DUDJOM-THROMA-063: Difference between revisions
m (Text replacement - "ཧོཿ" to "ཧོཿ ") |
m (Text replacement - "༴" to "༴ ") |
||
| Line 37: | Line 37: | ||
ཕྚ༔ ({{TibChung|བརྡ་ཡིག་}}) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ {{TibChung|མཁའ་འགྲོ་འདུས་པའི་རྩ་དབང་ལ༔ བུམ་ཐོད་དགའ་འཁྱིལ་ཧཱུྃ་མཚན་དང་༔ ཤེལ་རྡོ་གྲི་གུག་དབང་རྫས་རྣམས༔ གཞུང་བཞིན་བཤམས་ལ་བསྙེན་སྒྲུབ་བྱ༔ དེ་ནས་དམ་ལྡན་བུ་མཆོག་ལ༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནས༔ སླར་ནི་གུས་པས་ཞུ་འབུལ་ནི༔ གསེར་གྱི་མཎྜལ་ཕུལ་བྱས་ཏེ༔}} ཀྱཻ༔ རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ༔ འགྲོ་བའི་མགོན་པོ་མཁྱེན་བརྩེའི་དཔལ༔ བདག་ཅག་མཁའ་འགྲོའི་དཀྱིལ་འཁོར་དུ༔ དབང་གིས་སྨིན་པར་མཛད་དུ་གསོལ༔ {{TibChung|ལན་གསུམ་མཐར་བླ་མས་ལན་བཏབ་པ་ནི༔}} ཧོཿ སྐལ་ལྡན་བུ་རྣམས་ལེགས་པར་ཉོན༔ སྔོན་བསགས་ལས་སྨོན་རྟེན་འབྲེལ་རྣམས༔ ཚོགས་ཤིང་དུས་ལ་བབས་པ་ཡིས༔ གསང་སྔགས་དབང་གི་སྒོར་འཇུག་ན༔ དམ་ཚིག་གཉན་པོ་སྲུང་ནུས་སམ༔ {{TibChung|དེ་ནས་སློབ་མས་ཞུ་འབུལ་ནི༔}} ཀྱཻ༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས༔ བདག་ནི་འདི་ནས་བྱང་ཆུབ་བར༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་ལས༔ མི་འདའ་རྡོ་རྗེའི་དམ་སྲུང་ནུས༔ {{TibChung|དེ་ནས་བླ་མས་དམ་ཚིག་བདུད་རྩི་སློབ་མའི་ལྕེ་ལ་བཞག་ནས༔}} ཧོཿ རྡོ་རྗེ་ཅན་སོགས་རྒྱལ་ཀུན་གྱི༔ དམ་ཚིག་གཉན་པོ་མནའ་ཡི་ཆུ༔ སློབ་མ་ཁྱོད་ཀྱི་ལྕེ་ལ་བཞག༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྙེན་སྒྲུབ་སྒོམ་པའི་དཀྱིལ་འཁོར་ཀུན༔ ཚུལ་བཞིན་བསྲུང་བས་དངོས་གྲུབ་ཐོབ༔ ཉམས་ན་རྟག་ཏུ་མནར་བར་འགྱུར༔ སྲུང་མ་གཉན་པོའི་ལམ་དུ་ཚུད༔ ས་མ་ཡ་ན་ར་ཀན༔ {{TibChung|ཞེས་བསྐྱལ་ལོ༔}} ཧཱུྃ༔ བདག་ཉིད་མ་ཅིག་ཁྲོས་མ་ནག་མོའི་སྤྱི་བོར་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་རིག་འཛིན་པདྨ་འབྱུང་གནས་ལ་རིག་འཛིན་ཆེན་པོ་བརྒྱད་གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔ་གཞན་ཡང་རྩ་བ་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱིས་བཀྲ་དཔུང་ངེ་འོད་ཐིབས་སེ་བསྐོར་ནས་སྐལ་ལྡན་གྱི་སློབ་མ་རྣམས་ལ་ཞལ་གྱིས་ཕྱོགས་སྤྱན་གྱིས་གཟིགས་ཏེ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་དབང་གི་བྱ་བ་ལ་དགོངས་པར་གྱུར༔ མདུན་གྱི་ནམ་མཁར་མ་ཅིག་ཁྲོས་མ་ནག་མོ་ལོངས་སྐུ་རྡོ་རྗེ་ཕག་མོ་ཆོས་སྐུ་ཀུན་ཏུ་བཟང་མོ༔ རིགས་ལྔ་དབྱིངས་ཀྱི་ཡུམ་ལྔ་ལས་བྱེད་མཁའ་འགྲོ་མ་བཞི་འབུམ་ཕྲག་ཡངས་པའི་མཁའ་འགྲོ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཉི་མ་དང་འོད་ཀྱི་ཚུལ་དུ་སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་གྱི་རང་བཞིན་དུ་བསྒོམ་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན༴ གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་གདོད་ནས་ཆོས་དབྱིངས་སྟོང་པ་ཉིད་ཀྱི་རོལ་པར་རིག་གོ༔ དེའི་ངང་ལས་བདག་མདུན་རིགས་བདག་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་རབ་ཏུ་འཕྲོས་ཏེ་སློབ་མ་རྣམས་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་འོད་དུ་དེངས་པ་ལས་སྐད་ཅིག་གིས་མ་ཆགས་པས་པདྨ༔ སྐྱོན་གྱིས་མ་གོས་པས་ཟླ་བ༔ ཡོན་ཏན་ཐམས་ཅད་རྫོགས་པས་ཉི་མའི་གདན་གྱི་སྟེང་དུ༔ ཡེ་ཤེས་ལྔའི་འོད་ཕུང་རབ་ཏུ་འཁྲིགས་པའི་ཀློང་དུ་ཧཱུྃ་མཐིང་ནག་ལས་མ་ཅིག་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས༔ གཡས་པས་སྣང་བ་དབང་སྡུད་ཀྱི་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་༔ གཡོན་པས་ཁམས་གསུམ་ཁྲག་ཏུ་རོལ་པའི་ཐོད་ཁྲག་ཐུགས་ཀར་བསྣམས་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ་མཆེ་བ་བཞི་གཙིགས་པ༔ སྤྱན་གསུམ་ནམ་མཁའི་དབྱིངས་ལ་གཟིགས་པ༔ སྨ་ར་དང་སྨིན་མ་དམར་སེར་མེ་ཡི་ཚྭ་ཚྭ་འཕྲོ་ཞིང་དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོ་ན་མེ་ལྟར་དུ་འབར་བ༔ ཞབས་གཉིས་རྟོག་མེད་རོའི་གདན་ལ་གར་སྟབས་སུ་འགྱིང་ཞིང་ཐབས་ཤེས་གཉིས་སུ་མེད་པའི་ཁ་ཊྭཱྃ་ཀ་བརྟེན་པ༔ མཆོག་ཐུན་དངོས་གྲུབ་འབེབས་པའི་བྷ་ག་རྒྱས་ཤིང་ནུ་མ་འབུར་བ༔ དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཅིང་༔ འོད་དང་མེ་དཔུང་གི་ཀློང་དུ་འཁོར་འདས་ཡོངས་ཀྱི་རོལ་གར་སྟོན་པའི་སྤྱི་བོར་འཁོར་འདས་རོ་སྙོམས་པའི་ཕག་ཞལ་ནག་པོ་གྱེན་དུ་ངུར་བའི་གཙུག་རྒྱན་རྡོ་རྗེ་ཕག་མོ་དམར་གསལ་གྲི་ཐོད་བསྣམས་པའི་རིགས་བདག་ཀུན་ཏུ་བཟང་མོ་མཐིང་ནག་མཉམ་བཞག་མཛད་པ༔ ཕྱོགས་བཞི་མཚམས་བརྒྱད་དུ་མཁའ་འགྲོ་སྡེ་ལྔ་ལས་མཛད་མ་བཞི་ཁྲག་འཐུང་མ་བཞི་འབུམ་ཕྲག་ཡངས་པའི་མཁའ་འགྲོ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པས་བསྐོར་བ༔ ཡེ་ཤེས་གཅིག་ལས་རྣམ་འཕྲུལ་མ་ངེས་པར་གསལ་བའི་རང་རྩལ་ཐམས་ཅད་དོན་ལ་ཆོས་ཀྱི་དབྱིངས་སུ་གཉིས་སུ་མེད་པར་རོ་གཅིག་པའི་བདག་ཉིད་ཅན་དུ་གྱུར༔ གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་བདེ་ཆེན་འོག་མིན་མཁའ་སྤྱོད་དག་པའི་གནས་ནས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་མ་ལུས་ཤིང་ལུས་པ་མེད་པ་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་གྱི་རྣམ་པར་སྤྱན་དྲངས་{{TibChung|ལ་བསྟིམ་མོ༔}} ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་ར་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿ ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ {{TibChung|ལན་གསུམ་གྱིས་དབབ་ལ༔}} ཏིཥྛ་བཛྲ༔ {{TibChung|ཞེས་གཉིས་སུ་མེད་པར་བསྟིམ༔ དེ་ནས་ལྷག་པའི་ལྷ་ངོས་བཟུང་བའི་ཕྱིར༔ མེ་ཏོག་འདོར་བ་ནི༔}} ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ བདག་གི་ལྷག་པའི་ལྷ་མཆོག་ལ༔ རིག་པའི་མེ་ཏོག་དབབ་པར་གྱིས༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ {{TibChung|དེ་ནས་གདོང་གཡོངས་བཀྲོལ་བ་ནི༔}} ཧཱུྃ༔ བུ་ཁྱོད་མ་རིག་རྨོངས་པ་ཡིས༔ བག་ཆགས་དྲི་མའི་ལིང་ཏོག་སྒྲིབ༔ ཡེ་ཤེས་གསེར་གྱི་ཐུར་མས་བསལ༔ རང་སྣ་ཡེ་ཤེས་ཞལ་མཐོང་ཤོག༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ {{TibChung|དེ་ནས་བུམ་པ་ཐོགས་ལ༔}} ཨོཾ༔ བུམ་ནི་སྙིང་པོ་འོད་ཀྱི་བུམ༔ པ་ནི་གདངས་རྩལ་མ་འགགས་པ༔ ཡུམ་ཆེན་ཆོས་སྐུའི་བྷ་ག་རུ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་རྫོགས༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ ཕྱག་རྒྱ་ཨོཾ་དཀར་འོད་དང་བཅས༔ ཚངས་པའི་བུ་ག་ནས་ཞུགས་ཏེ༔ ལུས་དང་རྩ་ཡི་སྒྲིབ་པ་དག༔ བུམ་པའི་དབང་ཐོབ་སྤྲུལ་སྐུར་སྨིན༔ རྡོ་རྗེའི་སྐུ་དང་གཉིས་མེད་གྱུར༔ རྣམ་སྨིན་རིག་འཛིན་དབང་ཐོབ་ནས༔ བསྐྱེད་རིམ་ལྷ་དབང་ཡོངས་རྫོགས་ཤོག༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ཛཿ ཧཱུྃ་བཾ་ ཧོཿ མ་བྷྱོ་ཛཿ ཧྲཱིཾ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་ལས་སྐུ་གཉིས་པ་རེ་འཕྲོས་ནས༔ སློབ་མ་རྣམས་ལ་ཐིམ་པས་བསྐྱེད་པ་སྐུ་ཡི་དབང་ཐོབ་ནས་རྡོ་རྗེ་སྐུ་ཡི་རང་བཞིན་དུ་འཕོས་པར་བསྒོམ༔ {{TibChung|དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔}} ཨཱཿ ཆོས་དབྱིངས་རྣམ་དག་བྷནྡྷ་རུ༔ མཁའ་འགྲོ་འདུས་པའི་གསུང་གི་བཅུད༔ ཡེ་ཤེས་བདུད་རྩི་དམར་གསལ་འཁྱིལ༔ ཨཱ་ལི་ཀཱ་ལིའི་རང་སྒྲ་ལྡིར༔ ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས༔ བདུད་རྩི་ཨཱཿ དམར་འོད་དང་བཅས༔ མགྲིན་པ་ནས་ཞུགས་ངག་རླུང་གི༔ སྒྲིབ་དག་གསང་བའི་དབང་ཐོབ་ཅིང་༔ ལོངས་སྤྱོད་རྫོགས་སྐུའི་ས་བོན་ཐེབ༔ རྡོ་རྗེ་གསུང་གི་རྒྱས་ཐེབ་ནས༔ བཟླས་པ་སྔགས་ཀྱི་དབང་མཆོག་ཐོབ༔ ཚེ་དབང་རིག་འཛིན་ཉེར་ཐོབ་ཤོག༔ {{TibChung|དྲིལ་སྔགས་མཐར༔}} ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་རྡོ་རྗེ་གསུང་གི་དབང་བྱིན་དངོས་གྲུབ་ཐམས་ཅད་ཨཱཿ དམར་པོ་འོད་ཟེར་དང་བཅས་པའི་རྣམ་པར་སློབ་མ་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་གི་སྒྲིབ་པ་དག༔ གསང་བའི་དབང་ཐོབ༔ བཟླས་པའི་སྔགས་ཀྱི་དབང་མཆོག་ཡོངས་སུ་རྫོགས་པ་ཐོབ་པར་གྱུར༔ {{TibChung|དེ་ནས་དགའ་འཁྱིལ་སྲོག་གི་ཡི་གེ་ཅན་ཐོགས་ལ༔}} ཧཱུྃ༔ འཁོར་འདས་འུབ་ཆུབ་དགའ་བ་འཁྱིལ༔ མཁའ་འགྲོ་འདུས་པའི་ཐུགས་གསང་མཛོད༔ སློབ་མའི་སྙིང་གར་བཞག་པ་ཡིས༔ ཡིད་དང་ཐིག་ལེའི་སྒྲིབ་པ་དག༔ ཤེས་རབ་ཡེ་ཤེས་དབང་མཆོག་ཐོབ༔ ཡིད་ཀྱང་ཆོས་སྐུའི་ཀློང་དུ་འཕོས༔ རྡོ་རྗེའི་ཐུགས་དང་གཉིས་མེད་ངང་༔ ཕྱག་རྒྱའི་རིག་འཛིན་མཆོག་ཐོབ་ཤོག༔ {{TibChung|དྲིལ་སྔགས་མཐར༔}} ཙིཏྟ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་མཁའ་འགྲོ་འདུས་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྡོ་རྗེའི་ཡང་གསང་བཅུད་ཀྱི་ངོ་བོ་དགའ་འཁྱིལ་མཐིང་ནག་ཧཱུྃ་གིས་མཚན་པ་ཅན་ཆད་དེ་སློབ་མའི་སྙིང་གར་ཐིམ་པས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ལོངས་སྤྱོད་པའི་དབང་དང་སྐལ་བ་ཐོབ་པར་བསམ༔ སློབ་མ་མ་ཅིག་ཁྲོས་མ་ནག་མོའི་སྐུར་གསལ་བའི་ཐུགས་ཀར་རྩ་གདན་ཉི་མའི་གདན་འོག་ཏུ་འཁོར་འདས་གཉིས་ཀྱི་སྲོག་སྙིང་ཡི་གེའི་རྣམ་པར་གནས་པར་བསམ༔ སྐུ་གསུམ་མཁའ་འགྲོའི་ཐུགས་རྗེའི་འོད་ཟེར་རབ་ཏུ་འབར་བས་དཔལ་མགོན་བདུན་ཅུ་ཕྱོགས་སྐྱོང་བཅུ་རྒྱལ་ཆེན་སྡེ་བཞི་དྲེགས་ཆེན་བཅོ་བརྒྱད་སྡེ་དཔོན་སུམ་ཅུ་བརྟན་མ་བཅུ་གཉིས་ལྷ་སྲིན་སྡེ་བརྒྱད་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས་པའི་སྲོག་སྙིང་ནུས་མཐུ་ཐམས་ཅད་འུབ་ཀྱིས་བསྡུས་ཏེ་རྩ་གདན་གྱི་འོག་ཏུ་སྲོག་སྙིང་གསལ་བ་ལ་ཐིམ་པས་འཁོར་འདས་གཉིས་ཀྱི་སྲོག་ལ་དབང་ཐོབ་པར་གྱུར༔ སླར་ཡང་སྲོག་སྔགས་རྣམས་ཀྱི་དབུས་སུ༔ ནཿ ཡཿ ཙཿ མཿ གསལ་ལ༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་སྐུ་གསུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཐུགས་ཀའི་འོད་ཟེར་རབ་ཏུ་འཕྲོས་པས་ཀླུའི་སྲོག་སྙིང་ན༔ དཀར་པོ༔ གཤིན་རྗེའི་སྲོག་སྙིང་ཡ༔ སྔོན་པོ༔ བཙན་གྱི་སྲོག་སྙིང་ཙཿ དམར་པོ༔ མ་མོའི་སྲོག་སྙིང་མཿ མཐིང་ནག༔ འཁོར་རྣམས་ཀྱི་རང་སྲོག་དང་བཅས་པ་ཐམས་ཅད་འོད་ཀྱི་ངང་དུ་འུབ་ཀྱིས་བསྡུས་ཏེ༔ གདན་འོག་གི་སྙིང་པོ་ལ་ཐིམ་པས་གཉིས་སུ་མེད་པར་འདྲེས་གཡོ་འགུལ་མེད་པར་གྱུར་ནས་དམ་ཅན་བཀའི་སྲུང་མ་འཁོར་དང་བཅས་པའི་སྲོག་ལ་དབང་དམ་པ་ཐོབ་པར་གྱུར་ཅིག༔ ནཿ ས་མ་ཡ༔ ཡཿ ས་མ་ཡ༔ ཙཿ ས་མ་ཡ༔ མཿ ས་མ་ཡ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ {{TibChung|དེ་ནས་ཤེལ་རྡོ་ཐོགས་ལ༔}} ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི༔ ངོ་བོ་ཡོངས་རྫོགས་ཡུམ་ཆེན་མཁའ༔ དྲི་མེད་འཇའ་ཤེལ་འདི་གཏད་པས༔ ཡེ་ཤེས་ལྔ་ཡི་འོད་མདངས་ཟེར༔ སློབ་མའི་གནས་ལྔར་ཞུགས་པ་ཡིས༔ ཉོན་ཤེས་སྒྲིབ་པ་ཀུན་དག་ནས༔ ཀ་དག་ཚིག་གི་དབང་ཐོབ་སྟེ༔ ཀུན་གཞི་ཆོས་སྐུའི་ཀློང་དུ་སངས༔ ངོ་བོ་ཉིད་སྐུ་མངོན་གྱུར་ཅིང་༔ ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ཤོག༔ {{TibChung|དྲིལ་སྔགས་མཐར༔}} སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ {{TibChung|དེ་ནས་འོད་ལྔའི་ཐིག་ལེ་ཐོགས་ལ༔}} ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་ཐུགས་ཀྱི་མདངས༔ ཡེ་ཤེས་ལྔ་ཡི་འོད་ཐིག་ཟླུམ༔ སློབ་མའི་སྒོ་གསུམ་ལ་ཐིམ་པས༔ ཀ་དག་བདེ་ཆེན་འགྱུར་མེད་ཀློང་༔ མི་འགྱུར་ལྟ་བའི་གདིང་ཐོབ་སྟེ༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཨ་ཨ་ཨ་ཕཊ༔ {{TibChung|དེ་ནས་གྲི་གུག་ཐོགས་ལ༔}} ཧཱུྃ༔ མཁའ་འགྲོ་འདུས་པའི་ཕྲིན་ལས་དབང་༔ སྐྱེ་ཤི་རྩད་གཅོད་གྲི་གུག་གིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གང་འདུལ་ཕྲིན་ལས་སྣ་ཚོགས་ཀྱིས༔ འགྲོ་རྣམས་ཐེག་ཆེན་ལམ་ལ་གཟུད༔ རང་སྣང་དབང་སྡུས་ཆོས་སྐུར་འཕོས༔ གཞན་སྣང་མ་ལུས་ཟིལ་གནོན་ཤོག༔ {{TibChung|དྲིལ་སྔགས་མཐར༔}} ཀརྨ་ཨ་བྷི་ཥིཉྩ་ཧཱ༔ {{TibChung|དེ་ནས་གཏོར་མ་ཐོགས་ལ༔}} ཧཱུྃ༔ ཆོས་དབྱིངས་རྣམ་དག་གཞོང་པ་རུ༔ སྐྱེ་འགགས་འགྱུར་མེད་གཏོར་མ་བཤམས༔ རྟོག་ཚོགས་རང་གྲོལ་གཏོར་རྒྱན་སྤྲས༔ ཡེ་ཤེས་འོད་ཟེར་བཀྲག་མདངས་འབར༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་རྫོགས༔ འཁོར་འདས་གཉིས་ཀྱི་སྲོག་སྙིང་འདུ༔ སྐལ་ལྡན་བུ་ལ་གཏད་ཅིང་སྦྱིན༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ཀུན༔ མདོར་ན་རང་སྣང་ཡེ་ཤེས་ཀྱི༔ དཀྱིལ་འཁོར་ཡོངས་ལ་དབང་ཐོབ་ནས༔ ལྷ་དང་རང་སྣང་གཉིས་མེད་དུ༔ རང་གྲོལ་རང་དབང་ཐོབ་པར་ཤོག༔ དྲིལ་སྔགས་མཐར༔ སརྦ་ཛྙཱ་ན་མཎྜ་ལ་བ་ལིང་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿ ཧཱུྃ་སྭཱ་ཧཱ༔ {{TibChung|སངས་རྒྱས་སེམས་ཅན་རང་སྣང་གི༔ དཀྱིལ་འཁོར་སྲོག་གི་དབང་མཆོག་ཀུན༔ བཅུད་དྲིལ་འདི་ལས་གཞན་ན་མེད༔ འབྲེལ་བས་དམ་ལྡན་མངོན་འཚང་རྒྱ༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར༔ མང་དུ་བསྐུར་ན་དམ་ཉམས་པས༔ མ་དང་མཁའ་འགྲོའི་ཆད་པས་མནར༔ དེ་ཕྱིར་བདུན་ལས་མང་ལ་མིན༔ བཀའ་སྲུང་གཟའ་བདུད་རྒྱལ་པོས་སྲུངས༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ཨ་ཐམ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་འཁོར་འདས་འུབ་ཆུབ་རོལ་པའི་གདིང་ཐོབ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བཏོན་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཆོས་ཀྱི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}} }} | ཕྚ༔ ({{TibChung|བརྡ་ཡིག་}}) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ {{TibChung|མཁའ་འགྲོ་འདུས་པའི་རྩ་དབང་ལ༔ བུམ་ཐོད་དགའ་འཁྱིལ་ཧཱུྃ་མཚན་དང་༔ ཤེལ་རྡོ་གྲི་གུག་དབང་རྫས་རྣམས༔ གཞུང་བཞིན་བཤམས་ལ་བསྙེན་སྒྲུབ་བྱ༔ དེ་ནས་དམ་ལྡན་བུ་མཆོག་ལ༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནས༔ སླར་ནི་གུས་པས་ཞུ་འབུལ་ནི༔ གསེར་གྱི་མཎྜལ་ཕུལ་བྱས་ཏེ༔}} ཀྱཻ༔ རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ༔ འགྲོ་བའི་མགོན་པོ་མཁྱེན་བརྩེའི་དཔལ༔ བདག་ཅག་མཁའ་འགྲོའི་དཀྱིལ་འཁོར་དུ༔ དབང་གིས་སྨིན་པར་མཛད་དུ་གསོལ༔ {{TibChung|ལན་གསུམ་མཐར་བླ་མས་ལན་བཏབ་པ་ནི༔}} ཧོཿ སྐལ་ལྡན་བུ་རྣམས་ལེགས་པར་ཉོན༔ སྔོན་བསགས་ལས་སྨོན་རྟེན་འབྲེལ་རྣམས༔ ཚོགས་ཤིང་དུས་ལ་བབས་པ་ཡིས༔ གསང་སྔགས་དབང་གི་སྒོར་འཇུག་ན༔ དམ་ཚིག་གཉན་པོ་སྲུང་ནུས་སམ༔ {{TibChung|དེ་ནས་སློབ་མས་ཞུ་འབུལ་ནི༔}} ཀྱཻ༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་དགོངས༔ བདག་ནི་འདི་ནས་བྱང་ཆུབ་བར༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་ལས༔ མི་འདའ་རྡོ་རྗེའི་དམ་སྲུང་ནུས༔ {{TibChung|དེ་ནས་བླ་མས་དམ་ཚིག་བདུད་རྩི་སློབ་མའི་ལྕེ་ལ་བཞག་ནས༔}} ཧོཿ རྡོ་རྗེ་ཅན་སོགས་རྒྱལ་ཀུན་གྱི༔ དམ་ཚིག་གཉན་པོ་མནའ་ཡི་ཆུ༔ སློབ་མ་ཁྱོད་ཀྱི་ལྕེ་ལ་བཞག༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱིས༔ བསྙེན་སྒྲུབ་སྒོམ་པའི་དཀྱིལ་འཁོར་ཀུན༔ ཚུལ་བཞིན་བསྲུང་བས་དངོས་གྲུབ་ཐོབ༔ ཉམས་ན་རྟག་ཏུ་མནར་བར་འགྱུར༔ སྲུང་མ་གཉན་པོའི་ལམ་དུ་ཚུད༔ ས་མ་ཡ་ན་ར་ཀན༔ {{TibChung|ཞེས་བསྐྱལ་ལོ༔}} ཧཱུྃ༔ བདག་ཉིད་མ་ཅིག་ཁྲོས་མ་ནག་མོའི་སྤྱི་བོར་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་རིག་འཛིན་པདྨ་འབྱུང་གནས་ལ་རིག་འཛིན་ཆེན་པོ་བརྒྱད་གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔ་གཞན་ཡང་རྩ་བ་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱིས་བཀྲ་དཔུང་ངེ་འོད་ཐིབས་སེ་བསྐོར་ནས་སྐལ་ལྡན་གྱི་སློབ་མ་རྣམས་ལ་ཞལ་གྱིས་ཕྱོགས་སྤྱན་གྱིས་གཟིགས་ཏེ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་དབང་གི་བྱ་བ་ལ་དགོངས་པར་གྱུར༔ མདུན་གྱི་ནམ་མཁར་མ་ཅིག་ཁྲོས་མ་ནག་མོ་ལོངས་སྐུ་རྡོ་རྗེ་ཕག་མོ་ཆོས་སྐུ་ཀུན་ཏུ་བཟང་མོ༔ རིགས་ལྔ་དབྱིངས་ཀྱི་ཡུམ་ལྔ་ལས་བྱེད་མཁའ་འགྲོ་མ་བཞི་འབུམ་ཕྲག་ཡངས་པའི་མཁའ་འགྲོ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་ཉི་མ་དང་འོད་ཀྱི་ཚུལ་དུ་སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་གྱི་རང་བཞིན་དུ་བསྒོམ་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན༴ གཟུང་འཛིན་གཉིས་སྣང་གི་ཆོས་ཐམས་ཅད་གདོད་ནས་ཆོས་དབྱིངས་སྟོང་པ་ཉིད་ཀྱི་རོལ་པར་རིག་གོ༔ དེའི་ངང་ལས་བདག་མདུན་རིགས་བདག་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་རབ་ཏུ་འཕྲོས་ཏེ་སློབ་མ་རྣམས་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་འོད་དུ་དེངས་པ་ལས་སྐད་ཅིག་གིས་མ་ཆགས་པས་པདྨ༔ སྐྱོན་གྱིས་མ་གོས་པས་ཟླ་བ༔ ཡོན་ཏན་ཐམས་ཅད་རྫོགས་པས་ཉི་མའི་གདན་གྱི་སྟེང་དུ༔ ཡེ་ཤེས་ལྔའི་འོད་ཕུང་རབ་ཏུ་འཁྲིགས་པའི་ཀློང་དུ་ཧཱུྃ་མཐིང་ནག་ལས་མ་ཅིག་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས༔ གཡས་པས་སྣང་བ་དབང་སྡུད་ཀྱི་གྲི་གུག་ནམ་མཁའ་ལ་འཕྱར་ཞིང་༔ གཡོན་པས་ཁམས་གསུམ་ཁྲག་ཏུ་རོལ་པའི་ཐོད་ཁྲག་ཐུགས་ཀར་བསྣམས་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ་མཆེ་བ་བཞི་གཙིགས་པ༔ སྤྱན་གསུམ་ནམ་མཁའི་དབྱིངས་ལ་གཟིགས་པ༔ སྨ་ར་དང་སྨིན་མ་དམར་སེར་མེ་ཡི་ཚྭ་ཚྭ་འཕྲོ་ཞིང་དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོ་ན་མེ་ལྟར་དུ་འབར་བ༔ ཞབས་གཉིས་རྟོག་མེད་རོའི་གདན་ལ་གར་སྟབས་སུ་འགྱིང་ཞིང་ཐབས་ཤེས་གཉིས་སུ་མེད་པའི་ཁ་ཊྭཱྃ་ཀ་བརྟེན་པ༔ མཆོག་ཐུན་དངོས་གྲུབ་འབེབས་པའི་བྷ་ག་རྒྱས་ཤིང་ནུ་མ་འབུར་བ༔ དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཅིང་༔ འོད་དང་མེ་དཔུང་གི་ཀློང་དུ་འཁོར་འདས་ཡོངས་ཀྱི་རོལ་གར་སྟོན་པའི་སྤྱི་བོར་འཁོར་འདས་རོ་སྙོམས་པའི་ཕག་ཞལ་ནག་པོ་གྱེན་དུ་ངུར་བའི་གཙུག་རྒྱན་རྡོ་རྗེ་ཕག་མོ་དམར་གསལ་གྲི་ཐོད་བསྣམས་པའི་རིགས་བདག་ཀུན་ཏུ་བཟང་མོ་མཐིང་ནག་མཉམ་བཞག་མཛད་པ༔ ཕྱོགས་བཞི་མཚམས་བརྒྱད་དུ་མཁའ་འགྲོ་སྡེ་ལྔ་ལས་མཛད་མ་བཞི་ཁྲག་འཐུང་མ་བཞི་འབུམ་ཕྲག་ཡངས་པའི་མཁའ་འགྲོ༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པས་བསྐོར་བ༔ ཡེ་ཤེས་གཅིག་ལས་རྣམ་འཕྲུལ་མ་ངེས་པར་གསལ་བའི་རང་རྩལ་ཐམས་ཅད་དོན་ལ་ཆོས་ཀྱི་དབྱིངས་སུ་གཉིས་སུ་མེད་པར་རོ་གཅིག་པའི་བདག་ཉིད་ཅན་དུ་གྱུར༔ གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་བདེ་ཆེན་འོག་མིན་མཁའ་སྤྱོད་དག་པའི་གནས་ནས་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་མ་ལུས་ཤིང་ལུས་པ་མེད་པ་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་གྱི་རྣམ་པར་སྤྱན་དྲངས་{{TibChung|ལ་བསྟིམ་མོ༔}} ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་ར་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿ ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ {{TibChung|ལན་གསུམ་གྱིས་དབབ་ལ༔}} ཏིཥྛ་བཛྲ༔ {{TibChung|ཞེས་གཉིས་སུ་མེད་པར་བསྟིམ༔ དེ་ནས་ལྷག་པའི་ལྷ་ངོས་བཟུང་བའི་ཕྱིར༔ མེ་ཏོག་འདོར་བ་ནི༔}} ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ བདག་གི་ལྷག་པའི་ལྷ་མཆོག་ལ༔ རིག་པའི་མེ་ཏོག་དབབ་པར་གྱིས༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ {{TibChung|དེ་ནས་གདོང་གཡོངས་བཀྲོལ་བ་ནི༔}} ཧཱུྃ༔ བུ་ཁྱོད་མ་རིག་རྨོངས་པ་ཡིས༔ བག་ཆགས་དྲི་མའི་ལིང་ཏོག་སྒྲིབ༔ ཡེ་ཤེས་གསེར་གྱི་ཐུར་མས་བསལ༔ རང་སྣ་ཡེ་ཤེས་ཞལ་མཐོང་ཤོག༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ {{TibChung|དེ་ནས་བུམ་པ་ཐོགས་ལ༔}} ཨོཾ༔ བུམ་ནི་སྙིང་པོ་འོད་ཀྱི་བུམ༔ པ་ནི་གདངས་རྩལ་མ་འགགས་པ༔ ཡུམ་ཆེན་ཆོས་སྐུའི་བྷ་ག་རུ༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་རྫོགས༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ ཕྱག་རྒྱ་ཨོཾ་དཀར་འོད་དང་བཅས༔ ཚངས་པའི་བུ་ག་ནས་ཞུགས་ཏེ༔ ལུས་དང་རྩ་ཡི་སྒྲིབ་པ་དག༔ བུམ་པའི་དབང་ཐོབ་སྤྲུལ་སྐུར་སྨིན༔ རྡོ་རྗེའི་སྐུ་དང་གཉིས་མེད་གྱུར༔ རྣམ་སྨིན་རིག་འཛིན་དབང་ཐོབ་ནས༔ བསྐྱེད་རིམ་ལྷ་དབང་ཡོངས་རྫོགས་ཤོག༔ ཨོཾ་བཛྲ་ཀྲོ་དྷི་ཀ་ལི་བྃ་ཧ་རི་ནི་ས་ཛཿ ཧཱུྃ་བཾ་ ཧོཿ མ་བྷྱོ་ཛཿ ཧྲཱིཾ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་ལས་སྐུ་གཉིས་པ་རེ་འཕྲོས་ནས༔ སློབ་མ་རྣམས་ལ་ཐིམ་པས་བསྐྱེད་པ་སྐུ་ཡི་དབང་ཐོབ་ནས་རྡོ་རྗེ་སྐུ་ཡི་རང་བཞིན་དུ་འཕོས་པར་བསྒོམ༔ {{TibChung|དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔}} ཨཱཿ ཆོས་དབྱིངས་རྣམ་དག་བྷནྡྷ་རུ༔ མཁའ་འགྲོ་འདུས་པའི་གསུང་གི་བཅུད༔ ཡེ་ཤེས་བདུད་རྩི་དམར་གསལ་འཁྱིལ༔ ཨཱ་ལི་ཀཱ་ལིའི་རང་སྒྲ་ལྡིར༔ ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས༔ བདུད་རྩི་ཨཱཿ དམར་འོད་དང་བཅས༔ མགྲིན་པ་ནས་ཞུགས་ངག་རླུང་གི༔ སྒྲིབ་དག་གསང་བའི་དབང་ཐོབ་ཅིང་༔ ལོངས་སྤྱོད་རྫོགས་སྐུའི་ས་བོན་ཐེབ༔ རྡོ་རྗེ་གསུང་གི་རྒྱས་ཐེབ་ནས༔ བཟླས་པ་སྔགས་ཀྱི་དབང་མཆོག་ཐོབ༔ ཚེ་དབང་རིག་འཛིན་ཉེར་ཐོབ་ཤོག༔ {{TibChung|དྲིལ་སྔགས་མཐར༔}} ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་རྡོ་རྗེ་གསུང་གི་དབང་བྱིན་དངོས་གྲུབ་ཐམས་ཅད་ཨཱཿ དམར་པོ་འོད་ཟེར་དང་བཅས་པའི་རྣམ་པར་སློབ་མ་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་གི་སྒྲིབ་པ་དག༔ གསང་བའི་དབང་ཐོབ༔ བཟླས་པའི་སྔགས་ཀྱི་དབང་མཆོག་ཡོངས་སུ་རྫོགས་པ་ཐོབ་པར་གྱུར༔ {{TibChung|དེ་ནས་དགའ་འཁྱིལ་སྲོག་གི་ཡི་གེ་ཅན་ཐོགས་ལ༔}} ཧཱུྃ༔ འཁོར་འདས་འུབ་ཆུབ་དགའ་བ་འཁྱིལ༔ མཁའ་འགྲོ་འདུས་པའི་ཐུགས་གསང་མཛོད༔ སློབ་མའི་སྙིང་གར་བཞག་པ་ཡིས༔ ཡིད་དང་ཐིག་ལེའི་སྒྲིབ་པ་དག༔ ཤེས་རབ་ཡེ་ཤེས་དབང་མཆོག་ཐོབ༔ ཡིད་ཀྱང་ཆོས་སྐུའི་ཀློང་དུ་འཕོས༔ རྡོ་རྗེའི་ཐུགས་དང་གཉིས་མེད་ངང་༔ ཕྱག་རྒྱའི་རིག་འཛིན་མཆོག་ཐོབ་ཤོག༔ {{TibChung|དྲིལ་སྔགས་མཐར༔}} ཙིཏྟ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་མཁའ་འགྲོ་འདུས་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྡོ་རྗེའི་ཡང་གསང་བཅུད་ཀྱི་ངོ་བོ་དགའ་འཁྱིལ་མཐིང་ནག་ཧཱུྃ་གིས་མཚན་པ་ཅན་ཆད་དེ་སློབ་མའི་སྙིང་གར་ཐིམ་པས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ལོངས་སྤྱོད་པའི་དབང་དང་སྐལ་བ་ཐོབ་པར་བསམ༔ སློབ་མ་མ་ཅིག་ཁྲོས་མ་ནག་མོའི་སྐུར་གསལ་བའི་ཐུགས་ཀར་རྩ་གདན་ཉི་མའི་གདན་འོག་ཏུ་འཁོར་འདས་གཉིས་ཀྱི་སྲོག་སྙིང་ཡི་གེའི་རྣམ་པར་གནས་པར་བསམ༔ སྐུ་གསུམ་མཁའ་འགྲོའི་ཐུགས་རྗེའི་འོད་ཟེར་རབ་ཏུ་འབར་བས་དཔལ་མགོན་བདུན་ཅུ་ཕྱོགས་སྐྱོང་བཅུ་རྒྱལ་ཆེན་སྡེ་བཞི་དྲེགས་ཆེན་བཅོ་བརྒྱད་སྡེ་དཔོན་སུམ་ཅུ་བརྟན་མ་བཅུ་གཉིས་ལྷ་སྲིན་སྡེ་བརྒྱད་སྣང་སྲིད་ལྷ་འདྲེའི་ཚོགས་དང་བཅས་པའི་སྲོག་སྙིང་ནུས་མཐུ་ཐམས་ཅད་འུབ་ཀྱིས་བསྡུས་ཏེ་རྩ་གདན་གྱི་འོག་ཏུ་སྲོག་སྙིང་གསལ་བ་ལ་ཐིམ་པས་འཁོར་འདས་གཉིས་ཀྱི་སྲོག་ལ་དབང་ཐོབ་པར་གྱུར༔ སླར་ཡང་སྲོག་སྔགས་རྣམས་ཀྱི་དབུས་སུ༔ ནཿ ཡཿ ཙཿ མཿ གསལ་ལ༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་སྐུ་གསུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་ཐུགས་ཀའི་འོད་ཟེར་རབ་ཏུ་འཕྲོས་པས་ཀླུའི་སྲོག་སྙིང་ན༔ དཀར་པོ༔ གཤིན་རྗེའི་སྲོག་སྙིང་ཡ༔ སྔོན་པོ༔ བཙན་གྱི་སྲོག་སྙིང་ཙཿ དམར་པོ༔ མ་མོའི་སྲོག་སྙིང་མཿ མཐིང་ནག༔ འཁོར་རྣམས་ཀྱི་རང་སྲོག་དང་བཅས་པ་ཐམས་ཅད་འོད་ཀྱི་ངང་དུ་འུབ་ཀྱིས་བསྡུས་ཏེ༔ གདན་འོག་གི་སྙིང་པོ་ལ་ཐིམ་པས་གཉིས་སུ་མེད་པར་འདྲེས་གཡོ་འགུལ་མེད་པར་གྱུར་ནས་དམ་ཅན་བཀའི་སྲུང་མ་འཁོར་དང་བཅས་པའི་སྲོག་ལ་དབང་དམ་པ་ཐོབ་པར་གྱུར་ཅིག༔ ནཿ ས་མ་ཡ༔ ཡཿ ས་མ་ཡ༔ ཙཿ ས་མ་ཡ༔ མཿ ས་མ་ཡ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ༔ {{TibChung|དེ་ནས་ཤེལ་རྡོ་ཐོགས་ལ༔}} ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི༔ ངོ་བོ་ཡོངས་རྫོགས་ཡུམ་ཆེན་མཁའ༔ དྲི་མེད་འཇའ་ཤེལ་འདི་གཏད་པས༔ ཡེ་ཤེས་ལྔ་ཡི་འོད་མདངས་ཟེར༔ སློབ་མའི་གནས་ལྔར་ཞུགས་པ་ཡིས༔ ཉོན་ཤེས་སྒྲིབ་པ་ཀུན་དག་ནས༔ ཀ་དག་ཚིག་གི་དབང་ཐོབ་སྟེ༔ ཀུན་གཞི་ཆོས་སྐུའི་ཀློང་དུ་སངས༔ ངོ་བོ་ཉིད་སྐུ་མངོན་གྱུར་ཅིང་༔ ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ཤོག༔ {{TibChung|དྲིལ་སྔགས་མཐར༔}} སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ {{TibChung|དེ་ནས་འོད་ལྔའི་ཐིག་ལེ་ཐོགས་ལ༔}} ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་ཐུགས་ཀྱི་མདངས༔ ཡེ་ཤེས་ལྔ་ཡི་འོད་ཐིག་ཟླུམ༔ སློབ་མའི་སྒོ་གསུམ་ལ་ཐིམ་པས༔ ཀ་དག་བདེ་ཆེན་འགྱུར་མེད་ཀློང་༔ མི་འགྱུར་ལྟ་བའི་གདིང་ཐོབ་སྟེ༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཨ་ཨ་ཨ་ཕཊ༔ {{TibChung|དེ་ནས་གྲི་གུག་ཐོགས་ལ༔}} ཧཱུྃ༔ མཁའ་འགྲོ་འདུས་པའི་ཕྲིན་ལས་དབང་༔ སྐྱེ་ཤི་རྩད་གཅོད་གྲི་གུག་གིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གང་འདུལ་ཕྲིན་ལས་སྣ་ཚོགས་ཀྱིས༔ འགྲོ་རྣམས་ཐེག་ཆེན་ལམ་ལ་གཟུད༔ རང་སྣང་དབང་སྡུས་ཆོས་སྐུར་འཕོས༔ གཞན་སྣང་མ་ལུས་ཟིལ་གནོན་ཤོག༔ {{TibChung|དྲིལ་སྔགས་མཐར༔}} ཀརྨ་ཨ་བྷི་ཥིཉྩ་ཧཱ༔ {{TibChung|དེ་ནས་གཏོར་མ་ཐོགས་ལ༔}} ཧཱུྃ༔ ཆོས་དབྱིངས་རྣམ་དག་གཞོང་པ་རུ༔ སྐྱེ་འགགས་འགྱུར་མེད་གཏོར་མ་བཤམས༔ རྟོག་ཚོགས་རང་གྲོལ་གཏོར་རྒྱན་སྤྲས༔ ཡེ་ཤེས་འོད་ཟེར་བཀྲག་མདངས་འབར༔ མཁའ་འགྲོ་འདུས་པའི་དཀྱིལ་འཁོར་རྫོགས༔ འཁོར་འདས་གཉིས་ཀྱི་སྲོག་སྙིང་འདུ༔ སྐལ་ལྡན་བུ་ལ་གཏད་ཅིང་སྦྱིན༔ རིགས་དང་དཀྱིལ་འཁོར་ཐམས་ཅད་ཀུན༔ མདོར་ན་རང་སྣང་ཡེ་ཤེས་ཀྱི༔ དཀྱིལ་འཁོར་ཡོངས་ལ་དབང་ཐོབ་ནས༔ ལྷ་དང་རང་སྣང་གཉིས་མེད་དུ༔ རང་གྲོལ་རང་དབང་ཐོབ་པར་ཤོག༔ དྲིལ་སྔགས་མཐར༔ སརྦ་ཛྙཱ་ན་མཎྜ་ལ་བ་ལིང་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿ ཧཱུྃ་སྭཱ་ཧཱ༔ {{TibChung|སངས་རྒྱས་སེམས་ཅན་རང་སྣང་གི༔ དཀྱིལ་འཁོར་སྲོག་གི་དབང་མཆོག་ཀུན༔ བཅུད་དྲིལ་འདི་ལས་གཞན་ན་མེད༔ འབྲེལ་བས་དམ་ལྡན་མངོན་འཚང་རྒྱ༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར༔ མང་དུ་བསྐུར་ན་དམ་ཉམས་པས༔ མ་དང་མཁའ་འགྲོའི་ཆད་པས་མནར༔ དེ་ཕྱིར་བདུན་ལས་མང་ལ་མིན༔ བཀའ་སྲུང་གཟའ་བདུད་རྒྱལ་པོས་སྲུངས༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ཨ་ཐམ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་འཁོར་འདས་འུབ་ཆུབ་རོལ་པའི་གདིང་ཐོབ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བཏོན་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཆོས་ཀྱི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 10:02, 4 September 2025
| Wylie title | chos nyid nam mkha'i klong mdzod las: mkha' 'gro 'dus pa'i rtsa dbang chos nyid sprin phung: | |
|---|---|---|
| Location | khros ma'i sgrub skor Volume 1, Text 63, Pages 505-516 (Folios 1a1 to 6b4) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las mkha' 'gro 'dus pa'i rtsa dbang chos nyid sprin phung. In Khros ma'i sgrub skor: 505-516. Kalimpong: Mani Dorji, 1979. | |
| Side notes | Recto: rtsa dbang Verso: khros ma | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Empowerment Ritual - dbang chog - dbang skur | |
| Cycle | ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod) | |
| Deity | khros ma nag mo | |
| Colophon |
ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་འཁོར་འདས་འུབ་ཆུབ་རོལ་པའི་གདིང་ཐོབ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བཏོན་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཆོས་ཀྱི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། | |
|
zhes pa 'di yang 'od gsal rdzogs pa chen po 'khor 'das 'ub chub rol pa'i gding thob ye shes sgyu ma'i rnal 'byor pa bdud 'joms rdo rje gro lod rtsal gyis chos nyid nam mkha'i klong mdzod las bton te gtan la phab pa'i yi ge pa ni chos kyi rdo rje'o/_/dge'o/_/dge'o/_/dge'o/_/sarba mang+ga laM// | ||