DJYD-KABUM-23-A-025: Difference between revisions

From Dudjom Wiki
DJYD-KABUM-23-A-025
m (Text replacement - "ཧོཿ" to "ཧོཿ ")
m (Text replacement - "༴" to "༴ ")
 
Line 36: Line 36:

༄༅།  །ཨོཾ་སྭསྟི།  བླ་མ་མཆོག་དང་ཐ་དད་དུ།  །མི་དམིགས་ཁྲོ་རྒྱལ་སྨེ་བརྩེགས་ལ།  །བཏུད་ནས་གྲིབ་ཅན་གསུང་སེལ་དུ།  །བཀྲུ་བྱབ་སྲུང་བའི་མན་ངག་སྤྲོ།  །{{TibChung|འདི་ལ་གསུམ།  སྦྱོར་བ།  དངོས་གཞི།  རྗེས་སོ།  །དང་པོ་སྦྱོར་བའི་ཆོས་ནི།  གཙང་ཞིང་དགེ་བའི་གནས་སུ་སྟེགས་བུའི་ཁར་བུམ་གདན་པདྨ་འདབ་བརྒྱད་ཀྱི་དབུས་ཚོམ་བུའི་སྟེང་དུ་རིན་པོ་ཆེའི་བུམ་པ་ཆུ་གཙང་དྲི་བཟང་བུམ་རྫས་ཉེར་ལྔ་སྦགས་པས་བཀང་ལ།  ཁ་རྒྱན་མགུལ་ཆིངས་དུང་ཆུ་གཟུངས་རྡོར་དང་བཅས་པ་འགོད།  མདུན་དུ་གཏོར་ཟླུམ་དཀར་པོ་དང་།  ཆུ་གཉིས་ཉེར་སྤྱོད་ལྔ་བསྐོར་བཤམ་མམ་ཕྲེང་ཚར་གང་བདེ།    {{TibChung|[2a]}} ནད་པའི་མདུན་དུ་གྲིབ་གླུད་ནག་པོ་མཐོ་གང་ལས་མི་ཆུང་བ་ལ་གླུད་ཕྲན་འབྲུ་སྨན་རིན་པོ་ཆེ་དང་གོས་དུ་མ་ཟས་སྣ་སོགས་ཀྱིས་བསྐོར་བ་དང་།  སྣོད་གཅིག་ཏུ་ཆངས་རིལ་བདུན་ནམ་ཉེར་གཅིག་རེ་བླུགས་པ་མང་ཉུང་དོ་གལ་དང་བསྟུན་ཏེ་བཀོད།  རང་གི་མདུན་དུ་རྡོ་དྲིལ།  གུལ་ཡུངས།  མེ་ཏོག་གི་སྣོད་སོགས་ཉེར་མཁོའི་ཡོ་བྱད་རྣམས་འདུ་བྱས་ཏེ།  ཐོག་མར་སྒྲུབ་པ་ལ།  བདག་གི་རྣལ་འབྱོར་ནི།}}    ན་མོ།  བླ་མ་མཆོག་གསུམ་ཡི་དམ་ལྷར།  །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ།  །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར།  །སྨེ་བ་བརྩེགས་པ་བསྒོམ་པར་བགྱི།  །{{TibChung|ཞེས་ལན་གསུམ་ {{TibChung|[2b]}} གྱིས་སྐྱབས་སེམས་དང་།}}    སེམས་ཅན་བདེ་དང་ལྡན་གྱུར་ཅིག    །སྡུག་བསྔལ་ཀུན་དང་བྲལ་བར་ཤོག  །བདེ་དང་རྟག་ཏུ་མི་འབྲལ་ཞིང་།  །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག  །{{TibChung|ཅེས་ཚད་མེད་བཞི་བསྒོམ།}}      ཨོཾ་སྭ་བྷཱ་ཝ{{TibChung|ས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པར་སྦྱང་།}}    སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་རང་སེམས་ཧཱུྃ་ལས་ཁྲོ་བོའི་རྒྱལ་པོ་སྨྲེ་བ་བརྩེགས་པ་སྐུ་མདོག་མཐིང་ནག་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ་ཞལ་གཅིག་ཕྱག་གཉིས་པ།  ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་།  གཡོན་སྡིགས་མཛུབ་བསྒྲེང་བའི་རྩེ་ལས་ཡེ་ཤེས་ཀྱི་མེ་འབར་བ།  ཞལ་གདངས་ཤིང་མཆེ་བ་གཙིགས་པ།  དབུ་སྐྲ་དམར་སེར་གྱེན་དུ་འབར་ཞིང་ཡན་ལག་སྦྲུལ་གྱིས་བརྒྱན་པ།  སྟག་གི་པགས་པའི་ཤམ་ཐབ་ཅན།  ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པའོ།  །དེའི་སྤྱི་བོར་ཨོཾ།  མགྲིན་པར་ཨཱཿ      ཐུགས་ཀར་ཧཱུྃ།  ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿ{{TibChung|ས་སྤྱན་དྲངས}}      ཨརྒྷཾ་{{TibChung|སོགས་ཀྱིས་མཆོད།}}    ཛཿཧཱུྃ་བྃ་ཧོཿ {{TibChung|ས་གཉིས་སུ་མེད་པར་བསྟིམ།}}    སླར་ཡང་སྙིང་གའི་འོད་ཟེར་གྱིས་ {{TibChung|[3a]}} དབང་གི་ལྷ་རིགས་ལྔ་སྲས་དང་བཅས་པ་བཛྲ་ས་མཱ་ཛཿ{{TibChung|ས་སྤྱན་དྲང་།}}      ཨརྒྷཾ་{{TibChung|སོགས་ཀྱིས་མཆོད།}}    ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ།  ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར།  སྐུ་གང་།  དྲི་མ་དག  །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་བདག་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་བསམ།  སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་འཕྲོས།  ཉམས་གྲིབ་མི་གཙང་བ་ཐམས་ཅད་སྦྱངས།  བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིས་ལུས་གང་བར་{{TibChung|བསམ་ལ།}}    ཨོཾ་བྷཱུར་ཀུཾ་མ་ཧཱ་པྲ་མཱ་ཎ་ཡེ་བྷུརྩི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔  {{TibChung|ཅེས་བརྒྱ་རྩ་ལ་སོགས་པ་བཟླ།  དེ་ནས་མཆོད་རྫས་རྣམས་}} རྃ་ཡྃ་ཁྃ་{{TibChung|གིས་བསང་སྦྱང་།}}    རྣམ་དག་ཆསོ་དབྱིངས་ངང་ཉིད་ལས༔  རང་བྱུང་མཆོད་པའི་ཕུང་པོ་ནི༔  ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔  དཔག་ཡས་ནམ་མཁའ་གང་བར་གྱུར༔  ཨོཾ་བཛྲ་ཨརྒྷཾ་{{TibChung|ནས།}}      ཤཔྡ་ཨཱཿཧཱུྃ{{TibChung|གི་བར་གྱིས་བྱིན་བརླབ།}}      བུམ་པ་ཨ་མྲྀ་ཏ{{TibChung|ས་བསང་།}}      སྭ་བྷཱ་ཝ{{TibChung|ས་སྦྱང་།}}    སྟོང་པའི་ངང་ལས་བྷྲཱུྃ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་བུམ་པ་ {{TibChung|[3b]}} ལྟོ་བ་ལྡིར་བ།  མགྲིན་པ་ཕྲ་བ།  ཁ་གཡེལ་བ།  མཆུ་འཕྱང་བ།  ལྷའི་གོས་ཀྱིས་མགུལ་བཅིངས་པ།  དཔག་བསམ་ཤིང་གི་ཁ་རྒྱན་ཅན།  ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་{{TibChung|སོགས་ནས།}}      བཛྲ་ས་མཱ་ཛཿའི་{{TibChung|བར་སྔར་བཞིན་ལས།}}      ཧཱུྃ།  དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ།  །སྤྱན་འདྲེན་གཤེགས་སུ་གསོལ་བ་མི་དམིགས་ཀྱང་།  །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས།  ཡེ་ཤེས་སྒྱུ་མར་རོལ་ཞིང་གཤེགས་སུ་གསོལ།  །ཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ        {{TibChung|ཞེས་དང་།}}      ཛཿཧཱུྃ་བྃ་ཧོཿ      སླར་ཡང་སྙིང་གའི་{{TibChung|སོགས་ནས།}}    རིགས་བདག་རྡོ་རྗེ་སེམས་དཔས་དབུ་བརྒྱན་པའི་བར་{{TibChung|སྔར་བཞིན་མཐར།}}    རབ་འབྱམས་རྒྱ་མཚོ་དཔག་མེད་{{TibChung|སོགས་སྤྱི་ལྟར་གྱིས་མཆོད།}}      བདག་མེད་ལྟ་བའི་ཧེ་རུ་ཀས།  །བདག་ལྟའི་འབྱུང་པོ་བསྒྲལ་བའི་ཚེ།  །སྣམ་ནས་ཁྲོ་བོའི་རྒྱལ་པོ་བྱུང་།  །གདུལ་དཀའ་འདུལ་མཛད་ཉིད་ལ་བསྟོད།  །བསྟོད་པར་འོས་པ་{{TibChung|སོགས་ཀྱིས་ཀྱང་བསྟོད།  དེ་ནས།}}      བདག་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་ {{TibChung|[4a]}} བ་ཐོན།  གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང་བས་བུམ་ལྷའི་ཐུགས་རྒྱུད་བསྐུལ།  ཐུགས་ཀ་དང་སྐུའི་ཆ་ཐམས་ཅད་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཡོངས་སུ་གང་བར་གྱུར་པར་{{TibChung|བསམ་ཞིང་།  གཟུངས་ཐག་ལ་འཇུས་ཏེ་གོང་གི་བཟླས་པ་བརྒྱ་རྩ་སོགས་བྱས་མཐར།}}    ཨོཾ་ཨཱཿཧཱུྃ་{{TibChung|གིས་དུང་ཆོས་ཀྱི་ཆུས་མཆོད་ཡོན་དུ་ཕུལ་བས།}}      ལྷ་ཉིད་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་འདྲེས་པར་{{TibChung|མོས།  དེ་ནས་གཏོར་མ་}} རྃ་ཡྃ་ཁྃ་{{TibChung|གིས་བསང་སྦྱང་།}}    སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པར་གྱུར།  ཨོཾ་ཨཱཿཧཱུྃ་{{TibChung|གིས་བྱིན་གྱིས་བརླབ།}}    རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོའི་རྒྱལ་པོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ{{TibChung|ས་གཏོར་མའི་མགྲོན་དུ་སྤྱན་དྲངས།}}    ལྷའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར།  ཨོཾ་བྷུ་རྐུཾ་མ་ཧཱ་པྲ་མཱ་ཎ་ཡེ་བྷུརྩི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།  {{TibChung|ཞེས་ལན་བདུན་ནམ་གསུམ་གྱིས་གཏོར་མ་ཕུལ་ནས།  དྲིལ་བུ་བཅད་གཏུབ་ཏུ་དཀྲོལ་ཞིང་།}}    ཁྲོ་བོའི་རྒྱལ་པོ་འཁོར་བཅས་ཀྱིས།  །མཆོད་ {{TibChung|[4b]}} སྦྱིན་གཏོར་མ་འདི་བཞེས་ལ།  །{{TibChung|ཞེས་སོགས་ནས།}}    ཡིད་ལ་འདོད་པ་ཀུན་འགྲུབ་མཛོད།  །{{TibChung|ཅེས་པའི་བར་གྱིས་ཕྲིན་ལས་བཅོལ་ལ།}}    བཛྲ་མུཿ{{TibChung|ས་གཏོར་མགྲོན་རྣམས་རང་བཞིན་གྱི་གནས་སུགཤེགས་སུ་གསོལ་ལོ།  །གཉིས་པ་ཁྲུས་དངོས་ལ།  བཀྲུ་བ།  བྱབ་པ།  ལན་གཏོར་གཏོང་བ།  བསྲུང་བ་དང་བཞི་ལས།  དང་པོ་ནི།}}    དེའང་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་གྲིབ་དང་མི་གཙང་བའི་དྲི་མས་གོས་པ་དེ་ཐམས་ཅད་སློབ་དཔོན་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ཕྱག་གི་བུམ་པའི་ཆུས་བཀྲུས་པས་ལུས་ཀྱི་ཆ་ཐམས་ཅད་ནས་ནག་འདུར་གྱིས་ཐོན་ནས་ལུས་གཙང་ཞིང་དག་པར་གྱུར་པའི་མོས་པ་མཛོད་{{TibChung|བྱས་ནས།  བུམ་པ་ཐོགས་ལ།}}    ཇི་ལྟར་བལྟམས་པ་ཙམ་གྱིས་ནི།  །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར།  །ལྷ་ཡི་ཆུ་ནི་དག་པ་ཡིས།  །དེ་བཞིན་བདག་གིས་ཁྲུས་བགྱིའོ།  །{{TibChung|བུམ་ཆུ་སྤྱི་བོར་སྦྲེང་བཞིན་རྩ་སྔགས་མཐར།}}      ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ།  འདི་ནི་ཁྲུས་མཆོག་དཔལ་དང་ལྡན།  །ཐུགས་རྗེའི་ཆུ་ནི་བླ་ན་མེད།  །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི།  །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད།  །{{TibChung|རྩ་སྔགས་མཐར།}}      ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ།  རིན་ཆེན་ཤེལ་བུམ་ {{TibChung|[5a]}} དྲི་མེད་ནང་།  །མེ་ལོང་ཡེ་ཤེས་ཆུ་ཡིས་བཀང་།  །སྐལ་ལྡན་བུ་ཡི་ལུས་བཀྲུས་པས།  །ཞེ་སྡང་ལས་གྱུར་ནད་གདོན་བགེགས།  །ཉམས་གྲིབ་མི་གཙང་དག་གྱུར་ཅིག  །{{TibChung|སྔགས་གོང་བཞིན།}}      རིན་ཆེན་གསེར་བུམ༴   མཉམ་ཉིད་ཡེ་ཤེས༴   སྐལ་ལྡན་བུ་ཡིས༴   ང་རྒྱལ་ལས་གྱུར༴   ཉམས་གྲིབ་མི་གཙང་༴   {{TibChung|སྔགས།}}    རིན་ཆེན་ཟངས་བུམ༴   སོར་རྟོག་ཡེ་ཤེས༴   སྐལ་ལྡན་བུ་ཡིས༴   འདོད་ཆགས་ལས་གྱུར༴   ཉམས་གྲིབ་མི་གཙང་༴   {{TibChung|སྔགས།}}      རིན་ཆེན་དངུལ་བུམ༴   བྱ་གྲུབ་ཡེ་ཤེས༴   སྐལ་ལྡན༴   ཕྲག་དོག་ལས་གྱུར༴   ཉམས་གྲིབ༴   {{TibChung|སྔགས།  རིན་ཆེན་མཐིང་བུམ༴   ཆོས་དབྱིངས་ཡེ་ཤེས༴   སྐལ་ལྡན༴   གཏི་མུག་ལས་གྱུར༴   ཉམས་གྲིབ༴   སྔགས།  གཞན་ཡང་སྤྲོ་ན་ཕར་ཕྱིན་དྲུག་གི་ཁྲུས་སོགས་བྱ།}}    དེས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ་པའི་མོས་པ་མཛོད།  {{TibChung|ཅེས་བཀྲུའོ།  །གཉིས་པ་བྱབ་པ་ནི།  རྡོ་རྗེ་དང་བཅས་པའི་རྨ་བྱའི་སྒྲོ་མདོངས་བཟུང་ {{TibChung|[5b]}} ནས།}}      རྨ་བྱའི་མདོངས་འདི་ཉིད་ཀྱི་དབུས་སུ་ཟླ་བའི་གདན་ལ་ཧཱུྃ་མཐིང་ནག་འོད་ཟེར་འཕྲོ་བའི་མཐར་སྔགས་ཀྱིས་བསྐོར་བ་དེའི་འོད་ཟེར་གྱིས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་གནས་པའི་དྲི་མ་ཐམས་ཅད་སྦུར་མ་རླུང་གིས་བདས་པ་བཞིན་བྱབ་ནས་མདུན་གྱི་གླུད་ལ་ཐིམ་པའི་མོས་པ་མཛོད།  {{TibChung|བསྒྲུབ་བྱ་ལ་དེས་བྱབ་བཞིན་དུ།  ཆེ་གེ་མོའི་}} ནད་དང་།  གདོན་དང་།  སྡིག་པ་དང་།  སྒྲིབ་པ་དང་།  ཉམས་ཆག་དང་།  གྲིབ་དང་།  མི་གཙང་བ་དང་།  རྐྱེན་ངན་པ་དང་།  བར་དུ་གཅོད་པ་མི་མཐུན་པའི་ཕྱོགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག  །ཤཱནྟིཾ་ཀུ་རུ་སྭཱ་ཧཱ།  ནད་ཀྱི་རིགས་སུ་གྱུར་པ།  ལྷ་ནད་མྱོས་པ།  བདུད་ནད་འཐིབས་པ།  རྒྱལ་ནད་སྨྱོ་འབོགས།  གཟའ་ནད་ཀུ་རེ།  བཙན་ནད་གཟེར་ཐེབས།  མ་མོའི་དལ་ཡམས།  ཀླུ་ནད་གདུག་པ།  དམུ་ནད་རྨུག་པ།  རྒྱ་ནད་མིག་སེར།  བལ་ནད་འབྲུམ་བུ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག  །ཤཱནྟིཾ་ཀུ་རུ་སྭཱ་ཧཱ།  རླུང་དང་།  མཁྲིས་པ་དང་།  བད་ཀན་དང་།  འདུས་པའི་ནད་བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག    །ཤཱནྟིཾ༴   གདོན་གྱི་ {{TibChung|[6a]}} རིགས་སུ་གྱུར་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ།  བདུད་རིགས་སུམ་བརྒྱ་དྲུག་ཅུ།  ཕུང་འདྲེ་གདོན་ཆེན་བཅོ་བརྒྱད།  བྱིས་པའི་གདོན་ཆེན་བཅོ་ལྔ།  གདོན་ཕལ་པ་བཞི།  ལྷ།  ཀླུ།  བདུད།  བཙན།  རྒྱལ་པོ།  མ་མོ།  གཤིན་རྗེས་ལ་སོགས་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་ཀྱི་གནོད་པ་བྱང་ཞིང་དག་པར་གྱུར་ཅིག  །ཤཱནྟིཾ༴   སྡིག་པའི་རིགས་སུ་གྱུར་པ་མི་དགེ་བ་བཅུ།  མཚམས་མེད་པ་ལྔ།  དེ་དང་ཉེ་བ་ལྔ།  ལྕི་བ་བཞི།  