་ཕྱོགས་བཅུར་སྤེལ་ཙ་ན༔ སྦས་ཡུལ་མཁའ་སྤྱོད་གནས་ནས༴ རྣལ་འབྱོར་དགྲ་ལྷ་ཆེན་པོ་མཛད་ཙ་ན༔ དེ་ཝྰེ་ཀོ་ཊིའི་གནས་ནས༴ བསྟན་པའི་རུ་དྲ་མ་ལུས་བསྒྲལ་ཙ་ན༔ མཐུ་སྟོབས་དྲག་པོའི་གནས་ནས་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ བདུད་མགོན་ཆེན་པོ་སེང་གདོང་ཡབ་ཡུམ་དང་༔ [7a] དྲེགས་པ་སྡེ་བརྒྱད་ལས་བྱེད་དམག་ཚོགས་རྣམས༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ གསང་སྔགས་བསྟན་པ་སྤེལ་ཕྱིར༴ རྣལ་འབྱོར་དགྲ་ལྷ་མཛད་ཕྱིར༴ ལོག་འདྲེན་བྱད་མ་འདུལ་ཕྱིར༴ ས་བདག་ཀླུ་གཉན་འདུལ་ཕྱིར༴ རྒྱལ་འགོང་དམ་སྲི་འདུལ་ཕྱིར༴ དགྲ་བགེགས་ཇིང་འདུར་བཟློག་ཕྱིར༴ མི་ནད་ཕྱུགས་ནད་བཟློག་ཕྱིར༴ ནད་མུག་མཚོན་འཁྲུགས་བཟློག་ཕྱིར༴ མི་མཐུན་རྐྱེན་ངན་བཟློག་ཕྱིར་གཤེགས་སུ་གསོལ༔ ཨོཾ་བཛྲ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཞེས་སྤྱན་དྲངས་པས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་བར་བསམ། གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ་བྷྱོ༔ དུར་ཁྲོད་རབ་འཇིགས་འབར་བའི་གཞལ་ཡས་སུ༔ གྲུ་གསུམ་མཐིང་ནག་ཨེ་ཡི་ཀློང་དཀྱིལ་དུ༔ ཞིང་བཅུའི་དགྲ་བགེགས་བྱད་མ་བསྣོལ་བའི་སྟེང་༔ བདུད་མགོན་སེང་གདོང་ཡབ་ཡུམ་འཁོར་དང་བཅས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཞེས་བསྐྱེད་པའི་དམ་ཚིག་པ་དང་དབྱེར་མེད་དུ་བཞུགས་པར་བསམ། བཞི་པ་དམ་ལ་བཞག་པ་ནི། རང་ཉིད་ཡི་དམ་གྱི་སྙེམས་པ་ [7b] བརྟན་པོས་བདུད་མགོན་འཁོར་བཅས་ཀྱི་སྤྱི་བོར་རྡོ་རྗེ་བཞག །བདུད་རྩི་ལྗགས་ལ་བསྟིམ་པར་མོས་ཏེ། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ དཔལ་བདུད་མགོན་ཞིང་སྐྱོང་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་ཁྲག་འཐུང་ཧེ་རུ་ཀ་དཔལ། སློབ་དཔོན་པདྨ་ཐོད་ཕྲེང་། མ་གཅིག་ཡེ་ཤེས་མཚོ་རྒྱལ། འབྲོག་བན་ཁྱེའུ་ཆུང་ལོ་ཙཱ། བདུད་འདུལ་ནུས་ལྡན་རྡོ་རྗེ་ནས་དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བསྟན་པ་སྲུངས། དཀོན་མཆོག་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་ [8a] དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་དམ་ལ་བཞག་པས་ཅི་བསྒོ་བའི་ལས་ཐམས་ཅད་ངོ་འཐོན་དུ་བསྒྲུབ་པའི་བཀའ་ནོན་པར་བསམ། ལྔ་པ་ཕྱག་བྱ་བ་ནི། ཧཱུྃ་བྷྱོ༔ ཆོས་སྐུ་སྐྱེ་མེད་ཀུན་བཟང་ཧེ་རུ་ཀ༔ ལོངས་སྐུ་འགགས་མེད་དཔལ་ཆེན་སེང་གེའི་སྒྲ༔ སྤྲུལ་སྐུ་བདུད་མགོན་སེང་གེའི་གདོང་པ་ཅན༔ མཐུ་སྟོབས་རྫུ་འཕྲུལ་ནུས་པའི་ཤུགས་འཆང་བ༔ ཞིང་སྐྱོང་གཟི་ལྡན་ཡབ་ཡུམ་འཁོར་བཅས་ལ༔ གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོཿ ཞེས་ཕྱག་བྱ། དྲུག་པ་མཆོད་པ་འབུལ་བ་ནི། ཧཱུྃ་བྷྱོ༔ ཞིང་སྐྱོང་ཆེན་པོ་ཡབ་ཡུམ་འཁོར་བཅས་ལ༔ དམ་རྫས་དགྱེས་མཆོད་སྣ་ཚོགས་འབུལ་བ་ནི༔ ཤ་ཁྲག་ལ་སོགས་བ་ལིཾ་མཆོད་པ་འབུལ༔ ཐུགས་དམ་དབང་གིས་དགྲ་བགེགས་མ་ལུས་སྒྲོལ༔ དབང་པོ་ལྔ་སོགས་ཀེང་རུས་མཆོད་པ་འབུལ༔ རྫུ་འཕྲུལ་སྟོབས་ཀྱིས་བར་ཆད་ཐམས་ཅད་ཟློག༔ ཀླད་ཁྲག་ལ་སོགས་བདུད་རྩིའི་མཆོད་པ་འབུལ༔ སྤྲུལ་པའི་སྟོབས་ཀྱིས་མི་མཐུན་འགལ་རྐྱེན་ཟློག༔ སྙིང་ཁྲག་ལ་སོགས་ནང་རོལ་གསང་མཆོད་འབུལ༔ བཞད་པའི་ཚུལ་གྱིས་ [8b] སངས་རྒྱས་བསྟན་པ་སྲུངས༔ ག་ཎ་ལ་སོགས་ལོངས་སྤྱོད་མཆོད་པ་འབུལ༔ འདོད་པའི་དངོས་གྲུབ་མ་ལུས་བདག་ལ་སྩོལ༔ མི་མཐུན་རྐྱེན་ངན་བར་ཆད་བཟློག་ཏུ་གསོལ༔ ཨོཾ་བཛྲ་ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཨི་དཾ། དྷུ་པཾ པུཥྤཾ། དི་པཾ། གྷནྡྷཾ། ནཻདྱ། བ་ལིཾ་ཏ་པི་པ་ཏོ་ཧོཿ ཞེས་སྤྱིར་མཆོད་ཅིང་། བྱེ་བྲག་ཏུ། བདུད་མགོན་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཚིམ་ཞིང་དགྱེས་པར་བསམ་ལ། རྩ་སྔགས་ཀྱི་མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་བདུན་ནམ་གསུམ་གྱིས་ཕུལ་ཏེ། དཔལ་བདུད་མགོན་ནག་པོ་ཆེན་པོ་སེང་གེའི་གདོང་པ་ཅན། ཡུམ་མཆོག་སི་ན་ར་མ། བཀའ་ཉན་བམ་རོ་ཕོ་མོ། ལས་བྱེད་ཤན་པ་སྡེ་བརྒྱད། སྤྲུལ་པ་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་སྔར་དམ་བཞག་གི་སྐབས་བཞིན་ [9a] ཕྲིན་ལས་གསོལ། བདུན་པ་བསྟོད་པ་བྱ་བ་ནི། ཧཱུྃ་བྷྱོ༔ དུར་ཁྲོད་བདག་པོ་ཞིང་སྐྱོང་སེང་གེའི་གདོང་༔ བཀྲ་ཤིས་ཆེན་པོ་མཐུ་སྟོབས་རྣོ་ལ་མྱུར༔ ཟློག་པས་མི་བཟློག་སྔགས་བཟློག་དགྲ་བོའི་གཤེད༔ རྦོད་གཏོང་ཕར་བརླག་ནུས་པ་རང་གཤེད་འབེབས༔ བདུད་མགོན་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔ དྲེགས་པ་འདུལ་ཞིང་དགྲ་བགེགས་ཀུན་གྱི་གཤེད༔ ལྟས་ངན་ཆོ་འཕྲུལ་རྒྱུག་པའི་ཞོར་ལ་འདེབས༔ དམ་ཉམས་ཚེ་སྲོག་གློ་བུར་སྡུད་མཛད་པ༔ དྲག་པོ་སྒྲོལ་བྱེད་གསུང་ལ་ཕྱག་འཚལ་བསྟོད༔ ནང་དུ་ཞི་ཞིང་བཀྲ་ཤིས་བུ་ནོར་སྤེལ༔ ཕྱི་རུ་ཁྲོས་པས་རྩུབ་འགྱུར་འཇིག་རྟེན་གཡོ༔ བ་དན་ཕྱར་བས་སངས་རྒྱས་བསྟན་པ་སྲུང་༔ གཡུ་རལ་བསིགས་པས་སེང་ཆུང་སྐར་ལྟར་འཁྲུགས༔ ཞིང་སྐྱོང་དཔལ་འབར་ཐུགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ སྤྱན་དམར་གློག་འཁྱུགས་སྲིད་གསུམ་འོད་ཀྱིས་གང་༔ ལྗགས་དམར་བརྡབས་པས་ས་གཞི་གཡོ་ཞིང་འཁྲུགས༔ དམར་གཏོར་གདེངས་པས་ནད་ཡམས་ཆར་བཞིན་འབེབས༔ བདུད་རྟ་རྒྱུག་པས་ལྷ་སྲིན་བརྒྱལ་ཞིང་འབོགས༔ དམག་ [9b] དཔོན་སེང་གདོང་དགྲ་འདུལ་སྐུ་ལ་བསྟོད༔ ཧཱུྃ་བྷྱོ༔ དེ་ཡི་ཡུམ་ཆེན་སྲིན་མོ་སེང་གདོང་མ༔ བཀྲ་ཤིས་དཔལ་འབར་ནོར་གྱི་དངོས་གྲུབ་སྟེར༔ སྟོབས་ཆེན་ཡིད་འགུགས་ལྷ་མོ་དབྱིངས་ཕྱུག་མ༔ དུར་ཁྲོད་བདག་མོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ བསྟན་པ་བསྲུང་ཞིང་བཀའ་ཡི་བྱ་ར་མཛད༔ རྣལ་འབྱོར་མགོ་འདོན་སྔགས་འཆང་ཚེ་སྲོག་སྲིང་༔ ནང་དུ་ཞི་བས་ཡིད་བཞིན་ལྷ་མོ་འདྲ༔ ཕྱི་རུ་ཁྲོས་པས་ཕྲ་མེན་སེར་ལྟར་འཁྲུགས༔ དམ་ཉམས་དྲུག་ཁྲི་ཉིན་བཞིན་གསོད་པར་བྱེད༔ གུང་གཉིས་རྒྱུག་པས་དཀོར་རྐུན་རྩད་ནས་གཅོད༔ རྣོ་མྱུར་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔ ཟློག་པས་མི་བཟློག་གཞན་གྱིས་མི་ཆུན་ཞིང་༔ བཀའ་སྲུང་བདུད་ཚོགས་དགྲ་ལ་རང་གཤེད་འབེབས༔ བདག་ལ་བྱམས་ཤིང་ནང་དུ་དངོས་གྲུབ་སྟེར༔ བཀྲ་ཤིས་སྙིང་ཉེ་གྲོགས་ལྟར་རྟག་ཏུ་སྲུང་༔ གསུང་སྒྲོས་གཅིག་ཐོས་ལས་ནི་ཚར་གསུམ་བསྒྲུབ༔ བུ་ལྟར་སྲུང་ཞིང་ཁྱོ་ལྟར་སྐྱོང་བའི་ལྷ༔ དྷཱ་ཀི་སེང་གདོང་གསུང་ལ་ཕྱག་འཚལ་བསྟོད༔ གསང་སྔགས་བཀའ་སྲུང་རྣལ་འབྱོར་དགྲ་བླ་ཆེ༔ བདུད་ཀྱི་གཡུལ་འཇོམས་ [10a] མ་རུང་དགྲ་བགེགས་སྒྲོལ༔ རྫུ་འཕྲུལ་མཐུ་ཡིས་ལྷ་སྲིན་དབང་སྡུད་ཅིང་༔ སངས་རྒྱས་བསྟན་པ་སྲུང་བའི་ལས་ལ་བརྩོན༔ སྲིན་མོའི་གཟུགས་ཀྱིས་དགྲ་ལ་ནད་ཡམས་འབེབས༔ དཔལ་འབར་སེང་གདོང་ཐུགས་ལ་ཕྱག་འཚལ་བསྟོད་༔ ཧཱུྃ་བྷྱོ༔ ཡབ་ཡུམ་གཉིས་ཀྱི་བཀའ་ཉན་མཐུ་རྩལ་ཅན༔ བམ་རོ་ཕོ་མོའོ་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ དམ་ཉམས་དགྲ་ལ་ལྟས་ངན་སྣ་ཚོགས་གཏོང་༔ སྐྱེས་བུ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དམ་ཉམས་དགྲ་བགེགས་མ་ལུས་ཁྲམ་ལ་འདེབས༔ གཤིན་རྗེ་ཆོས་རྒྱལ་སྐུ་ལ༴ དམ་ཉམས་དགྲ་ལ་མཛེ་ནད་ཆར་བཞིན་འབེབས༔ ཀླུ་བདུད་མགོ་དགུའི་སྐུ་ལ༴ དམ་ཉམས་དགྲ་བགེགས་མ་ལུས་ཞགས་པས་འཆིང་༔ བདུད་རྗེ་ནག་པོའི་སྐུ་ལ༴ དམ་ཉམས་དགྲ་ལ་ཡེ་འདྲོགས་སྣ་ཚོགས་གཏོང་༔ བཙན་འགོང་ཆེན་པོའི་སྐུ་ལ༴ དམ་ཉམས་དགྲ་ལ་འཇའ་འཁྱིལ་ལྟས་ངན་གཏོང་༔ ལྷ་བདུད་དཀར་པོ་སྐུ་ལ༴ དམ་ཉམས་དགྲ་བགེགས་དམོད་པའི་མཚོན་ཆས་ཕུང་༔ སྲིན་པོ་དྷ་ར་དྷིའི་སྐུ་ལ༴ དམ་ཉམས་དགྲ་ལ་ [10b] ཁྲག་ནད་ཆར་བཞིན་འབེབས༔ རྡོ་རྗེ་ཕ་ལམ་སྐུ་ལ༴ ཧཱུྃ་བྷྱོ༔ གཞན་ཡང་ལས་མཁན་དྲེགས་པའི་དམག་ཚོགས་ནི༔ གཙོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ བསྟན་པའི་དགྲ་བགེགས་ཐལ་བའི་རྡུལ་བཞིན་རློག༔ བཀའ་ཉན་ལས་བྱེད་ཚོགས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། བརྒྱད་པ་བཟླས་པ་བྱ་བ་ནི། བདུད་མགོན་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་མོས་ལ། གོང་གནོན་གྱི་བཟླས་པ་ཅི་རིགས་སྔོན་དུ་འགྲོ་བས། ཨོཾ་ཏྲི་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛཿ དྷཱ་ཀི་ནཱི་སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛཿ དྷི་ཏྲི་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊཿཛ་ཛཿ ཞེས་བཟླ། འདི་ནི་ཐུན་མོང་རྒྱུན་གྱི་བསྙེན་སྔགས་ཏེ་སྤྱི་ཙམ་དུ་འདི་ཁོ་ནས་ཆོག་ལ། ལས་ཁྱད་པར་བ་དང་འབྲེལ་བའི་སྔགས་ཐུན་མོང་མ་ཡིན་པ་རྣམས་མན་ངག་ལས་ཤེས་སོ། །བཟླས་པའི་མཐར། ཨོཾ་བཛྲ་ཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས་ ཤཔྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཞེས་མཆོད། ཧཱུྃ། ཆོས་ཉིད་སྐྱེ་མེད་དབྱིངས་ [11a] ལས་ཁྲོས་པའི་སྐུ། །འབར་བའི་གར་གྱིས་དམ་ཉམས་ཐལ་བར་རློག །འཇིགས་བྱེད་ཆེན་པོ་གསང་སྔགས་སྲུང་མའི་གཙོ། །ཞིང་སྐྱོང་བདུད་མགོན་འཁོར་དང་བཅས་ལ་བསྟོད། །ཐུགས་རྗེ་ཐུགས་དམ་གཉན་པོ་མ་གཡེལ་བར། །ཟབ་གསང་བསྟན་པ་དར་ཞིང་རྒྱས་པ་དང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །རྣལ་འབྱོར་བསམ་པའི་རེ་བ་ཡོངས་གང་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་གསོལ། །དགུ་པ་ཚོགས་མཆོད་འབུལ་བ་ནི། བདག་བསྐྱེད་གང་ལ་བརྟེན་པ་དེ་ཉིད་ཀྱི་གཞུང་བཞིན་བྱས་པས་ཁྱབ་མོད། དམིགས་ཀྱིས་བསལ་བར་སྤྲོ་ན་གཏེར་གཞུང་དུ་བལྟའོ། །གཉིས་པ་ཁྱད་པར་གྱི་ཕྲིན་ལས་སྦྱོར་བ་ལ་གཉིས། སྐོང་བཤགས་དང་འབྲེལ་བའི་ཕྲིན་ལས་སྤྱི་ཙམ་བསྒྲུབ་པ་དང་། དྲག་ལས་དང་འབྲེལ་བའི་ཕྲིན་ལས་བྱེ་བྲག་ཏུ་བརྩམ་པའོ། །སྔ་མ་ལ་གསུམ་གྱི། དང་པོ་ཐུགས་དམ་སྐོང་བ་ནི། བསྐང་རྫས་རྣམས། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་རྒུ་ [11b] ཚང་བ། བཟང་རྒུ་འབྱོར་པ། མཛེས་རྒུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་བསམ་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ལན་གསུམ་དང་། བཛྲ་སྥ་ར་ཎ་ཁཾ། ཞེས་རྒྱ་ཆེར་སྤེལ་ནས། ཧཱུྃ། བདེ་ཆེན་འདུ་འབྲལ་མེད་པའི་ཀློང་ཡངས་ནས། །ཧེ་རུ་ཀ་དཔལ་ཕྲིན་ལས་སྒྱུ་མའི་གར། །བདུད་མགོན་ཞིང་སྐྱོང་ཆེན་པོ་མཐུ་རྩལ་ཅན། །འཁོར་བཅས་ཐུགས་དམ་སྐོང་བའི་དམ་རྫས་ནི། །གདུག་ཅན་བསྒྲལ་བའི་གཟུགས་ཕུང་ལས་གྲུབ་པའི། །དྲག་པོའི་ཉེར་སྤྱོད་རྒྱན་ཕྲེང་ཚར་དུ་དངར། །དབང་པོ་ཚིམ་བྱེད་འདོད་ཡོན་དཔག་ཏུ་མེད། །རྩ་བརྒྱད་སྟོང་སྦྱར་འཆི་མེད་བདུད་རྩིའི་རྒྱུན། །མྱོས་བྱེད་ཁྲག་གི་བཏུང་བས་མཚོ་ལྟར་བསྐྱིལ། །ཤ་རུས་དོན་སྙིང་ནང་ཁྲོལ་རྐང་ཀླད་ཞག །བཟའ་བཅའ་ལྡག་མྱང་གཏོར་ཚོགས་རི་ལྟར་སྤུངས། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རྣམ་པ་བདུན། །ལྷ་མིའི་དཔལ་འབྱོར་འདོད་རྒུའི་སྤྲིན་དུ་གཏིབས། །ཕྱི་ནང་གསང་བ་རྟེན་སྒྲུབ་མཆོད་པ་སོགས། །དགྱེས་པའི་ [12a] མཐུན་རྫས་ས་གཞིའི་ཁམས་ཀུན་གང་། །སྲ་བརྟན་གོ་ཆ་རྣོ་གཅོད་མཚོན་ཆ་དང་། །བརྗིད་པའི་སྤྱན་གཟིགས་ཕྱོགས་ཀུན་དོགས་པོར་བྱེད། །དར་ནག་རུ་མཚོན་དྲེགས་པ་སྡུད་ཅིང་འཁོལ། །བྱ་ནག་ཁྱི་ནག་དགྲ་བོའི་བླ་ལ་འཇབས། །ཤུགས་ལྡན་བདུད་རྟ་ནག་པོ་རྒྱན་གྱིས་སྤྲས། །བཞུགས་པའི་ཕོ་བྲང་ཆགས་པའི་བླ་རྡོ་བཀྲམ། །འབྲུ་སྨན་རིན་ཆེན་ནོར་དབྱིག་ཕྱུར་བུར་སྤུངས། །སྣ་ཚོགས་གཟུགས་འགྲོས་མཁོ་རྒུ་ཆར་དུ་འབེབས། །དངོས་སུ་འབྱོར་བཤམས་ཡིད་སྤྲུལ་ནམ་མཁའི་མཛོད། །མི་འཛད་ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་ཤར། །རྨད་བྱུང་ལྷ་སྔགས་ཏིང་འཛིན་དགོངས་པ་ཡིས། །བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་མཐའ་རུ་སོན། །ཟག་མེད་བདེ་བ་མཆོག་གི་དམ་ཚིག་འདིས། །དཔལ་ལྡན་བདུད་མགོན་ཆེན་པོའི་ཐུགས་དམ་བསྐང་། །སྟོབས་ཆེན་ཞིང་སྐྱོང་དབང་པོའི༴ གཟི་ལྡན་ཀུན་དགའ་གཞོན་ནུའི༴ བསྟན་སྲུང་ལེགས་གྲུབ་རྡོ་རྗེའི༴ འཇིགས་བྱེད་ལྷོ་བཙན་ཆེན་པོའི༴ གཏུམ་རྔམས་སེང་གེའི་གདོང་ཅན༴ ཁྲག་འཐུང་ག་ཡ་དྷ་རའི༴ ཡུམ་མཆོག་སིན་ར་མའི༴ [12b] ལས་མཁན་བམ་རོ་ཕོ་མོའི༴ བཀའ་ཉན་དྲེགས་པ་སྡེ་བརྒྱད༴ བདུད་དམག་བྱེ་བ་འབུམ་སྡེའི༴ སྤྲུལ་འཁོར་ཕོ་ཉའི་ཚོགས་ཀྱི༴ ཐུགས་དམ་གཉན་པོ་དབྱིངས་སུ་རབ་བསྐངས་ཏེ། །དགྱེས་པའི་ཞལ་སྟོན་གྲུབ་པའི་རྟགས་ཕྱུང་ལ། །ཞི་རྒྱས་དབང་དང་དྲག་པོའི་ཕྲིན་ལས་སོགས། །འདོད་པའི་དོན་ཀུན་མྱུར་དུ་སྒྲུབ་པ་མཛོད། །ཅེས་བསྐང་། །གཉིས་པ་བཤགས་པ་བྱ་བ་ནི། ཧཱུྃ། རྒྱལ་བ་ཀུན་གྱི་ཕྲིན་ལས་དྲག་པོའི་སྐུ། །གཏུམ་ཆེན་བདུད་མགོན་ནག་པོར་རྣམ་རོལ་པ། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་རྣམས། །ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ། །བདག་ནི་གསང་སྔགས་དཀྱིལ་འཁོར་སྒོར་ཞུགས་ནས། །འདའ་དཀའི་དམ་ཚིག་གཉན་པོ་གཉེར་བླངས་ཏེ། །ཚུལ་བཞིན་སྒྲུབ་པར་ཁས་བླངས་དམ་བཅས་ཀྱང་། །མི་ཤེས་རྨོངས་པས་འགལ་འཁྲུལ་ནོངས་གྱུར་ཏེ། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །གནོང་འགྱོད་དྲག་པོས་མཐོལ་ཞིང་འཆགས་བགྱིད་ན། །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཞེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ། །གསུམ་པ་ཕྲིན་ལས་གསོལ་བ་ནི། ཧཱུྃ༔ [13a] དཔལ་ལྡན་བདུད་མགོན་ཆེན་པོའི་འཁོར་བཅས་ལ། །ཕྲིན་ལས་གཉན་པོ་གསོལ་ཞིང་བསྐུལ་བ་ནི། །གསང་སྔགས་བསྟན་པ་དར་ཞིང་རྒྱས་པ་དང་། །དཀོན་མཆོག་གསུམ་གྱི་དབུ་འཕང་དགུང་དུ་བསྟོད། །ཁྱད་པར་རྣལ་འབྱོར་བདག་ཅག་དཔོན་སློབ་ལ། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་དང་། །རྟག་ཏུ་ཁ་འཛིན་སྡོང་གྲོགས་མ་གཡེལ་བར། །ཉེས་པ་སྟོང་བསྣོལ་ལེགས་པ་བརྒྱ་དང་སྤྲོད། །བསྟན་པའི་སྤྱི་དགྲ་བླ་མའི་སྐུ་དགྲ་དང་། །རྣལ་འབྱོར་སྡང་དགྲ་གསོད་ལ་མཐུ་མ་ཆུང་། །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །གེགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་འདོད་པ་ཕྲིན་ལས་ནན་ཏན་དུ་གསོལ་ལོ། །གཉིས་པ་དྲག་པོའི་ཕྲིན་ལས་བྱེ་བྲག་ཏུ་བརྩམ་པ་ནི། འབོད་རྦད་བསད་པ་གསུམ་གྱིས་གཞི་བཟུང་། མནན་སྲེག་འཕང་བ་གསུམ་གྱིས་མཐའ་བསྡུས་ཏེ་དྲག་པོའི་ལས་ལ་སྦྱོར་ཚུལ་གཏེར་གཞུང་རྩ་བའི་མན་ངག་བརྒྱུད་ལྡན་བླ་མའི་ཕྱག་བཞེས་བཞིན་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་སྟེ་ལག་ཏུ་བླང་བར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། གཏོར་མ་གཏོང་བ་ལ། ཆོ་ག་ཉིན་ཞག་སྦྲེལ་མར་བྱེད་པའི་སྐབས་སུ་འབུལ་གཏོར་ཟུར་དུ་བཅས་པ་ཉིད་འབུལ་ཞིང་། ཉིན་ཐ་ [13b] མའི་ཚེ་ན་འདས་གཏོར་མ་གཏོགས་པའི་གཏོར་མ་གཞན་རྣམས་ལ་དཔལ་འབར་བཙུག །སྤོས་དང་རོལ་མོར་བཅས་པས་སྒྲུབ་ཁང་གི་ཡང་ཐོག་སོགས་གང་དུ་གཏོང་བའི་སར་ཁྱེར་ཏེ་རཀྟས་བྲན་ལ་དམིགས་བྱ་འགུགས། བདུད་རྩིས་བྲན་ལ། ཨོཾ་ཨཱཿཧཱུྃ་ཧོཿ ས་བྱིན་གྱིས་བརླབས་པ་རྩ་སྔགས་ལ་གཏོར་སྔགས་བཏགས་པ་བདུན་ནམ་གསུམ་གྱིས་ཕུལ་ཞིང་། ཧཱུྃ་བྷྱོ༔ སྟག་ཚང་སེང་གེ་བསམ་འགྲུབ་ཀེའུ་ཚང་དུ༔ རིག་འཛིན་ཆེན་པོ་པདྨ་བདུད་འདུལ་དང་༔ ཡེ་ཤེས་མཚོ་རྒྱལ་ཁྱེའུ་ཆུང་ལོ་ཙཱ་ཡིས༔ གསང་བ་སྙིང་ཐིག་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ བདུད་མགོན་ལྕམ་དྲལ་བཀའ་སྡོད་འཁོར་བཅས་ཀྱིས༔ རང་རང་གཟུགས་བསྟན་སྲོག་སྙིང་མངོན་དུ་ཕུལ༔ ཡང་གསང་བསྟན་པ་ཕྱོགས་བཅུར་སྤེལ་བ་དང་༔ ལོག་གཤེད་བདུད་རིགས་མ་ལུས་སྒྲོལ་བ་དང་༔ བརྒྱུད་འཛིན་རྣལ་འབྱོར་བུ་བཞིན་སྐྱོང་བ་དང་། བཀའ་ཡི་གཏོར་མ་ལེན་པར་མ་ཆད་དམ༔ སྔོན་གྱི་ཁས་བླངས་ཐ་ཚིག་མ་གཡེལ་བར༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཅི་བཅོལ་ལས་ཀུན་མྱུར་དུ་སྒྲུབས་པར་མཛོད༔ ཅེས་ཕུལ་ལ་ཕྲིན་ལས་བཅོལ། སླར་ཡང་གཏང་རག་གི་མཆོད་བསྟོད་མདོར་བསྡུས་མཐར། [14a] མ་རྙེད་ཡོངས་སུ་མ་ཚང་དང་། །ཞེས་སོགས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། རྟེན་ཡོད་པའི་ཡེ་ཤེས་པ་རྣམས། ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། སོགས་ཀྱིས་བརྟན་བཞུགས་བྱ། རྟེན་མེད་ན། ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུས་པའི་གནས་གསུམ་འབྲུ་གསུམ་གྱིས་བསྲུང་། འཇིག་རྟེན་པའི་འཁོར་རྣམས། གཙྪ་གཙྪ་སྭབྷཱ་ཝ་ནཾ་གྱིས་རང་གནས་སུ་བཏང་། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པའི་བདེ་ལེགས་ཀྱིས་ཡོངས་སུ་ཁྱབ་པར་བྱའོ། །ཧེ་རུ་ཀ་དཔལ་ཞིང་སྐྱོང་དབང་པོའི་སྐུར། །རྣམ་རོལ་གར་དེ་སྒྲུབ་ཅིང་མཆོད་པའི་ཚུལ། །འཇུག་བདེའི་ཁྲིགས་སུ་ཉེ་བར་བསྡེབས་འདིས་ཀྱང་། །ཟབ་གསང་བསྟན་དང་བསྟན་འཛིན་རྒྱས་བྱེད་ཤོག །དེ་ལྟར་བསྟན་སྲུང་བདུད་མགོན་ཞིང་སྐྱོང་ཆེན་པོའི་ཕྲིན་ལས་གདུག་པ་ཚར་གཅོད་ཅེས་བྱ་བ་འདི་ཡང་། གཏེར་གཞུང་རྩ་བའི་ལས་བྱང་ལ་སྐོང་བཤགས་སོགས་སྐབས་སུ་བབས་པའི་ཚིག་ཕྲེང་ཇི་ལྟར་རིགས་པས་མི་འགལ་བར་བརྒྱན་ཅིང་རྒྱུན་གྱི་མཆོད་ཕྲིན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། ཟབ་གཏེར་སྙིང་པོའི་རིང་ལུགས་དར་ཞིང་རྒྱས་པའི་ཆ་རྐྱེན་དུ་རྗེ་རིགས་ཀྱི་སྔགས་ནག་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མོན་གྱི་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཀེའུ་ཚང་དུ་སྦྱར་བ་བསྟན་དགྲ་ཆམ་ལ་འབེབས་པའི་རྒྱུར་གྱུར་ཅིག །ཛ་ཡནྟུ། །