ལོག་པ་བརྒྱད།  ཁ་ན་མ་ཐོ་བ་སོགས་ངན་སོང་དང་འཁོར་བའི་རྒྱུ་བསགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །  ཤཱནྟིཾ༴   སྒྲིབ་པའི་རིགས་སུ་གྱུར་པ་ལས་ཀྱི་སྒྲིབ་པ།  ཉོན་མོངས་པའི་སྒྲིབ་པ།  བག་ལ་ཞ་བའི་སྒྲིབ་པ།  ཤེས་བྱའི་སྒྲིབ་པ།  ལྟ་བ་དམན་པའི་སྒྲིབ་པ།  ཆོས་སྤངས་པའི་སྒྲིབ་པ་ལ་སོགས་པ་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་པ་ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག  །ཤཱནྟིཾ༴   ཉམས་ཆག་གི་རིགས་སུ་གྱུར་པ་མི་ནག་གི་མནའ་དང་།  ཁྲེལ་དང་།  ང་ཚོ་ཉམས་པ་དང་།  ཉན་ཐོས་སོ་སོར་ཐར་པའི་རིགས་ {{TibChung|[6b]}} བདུན་གྱི་སྡོམ་པ་ཉམས་པ་དང་།  བྱང་ཆུབ་སེམས་དཔའི་བསླབ་བྱ་སྨོན་འཇུག་གི་སེམས་བསྐྱེད་ཉམས་པ་དང་།  གསང་སྔགས་ཀྱི་རྩ་ལྟུང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་སོགས་པ་ས་མ་ཡ་འབུམ་སྡེ་ཉམས་པ་དང་།  བླ་མ་དཀོན་མཆོག་གི་དཀོར་དང་སྐུ་གླུད་ལ་འབག་པ་དང་།  དམ་ཚིག་ཉམས་པ་དང་།  སྐུར་པ་བཏབ་པ་དང་།  ལོག་པར་བལྟས་པ་དང་།  ཡི་དམ་ལྷ་ཚོགས།  དཔའ་བོ་ཌཱ་ཀི  །  ཆོས་སྐྱོང་སྲུང་མ།  ཆོས་མཛད་དཔོན་སློབ།  ཡོན་མཆོད་མཆེད་ལྕམ།  ཕ་མ་ཕུ་ནུ་བཞི་བཅས་ལ་བསྲུང་སྡོམ་ཉམས་པ་དང་།  ལོག་པར་བལྟས་ཤིང་སྐུར་པ་བཏབ་པ་དང་།  མ་རིག་མུན་པར་འཐིབ་པ།  དུག་ལྔ་རང་གར་ཤོར་བས་ཆགས་སྡང་རྨོངས་གསུམ་གྱི་ཕུང་པོར་སོང་བ།  མི་དགེ་བའི་ལམ་དུ་ཚུད་པ།  དེ་ལྟར་སྤྱོད་པ་རྣམས་དང་འགྲོགས་པ།  ལུས་ངག་ཡིད་གསུམ་འདྲེས་པ།  དེ་རྣམས་ཀྱི་གནས་སུ་བསྡད་པ།  ཟས་ཟོས་ཤིང་གོས་གྱོན་པ།  དངོས་པོ་འདྲེས་པ་ལ་སོགས་པ་རྣམས་བྱང་ཞིང་དག་པར་གྱུར་ཅིག  །ཤཱནྟིཾ༴   གྲིབ་ཀྱི་རིགས་སུ་གྱུར་པ་ཕྱི་ཡུལ་ལ་སྣང་བ་ཨ་འཐས་ཀྱི་ {{TibChung|[7a]}} གྲིབ།  ནང་དུག་ལྔ་འདོད་ཞེན་གྱི་གྲིབ།  བར་གཅོད་བློ་འབྲིད་ཀྱི་གྲིབ།  གསང་བ་མ་རིག་པས་ཟིན་པ་ཁ་ཆོས་གཏིང་འབྱམས་ཀྱི་གྲིབ།  ཐོ་ཅོ་སྤྱོད་རྩིང་གི་གྲིབ།  འདོད་བློ་སྡང་སེམས་ཀྱི་གྲིབ།  བདག་བསྟོད་གཞན་སྨོད་ཀྱི་གྲིབ།  ཞེན་འདོད་སྔོན་བསུའི་གྲིབ།  འདོད་པ་ཕྱོགས་མེད་ཀྱི་གྲིབ།  མི་ཤེས་ཤེས་བརྫུའི་གྲིབ།  དམ་བཅའ་རེ་འདོད་ཞན་པའི་གྲིབ།  ཁ་ལྟ་སྟོང་འབྱམས་ཀྱི་གྲིབ།  མ་རྟོགས་ལོག་རྟོག་ཕྱོགས་རྟོགས་ཀྱི་གྲིབ།  ཁ་འཛིན་ཆོས་སྤང་གི་གྲིབ།  སྡོམ་ཉམས་སྡིག་ཅན་གྱི་གྲིབ།  ཕྱྭ་དང་མོ་མ་ལ་སོགས་པ་གྲིབ་ཀྱི་རིགས་སུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག  །ཤཱནྟིཾ༴   འཁོན་གྱི་རིགས་སུ་གྱུར་པ་བླ་མ་དཀོན་མཆོག་ལ་འཁོན་པ་དང་།  ཆོས་མཛད་གོང་མ་དང་།  གཟུངས་མ་དང་།  མཆེད་གྲོགས་དང་།  དཔོན་སློབ་དང་།  གྲོགས་པོ་རྣམས་དང་འཁོན་པ་དང་།  ཕ་མ་སྤུན་ཟླ་ཉེ་འབྲེལ་དང་འཁོན་པ་དང་།  ཡུལ་མི་ཁྱིམ་མཚེས་དང་འཁོན་པ་དང་།  ལྷ་འཁོན་དང་།  ཀླུ་འཁོན་དང་།  ལྷ་མ་སྲིན་སྡེ་བརྒྱད་དང་འཁོན་པ་དང་།    {{TibChung|[7b]}} འཁོན་གསེབ་ཏུ་ཕྱིན་པ་དང་།  སྤྱོད་པ་འདྲེས་པ་ལ་སོགས་པ་འཁོན་གྱི་རིགས་སུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག  །ཤཱནྟིཾ༴   མི་གཙང་བའི་རིགས་སུ་གྱུར་པ་མཛེ་ཕོ་དང་།  ཡུགས་ས་དང་།  དམེ་ཕོ་དང་།  བཀན་པ་དང་།  མནོལ་དང་།  བཙོག་དང་།  བཙུན་པ་དང་།  མནའ་ཁང་དང་།  གོས་སྟན་དང་།  སྣོད་དང་།  སྐྱོར་དང་།  རོ་བཙོག་ལ་སོགས་པ་མི་གཙང་བའི་རིགས་སུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག  །ཤཱནྟིཾ༴   རྐྱེན་ངན་བར་ཆད་ཀྱི་རིགས་སུ་གྱུར་པ།  ཕྱིའི་རྐྱེན་འཚོ་བ་ལོངས་སྤྱོད་ཉམས་པ།  གནས་དང་འཁོར་ངན་པ།  སྔ་དགྲ་དར་བ།  ཕྱི་དགྲ་སེམས་པ།  ད་དགྲ་རྩོམ་པ།  ཁ་སྨྲས་དང་གླེང་གཞི་རྩོད་པ།  མི་ཁ་དང་སྨྲ་མཆུ་ལྡང་བ།  བསམ་པ་ངན་པ།  སྦྱོར་བ་རྩུབ་པར་བྱེད་པ་ལ་སོགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག  །ཤཱནྟིཾ༴   ནང་གི་རྐྱེན་དམ་པའི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པ།  ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པ།  བསམ་པ་དང་ཚེ་སྲོག་ལ་བར་དུ་གཅོད་པ།  གཞན་ཡང་དམ་ཉམས་དང་ {{TibChung|[8a]}} འགྲོགས་པ།  ཟས་ཟོས་གོས་གྱོན་སྤྱོད་པ་འདྲེས་པ།  གནས་ཀྱི་གྲིབ།  སྟན་གྱི་གྲིབ།  བཙོག་གི་གྲིབ།  རོའི་གྲིབ།  འགལ་རྐྱེན་ཉི་ཁྲི་བཞི་སྟོང་།  ཡེ་འདྲོག་སུམ་བརྒྱ་དྲུག་ཅུ།  གློ་བུར་བརྒྱད་ཅུ་རྩ་གཅིག  །དུས་མིན་འཆི་བ་བཅོ་བརྒྱད་ལ་སོགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག  །ཤཱནྟིཾ་ཀུ་རུ་སྭཱ་ཧཱ།  ཧཱུྃ་པྲ་མ་ཡ་ཧཱུྃ།  ཞེས་བྱབས་པས།  མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་བྱང་ཞིང་དག་ནས་ལུས་ཤེལ་གོང་ལྟར་དྭངས་པར་གྱུར་པར་{{TibChung|བསམ་མོ།  །གསུམ་པ་གླུད་གཏོར་གཏོང་བ་ནི།  གླུད་དང་ཆངས་རིལ་རྣམས་ལ་བསང་ཆུ་འཐོར་ཞིང་།}}      རྃ་ཡྃ་ཁྃ་{{TibChung|གིས་བསང་སྦྱང་།}}    སྟོང་པའི་ངང་ལས་གླུད་གཏོར་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཚང་ཞིང་མཛེས་པ་འདོད་རྒུའི་འབྱོར་པ་བསམ་མི་ཁྱབ་པར་བཅས་པ་དང་།  ཆངས་རིལ་གཏོར་མ་རྣམས་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པ་ནད་བདག་གྲིབ་བདག་ལན་ཆགས་ཀྱི་མགྲོན་རྣམས་ངོམས་ཤིང་ཚིམ་པར་བྱེད་ནུས་པའི་བདག་ཉིད་ཅན་གྱིས་ས་དང་བར་སྣང་ཐམས་ཅད་གང་བར་{{TibChung|བསམ་ཞིང་།}}    ན་མཿསརྦ་ཏ་ཐཱ་ག་ཏེ་ {{TibChung|[8b]}}      བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།  {{TibChung|ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་བདུན་དང་།}}    ཨོཾ་ཨཱཿཧཱུྃ་{{TibChung|གིས་བྱིན་བརླབ།}}    དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ།  །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ།  །དེ་བཞིན་གཤེགས་པའི་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ།  །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ།  །{{TibChung|ཞེས་དང་།}}    ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ།  {{TibChung|ཞེས་གྲངས་བདུན་ནམ་ཉེར་གཅིག་སོགས་བརྗོད་བཞིན་ཆངས་རིལ་ནད་པ་ལ་གཡས་སུ་བསྐོར་ནས་གླུད་ཀྱི་ནང་དུ་བླུགས་ལ།}}    ཧཱུྃ།  ངར་གྱི་གླུད་བཟང་རིན་ཆེན་འདི།  །ལུས་ངག་ཡིད་གསུམ་འདི་ལ་ཚང་།  །སྐྱེ་མཆེད་བཅུ་གཉིས་འདི་ལ་ཚང་།  །ཕུང་པོ་ལྔ་པོ་འདི་ལ་ཚང་།  རྣམ་ཤེས་ཚོགས་བརྒྱད་འདི་ལ་ཚང་།  །མི་བས་གླུད་བཟང་ཡ་ལ་ལ།  །བཟའ་བས་ཁ་གྲོ་ཐིབས་སེ་ཐིབ།  །རྣལ་འབྱོར་བསྲུང་བྱ་འཁོར་བཅས་ཀྱི།  །ཚེ་སྲོག་གླུད་དུ་འདི་འབུལ་གྱི།  །བཟུངས་པ་དང་ནི་བཅིངས་པ་དང་།  །བསྡམས་པ་རྣམས་ནི་ {{TibChung|[9a]}} གྲོལ་བར་མཛོད།  །ཚེ་སྲོག་བར་ཆད་མ་བྱེད་ཅིག  །གནོད་ཅིང་འགལ་བར་མ་བྱེད་པར།  །བྱང་ཆུབ་སྒྲུབ་པའི་གྲོགས་མཛོད་ཅིག  །ཀྱེ།  གྲིབ་བདག་གླུད་བདག་ཕོ་མོ་རྣམས།  །གྲིབ་གླུད་རྒྱན་ལྡན་འདི་ལོངས་ལ།  །བཟུངས་པ་ཐོང་ལ་བཅིངས་པ་ཁྲོལ།  །བདག་དང་རྒྱུ་སྦྱོར་འཁོར་བཅས་ལ།  །གནོད་ཅིང་སྡིག་པར་མ་བྱེད་ཅིག  །{{TibChung|ཅེས་བསྔོ།  ལོ་གྲངས་སམ་བརྒྱ་རྩ་སོགས་གྲངས་གསོག་ན་གོང་གི་དེ་བཞིན་གཤེགས་པ་བཞིའི་མཚན་སྔགས་ནས་འདིའི་བར་དུ་གྲངས་འཛིན།  མཐར་གྲངས་རྫོགས་ནས་གླུད་གཏོར་ཁ་ཕྱིར་བསྒྱུར་ལ།}}    ན་མོ།  དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།  །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་།  ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་།  ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་།  ཁྱད་པར་དུ་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པའི་བཀའ་བདེན་པ་དང་།  བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་བསྲུང་བྱ་ཆེ་གེ་མོ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་གདུག་པའི་སེམས་འཆང་བའི་གྲིབ་བདག་འབྱུང་པོ་གདུག་པ་ཅན་ཐམས་ཅད་གླུད་ཀྱི་གཏོར་ {{TibChung|[9b]}} མ་འདིས་ཚིམ་པར་གྱིས་ལ།  འདིར་མ་འདུག་པར་སོ་སོ་རང་རང་གི་གནས་སུ་བདེ་བར་དེངས་ཤིག  །གལ་ཏེ་མི་འགྲོ་ན་ཁྲོ་བོའི་སྤྲིན་རབ་འབྱམས་ཀྱིས་ཁྱེད་རྣམས་ཀྱི་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་ཏ་རེ།  {{TibChung|ཞེས་དང་།  གུ་གུལ་བདུག་ཅིང་ཡུངས་ཐུན་བྲབ་པ་དང་བཅས།  རྩ་སྔགས་མཐར་}} སུཾ་བྷ་ནི་{{TibChung|སྦྲེལ་བས་བསྐྲད་ལ།  གླུད་གཏོར་འདྲེ་ལྔ་གནས་པའི་ཕྱོགས་སམ་ཆུ་བོ་ཆེན་པོའི་གཞུང་སོགས་ཕྱི་རོལ་དུ་བསྐྱལ་ལོ།  །བཞི་པ་བསྲུང་བ་ནི།}}    ཁྱེད་རང་སྐད་ཅིག་གིས་ལས་ཀྱི་ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་མཐིང་ནག་གཡས་རྒྱ་གྲམ་བསྣམས་ཤིང་གཡོན་སྡིགས་མཛུབ་ཕྱར་བ་ལས་མེ་འབར་བ།  འཇིགས་པའི་ཆས་ཀྱིས་བརྒྱན་པ།  དེའི་སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བཞི་པའི་ལྟེ་བར་ཨོཾ་དཀར་པོ།  མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཨཱཿདམར་པོ།  ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོས་མཚན་པ།  སློབ་དཔོན་གྱི་གནས་གསུམ་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་འཕྲོས།  ཁྱེད་རང་གི་གནས་གསུམ་གྱི་ཡིག་འབྲུ་གསུམ་ {{TibChung|[10a]}} ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབ་པའི་མོས་པ་མཛོད།  {{TibChung|ཨོཾ་ཨཱཿཧཱུྃ་གིས་རྡོ་རྗེ་གནས་གསུམ་དུ་བཞག་ཅིང་།  གོ་བགོ་བའི་སླད་དུ།}}    སླར་ཡང་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལས་རྡོ་རྗེ་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས།  ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་བླུགས་སུ་གྱུར་ཏེ་ཕྱིན་ཆད་ནད་གདོན་ཉེར་འཚེ་གང་གིས་ཀྱང་གླགས་མི་རྙེད་པར་བསྲུང་བར་བྱས་པའི་མོས་པ་མཛོད།  ཨོཾ་བཛྲ་རཀྵ་ཧཱུྃ།  {{TibChung|ཞེས་བརྗོད་བཞིན་དུ།  སྤྱི་བོ།  དཔྲལ་བ།  མགྲིན་པ།  རྒྱབ།  སྙིང་ཁ།  ནུ་མ་གཉིས།  ལྟེ་བ།  སུམ་མདོ་རྣམས་སུ་རྡོ་རྗེ་རྒྱ་གྲམ་དུ་བཞག་ཅིང་མཐར་ལུས་ཀྱི་ཕྱི་ནས་གཡས་སུ་བསྐོར་ལ།  །}} རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་།  །ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ནུས་མཐུ་ཡིས།  །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས།  །ཕྱིན་ཆད་སུས་ཀྱང་གནོད་པ་མ་བྱེད་ཅིག  །{{TibChung|ཅེས་བརྗོད།  མཐའ་རྟེན་ཤིས་པར་བྱ་བའི་སླད་དུ།}}    བླ་མ་དང་གཉིས་སུ་མེད་པའི་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྷ་དང་དྲང་སྟོང་བདེན་ཚིག་གྲུབ་པའི་ཚོགས་ཀྱི་བསྐོར་ཏེ།  ཤིས་པ་ {{TibChung|[10b]}} བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོག་ཅིང་མེ་ཏོག་མནྡ་རའི་ཆར་ཆེན་པོ་ཕབས་པས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་ཏུ་ཁྱབ་པར་བྱས་པའི་མོས་པ་མཛོད།  {{TibChung|རྟེན་འབྲེལ་སྙིང་པོས་ཐོག་དྲངས་ཏེ།}}    མི་འགྱུར་ལྷུན་པོ་{{TibChung|སོགས་དང་།}}    བགེགས་རིགས་སྟོང་ཕྲག་{{TibChung|སོགས།}}  ཉིན་མོ་བདེ་ལེགས་{{TibChung|སོགས་བརྗོད་བཞིན་པས་མེ་ཏོག་འཐོར་རོ།  །གསུམ་པ་རྗེས་ཀྱི་བྱ་བ་ནི།}}  བདག་གི་རྣལ་འབྱོར་བསྡུ་བ་ལ།  རང་ཉིད་ཁྲོ་བོའི་རྒྱལ་པོར་གསལ་བ་འོད་དུ་ཞུ་སྟེ་མི་དམིགས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་བཞག་ཅིང་།  སླར་ཡང་ཁྲོ་རྒྱལ་སྣང་སྟོང་ཆེན་པོའི་སྐུར་ཤར་བའི་གཟི་བྱིན་གྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲུང་བར་གྱུར།  ཨོཾ་བཛྲ་རཀྴ་རཀྴ་ཧཱུྃ།  {{TibChung|ཞེས་བསྡུ་ལྡང་བྱ།}}    དགེ་བའི་འདི་ཡིས་མྱུར་དུ་བདག  །སྨེ་བ་བརྩེགས་པ་འགྲུབ་གྱུར་ན།  འགྲོ་བ་གཅིག་ཀྱང་མ་ལུས་པ།  །དེ་ཡིས་ལ་འགོད་པར་ཤོག  །{{TibChung|ཅེས་བསྔོ་སྨོན་དང་།  ཤིས་བརྗོད་ཇི་ལྟར་རིགས་པ་སྤེལ་བས་ལེགས་པར་གྲུབ་བོ།  །ཡང་སྐབས་འགའ་ཞིག་ཏུ་བདག་མདུན་མཆོད་གཏོར་གླུད་བསྔོ་སོགས་ཀྱི་སྤྲོས་པ་བསྡུ་བར་འདོད་ན།  བཟླས་སྔགས་ཚར་གཅིག་བརྗོད་པས།  སློབ་དཔོན་རང་ཉིད་སྐད་ཅིག་གིས་སྨེ་བ་བརྩེགས་པ་གསལ་ཞིང་།  བུམ་ཆུ་ {{TibChung|[11a]}} རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་བྱིན་བརླབས་ནས།}}    དེ་ཡང་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་{{TibChung|སོགས་ནས་བཀྲུ་བྱབས་བསྲུང་གསུམ་གོང་ལྟར་ལ།  འདོན་བྱའི་ཚིག་མང་ཉུང་རྒྱས་བསྡུས་སྐབས་དང་བསྟུན་པས་ཀྱང་འཐུས་ཏེ་རིག་སྔགས་ཀྱི་ནུས་པས་ཕན་ཡོན་ཅི་རིགས་པ་འབྱུང་བར་ངེས་སོ།  །གྲིབ་གདོན་ཉེས་པའི་དྲི་མ་ཀུན།  །རིགས་སྔགས་ཟླ་ཟེར་རྒྱུན་གྱིས་སྦྱངས།  །ལུས་སེམས་སྡུག་བསྔལ་གདུང་ཞི་ནས།  །ཕན་བདེའི་ལང་ཚོ་རྒྱས་བྱེད་ཤོག  །ཅེས་པའང་གློ་བུར་གྲིབ་གདོན་གྱིས་གཙེས་ཏེ་ཚོར་བ་སྡུག་བསྔལ་གྱིས་ཉམ་ཐག་པར་བྱས་པ་རྣམས་ལ་གདུང་སེལ་འདོད་པ་འཇོ་བོའི་ཆ་རྐྱེན་དུ།  གཏེར་བྱོན་སྨེ་བརྩེགས་མན་ངག་རྣམས་ཀྱི་བཅུད་བསྡུས་ནས་འཇུག་པ་བདེ་བའི་ངག་ཁྲིགས་སུ་བསྡེབས་པ་པོ་ནི་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ།  འདིས་ཀྱང་གཞན་ལ་ཕན་པ་ཆེན་པོ་འབྱུང་བའི་གཞིར་གྱུར་ཅིག  །སརྦ་དཱ་མངྒ་ལཾ།།  །།}} }}

</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 10:02, 4 September 2025

Wylie title khro rgyal sme ba brtsegs pa'i sgo nas grib sel khrus kyi cho ga dag byed gang+gA'i rgyun bzang DJYD-KABUM-23-A-025.pdf
Location bdud 'joms rin po che bka' 'bum
Volume 23, Text 25, Pages 403-423 (Folios 1a1 to 11a5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Khro rgyal sme ba brtsegs pa'i sgo nas grib sel khrus kyi cho ga dag byed gang+gA'i rgyun bzang. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 23: 403-423. Kalimpong: Dupjung Lama, 1979-1985.
Side notes Recto: khrus chog   Verso: gter byon sme brtsegs
More details More details
Genre Cleansing Ritual - khrus chog
Colophon

།ཅེས་པའང་གློ་བུར་གྲིབ་གདོན་གྱིས་གཙེས་ཏེ་ཚོར་བ་སྡུག་བསྔལ་གྱིས་ཉམ་ཐག་པར་བྱས་པ་རྣམས་ལ་གདུང་སེལ་འདོད་པ་འཇོ་བོའི་ཆ་རྐྱེན་དུ། གཏེར་བྱོན་སྨེ་བརྩེགས་མན་ངག་རྣམས་ཀྱི་བཅུད་བསྡུས་ནས་འཇུག་པ་བདེ་བའི་ངག་ཁྲིགས་སུ་བསྡེབས་པ་པོ་ནི་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ། འདིས་ཀྱང་གཞན་ལ་ཕན་པ་ཆེན་པོ་འབྱུང་བའི་གཞིར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

ces pa'ang glo bur grib gdon gyis gtses te tshor ba sdug bsngal gyis nyam thag par byas pa rnams la gdung sel 'dod pa 'jo bo'i cha rkyen du/___gter byon sme brtsegs man ngag rnams kyi bcud bsdus nas 'jug pa bde ba'i ngag khrigs su bsdebs pa po ni rgyal khams pa 'jigs bral ye shes rdo rje ste/___'dis kyang gzhan la phan pa chen po 'byung ba'i gzhir gyur cig___/sarba dA mang+ga laM//

[edit]
༄༅། །ཁྲོ་རྒྱལ་སྨེ་བ་བརྩེགས་པའི་སྒོ་ནས་གྲིབ་སེལ་ཁྲུས་ཀྱི་ཆོ་ག་དག་བྱེད་གངྒཱའི་རྒྱུན་བཟང་ཞེས་བྱ་བ་བཞུགས་སོ། །

༄༅། །ཨོཾ་སྭསྟི། བླ་མ་མཆོག་དང་ཐ་དད་དུ། །མི་དམིགས་ཁྲོ་རྒྱལ་སྨེ་བརྩེགས་ལ། །བཏུད་ནས་གྲིབ་ཅན་གསུང་སེལ་དུ། །བཀྲུ་བྱབ་སྲུང་བའི་མན་ངག་སྤྲོ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་སྦྱོར་བའི་ཆོས་ནི། གཙང་ཞིང་དགེ་བའི་གནས་སུ་སྟེགས་བུའི་ཁར་བུམ་གདན་པདྨ་འདབ་བརྒྱད་ཀྱི་དབུས་ཚོམ་བུའི་སྟེང་དུ་རིན་པོ་ཆེའི་བུམ་པ་ཆུ་གཙང་དྲི་བཟང་བུམ་རྫས་ཉེར་ལྔ་སྦགས་པས་བཀང་ལ། ཁ་རྒྱན་མགུལ་ཆིངས་དུང་ཆུ་གཟུངས་རྡོར་དང་བཅས་པ་འགོད། མདུན་དུ་གཏོར་ཟླུམ་དཀར་པོ་དང་། ཆུ་གཉིས་ཉེར་སྤྱོད་ལྔ་བསྐོར་བཤམ་མམ་ཕྲེང་ཚར་གང་བདེ། [2a] ནད་པའི་མདུན་དུ་གྲིབ་གླུད་ནག་པོ་མཐོ་གང་ལས་མི་ཆུང་བ་ལ་གླུད་ཕྲན་འབྲུ་སྨན་རིན་པོ་ཆེ་དང་གོས་དུ་མ་ཟས་སྣ་སོགས་ཀྱིས་བསྐོར་བ་དང་། སྣོད་གཅིག་ཏུ་ཆངས་རིལ་བདུན་ནམ་ཉེར་གཅིག་རེ་བླུགས་པ་མང་ཉུང་དོ་གལ་དང་བསྟུན་ཏེ་བཀོད། རང་གི་མདུན་དུ་རྡོ་དྲིལ། གུལ་ཡུངས། མེ་ཏོག་གི་སྣོད་སོགས་ཉེར་མཁོའི་ཡོ་བྱད་རྣམས་འདུ་བྱས་ཏེ། ཐོག་མར་སྒྲུབ་པ་ལ། བདག་གི་རྣལ་འབྱོར་ནི། ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །སྨེ་བ་བརྩེགས་པ་བསྒོམ་པར་བགྱི། །ཞེས་ལན་གསུམ་ [2b] གྱིས་སྐྱབས་སེམས་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག །ཅེས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་པར་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མའི་སྟེང་དུ་རང་སེམས་ཧཱུྃ་ལས་ཁྲོ་བོའི་རྒྱལ་པོ་སྨྲེ་བ་བརྩེགས་པ་སྐུ་མདོག་མཐིང་ནག་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་། གཡོན་སྡིགས་མཛུབ་བསྒྲེང་བའི་རྩེ་ལས་ཡེ་ཤེས་ཀྱི་མེ་འབར་བ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་འབར་ཞིང་ཡན་ལག་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབ་ཅན། ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས ཨརྒྷཾ་སོགས་ཀྱིས་མཆོད། ཛཿཧཱུྃ་བྃ་ཧོཿ ས་གཉིས་སུ་མེད་པར་བསྟིམ། སླར་ཡང་སྙིང་གའི་འོད་ཟེར་གྱིས་ [3a] དབང་གི་ལྷ་རིགས་ལྔ་སྲས་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་བདག་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་བསམ། སྙིང་གར་ཉི་མའི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་འཕྲོས། ཉམས་གྲིབ་མི་གཙང་བ་ཐམས་ཅད་སྦྱངས། བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིས་ལུས་གང་བར་བསམ་ལ། ཨོཾ་བྷཱུར་ཀུཾ་མ་ཧཱ་པྲ་མཱ་ཎ་ཡེ་བྷུརྩི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་ལ་སོགས་པ་བཟླ། དེ་ནས་མཆོད་རྫས་རྣམས་ རྃ་ཡྃ་ཁྃ་གིས་བསང་སྦྱང་། རྣམ་དག་ཆསོ་དབྱིངས་ངང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤཔྡ་ཨཱཿཧཱུྃགི་བར་གྱིས་བྱིན་བརླབ། བུམ་པ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་བུམ་པ་ [3b] ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷའི་གོས་ཀྱིས་མགུལ་བཅིངས་པ། དཔག་བསམ་ཤིང་གི་ཁ་རྒྱན་ཅན། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་སོགས་ནས། བཛྲ་ས་མཱ་ཛཿའི་བར་སྔར་བཞིན་ལས། ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བ་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། ཡེ་ཤེས་སྒྱུ་མར་རོལ་ཞིང་གཤེགས་སུ་གསོལ། །ཨེ་ཧྱེ་ཧི་བྷ་ག་བཱན་མ་ཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ཞེས་དང་། ཛཿཧཱུྃ་བྃ་ཧོཿ སླར་ཡང་སྙིང་གའི་སོགས་ནས། རིགས་བདག་རྡོ་རྗེ་སེམས་དཔས་དབུ་བརྒྱན་པའི་བར་སྔར་བཞིན་མཐར། རབ་འབྱམས་རྒྱ་མཚོ་དཔག་མེད་སོགས་སྤྱི་ལྟར་གྱིས་མཆོད། བདག་མེད་ལྟ་བའི་ཧེ་རུ་ཀས། །བདག་ལྟའི་འབྱུང་པོ་བསྒྲལ་བའི་ཚེ། །སྣམ་ནས་ཁྲོ་བོའི་རྒྱལ་པོ་བྱུང་། །གདུལ་དཀའ་འདུལ་མཛད་ཉིད་ལ་བསྟོད། །བསྟོད་པར་འོས་པ་སོགས་ཀྱིས་ཀྱང་བསྟོད། དེ་ནས། བདག་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་ [4a] བ་ཐོན། གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང་བས་བུམ་ལྷའི་ཐུགས་རྒྱུད་བསྐུལ། ཐུགས་ཀ་དང་སྐུའི་ཆ་ཐམས་ཅད་ནས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཡོངས་སུ་གང་བར་གྱུར་པར་བསམ་ཞིང་། གཟུངས་ཐག་ལ་འཇུས་ཏེ་གོང་གི་བཟླས་པ་བརྒྱ་རྩ་སོགས་བྱས་མཐར། ཨོཾ་ཨཱཿཧཱུྃ་གིས་དུང་ཆོས་ཀྱི་ཆུས་མཆོད་ཡོན་དུ་ཕུལ་བས། ལྷ་ཉིད་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་འདྲེས་པར་མོས། དེ་ནས་གཏོར་མ་ རྃ་ཡྃ་ཁྃ་གིས་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོའི་རྒྱལ་པོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་གཏོར་མའི་མགྲོན་དུ་སྤྱན་དྲངས། ལྷའི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བྷུ་རྐུཾ་མ་ཧཱ་པྲ་མཱ་ཎ་ཡེ་བྷུརྩི་བྷུརྐི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ་གསུམ་གྱིས་གཏོར་མ་ཕུལ་ནས། དྲིལ་བུ་བཅད་གཏུབ་ཏུ་དཀྲོལ་ཞིང་། ཁྲོ་བོའི་རྒྱལ་པོ་འཁོར་བཅས་ཀྱིས། །མཆོད་ [4b] སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ་ལ། བཛྲ་མུཿས་གཏོར་མགྲོན་རྣམས་རང་བཞིན་གྱི་གནས་སུགཤེགས་སུ་གསོལ་ལོ། །གཉིས་པ་ཁྲུས་དངོས་ལ། བཀྲུ་བ། བྱབ་པ། ལན་གཏོར་གཏོང་བ། བསྲུང་བ་དང་བཞི་ལས། དང་པོ་ནི། དེའང་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་གྲིབ་དང་མི་གཙང་བའི་དྲི་མས་གོས་པ་དེ་ཐམས་ཅད་སློབ་དཔོན་ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ཕྱག་གི་བུམ་པའི་ཆུས་བཀྲུས་པས་ལུས་ཀྱི་ཆ་ཐམས་ཅད་ནས་ནག་འདུར་གྱིས་ཐོན་ནས་ལུས་གཙང་ཞིང་དག་པར་གྱུར་པའི་མོས་པ་མཛོད་བྱས་ནས། བུམ་པ་ཐོགས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །བུམ་ཆུ་སྤྱི་བོར་སྦྲེང་བཞིན་རྩ་སྔགས་མཐར། ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །རྩ་སྔགས་མཐར། ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། རིན་ཆེན་ཤེལ་བུམ་ [5a] དྲི་མེད་ནང་། །མེ་ལོང་ཡེ་ཤེས་ཆུ་ཡིས་བཀང་། །སྐལ་ལྡན་བུ་ཡི་ལུས་བཀྲུས་པས། །ཞེ་སྡང་ལས་གྱུར་ནད་གདོན་བགེགས། །ཉམས་གྲིབ་མི་གཙང་དག་གྱུར་ཅིག །སྔགས་གོང་བཞིན། རིན་ཆེན་གསེར་བུམ༴ མཉམ་ཉིད་ཡེ་ཤེས༴ སྐལ་ལྡན་བུ་ཡིས༴ ང་རྒྱལ་ལས་གྱུར༴ ཉམས་གྲིབ་མི་གཙང་༴ སྔགས། རིན་ཆེན་ཟངས་བུམ༴ སོར་རྟོག་ཡེ་ཤེས༴ སྐལ་ལྡན་བུ་ཡིས༴ འདོད་ཆགས་ལས་གྱུར༴ ཉམས་གྲིབ་མི་གཙང་༴ སྔགས། རིན་ཆེན་དངུལ་བུམ༴ བྱ་གྲུབ་ཡེ་ཤེས༴ སྐལ་ལྡན༴ ཕྲག་དོག་ལས་གྱུར༴ ཉམས་གྲིབ༴ སྔགས། རིན་ཆེན་མཐིང་བུམ༴ ཆོས་དབྱིངས་ཡེ་ཤེས༴ སྐལ་ལྡན༴ གཏི་མུག་ལས་གྱུར༴ ཉམས་གྲིབ༴ སྔགས། གཞན་ཡང་སྤྲོ་ན་ཕར་ཕྱིན་དྲུག་གི་ཁྲུས་སོགས་བྱ། དེས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ་པའི་མོས་པ་མཛོད། ཅེས་བཀྲུའོ། །གཉིས་པ་བྱབ་པ་ནི། རྡོ་རྗེ་དང་བཅས་པའི་རྨ་བྱའི་སྒྲོ་མདོངས་བཟུང་ [5b] ནས། རྨ་བྱའི་མདོངས་འདི་ཉིད་ཀྱི་དབུས་སུ་ཟླ་བའི་གདན་ལ་ཧཱུྃ་མཐིང་ནག་འོད་ཟེར་འཕྲོ་བའི་མཐར་སྔགས་ཀྱིས་བསྐོར་བ་དེའི་འོད་ཟེར་གྱིས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་གནས་པའི་དྲི་མ་ཐམས་ཅད་སྦུར་མ་རླུང་གིས་བདས་པ་བཞིན་བྱབ་ནས་མདུན་གྱི་གླུད་ལ་ཐིམ་པའི་མོས་པ་མཛོད། བསྒྲུབ་བྱ་ལ་དེས་བྱབ་བཞིན་དུ། ཆེ་གེ་མོའི་ ནད་དང་། གདོན་དང་། སྡིག་པ་དང་། སྒྲིབ་པ་དང་། ཉམས་ཆག་དང་། གྲིབ་དང་། མི་གཙང་བ་དང་། རྐྱེན་ངན་པ་དང་། བར་དུ་གཅོད་པ་མི་མཐུན་པའི་ཕྱོགས་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ནད་ཀྱི་རིགས་སུ་གྱུར་པ། ལྷ་ནད་མྱོས་པ། བདུད་ནད་འཐིབས་པ། རྒྱལ་ནད་སྨྱོ་འབོགས། གཟའ་ནད་ཀུ་རེ། བཙན་ནད་གཟེར་ཐེབས། མ་མོའི་དལ་ཡམས། ཀླུ་ནད་གདུག་པ། དམུ་ནད་རྨུག་པ། རྒྱ་ནད་མིག་སེར། བལ་ནད་འབྲུམ་བུ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཤཱནྟིཾ་ཀུ་རུ་སྭཱ་ཧཱ། རླུང་དང་། མཁྲིས་པ་དང་། བད་ཀན་དང་། འདུས་པའི་ནད་བཞི་བརྒྱ་རྩ་བཞིའི་ནད་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཤཱནྟིཾ༴ གདོན་གྱི་ [6a] རིགས་སུ་གྱུར་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། བདུད་རིགས་སུམ་བརྒྱ་དྲུག་ཅུ། ཕུང་འདྲེ་གདོན་ཆེན་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། གདོན་ཕལ་པ་བཞི། ལྷ། ཀླུ། བདུད། བཙན། རྒྱལ་པོ། མ་མོ། གཤིན་རྗེས་ལ་སོགས་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་ཀྱི་གནོད་པ་བྱང་ཞིང་དག་པར་གྱུར་ཅིག །ཤཱནྟིཾ༴ སྡིག་པའི་རིགས་སུ་གྱུར་པ་མི་དགེ་བ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད། ཁ་ན་མ་ཐོ་བ་སོགས་ངན་སོང་དང་འཁོར་བའི་རྒྱུ་བསགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག ། ཤཱནྟིཾ༴ སྒྲིབ་པའི་རིགས་སུ་གྱུར་པ་ལས་ཀྱི་སྒྲིབ་པ། ཉོན་མོངས་པའི་སྒྲིབ་པ། བག་ལ་ཞ་བའི་སྒྲིབ་པ། ཤེས་བྱའི་སྒྲིབ་པ། ལྟ་བ་དམན་པའི་སྒྲིབ་པ། ཆོས་སྤངས་པའི་སྒྲིབ་པ་ལ་སོགས་པ་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་པ་ཅི་མཆིས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཤཱནྟིཾ༴ ཉམས་ཆག་གི་རིགས་སུ་གྱུར་པ་མི་ནག་གི་མནའ་དང་། ཁྲེལ་དང་། ང་ཚོ་ཉམས་པ་དང་། ཉན་ཐོས་སོ་སོར་ཐར་པའི་རིགས་ [6b] བདུན་གྱི་སྡོམ་པ་ཉམས་པ་དང་། བྱང་ཆུབ་སེམས་དཔའི་བསླབ་བྱ་སྨོན་འཇུག་གི་སེམས་བསྐྱེད་ཉམས་པ་དང་། གསང་སྔགས་ཀྱི་རྩ་ལྟུང་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་སོགས་པ་ས་མ་ཡ་འབུམ་སྡེ་ཉམས་པ་དང་། བླ་མ་དཀོན་མཆོག་གི་དཀོར་དང་སྐུ་གླུད་ལ་འབག་པ་དང་། དམ་ཚིག་ཉམས་པ་དང་། སྐུར་པ་བཏབ་པ་དང་། ལོག་པར་བལྟས་པ་དང་། ཡི་དམ་ལྷ་ཚོགས། དཔའ་བོ་ཌཱ་ཀི ། ཆོས་སྐྱོང་སྲུང་མ། ཆོས་མཛད་དཔོན་སློབ། ཡོན་མཆོད་མཆེད་ལྕམ། ཕ་མ་ཕུ་ནུ་བཞི་བཅས་ལ་བསྲུང་སྡོམ་ཉམས་པ་དང་། ལོག་པར་བལྟས་ཤིང་སྐུར་པ་བཏབ་པ་དང་། མ་རིག་མུན་པར་འཐིབ་པ། དུག་ལྔ་རང་གར་ཤོར་བས་ཆགས་སྡང་རྨོངས་གསུམ་གྱི་ཕུང་པོར་སོང་བ། མི་དགེ་བའི་ལམ་དུ་ཚུད་པ། དེ་ལྟར་སྤྱོད་པ་རྣམས་དང་འགྲོགས་པ། ལུས་ངག་ཡིད་གསུམ་འདྲེས་པ། དེ་རྣམས་ཀྱི་གནས་སུ་བསྡད་པ། ཟས་ཟོས་ཤིང་གོས་གྱོན་པ། དངོས་པོ་འདྲེས་པ་ལ་སོགས་པ་རྣམས་བྱང་ཞིང་དག་པར་གྱུར་ཅིག །ཤཱནྟིཾ༴ གྲིབ་ཀྱི་རིགས་སུ་གྱུར་པ་ཕྱི་ཡུལ་ལ་སྣང་བ་ཨ་འཐས་ཀྱི་ [7a] གྲིབ། ནང་དུག་ལྔ་འདོད་ཞེན་གྱི་གྲིབ། བར་གཅོད་བློ་འབྲིད་ཀྱི་གྲིབ། གསང་བ་མ་རིག་པས་ཟིན་པ་ཁ་ཆོས་གཏིང་འབྱམས་ཀྱི་གྲིབ། ཐོ་ཅོ་སྤྱོད་རྩིང་གི་གྲིབ། འདོད་བློ་སྡང་སེམས་ཀྱི་གྲིབ། བདག་བསྟོད་གཞན་སྨོད་ཀྱི་གྲིབ། ཞེན་འདོད་སྔོན་བསུའི་གྲིབ། འདོད་པ་ཕྱོགས་མེད་ཀྱི་གྲིབ། མི་ཤེས་ཤེས་བརྫུའི་གྲིབ། དམ་བཅའ་རེ་འདོད་ཞན་པའི་གྲིབ། ཁ་ལྟ་སྟོང་འབྱམས་ཀྱི་གྲིབ། མ་རྟོགས་ལོག་རྟོག་ཕྱོགས་རྟོགས་ཀྱི་གྲིབ། ཁ་འཛིན་ཆོས་སྤང་གི་གྲིབ། སྡོམ་ཉམས་སྡིག་ཅན་གྱི་གྲིབ། ཕྱྭ་དང་མོ་མ་ལ་སོགས་པ་གྲིབ་ཀྱི་རིགས་སུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཤཱནྟིཾ༴ འཁོན་གྱི་རིགས་སུ་གྱུར་པ་བླ་མ་དཀོན་མཆོག་ལ་འཁོན་པ་དང་། ཆོས་མཛད་གོང་མ་དང་། གཟུངས་མ་དང་། མཆེད་གྲོགས་དང་། དཔོན་སློབ་དང་། གྲོགས་པོ་རྣམས་དང་འཁོན་པ་དང་། ཕ་མ་སྤུན་ཟླ་ཉེ་འབྲེལ་དང་འཁོན་པ་དང་། ཡུལ་མི་ཁྱིམ་མཚེས་དང་འཁོན་པ་དང་། ལྷ་འཁོན་དང་། ཀླུ་འཁོན་དང་། ལྷ་མ་སྲིན་སྡེ་བརྒྱད་དང་འཁོན་པ་དང་། [7b] འཁོན་གསེབ་ཏུ་ཕྱིན་པ་དང་། སྤྱོད་པ་འདྲེས་པ་ལ་སོགས་པ་འཁོན་གྱི་རིགས་སུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཤཱནྟིཾ༴ མི་གཙང་བའི་རིགས་སུ་གྱུར་པ་མཛེ་ཕོ་དང་། ཡུགས་ས་དང་། དམེ་ཕོ་དང་། བཀན་པ་དང་། མནོལ་དང་། བཙོག་དང་། བཙུན་པ་དང་། མནའ་ཁང་དང་། གོས་སྟན་དང་། སྣོད་དང་། སྐྱོར་དང་། རོ་བཙོག་ལ་སོགས་པ་མི་གཙང་བའི་རིགས་སུ་གྱུར་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཤཱནྟིཾ༴ རྐྱེན་ངན་བར་ཆད་ཀྱི་རིགས་སུ་གྱུར་པ། ཕྱིའི་རྐྱེན་འཚོ་བ་ལོངས་སྤྱོད་ཉམས་པ། གནས་དང་འཁོར་ངན་པ། སྔ་དགྲ་དར་བ། ཕྱི་དགྲ་སེམས་པ། ད་དགྲ་རྩོམ་པ། ཁ་སྨྲས་དང་གླེང་གཞི་རྩོད་པ། མི་ཁ་དང་སྨྲ་མཆུ་ལྡང་བ། བསམ་པ་ངན་པ། སྦྱོར་བ་རྩུབ་པར་བྱེད་པ་ལ་སོགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཤཱནྟིཾ༴ ནང་གི་རྐྱེན་དམ་པའི་ཆོས་སྒྲུབ་པ་ལ་བར་དུ་གཅོད་པ། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པ། བསམ་པ་དང་ཚེ་སྲོག་ལ་བར་དུ་གཅོད་པ། གཞན་ཡང་དམ་ཉམས་དང་ [8a] འགྲོགས་པ། ཟས་ཟོས་གོས་གྱོན་སྤྱོད་པ་འདྲེས་པ། གནས་ཀྱི་གྲིབ། སྟན་གྱི་གྲིབ། བཙོག་གི་གྲིབ། རོའི་གྲིབ། འགལ་རྐྱེན་ཉི་ཁྲི་བཞི་སྟོང་། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ། གློ་བུར་བརྒྱད་ཅུ་རྩ་གཅིག །དུས་མིན་འཆི་བ་བཅོ་བརྒྱད་ལ་སོགས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཧཱུྃ་པྲ་མ་ཡ་ཧཱུྃ། ཞེས་བྱབས་པས། མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་བྱང་ཞིང་དག་ནས་ལུས་ཤེལ་གོང་ལྟར་དྭངས་པར་གྱུར་པར་བསམ་མོ། །གསུམ་པ་གླུད་གཏོར་གཏོང་བ་ནི། གླུད་དང་ཆངས་རིལ་རྣམས་ལ་བསང་ཆུ་འཐོར་ཞིང་། རྃ་ཡྃ་ཁྃ་གིས་བསང་སྦྱང་། སྟོང་པའི་ངང་ལས་གླུད་གཏོར་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཚང་ཞིང་མཛེས་པ་འདོད་རྒུའི་འབྱོར་པ་བསམ་མི་ཁྱབ་པར་བཅས་པ་དང་། ཆངས་རིལ་གཏོར་མ་རྣམས་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པ་ནད་བདག་གྲིབ་བདག་ལན་ཆགས་ཀྱི་མགྲོན་རྣམས་ངོམས་ཤིང་ཚིམ་པར་བྱེད་ནུས་པའི་བདག་ཉིད་ཅན་གྱིས་ས་དང་བར་སྣང་ཐམས་ཅད་གང་བར་བསམ་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏེ་ [8b] བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུཏྒ་ཏེ་སྥར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་བདུན་དང་། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་དང་། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་གྲངས་བདུན་ནམ་ཉེར་གཅིག་སོགས་བརྗོད་བཞིན་ཆངས་རིལ་ནད་པ་ལ་གཡས་སུ་བསྐོར་ནས་གླུད་ཀྱི་ནང་དུ་བླུགས་ལ། ཧཱུྃ། ངར་གྱི་གླུད་བཟང་རིན་ཆེན་འདི། །ལུས་ངག་ཡིད་གསུམ་འདི་ལ་ཚང་། །སྐྱེ་མཆེད་བཅུ་གཉིས་འདི་ལ་ཚང་། །ཕུང་པོ་ལྔ་པོ་འདི་ལ་ཚང་། རྣམ་ཤེས་ཚོགས་བརྒྱད་འདི་ལ་ཚང་། །མི་བས་གླུད་བཟང་ཡ་ལ་ལ། །བཟའ་བས་ཁ་གྲོ་ཐིབས་སེ་ཐིབ། །རྣལ་འབྱོར་བསྲུང་བྱ་འཁོར་བཅས་ཀྱི། །ཚེ་སྲོག་གླུད་དུ་འདི་འབུལ་གྱི། །བཟུངས་པ་དང་ནི་བཅིངས་པ་དང་། །བསྡམས་པ་རྣམས་ནི་ [9a] གྲོལ་བར་མཛོད། །ཚེ་སྲོག་བར་ཆད་མ་བྱེད་ཅིག །གནོད་ཅིང་འགལ་བར་མ་བྱེད་པར། །བྱང་ཆུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཀྱེ། གྲིབ་བདག་གླུད་བདག་ཕོ་མོ་རྣམས། །གྲིབ་གླུད་རྒྱན་ལྡན་འདི་ལོངས་ལ། །བཟུངས་པ་ཐོང་ལ་བཅིངས་པ་ཁྲོལ། །བདག་དང་རྒྱུ་སྦྱོར་འཁོར་བཅས་ལ། །གནོད་ཅིང་སྡིག་པར་མ་བྱེད་ཅིག །ཅེས་བསྔོ། ལོ་གྲངས་སམ་བརྒྱ་རྩ་སོགས་གྲངས་གསོག་ན་གོང་གི་དེ་བཞིན་གཤེགས་པ་བཞིའི་མཚན་སྔགས་ནས་འདིའི་བར་དུ་གྲངས་འཛིན། མཐར་གྲངས་རྫོགས་ནས་གླུད་གཏོར་ཁ་ཕྱིར་བསྒྱུར་ལ། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས་བསྲུང་བྱ་ཆེ་གེ་མོ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་གདུག་པའི་སེམས་འཆང་བའི་གྲིབ་བདག་འབྱུང་པོ་གདུག་པ་ཅན་ཐམས་ཅད་གླུད་ཀྱི་གཏོར་ [9b] མ་འདིས་ཚིམ་པར་གྱིས་ལ། འདིར་མ་འདུག་པར་སོ་སོ་རང་རང་གི་གནས་སུ་བདེ་བར་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་སྤྲིན་རབ་འབྱམས་ཀྱིས་ཁྱེད་རྣམས་ཀྱི་ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་ཏ་རེ། ཞེས་དང་། གུ་གུལ་བདུག་ཅིང་ཡུངས་ཐུན་བྲབ་པ་དང་བཅས། རྩ་སྔགས་མཐར་ སུཾ་བྷ་ནི་སྦྲེལ་བས་བསྐྲད་ལ། གླུད་གཏོར་འདྲེ་ལྔ་གནས་པའི་ཕྱོགས་སམ་ཆུ་བོ་ཆེན་པོའི་གཞུང་སོགས་ཕྱི་རོལ་དུ་བསྐྱལ་ལོ། །བཞི་པ་བསྲུང་བ་ནི། ཁྱེད་རང་སྐད་ཅིག་གིས་ལས་ཀྱི་ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་མཐིང་ནག་གཡས་རྒྱ་གྲམ་བསྣམས་ཤིང་གཡོན་སྡིགས་མཛུབ་ཕྱར་བ་ལས་མེ་འབར་བ། འཇིགས་པའི་ཆས་ཀྱིས་བརྒྱན་པ། དེའི་སྤྱི་བོར་འཁོར་ལོ་དཀར་པོ་རྩིབས་བཞི་པའི་ལྟེ་བར་ཨོཾ་དཀར་པོ། མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ཨཱཿདམར་པོ། ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོས་མཚན་པ། སློབ་དཔོན་གྱི་གནས་གསུམ་ལས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་འཕྲོས། ཁྱེད་རང་གི་གནས་གསུམ་གྱི་ཡིག་འབྲུ་གསུམ་ [10a] ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཨོཾ་ཨཱཿཧཱུྃ་གིས་རྡོ་རྗེ་གནས་གསུམ་དུ་བཞག་ཅིང་། གོ་བགོ་བའི་སླད་དུ། སླར་ཡང་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལས་རྡོ་རྗེ་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་རྗེའི་གོ་ཁྲབ་ཞུ་བླུགས་སུ་གྱུར་ཏེ་ཕྱིན་ཆད་ནད་གདོན་ཉེར་འཚེ་གང་གིས་ཀྱང་གླགས་མི་རྙེད་པར་བསྲུང་བར་བྱས་པའི་མོས་པ་མཛོད། ཨོཾ་བཛྲ་རཀྵ་ཧཱུྃ། ཞེས་བརྗོད་བཞིན་དུ། སྤྱི་བོ། དཔྲལ་བ། མགྲིན་པ། རྒྱབ། སྙིང་ཁ། ནུ་མ་གཉིས། ལྟེ་བ། སུམ་མདོ་རྣམས་སུ་རྡོ་རྗེ་རྒྱ་གྲམ་དུ་བཞག་ཅིང་མཐར་ལུས་ཀྱི་ཕྱི་ནས་གཡས་སུ་བསྐོར་ལ། ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །ཁྲོ་རྒྱལ་སྨེ་བ་བརྩེགས་པའི་ནུས་མཐུ་ཡིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །ཕྱིན་ཆད་སུས་ཀྱང་གནོད་པ་མ་བྱེད་ཅིག །ཅེས་བརྗོད། མཐའ་རྟེན་ཤིས་པར་བྱ་བའི་སླད་དུ། བླ་མ་དང་གཉིས་སུ་མེད་པའི་ཁྲོ་བོའི་རྒྱལ་པོ་སྨེ་བ་བརྩེགས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྷ་དང་དྲང་སྟོང་བདེན་ཚིག་གྲུབ་པའི་ཚོགས་ཀྱི་བསྐོར་ཏེ། ཤིས་པ་ [10b] བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོག་ཅིང་མེ་ཏོག་མནྡ་རའི་ཆར་ཆེན་པོ་ཕབས་པས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་ཏུ་ཁྱབ་པར་བྱས་པའི་མོས་པ་མཛོད། རྟེན་འབྲེལ་སྙིང་པོས་ཐོག་དྲངས་ཏེ། མི་འགྱུར་ལྷུན་པོ་སོགས་དང་། བགེགས་རིགས་སྟོང་ཕྲག་སོགས། ཉིན་མོ་བདེ་ལེགས་སོགས་བརྗོད་བཞིན་པས་མེ་ཏོག་འཐོར་རོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། བདག་གི་རྣལ་འབྱོར་བསྡུ་བ་ལ། རང་ཉིད་ཁྲོ་བོའི་རྒྱལ་པོར་གསལ་བ་འོད་དུ་ཞུ་སྟེ་མི་དམིགས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་བཞག་ཅིང་། སླར་ཡང་ཁྲོ་རྒྱལ་སྣང་སྟོང་ཆེན་པོའི་སྐུར་ཤར་བའི་གཟི་བྱིན་གྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲུང་བར་གྱུར། ཨོཾ་བཛྲ་རཀྴ་རཀྴ་ཧཱུྃ། ཞེས་བསྡུ་ལྡང་བྱ། དགེ་བའི་འདི་ཡིས་མྱུར་དུ་བདག །སྨེ་བ་བརྩེགས་པ་འགྲུབ་གྱུར་ན། འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་དང་། ཤིས་བརྗོད་ཇི་ལྟར་རིགས་པ་སྤེལ་བས་ལེགས་པར་གྲུབ་བོ། །ཡང་སྐབས་འགའ་ཞིག་ཏུ་བདག་མདུན་མཆོད་གཏོར་གླུད་བསྔོ་སོགས་ཀྱི་སྤྲོས་པ་བསྡུ་བར་འདོད་ན། བཟླས་སྔགས་ཚར་གཅིག་བརྗོད་པས། སློབ་དཔོན་རང་ཉིད་སྐད་ཅིག་གིས་སྨེ་བ་བརྩེགས་པ་གསལ་ཞིང་། བུམ་ཆུ་ [11a] རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་བྱིན་བརླབས་ནས། དེ་ཡང་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་སོགས་ནས་བཀྲུ་བྱབས་བསྲུང་གསུམ་གོང་ལྟར་ལ། འདོན་བྱའི་ཚིག་མང་ཉུང་རྒྱས་བསྡུས་སྐབས་དང་བསྟུན་པས་ཀྱང་འཐུས་ཏེ་རིག་སྔགས་ཀྱི་ནུས་པས་ཕན་ཡོན་ཅི་རིགས་པ་འབྱུང་བར་ངེས་སོ། །གྲིབ་གདོན་ཉེས་པའི་དྲི་མ་ཀུན། །རིགས་སྔགས་ཟླ་ཟེར་རྒྱུན་གྱིས་སྦྱངས། །ལུས་སེམས་སྡུག་བསྔལ་གདུང་ཞི་ནས། །ཕན་བདེའི་ལང་ཚོ་རྒྱས་བྱེད་ཤོག །ཅེས་པའང་གློ་བུར་གྲིབ་གདོན་གྱིས་གཙེས་ཏེ་ཚོར་བ་སྡུག་བསྔལ་གྱིས་ཉམ་ཐག་པར་བྱས་པ་རྣམས་ལ་གདུང་སེལ་འདོད་པ་འཇོ་བོའི་ཆ་རྐྱེན་དུ། གཏེར་བྱོན་སྨེ་བརྩེགས་མན་ངག་རྣམས་ཀྱི་བཅུད་བསྡུས་ནས་འཇུག་པ་བདེ་བའི་ངག་ཁྲིགས་སུ་བསྡེབས་པ་པོ་ནི་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ། འདིས་ཀྱང་གཞན་ལ་ཕན་པ་ཆེན་པོ་འབྱུང་བའི་གཞིར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།