TTDL-ZABTER-01-KA-042: Difference between revisions
m (Text replacement - "ཧོཿ" to "ཧོཿ ") |
m (Text replacement - "༴" to "༴ ") |
||
| Line 42: | Line 42: | ||
ཐྂ༎༔ ({{TibChung|བརྡ་ཡིག་}}) ཀ་དག་ཆོས་སྐུའི་མཁའ་ཀློང་ཡངས་པ་རུ༔ ཆོས་ཉིད་སྒྱུ་མར་རོལ་པའི་སྒྱུ་འཕྲུལ་ལས༔ མ་ངེས་འགྲོ་བའི་ཁམས་སུ་གང་འདུལ་གྱི༔ ཕན་བདེའི་བདུད་རྩི་སྟོན་དེར་གུས་པས་འདུད༔ བདག་འདྲ་པདྨ་བདུད་འཇོམས་ངས༔ མ་འོངས་འགྲོ་བློའི་མུན་ཁམས་སུ༔ ཕན་བདེའི་ཉི་མ་འཆར་བའི་ཕྱིར༔ སྟག་ཚང་བསམ་འགྲུབ་ཀེའུ་ཚང་དུ༔ རང་གི་སྒྲུབ་པ་རང་གིས་བྱས༔ བསྟན་པ་མི་ནུབ་དར་རྒྱས་ཕྱིར༔ མི་འགྱུར་རྡོ་རྗེའི་གཏེར་དུ་སྦས༔ གནོད་སྦྱིན་ཤན་པ་དམར་ནག་ལ༔ གསང་གཏེར་ཟབ་མོའི་གཉེར་ཁ་གཏད༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་ལ༔ སྙིང་ཐིག་ཕྱི་མའི་གཉེར་ཆེན་གཏད༔ དུར་འདྲེ་མཆེ་གཅིག་ཆེན་མོ་ཉིད༔ མ་འོངས་བསྟན་པའི་སྲུང་མར་བསྐོས༔ གཏེར་གྱི་གདུལ་བྱའི་དུས་ཚིགས་ནི༔ མ་འོངས་སྙིགས་མ་ལྔ་བདོའི་དུས༔ རྒྱལ་འགོང་གདུག་པ་ཁ་དར་ནས༔ མི་ཕྱུགས་གོད་ཡམས་སྣ་ཚོགས་འབྱུང་༔ དགོན་གནས་ཕལ་ཆེར་ལྕི་བས་འཚེ༔ དཔག་བསམ་ཤིང་ལས་འདོད་ཡོན་སྤྱོད༔ སྤྱོད་མཁན་བདུད་པོ་ངོ་དཀར་གྱིས༔ སྡོང་པོ་དུག་གི་སྟྭ་རེས་བཅད༔ འགྱེལ་ནས་འགྱེལ་མཁན་སྟེང་བབས་གསོད༔ སེ་ཕུང་ནག་པོས་སྨོན་ལོག་པས༔ དུས་གཅིག་སྦྲུལ་ནག་དགུ་བྱུང་ནས༔ རྒྱ་བོད་མཚོན་གྱི་སྤྲིན་རླུང་འཐབ༔ ཉེས་མེད་རྒྱབ་ཏུ་ཁུར་ཆེན་འགེལ༔ ས་ཐེའུ་ནག་པོའི་སྨོན་ལོག་པས༔ རྗེ་ལ་སྦལ་ནག་མགོ་དགུ་འབྱུང་༔ ཨ་ཡི་དུག་སྦྲུལ་གྲོགས་སུ་བསྡེབས༔ ཉ་མོ་ཤ་རྔམས་ལྕགས་ཀྱུར་འཐོགས༔ ནུབ་ནས་བྱ་ཁྱུང་རོ་ཁུར་གྱིས༔ གནམ་འཕང་ཆོད་དུས་མཚོ་ལ་གབ༔ དེ་དུས་པད་འབྱུང་སྤྲུལ་པ་མཆོག༔ བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ༔ མཁའ་འགྲོའི་གསང་མཛོད་བདག་པོ་འབྱུང་༔ འདི་འཕྲད་འདི་འབྱིན་འདིར་སྤྱོད་ཅིང་༔ ཞལ་ཕྱེས་བདུད་བགེགས་ནུས་སྟོབས་འཇོམས༔ ཁྱད་པར་ས་ཐེལ་སྦལ་ནག་བརླག༔ བདུད་འཇོམས་གྲོགས་སུ་སྲུང་མས་རེམ༔ ཨོཾ་ས་མ་ཡ༔ ཨཱཿས་མ་ཡ༔ ཧཱུྃ་ས་མ་ཡ༔ ལག་ཏུ་ལེན་པའི་རིམ་པ་ནི༔ སྒྲུབ་གནས་བཀྲ་ཤིས་ཉམས་དགའ་ཞིང་༔ དབེན་ཞིང་འཚེ་བྲལ་སྐྱེད་ཚལ་དུ༔ དཀྱིལ་འཁོར་བཀོད་ལེགས་མཚན་རྫོགས་པ༔ རྡུལ་ཚོན་རས་བྲིས་གང་རུང་ངམ༔ ཡང་ན་ཚོམ་བུའི་དཀྱིལ་འཁོར་རམ༔ ཡང་ན་གཏོར་མའི་དཀྱིལ་འཁོར་རམ༔ སྐུ་གསུང་ཐུགས་ཀྱི་རྟེན་དལ་དུ༔ རྐང་ཁྲིར་སྨན་ཐོད་རིལ་བུས་བཀང་༔ ཁ་ཁེབས་མེ་ལོང་དར་དམར་དང་༔ དེ་སྟེང་སྲོག་གི་འཁོར་ལོ་བཞག༔ མཆོད་རྫས་སྨན་རཀ་གཏོར་མ་དང་༔ འདོད་ཡོན་ཉེར་སྤྱོད་གསང་གཏེར་སོགས༔ འབྱོར་ཚོགས་ག་ཎ་ལོངས་སྤྱོད་བཤམས༔ དཀྱིལ་འཁོར་རྟེན་གྱི་རིམ་པའོ༔ ས་མ་ཡ༔ དཀར་ཕྱོགས་སྐྱོང་ལ་དཀར་གཏོར་དང་༔ ནག་ཕྱོགས་སྐྱོང་ལ་དམར་གཏོར་འབུལ༔ ལན་ཆགས་བགེགས་ལ་ཆངས་གླུད་བསྔོ༔ ཡག་གཞིར་བྱིན་རླབས་བཀྲ་ཤིས་བརྗོད༔ དཀྱིལ་འཁོར་བྱིན་རླབས་སྨོན་ལམ་གདབ༔ མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད༔ བསང་སྦྱང་ཡེ་ཤེས་རྒྱས་གདབ་བྱ༔ བགེགས་འདུལ་ཁྲོ་བོའི་ལས་སྒྲུབ་བརྩོན༔ ཕྱོགས་བཞིར་སྲུང་བྱེད་ཐོ་བཅོལ་བྱ༔ སྡེ་བརྒྱད་སྲོག་འཁོར་གདན་དུ་བཏིང་༔ སྔོན་འགྲོ་སྟ་གོན་རིམ་པའོ༔ ས་མ་ཡ༔ སླར་ཡང་བདེ་བའི་གདན་ལ་འཁོད༔ སྦྱོར་བ་སྐྱབས་སེམས་སྔོན་འགྲོའི་རིམ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ ངོ་བོ་རང་བཞིན་ཐུགས་རྗེའི་ངང་༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ གཏན་དུ་མི་འབྲལ་དམ་བཅའ་འོ༔ ལན་གསུམ་བརྗོད་ཅིང་བྱང་སེམས་བསྐྱེད༔ ཧོཿ བླ་མ་རྒྱལ་བ་སྲས་བཅས་དགོངས༔ ཇི་ལྟར་ཁྱེད་ཀྱི་ཚུལ་ལམ་བཞིན༔ བདག་ཀྱང་བྱང་ཆུབ་སེམས་བསྐྱེད་བསྒྲུབ༔ ངང་ནས་སྒོ་གསུམ་རྡོ་རྗེར་འཇུག༔ སྦྱོར་བ་སེམས་བསྐྱེད་རིམ་པའོ༔ ས་མ་ཡ༔ དེ་ནས་སྒོ་གསུམ་འཆིང་བྱེད་ཀྱི༔ བགེགས་དང་བར་དུ་གཅོད་པ་ལ༔ ལན་ཆགས་འདོད་ཡོན་གླུད་དུ་འབུལ༔ བཀའ་བསྒོ་སྦྱོར་བཤིག་བསྐྲད་བྱེད་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་མ་བཅོས་དོན་གྱི་ཧེ་རུ་ཀ༔ ཆེ་བའི་ཆེ་མཆོག་རྡོ་རྗེ་ཁྲོ་བོ་ལོད༔ དམར་ནག་ཁྲོ་གཏུམ་རྡོ་རྗེ་ལྕགས་ཕུར་གདེངས༔ ཡེ་ཤེས་རབ་འབར་མེ་དཔུང་ལྕགས་སྡིག་འགྱེད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཉོན་ཅིག་མ་རིག་འཁྲུལ་པའི་རྣམ་རྟོག་བགེགས༔ ལན་ཆགས་གླུད་དང་གཏོར་མ་འདོད་ཡོན་ལོངས༔ ཚེ་རབས་ལན་ཆགས་བྱང་ཟིན་ཕྱིར་དེངས་ཤིག༔ བཀའ་ལས་འདས་ན་རྡུལ་ཕྲན་བཞིན་དུ་བརླག༔ ཧཱུྃ༔ རབ་འཇིགས་རིག་རྩལ་དྲག་པོས་སྣང་སྲིད་འགེངས༔ རྡོ་རྗེ་ཐུན་མཚོན་མེ་ཡིས་ལས་མཛོད་ཅིག༔ རྩ་སྔགས་ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ མཐའ་ཡི་ལྕགས་རི་ནག་པོའི་རྒྱབ་ཏུ་བསྐྲད༔ སླར་ཡང་སྲུང་བའི་གུར་ཁང་སྲ་བརྟན་བསྒོམ༔ མི་འཇིགས་མི་འགྱུར་རྡོ་རྗེའི་རྒྱས་འདེབས་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་འཕྲོ་འདུ་ལས༔ འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་དང་༔ རྒྱ་གྲམ་དབྱངས་གསལ་འཇའ་འོད་ཁྲོ་ཁྱུང་སྡིག༔ རྡོ་རྗེ་མེ་ཆུ་རླུང་དང་དུར་ཁྲོད་བརྒྱད༔ སྲུང་བའི་འཁོར་ལོ་གཞོམ་གཞིག་མེད་པར་གྱུར༔ སྐུ་དང་ཡེ་ཤེས་ཆེན་པོའི་ངང་རྒྱས་འདེབས༔ ཧཱུྃ་བཛྲ་ཀྲོ་དྷ་ཧཱུྃ༔ དུ་ཏྲི་ཀཱ་ལ་རུ་པ་སརྦ་མཱ་ར་ཡ་རྦད་བྷྱོ༔ སརྦ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀྲོ་དྷ་ཁྲོཾ་བྷྱོ་རཾ་བཾ་ཡཾ་ས་མ་ཡ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ འཁོར་འདས་རུ་ཤན་འབྱེད་པའི་ཐབས་ཟབ་མོ༔ མཚམས་གཅོད་སྲུང་འཁོར་བསྒོམ་པའི་རིམ་པའོ༔ ས་མ་ཡ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧཱུྃ༔ ཡེ་གཞི་སྤྲོས་བྲལ་ཡེ་ཤེས་རོལ་པའི་གཤིས༔ ལྷུན་གྲུབ་བདེ་བ་ཆེན་པོའི་མཁའ་ཀློང་བརྡོལ༔ ཧཱུྃ་ཧཱུྃ༔ ཡེ་སངས་རྒྱས་པ་གདོད་མའི་མགོན་པོ་མཆོག༔ ལྷན་སྐྱེས་ཡེ་ཤེས་ཆེན་པོར་མཇལ་ཕྱག་འཚལ༔ ཧཱུྃ་ཧཱུྃ༔ ཁྱབ་བརྡལ་རིག་པ་ཀུན་ཏུ་བཟང་༔ ལྷུན་གྲུབ་མ་འགགས་རྡོ་རྗེ་འཆང་༔ ཐུགས་རྗེའི་རང་རྩལ་པདྨ་འབྱུང་༔ གཉིས་མེད་རོལ་པའི་ཧེ་རུ་ཀ༔ རྡོ་རྗེའི་ངང་ཁྲོས་ཁྲོ་བོ་ལོད༔ དཀྱིལ་འཁོར་ཡོངས་རྫོགས་དབང་བྱིན་ཕོབ༔ མ་དག་སྒོ་གསུམ་འཁོར་བའི་ལམ༔ རྡོ་རྗེ་གསུམ་དུ་ཀློང་རྒྱས་ཐོབ༔ ཨོཾ་གུ་རུ་རཀྴ་ཁྲོ་བོ་ལོད་ཛྙཱ་ན་མཎྜ་ལ་སརྦ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་སིདྡྷི་ཨ་བེ་ཤ་ཡ་ཨ་ཨ༔ མ་དག་འཁྲུལ་པའི་གཟུང་འཛིན་སེམས༔ དག་པ་ཡེ་ཤེས་ཆེན་པོའི་ངང་༔ སྦྱོང་བསལ་བྱིན་རླབས་དབང་གིས་བརླན༔ གྲོང་དུ་འཇུག་པའི་སྣོད་དུ་བྱ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཧཱུྃ་ཧཱུྃ༔ ཕྱི་ལྟར་སྣང་སྲིད་མཆོད་པའི་སྤྲིན༔ ནང་ལྟར་འུབ་ཆུབ་རོལ་པའི་དཔལ༔ གསང་བ་ཚོགས་ཡུལ་སེམས་ཀྱི་ཆོས༔ ཤེས་རབ་དབྱིངས་སྡུད་ཡེ་ཤེས་ལས༔ ཐབས་མཆོག་འདོད་ཡོན་མི་ཟད་གཏེར༔ མ་བཅོས་ངང་ལས་ཅིར་ཡང་སྣང་༔ ཨོཾ་སརྦ་ག་ཎ་པཉྩ་སརྦ་པཱུ་ཛ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གཞི་རུ་ཆུབ་པའི་ཆོས་སོ་ཅོག༔ མ་བཙལ་མཆོད་པའི་སྤྲིན་དུ་ཤར༔ བྱང་ཆུབ་ཆེན་པོའི་རང་རིག་ནས༔ མཆོད་པའི་རྫས་སུ་རྒྱས་གདབ་ལམ༔ དཀྱིལ་འཁོར་བསྒོམ་པའི་སྔོན་འགྲོའོ༔ ས་མ་ཡ༔ དེ་ནས་དངོས་གཞི་ལྷ་བསྐྱེད་ནི༔ དང་པོ་ཏིང་འཛིན་གསུམ་ལྡན་ལ༔ ཨོཾ༔ ཡེ་གཞི་མཐའ་བྲལ་ཕྱོགས་ཡན་ཆོས་ཀྱི་དབྱིངས༔ ཨཱཿལྷུན་གྲུབ་སྣང་བ་མ་འགགས་ཀུན་ཏུ་གསལ༔ ཧཱུྃ༔ ཐུགས་རྗེའི་རང་གཟུགས་རྒྱུ་ཡི་ཧེ་རུ་ཀ༔ རྒྱུ་ལས་འོད་འཕྲོས་འབྱུང་བ་རིམ་བརྩེགས་སྟེང་༔ ཡེ་ཤེས་སྲུང་བའི་འཁོར་ལོ་རིམ་དགུའི་ནང་༔ བྷྲུྃ༔ གྲུ་གསུམ་ཐོད་མཁར་དམར་ནག་ཟླ་གམ་སྟེང་༔ མི་འཇིགས་གནམ་ལྕགས་རྡོ་རྗེའི་གཟེར་གྱིས་བསྡམས༔ ཡེ་ཤེས་མེ་འབར་ཁྱུང་སྡིག་ཚྭ་ཚྭ་འཕྲོས༔ རབ་འཇིགས་དྲག་པོའི་གཞལ་ཡས་ཁང་ཆེན་དབུས༔ གྲུ་གསུམ་དམར་ནག་ཆོས་ཀྱི་འབྱུང་གནས་བསྣོལ༔ དེ་སྟེང་པདྨ་ཉི་མ་བརྩེགས་པའི་ཁྲིར༔ བདུད་དཔུང་རྒྱལ་བསེན་གཅལ་དུ་བཀྲམ་པའི་སྟེང་༔ ཧཱུྃ་དམར་གནས་འགྱུར་གནམ་ལྕགས་ཕུར་པ་ལས༔ འོད་འཕྲོས་བདུད་བགེགས་རྒྱལ་བསེན་སྡེ་བརྒྱད་བཏུལ༔ འཁོར་འདས་སྲོག་སྙིང་ཚེ་དཔལ་ནུས་སྟོབས་བཅུད༔ མ་ལུས་ཡོངས་བསྡུས་དོན་གྱི་ཧེ་རུར་བསྟིམ༔ སྐད་ཅིག་དམ་ཚིག་སེམས་དཔའ་ཆེན་པོར་བཞེངས༔ བདེ་གཤེགས་རྒྱལ་བ་མ་ལུས་འདུས་པའི་དཔལ༔ ཆོས་ཉིད་དོན་གྱི་རིག་སྐུ་རང་བྱུང་བ༔ པད་འབྱུང་རབ་ཁྲོས་དབང་དྲག་ཡང་ཁྲོས་པ༔ གཏུམ་དྲག་འཆོལ་པར་སྟོན་པའི་སྐུར་སྟོན་པ༔ བདུད་འཇོམས་རྡོ་རྗེའི་བདག་ཉིད་ཁྲོ་བོ་ལོད༔ སྐུ་མདོག་དམར་སྨུག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་ནམ་མཁར་གསོར༔ བདུད་བགེགས་རྒྱལ་བསེན་དམ་སྲིའི་མགོ་བོ་འགེམས༔ གཡོན་པས་གནམ་ལྕགས་ཕུར་པ་ས་གཞིར་གཟིར༔ མི་སྲུན་དགྲ་བགེགས་མགོ་ལུས་དུམ་བུར་གཏོར༔ སྤྱན་གསུམ་དམར་ཟླུམ་ཆོས་ཀྱི་དབྱིངས་སུ་གཟིགས༔ ཁྲོ་གཉེར་བཞི་རིམ་ཤངས་ཧར་ཨམ་གཙིགས་བསྡམ༔ མཆེ་བ་རྣོ་དཀར་མདངས་ལྡན་མན་དུ་གཙིགས༔ སྨ་ར་སྨིན་མ་དམར་སེར་མེ་ཞགས་འཕྲོ༔ དབུ་སྐྲ་གཡས་འཁྱིལ་དུང་གི་སྙན་ཆ་མཛེས༔ ཟ་འོག་བེར་མཐིང་འདུང་མ་སྟེང་དུ་ཀླུབ༔ ཐང་ཤམ་དམར་སྨུག་ཆོས་གོས་གསེར་བཀྲ་གསོལ༔ ཞབས་གཉིས་གྱད་སྟབས་སག་ལྷྭམ་ལྗང་ཁྲ་གསོལ༔ སྒྲོལ་ཡུམ་མནྡྷ་ར་བ་སྟག་མོའི་གཟུགས༔ རབ་འཇིགས་འགྱིང་སྟབས་དྲག་པོའི་ཞབས་བཏེགས་མཛད༔ སྡེར་བཞིས་བདུད་བགེགས་རྒྱལ་བསེན་དམ་སྲི་གནོན༔ ཡེ་ཤེས་མེ་དཔུང་རབ་འབར་ཀློང་དུ་གསལ༔ བདེ་ཆེན་འཁོར་ལོར་དྷཱིཿལས་གཤིན་རྗེ་གཤེད༔ ལོངས་སྤྱོད་འཁོར་ལོར་ཧྲཱིཿལས་དབང་ཆེན་དམར༔ ཆོས་ཀྱི་འཁོར་ལོར་ཧཱུྃ་ལས་རྡོ་རྗེ་གཏུམ༔ སྤྲུལ་པའི་འཁོར་ལོར་ཏཱྃཿལས་སྒྲོལ་མ་ལྗང་༔ བདེ་སྐྱོང་འཁོར་ལོར་ཕཊཿལས་ཕུར་པ་མཐིང་༔ གནོད་བྱེད་འབྱུང་པོ་མྱོས་བྱེད་དྲི་ངན་འཕྲོ༔ ཟ་བྱེད་ལྕགས་སྡིག་ནག་པོ་ཁྲ་ཐབས་འགྱེད༔ རྒྱལ་འགོང་དམ་སྲི་ཕོ་མོའི་སྙིང་ཁྲག་འབྱིན༔ སྤྱི་བོར་པདྨ་ཉི་ཟླའི་གདན་སྟེང་དུ༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་དམར༔ ཟ་བེར་ཕོད་ཀ་ཆོས་གོས་ཐང་ཤམ་གསོལ༔ ཕྱག་གཡས་རྡོ་རྗེ་བསྡིག་ཅིང་གཡོན་བྷནྡྷ༔ ཞི་མ་ཁྲོ་འཛུམ་སྙིང་པོའི་བུམ་ཞུ་གསོལ༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས༔ པང་གཡས་ཕག་མོ་དམར་གསལ་གྲི་ཐོད་སྟོབ༔ གཅེར་བུ་རུས་རྒྱན་སྤྱི་བོར་ཕག་ཞལ་ངུར༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་བསམ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་དམར༔ ལྷོ་ཡི་ཕྱོགས་སུ་རིན་ཆེན་མཁའ་འགྲོ་དམར༔ ནུབ་ཀྱི་ཕྱོགས་སུ་པདྨ་མཁའ་འགྲོ་དམར༔ བྱང་གི་ཕྱོགས་སུ་ལས་ཀྱི་མཁའ་འགྲོ་དམར༔ ཞབས་གཉིས་གར་སྟབས་ཕྱག་གཉིས་གྲི་ཐོད་བསྣམས༔ གཅེར་བུ་རུས་རྒྱན་སྤྱི་བོར་ཕག་ཞལ་ངུར༔ ཁམས་གསུམ་མ་ལུས་དབང་དུ་སྡུད་པར་བསྐྱེད༔ ཤར་ལྷོ་མཚམས་སུ་རྡོ་རྗེ་གིང་ཆེན་དམར༔ ལྷོ་ནུབ་མཚམས་སུ་རཏྣ་གིང་ཆེན་དམར༔ ནུབ་བྱང་མཚམས་སུ་པདྨ་གིང་ཆེན་དམར༔ བྱང་ཤར་མཚམས་སུ་ལས་ཀྱི་གིང་ཆེན་དམར༔ ཀུན་ཀྱང་དོར་སྟབས་ཕྱག་གཉིས་གྲི་ཐོད་བསྣམས༔ ལས་མདོག་དར་གྱི་ཐོད་དང་ཨང་རག་གསོལ༔ དྲེགས་ཅན་ལྷ་སྲིན་བདུད་བགེགས་དབང་དུ་བཀོལ༔ ཕྱི་རིམ་ཤར་དུ་དབང་ཕྱུག་ཆེན་པོ་དམར༔ ལྕགས་ཀྱུ་སྙིང་འཛིན་འདོར་སྟབས་སྟག་ཤམ་ཀླུབས༔ ལྷོ་རུ་ལེགས་ལྡན་ནག་པོས་བིང་དབྱུག་བསྣམས༔ དར་ནག་བེར་གསོལ་གྱད་ཀྱི་འདོར་སྟབས་བགྲད༔ ནུབ་ཏུ་ཨེ་ཀ་ཛ་ཊཱི་དམར་ནག་འཇིགས༔ གཡས་གཡོན་ཞིང་དབྱུག་དགྲ་སྙིང་དམར་རློན་གསོལ༔ བྱང་དུ་སྲིད་རྒྱལ་ནག་མོ་རེ་མ་ཏཱི༔ གཡས་གཡོན་འཁོར་ལོ་སྙིང་འཛིན་བོང་དམར་བཅིབས༔ ཀུན་ཀྱང་གཟི་བརྗིད་མདངས་ལྡན་མེ་དཔུང་འབར༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་ཅིང་༔ དུས་འཁྲུགས་ནད་མཚོན་འཇོམས་པའི་སྟོབས་ལྡན་ཏེ༔ འགྲོ་བློ་དབང་བསྒྱུར་ཆོས་སུ་གཟུད་པར་བསྒོམ༔ སྒོ་བཞིར་རྒྱལ་ཆེན་སྡེ་བཞི་དམར་གསལ་བརྗིད༔ ལས་མདོག་གོ་ཁྲབ་རྨོག་གསོལ་རང་རྟགས་འཆང་༔ སྣང་སྲིད་དབང་སྡུད་ཟིལ་གྱིས་གནོན་པ་དང་༔ བར་ཆད་ཀུན་སེལ་དངོས་གྲུབ་བདག་པོར་བསྐྱེད༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་ལྷ༔ ཡེ་ཤེས་དབྱིངས་སུ་གཉིས་མེད་རྫོགས་པ་ཆེ༔ མཐའ་བྲལ་ཕྱོགས་ཡན་ཆེན་པོར་བྱང་ཆུབ་པས༔ རང་བཞིན་རིག་པའི་ངང་ནས་གསལ་གདབ་བོ༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོ་རུ༔ གྲོང་འཕོ་གྲོང་འཇུག་རྣལ་འབྱོར་ཐབས་ཀྱི་ལམ༔ ཡེ་གནས་ཡིན་ལུགས་དཀྱུས་ལས་གཞན་བལྟ་མིན༔ མཐར་ཐུག་རང་ངོར་གྲོལ་བ་རྡོ་རྗེའི་ལམ༔ དངོས་གཞི་ལྷ་བསྐྱེད་གསལ་བའི་གཟེར་གྱིས་གདབ༔ དེ་ནི་དཀྱིལ་འཁོར་དངོས་ཀྱི་རིམ་པའོ༔ ས་མ་ཡ༔ དེ་ནས་སྤྱན་འདྲེན་པ་ལ༔ རང་ཉིད་ཡི་དམ་ལྷར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག་རྣམས་ཉི་མ་འབུམ་གྱི་འོད་ལྟར་འབར་བར་གསལ༔ དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་བླ་མ་སངས་རྒྱས་བྱང་སེམས་ཐམས་ཅད་ཡི་དམ་གྱི་ལྷ་མཆོག་རྡོ་རྗེ་གྲོ་ལོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་པར་གྱུར་ནས་བདག་དམ་ཚིག་པར་གསལ་བ་ལ་གཉིས་མེད་དུ་ཐིམ་པར་བསམ་ལ༔ ཛཿཧཱུྃ༔ བདག་ཉིད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་དུ་གསལ་བའི་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ལྷོ་ནུབ་རྔ་ཡབ་ཀྱི་གླིང་༔ རཀྴ་སྲིན་པོའི་གྲོང་ཁྱེར་གྱི་དབུས༔ ཟངས་མདོག་དཔལ་གྱི་རི་བོའི་རྩེ་མོ༔ པདྨ་འོད་ཀྱི་གཞལ་ཡས༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ གུ་རུ་པདྨ་འབྱུང་གནས་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་དང་༔ རཀྴའི་ཐོད་མཁར་འབར་བ་ནས༔ དྲག་པོ་རཀྴ་ཐོད་ཕྲེང་འཁོར་བདུད་འདུལ་ཁྲག་འཐུང་སྡེ་ལྔ་ལ་སོགས་པའི་བླ་མ་རིག་འཛིན་ཡི་དམ་རྒྱུད་སྡེའི་དཀྱིལ་འཁོར་དཔའ་བོ་དཔའ་མོ་རྣལ་འབྱོར་ཕོ་མོ་གིང་ཕོ་གིང་མོ་དབང་ཕྱུག་ལྷ་མགོན་སྲིད་པ་མ་མོའི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་རྣམ་པར་ཁ་ཆར་སེར་རླུང་འཚུབས་པ་ལྟར་སྤྱན་དྲངས༔ བདག་དང་སྒྲུབ་རྫས་རྣམས་ལ་གཉིས་སུ་མེད་པར་ཐིམ་པས་གཟི་བརྗིད་འོད་ཕུང་འབར་ཞིང་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར༔ ཨོཾ་གུ་རུ་བཛྲ་གྲོ་བོ་ལོད་རཀྴ་ཀྲོ་དྷ་ཀིང་ཀ་ར་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛཿཤར་དུ་ཟིལ་གྱིས་གནོན་པའི་གིང་༔ དབང་ཕྱུག་མ་ཧཱ་དཱེ་ཝ་ཡིན༔ གཡས་སུ་འགུགས་བྱེད་ལྕགས་ཀྱུ་དང་༔ སྐྱེ་འགྲོ་དབང་བསྒྱུར་ཙིཏྟ་གཡོན༔ ལྷོ་རུ་སྒྲོལ་བར་བྱེད་པའི་གིང་༔ ལེགས་ལྡན་མ་ཧཱ་ཀཱ་ལ་བཞག༔ གཡས་པས་བིང་གིས་ཁམས་གསུམ་སྒྲོལ༔ འགྲོ་བློ་ཁ་ལོ་བསྒྱུར་སྙིང་གཡོན༔ ནུབ་ཏུ་སྡུད་པར་བྱེད་པའི་གིང་༔ སྔགས་སྲུང་ཨེ་ཀ་ཛ་ཊཱི་བཞག༔ ཞིང་གི་དབྱུག་པས་འཁོར་བ་བཤིག༔ སྙིང་གིས་འགྲོ་བློ་དབང་དུ་བསྒྱུར༔ བྱང་དུ་བསྒྱུར་བར་བྱེད་པའི་གིང་༔ མ་མོ་སྲིད་པའི་རྒྱལ་མོ་བཞག༔ འཁོར་ལོས་འཁོར་འདས་ཁ་ལོ་བསྒྱུར༔ སྙིང་གིས་བློ་ཡིད་འཕྲོག་པར་བྱེད༔ དུས་འཁྲུགས་བདུད་ཀྱི་ཁ་གནོན་ཡིན༔ མདོར་ན་ཟིལ་གནོན་དབང་དྲག་གི༔ དཀྱིལ་འཁོར་ཡོངས་རྫོགས་སྒྲུབ་པའི་དལ༔ དུས་མཐའི་བདུད་བགེགས་འཇོམས་ཕྱིར་བཀོད༔ ས་མ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ གླིང་གི་མིང་ནི་རྔ་ཡབ་གླིང་༔ ཡུལ་ནི་ཟ་བྱེད་སྲིན་པོའི་ཡུལ༔ རྒྱ་མཚོ་ཆེན་པོའི་ལྟེ་བ་རུ༔ ཟངས་མདོག་དཔལ་གྱི་རི་བོ་ཞེས༔ ལྷུན་ཆགས་རྩ་བ་ཀླུ་ཡི་ཡུལ༔ རྐེད་པ་མི་མངོན་མཁའ་འགྲོའི་གླིང་༔ རྩེ་མོ་ཚངས་པའི་གནས་སུ་སྙོགས༔ སྟེང་འོག་དཔག་ཚད་འདས་པ་ན༔ མཁའ་སྤྱོད་འོག་མིན་པདྨ་འོད༔ མི་འགྱུར་བདེ་ཆེན་གཞལ་ཡས་ནས༔ རྗེ་བཙུན་པད་འབྱུང་སྟོན་འཁོར་བཅས༔ དྲག་པོ་ཁྲོས་པའི་སྐུར་བཞེངས་ལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ རཀྴ་སྲིན་པོ་ཟིལ་གནོན་རྒྱལ༔ ཐོད་པའི་སྐུ་མཁར་གཞལ་ཡས་ནས༔ སྲིན་རྒྱལ་རཀྴ་ཐོད་ཕྲེང་རྩལ༔ གཉིས་མེད་རོལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྟོང་གསུམ་མི་མཇེད་འཇིག་རྟེན་ན༔ འཛམ་གླིང་བྱེ་བ་ཕྲག་བརྒྱའི་མགོན༔ པད་འབྱུང་བྱེ་བ་ཕྲག་བརྒྱ་ཡི༔ སྟོན་འཁོར་ཡོངས་རྫོགས་མ་ལུས་པ༔ བདུད་འཇོམས་དྲག་པོའི་སྐུར་བཞེངས་ལ༔ གཉིས་མེད་རོལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ དྲེགས་པའི་སྲོག་འཕྲོག་ལས་ལ་བཀོལ༔ རིག་འཛིན་རྒྱལ་པོ་ཁྲོ་བོ་ལོད༔ གཉིས་མེད་རོལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ གནོད་སྦྱིན་རྫོང་གི་གནས་མཆོག་དེར༔ བདུད་དང་ལོག་རྟོག་དབྱིངས་སུ་བསྒྲལ༔ ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཁྱོད༔ གཉིས་མེད་རོལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྟག་ཚང་སེང་གེའི་ཕུག་པ་རུ༔ བདུད་དང་དམ་སྲི་སྡེ་བརྒྱད་བཏུལ༔ ཆེ་མཆོག་རྡོ་རྗེ་ཁྲོ་བོ་ལོད༔ གཉིས་མེད་རོལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བལ་བོད་གཉིས་ཀྱི་ཡུལ་ཁ་རུ༔ ལྷ་འདྲེ་དམ་བཏགས་བྲན་དུ་བཀོལ༔ བདུད་འདུལ་རྡོ་རྗེ་གྲོ་བོ་ལོད༔ གཉིས་མེད་རོལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ བདེ་གཤེགས་རྒྱལ་བ་ཡོངས་འདུས་དཔལ༔ ཀུན་བཟང་རྡོ་རྗེ་གྲོ་བོ་ལོད༔ སྐྱེ་མེད་ཀློང་ལས་སྐུར་བཞེངས་ལ༔ འགགས་མེད་རོལ་པའི་བརྟུལ་ཞུགས་སྐྱེད༔ རྣམ་པ་ངོ་བོ་ཉིད་དུ་རོལ༔ ཀ་དག་ཆེན་པོའི་ལྷུམས་བསྡུས་ཏེ༔ མི་འགྱུར་རྡོ་རྗེའི་ཀློང་རྒྱས་ཐོབ༔ འཁོར་བའི་འཁྲུལ་འཁོར་དབྱིངས་སུ་ཆོམས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་རོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཟིལ་གནོན་གཤེགས་སུ་གསོལ༔ མཁའ་འགྲོ་སྡེ་ལྔ་གཤེགས་སུ་གསོལ༔ གིང་ཆེན་སྡེ་བཞི་གཤེགས་སུ་གསོལ༔ མ་ཧཱ་དཱེ་ཝ་གཤེགས་སུ་གསོལ༔ ལེགས་ལྡན་ནག་པོ་གཤེགས་སུ་གསོལ༔ ཨེ་ཀ་ཛ་ཊཱི་གཤེགས་སུ་གསོལ༔ སྲིད་པའི་རྒྱལ་མོ་གཤེགས་སུ་གསོལ༔ རྒྱལ་ཆེན་སྡེ་བཞི་གཤེགས་སུ་གསོལ༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ སྲིད་གསུམ་ཟིལ་གནོན་ཕྲིན་ལས་ཀྱིས༔ ནད་མཚོན་དུས་འཁྲུག་ཚར་ཆོད་ཅིག༔ གོ་འཕང་མཆོག་ལ་བདག་དྲོངས་ཤིག༔ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་སྟྭཾ༔ དམ་ཚིག་བསྒོམ་པའི་དཀྱིལ་འཁོར་ལ༔ དབྱིངས་བཞུགས་ཡེ་ཤེས་གཉིས་མེད་བསྟིམ༔ དབང་བྱིན་རྒྱུད་ལ་དབབ་པའི་ཕྱིར༔ སྤྱན་འདྲེན་བསྟིམ་སྦྱོར་རིམ་པའོ༔ ས་མ་ཡ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧཱུྃ༔ གདོད་ནས་དམ་ཚིག་ཡེ་ཤེས་ལྷ༔ གཉིས་མེད་རྫོགས་ལྡན་ངོ་བོ་ཉིད༔ ངང་གནས་ཆོས་ཀྱི་དབྱིངས་ཆེན་པོར༔ གཉིས་མེད་རོ་གཅིག་བརྟན་བཞུགས་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཡེ་གཞི་ཀ་དག་ཡེ་ཤེས་ལྷ༔ འགྲོ་བའི་རྒྱུད་དང་གཏན་འགྲོགས་པས༔ ངང་གནས་རིག་པས་མངོན་གྱུར་གྲོལ༔ བཞུགས་སུ་གསོལ་བའི་རིམ་པའོ༔ ས་མ་ཡ༔ དེ་ནས་ཕྱག་འཚལ་རིམ་པ་ནི༔ ཧཱུྃ༔ རང་ཉིད་ལྷ་ལ་ལྷ་ཉིད་རང་༔ དབྱེར་མེད་དུ་མ་རོ་གཅིག་ངང་༔ རང་བྱུང་ལྷུན་གྱིས་གྲུབ་པའི་ལྷ༔ བདག་མེད་རྟོགས་པས་གུས་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ ཧོཿ སྣང་བ་ལྷ་ཡི་བཀོད་པ་རྫོགས༔ ངོ་བོ་ཉིད་ཀྱིས་ཡུལ་མེད་བྱང་༔ སྐུ་དང་ཡེ་ཤེས་ཀུན་ཆུབ་པར༔ རིག་པས་ཕྱག་འཚལ་མཆོག་ཆེན་པོ༔ ས་མ་ཡ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣོད་བཅུད་ཤར་བ་སྣང་བའི་ཡུལ༔ དབང་བསྒྱུར་འུབ་ཆུབ་ཆེན་པོའི་མཁར༔ གཞིག་ནས་ཉེར་སྤྱོད་འདོད་ཡོན་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་ཕྱིར་འབུལ༔ སྣང་སྲིད་བདེ་ཆེན་རྒྱས་འདེབས་མ༔ སྟོང་ཉིད་སྤྲོས་པ་བྲལ་བའི་དབྱིངས༔ ཤེས་རབ་རིག་མ་ཡུམ་ཆེན་མོ༔ ཡི་དམ་ལྷ་ཚོགས་དགྱེས་ཕྱིར་འབུལ༔ ཡེ་ཤེས་ལྔ་ཡི་སྙིང་པོ་བཅུད༔ སྐྱེ་མེད་མཐའ་བྲལ་བྷནྡྷར་བསྐྱིལ༔ ཉོན་མོངས་ཀུན་སེལ་སྨན་ཆེན་པོ༔ ཡི་དམ་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཧཱུྃ༔ ཤེས་རབ་དབྱིངས་ཀྱི་གཞོང་པ་རུ༔ རིག་པ་ཐབས་ཀྱི་གཏོར་མ་བཤམས༔ འདོད་ཡོན་རང་བྱུང་རྒྱན་གྱིས་མཛེས༔ ཡི་དམ་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཧཱུྃ༔ མཉམ་པ་ཉིད་ཀྱི་བྷནྡྷ་རུ༔ འཁོར་བ་ཡོངས་སྒྲོལ་རཀྟ་བསྐྱིལ༔ ཆགས་བྲལ་མ་ཡི་གསང་བཅུད་བབ༔ ཡི་དམ་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཧཱུྃ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ སྣང་སྟོང་སྦྱོར་བའི་བྱང་ཆུབ་སེམས༔ བདེ་སྟོང་ཡེ་ཤེས་བསྐྱེད་པའི་རྫས༔ ཡི་དམ་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཁམས་གསུམ་འཁོར་བའི་རྒྱུ་བསྒྲལ་བའི༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ འབྱུང་ལྔའི་དྭངས་བཅུད་འབྲུ་ལྔས་བརླབས༔ ཡི་དམ་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཧཱུྃ༔ དབྱིངས་ཉིད་སྤྲོས་བྲལ་ཡུམ་གྱི་མཁར༔ ཁམས་གསུམ་ཉོན་འཁྲུལ་སྲིད་པའི་བདུད༔ ཡེ་ཤེས་སྟོབས་ཆེན་ཤུགས་ཀྱིས་སྡུས༔ ཐབས་མཆོག་ཧེ་རུའི་རྡོ་རྗེས་བརྡུང་༔ མ་ལུས་མཉམ་པ་ཉིད་དུ་བསྒྲལ༔ ཤ་རི་ཁྲག་མཚོ་རུས་གྲམ་ཁྲོད༔ ཡི་དམ་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ | ཐྂ༎༔ ({{TibChung|བརྡ་ཡིག་}}) ཀ་དག་ཆོས་སྐུའི་མཁའ་ཀློང་ཡངས་པ་རུ༔ ཆོས་ཉིད་སྒྱུ་མར་རོལ་པའི་སྒྱུ་འཕྲུལ་ལས༔ མ་ངེས་འགྲོ་བའི་ཁམས་སུ་གང་འདུལ་གྱི༔ ཕན་བདེའི་བདུད་རྩི་སྟོན་དེར་གུས་པས་འདུད༔ བདག་འདྲ་པདྨ་བདུད་འཇོམས་ངས༔ མ་འོངས་འགྲོ་བློའི་མུན་ཁམས་སུ༔ ཕན་བདེའི་ཉི་མ་འཆར་བའི་ཕྱིར༔ སྟག་ཚང་བསམ་འགྲུབ་ཀེའུ་ཚང་དུ༔ རང་གི་སྒྲུབ་པ་རང་གིས་བྱས༔ བསྟན་པ་མི་ནུབ་དར་རྒྱས་ཕྱིར༔ མི་འགྱུར་རྡོ་རྗེའི་གཏེར་དུ་སྦས༔ གནོད་སྦྱིན་ཤན་པ་དམར་ནག་ལ༔ གསང་གཏེར་ཟབ་མོའི་གཉེར་ཁ་གཏད༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་ལ༔ སྙིང་ཐིག་ཕྱི་མའི་གཉེར་ཆེན་གཏད༔ དུར་འདྲེ་མཆེ་གཅིག་ཆེན་མོ་ཉིད༔ མ་འོངས་བསྟན་པའི་སྲུང་མར་བསྐོས༔ གཏེར་གྱི་གདུལ་བྱའི་དུས་ཚིགས་ནི༔ མ་འོངས་སྙིགས་མ་ལྔ་བདོའི་དུས༔ རྒྱལ་འགོང་གདུག་པ་ཁ་དར་ནས༔ མི་ཕྱུགས་གོད་ཡམས་སྣ་ཚོགས་འབྱུང་༔ དགོན་གནས་ཕལ་ཆེར་ལྕི་བས་འཚེ༔ དཔག་བསམ་ཤིང་ལས་འདོད་ཡོན་སྤྱོད༔ སྤྱོད་མཁན་བདུད་པོ་ངོ་དཀར་གྱིས༔ སྡོང་པོ་དུག་གི་སྟྭ་རེས་བཅད༔ འགྱེལ་ནས་འགྱེལ་མཁན་སྟེང་བབས་གསོད༔ སེ་ཕུང་ནག་པོས་སྨོན་ལོག་པས༔ དུས་གཅིག་སྦྲུལ་ནག་དགུ་བྱུང་ནས༔ རྒྱ་བོད་མཚོན་གྱི་སྤྲིན་རླུང་འཐབ༔ ཉེས་མེད་རྒྱབ་ཏུ་ཁུར་ཆེན་འགེལ༔ ས་ཐེའུ་ནག་པོའི་སྨོན་ལོག་པས༔ རྗེ་ལ་སྦལ་ནག་མགོ་དགུ་འབྱུང་༔ ཨ་ཡི་དུག་སྦྲུལ་གྲོགས་སུ་བསྡེབས༔ ཉ་མོ་ཤ་རྔམས་ལྕགས་ཀྱུར་འཐོགས༔ ནུབ་ནས་བྱ་ཁྱུང་རོ་ཁུར་གྱིས༔ གནམ་འཕང་ཆོད་དུས་མཚོ་ལ་གབ༔ དེ་དུས་པད་འབྱུང་སྤྲུལ་པ་མཆོག༔ བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ༔ མཁའ་འགྲོའི་གསང་མཛོད་བདག་པོ་འབྱུང་༔ འདི་འཕྲད་འདི་འབྱིན་འདིར་སྤྱོད་ཅིང་༔ ཞལ་ཕྱེས་བདུད་བགེགས་ནུས་སྟོབས་འཇོམས༔ ཁྱད་པར་ས་ཐེལ་སྦལ་ནག་བརླག༔ བདུད་འཇོམས་གྲོགས་སུ་སྲུང་མས་རེམ༔ ཨོཾ་ས་མ་ཡ༔ ཨཱཿས་མ་ཡ༔ ཧཱུྃ་ས་མ་ཡ༔ ལག་ཏུ་ལེན་པའི་རིམ་པ་ནི༔ སྒྲུབ་གནས་བཀྲ་ཤིས་ཉམས་དགའ་ཞིང་༔ དབེན་ཞིང་འཚེ་བྲལ་སྐྱེད་ཚལ་དུ༔ དཀྱིལ་འཁོར་བཀོད་ལེགས་མཚན་རྫོགས་པ༔ རྡུལ་ཚོན་རས་བྲིས་གང་རུང་ངམ༔ ཡང་ན་ཚོམ་བུའི་དཀྱིལ་འཁོར་རམ༔ ཡང་ན་གཏོར་མའི་དཀྱིལ་འཁོར་རམ༔ སྐུ་གསུང་ཐུགས་ཀྱི་རྟེན་དལ་དུ༔ རྐང་ཁྲིར་སྨན་ཐོད་རིལ་བུས་བཀང་༔ ཁ་ཁེབས་མེ་ལོང་དར་དམར་དང་༔ དེ་སྟེང་སྲོག་གི་འཁོར་ལོ་བཞག༔ མཆོད་རྫས་སྨན་རཀ་གཏོར་མ་དང་༔ འདོད་ཡོན་ཉེར་སྤྱོད་གསང་གཏེར་སོགས༔ འབྱོར་ཚོགས་ག་ཎ་ལོངས་སྤྱོད་བཤམས༔ དཀྱིལ་འཁོར་རྟེན་གྱི་རིམ་པའོ༔ ས་མ་ཡ༔ དཀར་ཕྱོགས་སྐྱོང་ལ་དཀར་གཏོར་དང་༔ ནག་ཕྱོགས་སྐྱོང་ལ་དམར་གཏོར་འབུལ༔ ལན་ཆགས་བགེགས་ལ་ཆངས་གླུད་བསྔོ༔ ཡག་གཞིར་བྱིན་རླབས་བཀྲ་ཤིས་བརྗོད༔ དཀྱིལ་འཁོར་བྱིན་རླབས་སྨོན་ལམ་གདབ༔ མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད༔ བསང་སྦྱང་ཡེ་ཤེས་རྒྱས་གདབ་བྱ༔ བགེགས་འདུལ་ཁྲོ་བོའི་ལས་སྒྲུབ་བརྩོན༔ ཕྱོགས་བཞིར་སྲུང་བྱེད་ཐོ་བཅོལ་བྱ༔ སྡེ་བརྒྱད་སྲོག་འཁོར་གདན་དུ་བཏིང་༔ སྔོན་འགྲོ་སྟ་གོན་རིམ་པའོ༔ ས་མ་ཡ༔ སླར་ཡང་བདེ་བའི་གདན་ལ་འཁོད༔ སྦྱོར་བ་སྐྱབས་སེམས་སྔོན་འགྲོའི་རིམ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ ངོ་བོ་རང་བཞིན་ཐུགས་རྗེའི་ངང་༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ གཏན་དུ་མི་འབྲལ་དམ་བཅའ་འོ༔ ལན་གསུམ་བརྗོད་ཅིང་བྱང་སེམས་བསྐྱེད༔ ཧོཿ བླ་མ་རྒྱལ་བ་སྲས་བཅས་དགོངས༔ ཇི་ལྟར་ཁྱེད་ཀྱི་ཚུལ་ལམ་བཞིན༔ བདག་ཀྱང་བྱང་ཆུབ་སེམས་བསྐྱེད་བསྒྲུབ༔ ངང་ནས་སྒོ་གསུམ་རྡོ་རྗེར་འཇུག༔ སྦྱོར་བ་སེམས་བསྐྱེད་རིམ་པའོ༔ ས་མ་ཡ༔ དེ་ནས་སྒོ་གསུམ་འཆིང་བྱེད་ཀྱི༔ བགེགས་དང་བར་དུ་གཅོད་པ་ལ༔ ལན་ཆགས་འདོད་ཡོན་གླུད་དུ་འབུལ༔ བཀའ་བསྒོ་སྦྱོར་བཤིག་བསྐྲད་བྱེད་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་མ་བཅོས་དོན་གྱི་ཧེ་རུ་ཀ༔ ཆེ་བའི་ཆེ་མཆོག་རྡོ་རྗེ་ཁྲོ་བོ་ལོད༔ དམར་ནག་ཁྲོ་གཏུམ་རྡོ་རྗེ་ལྕགས་ཕུར་གདེངས༔ ཡེ་ཤེས་རབ་འབར་མེ་དཔུང་ལྕགས་སྡིག་འགྱེད༔ ཧཱུྃ་ཧཱུྃ་ཧཱུྃ༔ ཉོན་ཅིག་མ་རིག་འཁྲུལ་པའི་རྣམ་རྟོག་བགེགས༔ ལན་ཆགས་གླུད་དང་གཏོར་མ་འདོད་ཡོན་ལོངས༔ ཚེ་རབས་ལན་ཆགས་བྱང་ཟིན་ཕྱིར་དེངས་ཤིག༔ བཀའ་ལས་འདས་ན་རྡུལ་ཕྲན་བཞིན་དུ་བརླག༔ ཧཱུྃ༔ རབ་འཇིགས་རིག་རྩལ་དྲག་པོས་སྣང་སྲིད་འགེངས༔ རྡོ་རྗེ་ཐུན་མཚོན་མེ་ཡིས་ལས་མཛོད་ཅིག༔ རྩ་སྔགས་ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ མཐའ་ཡི་ལྕགས་རི་ནག་པོའི་རྒྱབ་ཏུ་བསྐྲད༔ སླར་ཡང་སྲུང་བའི་གུར་ཁང་སྲ་བརྟན་བསྒོམ༔ མི་འཇིགས་མི་འགྱུར་རྡོ་རྗེའི་རྒྱས་འདེབས་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་འཕྲོ་འདུ་ལས༔ འཁོར་ལོ་རྡོ་རྗེ་རིན་ཆེན་པདྨ་དང་༔ རྒྱ་གྲམ་དབྱངས་གསལ་འཇའ་འོད་ཁྲོ་ཁྱུང་སྡིག༔ རྡོ་རྗེ་མེ་ཆུ་རླུང་དང་དུར་ཁྲོད་བརྒྱད༔ སྲུང་བའི་འཁོར་ལོ་གཞོམ་གཞིག་མེད་པར་གྱུར༔ སྐུ་དང་ཡེ་ཤེས་ཆེན་པོའི་ངང་རྒྱས་འདེབས༔ ཧཱུྃ་བཛྲ་ཀྲོ་དྷ་ཧཱུྃ༔ དུ་ཏྲི་ཀཱ་ལ་རུ་པ་སརྦ་མཱ་ར་ཡ་རྦད་བྷྱོ༔ སརྦ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀྲོ་དྷ་ཁྲོཾ་བྷྱོ་རཾ་བཾ་ཡཾ་ས་མ་ཡ་རཀྵ་རཀྵ་ཡེ་སྭཱ་ཧཱ༔ འཁོར་འདས་རུ་ཤན་འབྱེད་པའི་ཐབས་ཟབ་མོ༔ མཚམས་གཅོད་སྲུང་འཁོར་བསྒོམ་པའི་རིམ་པའོ༔ ས་མ་ཡ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧཱུྃ༔ ཡེ་གཞི་སྤྲོས་བྲལ་ཡེ་ཤེས་རོལ་པའི་གཤིས༔ ལྷུན་གྲུབ་བདེ་བ་ཆེན་པོའི་མཁའ་ཀློང་བརྡོལ༔ ཧཱུྃ་ཧཱུྃ༔ ཡེ་སངས་རྒྱས་པ་གདོད་མའི་མགོན་པོ་མཆོག༔ ལྷན་སྐྱེས་ཡེ་ཤེས་ཆེན་པོར་མཇལ་ཕྱག་འཚལ༔ ཧཱུྃ་ཧཱུྃ༔ ཁྱབ་བརྡལ་རིག་པ་ཀུན་ཏུ་བཟང་༔ ལྷུན་གྲུབ་མ་འགགས་རྡོ་རྗེ་འཆང་༔ ཐུགས་རྗེའི་རང་རྩལ་པདྨ་འབྱུང་༔ གཉིས་མེད་རོལ་པའི་ཧེ་རུ་ཀ༔ རྡོ་རྗེའི་ངང་ཁྲོས་ཁྲོ་བོ་ལོད༔ དཀྱིལ་འཁོར་ཡོངས་རྫོགས་དབང་བྱིན་ཕོབ༔ མ་དག་སྒོ་གསུམ་འཁོར་བའི་ལམ༔ རྡོ་རྗེ་གསུམ་དུ་ཀློང་རྒྱས་ཐོབ༔ ཨོཾ་གུ་རུ་རཀྴ་ཁྲོ་བོ་ལོད་ཛྙཱ་ན་མཎྜ་ལ་སརྦ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་སིདྡྷི་ཨ་བེ་ཤ་ཡ་ཨ་ཨ༔ མ་དག་འཁྲུལ་པའི་གཟུང་འཛིན་སེམས༔ དག་པ་ཡེ་ཤེས་ཆེན་པོའི་ངང་༔ སྦྱོང་བསལ་བྱིན་རླབས་དབང་གིས་བརླན༔ གྲོང་དུ་འཇུག་པའི་སྣོད་དུ་བྱ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཧཱུྃ་ཧཱུྃ༔ ཕྱི་ལྟར་སྣང་སྲིད་མཆོད་པའི་སྤྲིན༔ ནང་ལྟར་འུབ་ཆུབ་རོལ་པའི་དཔལ༔ གསང་བ་ཚོགས་ཡུལ་སེམས་ཀྱི་ཆོས༔ ཤེས་རབ་དབྱིངས་སྡུད་ཡེ་ཤེས་ལས༔ ཐབས་མཆོག་འདོད་ཡོན་མི་ཟད་གཏེར༔ མ་བཅོས་ངང་ལས་ཅིར་ཡང་སྣང་༔ ཨོཾ་སརྦ་ག་ཎ་པཉྩ་སརྦ་པཱུ་ཛ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ གཞི་རུ་ཆུབ་པའི་ཆོས་སོ་ཅོག༔ མ་བཙལ་མཆོད་པའི་སྤྲིན་དུ་ཤར༔ བྱང་ཆུབ་ཆེན་པོའི་རང་རིག་ནས༔ མཆོད་པའི་རྫས་སུ་རྒྱས་གདབ་ལམ༔ དཀྱིལ་འཁོར་བསྒོམ་པའི་སྔོན་འགྲོའོ༔ ས་མ་ཡ༔ དེ་ནས་དངོས་གཞི་ལྷ་བསྐྱེད་ནི༔ དང་པོ་ཏིང་འཛིན་གསུམ་ལྡན་ལ༔ ཨོཾ༔ ཡེ་གཞི་མཐའ་བྲལ་ཕྱོགས་ཡན་ཆོས་ཀྱི་དབྱིངས༔ ཨཱཿལྷུན་གྲུབ་སྣང་བ་མ་འགགས་ཀུན་ཏུ་གསལ༔ ཧཱུྃ༔ ཐུགས་རྗེའི་རང་གཟུགས་རྒྱུ་ཡི་ཧེ་རུ་ཀ༔ རྒྱུ་ལས་འོད་འཕྲོས་འབྱུང་བ་རིམ་བརྩེགས་སྟེང་༔ ཡེ་ཤེས་སྲུང་བའི་འཁོར་ལོ་རིམ་དགུའི་ནང་༔ བྷྲུྃ༔ གྲུ་གསུམ་ཐོད་མཁར་དམར་ནག་ཟླ་གམ་སྟེང་༔ མི་འཇིགས་གནམ་ལྕགས་རྡོ་རྗེའི་གཟེར་གྱིས་བསྡམས༔ ཡེ་ཤེས་མེ་འབར་ཁྱུང་སྡིག་ཚྭ་ཚྭ་འཕྲོས༔ རབ་འཇིགས་དྲག་པོའི་གཞལ་ཡས་ཁང་ཆེན་དབུས༔ གྲུ་གསུམ་དམར་ནག་ཆོས་ཀྱི་འབྱུང་གནས་བསྣོལ༔ དེ་སྟེང་པདྨ་ཉི་མ་བརྩེགས་པའི་ཁྲིར༔ བདུད་དཔུང་རྒྱལ་བསེན་གཅལ་དུ་བཀྲམ་པའི་སྟེང་༔ ཧཱུྃ་དམར་གནས་འགྱུར་གནམ་ལྕགས་ཕུར་པ་ལས༔ འོད་འཕྲོས་བདུད་བགེགས་རྒྱལ་བསེན་སྡེ་བརྒྱད་བཏུལ༔ འཁོར་འདས་སྲོག་སྙིང་ཚེ་དཔལ་ནུས་སྟོབས་བཅུད༔ མ་ལུས་ཡོངས་བསྡུས་དོན་གྱི་ཧེ་རུར་བསྟིམ༔ སྐད་ཅིག་དམ་ཚིག་སེམས་དཔའ་ཆེན་པོར་བཞེངས༔ བདེ་གཤེགས་རྒྱལ་བ་མ་ལུས་འདུས་པའི་དཔལ༔ ཆོས་ཉིད་དོན་གྱི་རིག་སྐུ་རང་བྱུང་བ༔ པད་འབྱུང་རབ་ཁྲོས་དབང་དྲག་ཡང་ཁྲོས་པ༔ གཏུམ་དྲག་འཆོལ་པར་སྟོན་པའི་སྐུར་སྟོན་པ༔ བདུད་འཇོམས་རྡོ་རྗེའི་བདག་ཉིད་ཁྲོ་བོ་ལོད༔ སྐུ་མདོག་དམར་སྨུག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་ནམ་མཁར་གསོར༔ བདུད་བགེགས་རྒྱལ་བསེན་དམ་སྲིའི་མགོ་བོ་འགེམས༔ གཡོན་པས་གནམ་ལྕགས་ཕུར་པ་ས་གཞིར་གཟིར༔ མི་སྲུན་དགྲ་བགེགས་མགོ་ལུས་དུམ་བུར་གཏོར༔ སྤྱན་གསུམ་དམར་ཟླུམ་ཆོས་ཀྱི་དབྱིངས་སུ་གཟིགས༔ ཁྲོ་གཉེར་བཞི་རིམ་ཤངས་ཧར་ཨམ་གཙིགས་བསྡམ༔ མཆེ་བ་རྣོ་དཀར་མདངས་ལྡན་མན་དུ་གཙིགས༔ སྨ་ར་སྨིན་མ་དམར་སེར་མེ་ཞགས་འཕྲོ༔ དབུ་སྐྲ་གཡས་འཁྱིལ་དུང་གི་སྙན་ཆ་མཛེས༔ ཟ་འོག་བེར་མཐིང་འདུང་མ་སྟེང་དུ་ཀླུབ༔ ཐང་ཤམ་དམར་སྨུག་ཆོས་གོས་གསེར་བཀྲ་གསོལ༔ ཞབས་གཉིས་གྱད་སྟབས་སག་ལྷྭམ་ལྗང་ཁྲ་གསོལ༔ སྒྲོལ་ཡུམ་མནྡྷ་ར་བ་སྟག་མོའི་གཟུགས༔ རབ་འཇིགས་འགྱིང་སྟབས་དྲག་པོའི་ཞབས་བཏེགས་མཛད༔ སྡེར་བཞིས་བདུད་བགེགས་རྒྱལ་བསེན་དམ་སྲི་གནོན༔ ཡེ་ཤེས་མེ་དཔུང་རབ་འབར་ཀློང་དུ་གསལ༔ བདེ་ཆེན་འཁོར་ལོར་དྷཱིཿལས་གཤིན་རྗེ་གཤེད༔ ལོངས་སྤྱོད་འཁོར་ལོར་ཧྲཱིཿལས་དབང་ཆེན་དམར༔ ཆོས་ཀྱི་འཁོར་ལོར་ཧཱུྃ་ལས་རྡོ་རྗེ་གཏུམ༔ སྤྲུལ་པའི་འཁོར་ལོར་ཏཱྃཿལས་སྒྲོལ་མ་ལྗང་༔ བདེ་སྐྱོང་འཁོར་ལོར་ཕཊཿལས་ཕུར་པ་མཐིང་༔ གནོད་བྱེད་འབྱུང་པོ་མྱོས་བྱེད་དྲི་ངན་འཕྲོ༔ ཟ་བྱེད་ལྕགས་སྡིག་ནག་པོ་ཁྲ་ཐབས་འགྱེད༔ རྒྱལ་འགོང་དམ་སྲི་ཕོ་མོའི་སྙིང་ཁྲག་འབྱིན༔ སྤྱི་བོར་པདྨ་ཉི་ཟླའི་གདན་སྟེང་དུ༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་དམར༔ ཟ་བེར་ཕོད་ཀ་ཆོས་གོས་ཐང་ཤམ་གསོལ༔ ཕྱག་གཡས་རྡོ་རྗེ་བསྡིག་ཅིང་གཡོན་བྷནྡྷ༔ ཞི་མ་ཁྲོ་འཛུམ་སྙིང་པོའི་བུམ་ཞུ་གསོལ༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས༔ པང་གཡས་ཕག་མོ་དམར་གསལ་གྲི་ཐོད་སྟོབ༔ གཅེར་བུ་རུས་རྒྱན་སྤྱི་བོར་ཕག་ཞལ་ངུར༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་བསམ༔ ཤར་དུ་རྡོ་རྗེ་མཁའ་འགྲོ་སྐུ་མདོག་དམར༔ ལྷོ་ཡི་ཕྱོགས་སུ་རིན་ཆེན་མཁའ་འགྲོ་དམར༔ ནུབ་ཀྱི་ཕྱོགས་སུ་པདྨ་མཁའ་འགྲོ་དམར༔ བྱང་གི་ཕྱོགས་སུ་ལས་ཀྱི་མཁའ་འགྲོ་དམར༔ ཞབས་གཉིས་གར་སྟབས་ཕྱག་གཉིས་གྲི་ཐོད་བསྣམས༔ གཅེར་བུ་རུས་རྒྱན་སྤྱི་བོར་ཕག་ཞལ་ངུར༔ ཁམས་གསུམ་མ་ལུས་དབང་དུ་སྡུད་པར་བསྐྱེད༔ ཤར་ལྷོ་མཚམས་སུ་རྡོ་རྗེ་གིང་ཆེན་དམར༔ ལྷོ་ནུབ་མཚམས་སུ་རཏྣ་གིང་ཆེན་དམར༔ ནུབ་བྱང་མཚམས་སུ་པདྨ་གིང་ཆེན་དམར༔ བྱང་ཤར་མཚམས་སུ་ལས་ཀྱི་གིང་ཆེན་དམར༔ ཀུན་ཀྱང་དོར་སྟབས་ཕྱག་གཉིས་གྲི་ཐོད་བསྣམས༔ ལས་མདོག་དར་གྱི་ཐོད་དང་ཨང་རག་གསོལ༔ དྲེགས་ཅན་ལྷ་སྲིན་བདུད་བགེགས་དབང་དུ་བཀོལ༔ ཕྱི་རིམ་ཤར་དུ་དབང་ཕྱུག་ཆེན་པོ་དམར༔ ལྕགས་ཀྱུ་སྙིང་འཛིན་འདོར་སྟབས་སྟག་ཤམ་ཀླུབས༔ ལྷོ་རུ་ལེགས་ལྡན་ནག་པོས་བིང་དབྱུག་བསྣམས༔ དར་ནག་བེར་གསོལ་གྱད་ཀྱི་འདོར་སྟབས་བགྲད༔ ནུབ་ཏུ་ཨེ་ཀ་ཛ་ཊཱི་དམར་ནག་འཇིགས༔ གཡས་གཡོན་ཞིང་དབྱུག་དགྲ་སྙིང་དམར་རློན་གསོལ༔ བྱང་དུ་སྲིད་རྒྱལ་ནག་མོ་རེ་མ་ཏཱི༔ གཡས་གཡོན་འཁོར་ལོ་སྙིང་འཛིན་བོང་དམར་བཅིབས༔ ཀུན་ཀྱང་གཟི་བརྗིད་མདངས་ལྡན་མེ་དཔུང་འབར༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་ཅིང་༔ དུས་འཁྲུགས་ནད་མཚོན་འཇོམས་པའི་སྟོབས་ལྡན་ཏེ༔ འགྲོ་བློ་དབང་བསྒྱུར་ཆོས་སུ་གཟུད་པར་བསྒོམ༔ སྒོ་བཞིར་རྒྱལ་ཆེན་སྡེ་བཞི་དམར་གསལ་བརྗིད༔ ལས་མདོག་གོ་ཁྲབ་རྨོག་གསོལ་རང་རྟགས་འཆང་༔ སྣང་སྲིད་དབང་སྡུད་ཟིལ་གྱིས་གནོན་པ་དང་༔ བར་ཆད་ཀུན་སེལ་དངོས་གྲུབ་བདག་པོར་བསྐྱེད༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་ལྷ༔ ཡེ་ཤེས་དབྱིངས་སུ་གཉིས་མེད་རྫོགས་པ་ཆེ༔ མཐའ་བྲལ་ཕྱོགས་ཡན་ཆེན་པོར་བྱང་ཆུབ་པས༔ རང་བཞིན་རིག་པའི་ངང་ནས་གསལ་གདབ་བོ༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་ངོ་བོ་རུ༔ གྲོང་འཕོ་གྲོང་འཇུག་རྣལ་འབྱོར་ཐབས་ཀྱི་ལམ༔ ཡེ་གནས་ཡིན་ལུགས་དཀྱུས་ལས་གཞན་བལྟ་མིན༔ མཐར་ཐུག་རང་ངོར་གྲོལ་བ་རྡོ་རྗེའི་ལམ༔ དངོས་གཞི་ལྷ་བསྐྱེད་གསལ་བའི་གཟེར་གྱིས་གདབ༔ དེ་ནི་དཀྱིལ་འཁོར་དངོས་ཀྱི་རིམ་པའོ༔ ས་མ་ཡ༔ དེ་ནས་སྤྱན་འདྲེན་པ་ལ༔ རང་ཉིད་ཡི་དམ་ལྷར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག་རྣམས་ཉི་མ་འབུམ་གྱི་འོད་ལྟར་འབར་བར་གསལ༔ དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་བླ་མ་སངས་རྒྱས་བྱང་སེམས་ཐམས་ཅད་ཡི་དམ་གྱི་ལྷ་མཆོག་རྡོ་རྗེ་གྲོ་ལོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་པར་གྱུར་ནས་བདག་དམ་ཚིག་པར་གསལ་བ་ལ་གཉིས་མེད་དུ་ཐིམ་པར་བསམ་ལ༔ ཛཿཧཱུྃ༔ བདག་ཉིད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་དུ་གསལ་བའི་ཐུགས་སྲོག་ཧཱུྃ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ལྷོ་ནུབ་རྔ་ཡབ་ཀྱི་གླིང་༔ རཀྴ་སྲིན་པོའི་གྲོང་ཁྱེར་གྱི་དབུས༔ ཟངས་མདོག་དཔལ་གྱི་རི་བོའི་རྩེ་མོ༔ པདྨ་འོད་ཀྱི་གཞལ་ཡས༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ གུ་རུ་པདྨ་འབྱུང་གནས་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་དང་༔ རཀྴའི་ཐོད་མཁར་འབར་བ་ནས༔ དྲག་པོ་རཀྴ་ཐོད་ཕྲེང་འཁོར་བདུད་འདུལ་ཁྲག་འཐུང་སྡེ་ལྔ་ལ་སོགས་པའི་བླ་མ་རིག་འཛིན་ཡི་དམ་རྒྱུད་སྡེའི་དཀྱིལ་འཁོར་དཔའ་བོ་དཔའ་མོ་རྣལ་འབྱོར་ཕོ་མོ་གིང་ཕོ་གིང་མོ་དབང་ཕྱུག་ལྷ་མགོན་སྲིད་པ་མ་མོའི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་རྣམ་པར་ཁ་ཆར་སེར་རླུང་འཚུབས་པ་ལྟར་སྤྱན་དྲངས༔ བདག་དང་སྒྲུབ་རྫས་རྣམས་ལ་གཉིས་སུ་མེད་པར་ཐིམ་པས་གཟི་བརྗིད་འོད་ཕུང་འབར་ཞིང་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར༔ ཨོཾ་གུ་རུ་བཛྲ་གྲོ་བོ་ལོད་རཀྴ་ཀྲོ་དྷ་ཀིང་ཀ་ར་ཧ་རི་ནི་ས་བཛྲ་ས་མ་ཡ་ཛ་ཛཿཤར་དུ་ཟིལ་གྱིས་གནོན་པའི་གིང་༔ དབང་ཕྱུག་མ་ཧཱ་དཱེ་ཝ་ཡིན༔ གཡས་སུ་འགུགས་བྱེད་ལྕགས་ཀྱུ་དང་༔ སྐྱེ་འགྲོ་དབང་བསྒྱུར་ཙིཏྟ་གཡོན༔ ལྷོ་རུ་སྒྲོལ་བར་བྱེད་པའི་གིང་༔ ལེགས་ལྡན་མ་ཧཱ་ཀཱ་ལ་བཞག༔ གཡས་པས་བིང་གིས་ཁམས་གསུམ་སྒྲོལ༔ འགྲོ་བློ་ཁ་ལོ་བསྒྱུར་སྙིང་གཡོན༔ ནུབ་ཏུ་སྡུད་པར་བྱེད་པའི་གིང་༔ སྔགས་སྲུང་ཨེ་ཀ་ཛ་ཊཱི་བཞག༔ ཞིང་གི་དབྱུག་པས་འཁོར་བ་བཤིག༔ སྙིང་གིས་འགྲོ་བློ་དབང་དུ་བསྒྱུར༔ བྱང་དུ་བསྒྱུར་བར་བྱེད་པའི་གིང་༔ མ་མོ་སྲིད་པའི་རྒྱལ་མོ་བཞག༔ འཁོར་ལོས་འཁོར་འདས་ཁ་ལོ་བསྒྱུར༔ སྙིང་གིས་བློ་ཡིད་འཕྲོག་པར་བྱེད༔ དུས་འཁྲུགས་བདུད་ཀྱི་ཁ་གནོན་ཡིན༔ མདོར་ན་ཟིལ་གནོན་དབང་དྲག་གི༔ དཀྱིལ་འཁོར་ཡོངས་རྫོགས་སྒྲུབ་པའི་དལ༔ དུས་མཐའི་བདུད་བགེགས་འཇོམས་ཕྱིར་བཀོད༔ ས་མ་ཡ༔ ཧཱུྃ་ཧཱུྃ་ཧཱུྃ༔ གླིང་གི་མིང་ནི་རྔ་ཡབ་གླིང་༔ ཡུལ་ནི་ཟ་བྱེད་སྲིན་པོའི་ཡུལ༔ རྒྱ་མཚོ་ཆེན་པོའི་ལྟེ་བ་རུ༔ ཟངས་མདོག་དཔལ་གྱི་རི་བོ་ཞེས༔ ལྷུན་ཆགས་རྩ་བ་ཀླུ་ཡི་ཡུལ༔ རྐེད་པ་མི་མངོན་མཁའ་འགྲོའི་གླིང་༔ རྩེ་མོ་ཚངས་པའི་གནས་སུ་སྙོགས༔ སྟེང་འོག་དཔག་ཚད་འདས་པ་ན༔ མཁའ་སྤྱོད་འོག་མིན་པདྨ་འོད༔ མི་འགྱུར་བདེ་ཆེན་གཞལ་ཡས་ནས༔ རྗེ་བཙུན་པད་འབྱུང་སྟོན་འཁོར་བཅས༔ དྲག་པོ་ཁྲོས་པའི་སྐུར་བཞེངས་ལ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ རཀྴ་སྲིན་པོ་ཟིལ་གནོན་རྒྱལ༔ ཐོད་པའི་སྐུ་མཁར་གཞལ་ཡས་ནས༔ སྲིན་རྒྱལ་རཀྴ་ཐོད་ཕྲེང་རྩལ༔ གཉིས་མེད་རོལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྟོང་གསུམ་མི་མཇེད་འཇིག་རྟེན་ན༔ འཛམ་གླིང་བྱེ་བ་ཕྲག་བརྒྱའི་མགོན༔ པད་འབྱུང་བྱེ་བ་ཕྲག་བརྒྱ་ཡི༔ སྟོན་འཁོར་ཡོངས་རྫོགས་མ་ལུས་པ༔ བདུད་འཇོམས་དྲག་པོའི་སྐུར་བཞེངས་ལ༔ གཉིས་མེད་རོལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བསིལ་བ་ཚལ་གྱི་དུར་ཁྲོད་དུ༔ དྲེགས་པའི་སྲོག་འཕྲོག་ལས་ལ་བཀོལ༔ རིག་འཛིན་རྒྱལ་པོ་ཁྲོ་བོ་ལོད༔ གཉིས་མེད་རོལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ གནོད་སྦྱིན་རྫོང་གི་གནས་མཆོག་དེར༔ བདུད་དང་ལོག་རྟོག་དབྱིངས་སུ་བསྒྲལ༔ ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཁྱོད༔ གཉིས་མེད་རོལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྟག་ཚང་སེང་གེའི་ཕུག་པ་རུ༔ བདུད་དང་དམ་སྲི་སྡེ་བརྒྱད་བཏུལ༔ ཆེ་མཆོག་རྡོ་རྗེ་ཁྲོ་བོ་ལོད༔ གཉིས་མེད་རོལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བལ་བོད་གཉིས་ཀྱི་ཡུལ་ཁ་རུ༔ ལྷ་འདྲེ་དམ་བཏགས་བྲན་དུ་བཀོལ༔ བདུད་འདུལ་རྡོ་རྗེ་གྲོ་བོ་ལོད༔ གཉིས་མེད་རོལ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ བདེ་གཤེགས་རྒྱལ་བ་ཡོངས་འདུས་དཔལ༔ ཀུན་བཟང་རྡོ་རྗེ་གྲོ་བོ་ལོད༔ སྐྱེ་མེད་ཀློང་ལས་སྐུར་བཞེངས་ལ༔ འགགས་མེད་རོལ་པའི་བརྟུལ་ཞུགས་སྐྱེད༔ རྣམ་པ་ངོ་བོ་ཉིད་དུ་རོལ༔ ཀ་དག་ཆེན་པོའི་ལྷུམས་བསྡུས་ཏེ༔ མི་འགྱུར་རྡོ་རྗེའི་ཀློང་རྒྱས་ཐོབ༔ འཁོར་བའི་འཁྲུལ་འཁོར་དབྱིངས་སུ་ཆོམས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་རོལ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་ཟིལ་གནོན་གཤེགས་སུ་གསོལ༔ མཁའ་འགྲོ་སྡེ་ལྔ་གཤེགས་སུ་གསོལ༔ གིང་ཆེན་སྡེ་བཞི་གཤེགས་སུ་གསོལ༔ མ་ཧཱ་དཱེ་ཝ་གཤེགས་སུ་གསོལ༔ ལེགས་ལྡན་ནག་པོ་གཤེགས་སུ་གསོལ༔ ཨེ་ཀ་ཛ་ཊཱི་གཤེགས་སུ་གསོལ༔ སྲིད་པའི་རྒྱལ་མོ་གཤེགས་སུ་གསོལ༔ རྒྱལ་ཆེན་སྡེ་བཞི་གཤེགས་སུ་གསོལ༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ སྲིད་གསུམ་ཟིལ་གནོན་ཕྲིན་ལས་ཀྱིས༔ ནད་མཚོན་དུས་འཁྲུག་ཚར་ཆོད་ཅིག༔ གོ་འཕང་མཆོག་ལ་བདག་དྲོངས་ཤིག༔ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་སྟྭཾ༔ དམ་ཚིག་བསྒོམ་པའི་དཀྱིལ་འཁོར་ལ༔ དབྱིངས་བཞུགས་ཡེ་ཤེས་གཉིས་མེད་བསྟིམ༔ དབང་བྱིན་རྒྱུད་ལ་དབབ་པའི་ཕྱིར༔ སྤྱན་འདྲེན་བསྟིམ་སྦྱོར་རིམ་པའོ༔ ས་མ་ཡ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧཱུྃ༔ གདོད་ནས་དམ་ཚིག་ཡེ་ཤེས་ལྷ༔ གཉིས་མེད་རྫོགས་ལྡན་ངོ་བོ་ཉིད༔ ངང་གནས་ཆོས་ཀྱི་དབྱིངས་ཆེན་པོར༔ གཉིས་མེད་རོ་གཅིག་བརྟན་བཞུགས་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཡེ་གཞི་ཀ་དག་ཡེ་ཤེས་ལྷ༔ འགྲོ་བའི་རྒྱུད་དང་གཏན་འགྲོགས་པས༔ ངང་གནས་རིག་པས་མངོན་གྱུར་གྲོལ༔ བཞུགས་སུ་གསོལ་བའི་རིམ་པའོ༔ ས་མ་ཡ༔ དེ་ནས་ཕྱག་འཚལ་རིམ་པ་ནི༔ ཧཱུྃ༔ རང་ཉིད་ལྷ་ལ་ལྷ་ཉིད་རང་༔ དབྱེར་མེད་དུ་མ་རོ་གཅིག་ངང་༔ རང་བྱུང་ལྷུན་གྱིས་གྲུབ་པའི་ལྷ༔ བདག་མེད་རྟོགས་པས་གུས་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ ཧོཿ སྣང་བ་ལྷ་ཡི་བཀོད་པ་རྫོགས༔ ངོ་བོ་ཉིད་ཀྱིས་ཡུལ་མེད་བྱང་༔ སྐུ་དང་ཡེ་ཤེས་ཀུན་ཆུབ་པར༔ རིག་པས་ཕྱག་འཚལ་མཆོག་ཆེན་པོ༔ ས་མ་ཡ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣོད་བཅུད་ཤར་བ་སྣང་བའི་ཡུལ༔ དབང་བསྒྱུར་འུབ་ཆུབ་ཆེན་པོའི་མཁར༔ གཞིག་ནས་ཉེར་སྤྱོད་འདོད་ཡོན་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་ཕྱིར་འབུལ༔ སྣང་སྲིད་བདེ་ཆེན་རྒྱས་འདེབས་མ༔ སྟོང་ཉིད་སྤྲོས་པ་བྲལ་བའི་དབྱིངས༔ ཤེས་རབ་རིག་མ་ཡུམ་ཆེན་མོ༔ ཡི་དམ་ལྷ་ཚོགས་དགྱེས་ཕྱིར་འབུལ༔ ཡེ་ཤེས་ལྔ་ཡི་སྙིང་པོ་བཅུད༔ སྐྱེ་མེད་མཐའ་བྲལ་བྷནྡྷར་བསྐྱིལ༔ ཉོན་མོངས་ཀུན་སེལ་སྨན་ཆེན་པོ༔ ཡི་དམ་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཧཱུྃ༔ ཤེས་རབ་དབྱིངས་ཀྱི་གཞོང་པ་རུ༔ རིག་པ་ཐབས་ཀྱི་གཏོར་མ་བཤམས༔ འདོད་ཡོན་རང་བྱུང་རྒྱན་གྱིས་མཛེས༔ ཡི་དམ་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཧཱུྃ༔ མཉམ་པ་ཉིད་ཀྱི་བྷནྡྷ་རུ༔ འཁོར་བ་ཡོངས་སྒྲོལ་རཀྟ་བསྐྱིལ༔ ཆགས་བྲལ་མ་ཡི་གསང་བཅུད་བབ༔ ཡི་དམ་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཧཱུྃ༔ སྣང་བ་ཡབ་ལ་སྟོང་པ་ཡུམ༔ སྣང་སྟོང་སྦྱོར་བའི་བྱང་ཆུབ་སེམས༔ བདེ་སྟོང་ཡེ་ཤེས་བསྐྱེད་པའི་རྫས༔ ཡི་དམ་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཁམས་གསུམ་འཁོར་བའི་རྒྱུ་བསྒྲལ་བའི༔ ཤ་ལྔ་བདུད་རྩི་རྣམ་པ་ལྔ༔ འབྱུང་ལྔའི་དྭངས་བཅུད་འབྲུ་ལྔས་བརླབས༔ ཡི་དམ་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ ཧཱུྃ༔ དབྱིངས་ཉིད་སྤྲོས་བྲལ་ཡུམ་གྱི་མཁར༔ ཁམས་གསུམ་ཉོན་འཁྲུལ་སྲིད་པའི་བདུད༔ ཡེ་ཤེས་སྟོབས་ཆེན་ཤུགས་ཀྱིས་སྡུས༔ ཐབས་མཆོག་ཧེ་རུའི་རྡོ་རྗེས་བརྡུང་༔ མ་ལུས་མཉམ་པ་ཉིད་དུ་བསྒྲལ༔ ཤ་རི་ཁྲག་མཚོ་རུས་གྲམ་ཁྲོད༔ ཡི་དམ་དཀྱིལ་འཁོར་དགྱེས་ཕྱིར་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ༴ ཤཔྡ་པཱུ་ཛ་ཧོཿ མ་ཧཱ་རཱུ་པ༴ སྤཪྴེ་པཱུ་ཛ་ཧོཿ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ བོ་དྷི་ཙིཏྟ་ཧཱུྃ༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ མཆོད་སྤྲིན་མི་ཟད་རྒྱན་འཁོར་དུ༔ དམིགས་ནས་འབུལ་བ་མཆོད་པའི་མཆོག༔ དེ་ནི་མཆོད་འབུལ་རིམ་པའོ༔ ས་མ་ཡ༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ རང་གདངས་འགགས་མེད་བདེ་ཆེན་ལོངས་སྤྱོད་རྫོགས༔ གདངས་ལས་སྤྲུལ་སྐུ་འགྲོ་བའི་དཔལ་དུ་ཤར༔ པདྨ་འབྱུང་གནས་མཆོག་ལ་ཕྱག་འཚལ་བསྟོད༔ ཀློང་ཆེན་འཁོར་འདས་འུབ་ཆུབ་རོལ་པའི་མཁར༔ མ་འགགས་ལྷུན་གྲུབ་བཀོད་པ་རབ་རྫོགས་པའི༔ བདེ་ཆེན་འཕོ་འགྱུར་མེད་པའི་ཞིང་ཁམས་སུ༔ ཆོས་ཉིད་སྒྱུ་མར་རོལ་པའི་དུར་ཁྲོད་དུ༔ རྒྱུ་རྐྱེན་ལས་འདས་རྡོ་རྗེའི་ཐོད་མཁར་དབུས༔ མཉམ་ཉིད་རོལ་པ་ཆོས་ཀྱི་འབྱུང་གནས་མཁར༔ ཆགས་བྲལ་པདྨ་སྐྱོན་བྲལ་ཉི་མའི་སྟེང་༔ སྒོ་དྲུག་འཁོར་བ་རྫོགས་པའི་རོ་གདན་ལ༔ རྟོག་མེད་རོ་ལ་རོལ་པའི་བདེ་འདེབས་མ༔ ལོག་རྟོག་ཟིལ་གནོན་སྟག་མོ་གྲུས་མ་འགྱིང་༔ རྒྱུ་དྲུག་རྟེན་འབྲེལ་ཁྲག་ལ་རོལ་མའི་སྟེང་༔ མི་གནས་ཡེ་ཤེས་རྡོ་རྗེ་ཁྲོ་བོ་ལོད༔ ཉག་གཅིག་བདེ་བ་ཆེན་པོ་མཚོན་པའི་ཞལ༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་སྤྱན་གསུམ་བགྲད༔ དོན་གཉིས་ལྷུན་གྱིས་གྲུབ་པའི་ཤངས་བུག་ཧར༔ བདེན་གཉིས་ཟུང་དུ་འཇུག་པའི་སྙན་གཉིས་ལྡན༔ ཐོགས་བཅས་ཐོགས་མེད་བདུད་འདུལ་མཆེ་བ་གཙིགས༔ ཟག་མེད་བདེ་ལྡན་དམར་སེར་དབུ་སྐྲ་འཁྱིལ༔ བག་ཆགས་བསྲེག་བྱེད་སྨ་རར་མེ་ཞགས་འཕྲོ༔ མ་རིག་མུན་སེལ་སྨིན་མར་གློག་ཆེན་འཁྱུགས༔ ཐབས་དང་ཤེས་རབ་རྫོགས་པའི་ཕྱག་གཉིས་པས༔ རིམ་དགུའི་ཐེག་པ་རྫོགས་ཕྱིར་རྡོ་རྗེ་གསོར༔ དུག་གསུམ་དབྱིངས་སྒྲོལ་སྐུ་གསུམ་ཕུར་པ་འདྲིལ༔ དབྱིངས་དང་ཡེ་ཤེས་གཉིས་མེད་བེར་ཤམ་གསོལ༔ ཆོས་ཕུང་བརྒྱད་ཁྲི་རྫོགས་ཕྱིར་གསེར་ཆོས་མནབ༔ འཁོར་བའི་གཞི་རྩ་འཇོམས་ཕྱིར་ཐོད་ཕྲེང་སྤྲས༔ བརྒྱུད་འཛིན་ཐུགས་རྗེས་སྐྱོབ་ཕྱིར་སྙན་ཆ་མཛེས༔ ཉོན་མོངས་བསྲེག་ཕྱིར་ཡེ་ཤེས་མེ་ཕུང་འབར༔ སྲིད་ཞིའི་མཐའ་ལས་འདས་པའི་ཞབས་གཉིས་པ༔ བག་ཆགས་དྲི་མ་བྲལ་བས་སག་ལྷམ་གསོལ༔ བདག་འཛིན་རཱུ་ཏྲ་འཇོམས་པའི་དྲི་ངན་འཐུལ༔ བདག་ལྟའི་འགོང་པོ་ཟ་བྱེད་ལྕགས་སྡིག་འགྱེད༔ རྒྱལ་བའི་དཀྱིལ་འཁོར་མ་ལུས་སྐུ་ལ་རྫོགས༔ རྫོགས་པའི་སངས་རྒྱས་ཧེ་རུའི་མཆོག་ལ་བསྟོད༔ སྐུ་ལྔ་ལྷུན་གྲུབ་དཔའ་བོ་གིང་ཆེན་བཞི༔ ཡེ་ཤེས་ལྔ་རྫོགས་དབང་གི་མཁའ་འགྲོ་ལྔ༔ སྣང་སྲིད་དབང་བསྒྱུར་ལས་མཁན་ཕོ་མོ་བཞི༔ གཞན་སྣང་ཟིལ་གནོན་རྒྱལ་པོ་ཆེན་པོ་བཞི༔ ཡེ་ཤེས་དབྱིངས་སུ་ཐ་དད་མི་མངའ་ཞིང་༔ སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་ངོམས་པའི་ངང་༔ མཐའ་བྲལ་བདེ་བ་ཆེན་པོའི་ཀློང་ཡངས་པར༔ ཡུལ་འཛིན་ཞེན་པ་བྲལ་བས་ཕྱག་འཚལ་བསྟོད༔ གདོད་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལྷ༔ ཀ་དག་ལྷུན་འབྱམས་རྡོ་རྗེ་ཁྲོ་བོ་ལོད༔ ཁྱོད་ཀྱི་སྐུ་དང་ཡེ་ཤེས་རོལ་པ་རུ༔ བདག་ཅག་ལྷུམས་ཞུགས་གདིང་ཐོབ་ངང་གནས་ཀྱི༔ མི་འགྱུར་རྡོ་རྗེའི་མས་མཆོག་གཏན་ཐོབ་སྟེ༔ གཞོན་ནུ་བུམ་སྐུར་ཡང་དག་སངས་རྒྱས་ཤོག༔ ལྷ་དང་རང་སྣང་གཉིས་མེད་ཆེན་པོ་ཡི༔ གསལ་བའི་གཟེར་གྱིས་གདབ་ནས་བསྟོད་པར་བྱ༔ གོལ་ཞེན་རང་རྒྱུད་མེད་པ་གནད་དུ་ཆེ༔ དེ་ནི་བསྟོད་པར་བྱ་བའི་རིམ་པའོ༔ ས་མ་ཡ༔ སླར་ཡང་བཤགས་པ་བྱ་བ་ནི༔ ན་མོ༔ དཔང་གྱུར་སྐྱབས་མཆོག་དགོངས་སུ་གསོལ༔ བདག་ནི་མ་རིག་དབང་གྱུར་ཏེ༔ དམ་ཚིག་ས་ཡ་འབུམ་སྡེ་དང་༔ འགལ་འཁྲུལ་ནོར་དང་ཉམས་ཆག་པ༔ ཚེ་རབས་སྡིག་ལྟུང་དང་ཟླུམ་བཤགས༔ དག་ཚངས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ཡི་གེ་བརྒྱ་པ་བརྗོད༔ ས་མ་ཡ༔ འདི་ནི་ཡང་གསང་བླ་ན་མེད༔ གསང་སྔགས་སྙིང་པོ་བཅུད་དུ་དྲིལ༔ པདྨ་འབྱུང་གནས་ཐུགས་ཐིག་ཡིན༔ བསྐྱེད་རྫོགས་གདིང་དང་ལྡན་པའི་ངང་༔ གང་གིས་ཉམས་སུ་ལེན་པའི་བུ༔ ཚེ་འདིར་རིག་འཛིན་ས་ཐོབ་འགྱུར༔ ལོ་གསུམ་ཟླ་གསུམ་ཞག་གསུམ་གྱིས༔ མཆོག་གི་དངོས་གྲུབ་ངེས་པར་ཐོབ༔ ལྷ་སྲིན་དྲེགས་པ་བྲན་དུ་ཁོལ༔ འཁོར་འདས་ཡོངས་ལ་དབང་ཡང་བསྒྱུར༔ ཞིང་བཅུའི་རཱུ་ཏྲ་ཐམས་ཅད་བསྒྲལ༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ འདི་ནི་གསང་བའི་ཡང་བཅུད་དེ༔ སྔོན་སྦྱངས་ལས་འཕྲོ་ཅན་མ་གཏོགས༔ ལས་ངན་བདུད་ཀྱིས་བློ་ལྡོག་པས༔ རྩེ་གཅིག་ཉམས་སུ་ལེན་པ་དཀོན༔ འདི་ཉིད་ཉམས་སུ་ལེན་པའི་བུ༔ པད་འབྱུང་ང་དང་གཉིས་སུ་མེད༔ ཚེ་འདིར་གྲོལ་བ་མ་ཐོབ་ན༔ པད་འབྱུང་བདག་གིས་དེ་བསླུས་སོ༔ པདྨ་འབྱུང་གནས་གསང་བའི་བདག༔ སྒྲུབ་སྡེ་བརྒྱད་དང་ཕྲིན་ལས་ལྷའི༔ དགོངས་པ་རོ་གཅིག་རོལ་པའི་ལྷ༔ འཆོལ་བ་རྡོ་རྗེ་གྲོ་བོ་ལོད༔ བདེ་གཤེགས་ཡོངས་སུ་འདུས་བདག་ཉིད་ཡིན༔ སྙིང་གི་བཅུད་དྲིལ་ཡང་སྙིང་གི༔ ཨོཾ་གུ་རུ་བཛྲ་རཀྴ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔ འབུམ་ཕྲག་ཉེར་ལྔས་དངོས་གྲུབ་ཐོབ༔ ཡོངས་རྫོགས་འདུས་པའི་སྲོག་བཅུད་དྲིལ༔ ཨོཾ་གུ་རུ་བཛྲ་རཀྴ་ཀྲོ་དྷ་ཨེ་ཝཾ་བྷེ་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཅོ་ལྔས་དངོས་གྲུབ་འགྲུབ༔ གདུག་པའི་བདུད་དཔུང་འཇོམས་འགྱུར་གྱི༔ དྲག་སྔགས་ངར་ལྡན་ཐོགས་མེད་ནི༔ ཨོཾ་གུ་རུ་བཛྲ་རཀྴ་ཀྲོ་དྷ་ཧཱུྃ༔ སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ འདི་ལྟར་ཟབ་པའི་སྲོག་ཏིག་འདི༔ བཀའ་སྲུང་གནོད་སྦྱིན་དམར་ནག་དང་༔ ཀུན་དགའ་གཞོན་ནུ་རྡོ་རྗེ་ལེགས༔ དྲང་སྲོང་གཟའ་མཆོག་ཆེན་པོ་སོགས༔ གསང་སྔགས་སྲུང་མ་ཡོངས་ལ་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ དམ་ཉམས་ལྟ་ལོག་ཞིང་བཅུ་དང་༔ བདུད་སྤྲུལ་འཁྲུགས་བྱེད་སྲོག་རྩ་ཆོད༔ བསྟན་འཛིན་སྐྱེས་བུའི་འདོད་དོན་བསྒྲུབ༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་ཀ་དག་སྒྱུ་མའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱ་བྱས་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 10:08, 4 September 2025
| Wylie title | zab gsang mkha' 'gro'i snying thig las: drag po bdud 'joms rdo rje'i sgrub pa: bde chen rgyal po'i thugs thig: rig 'dzin bla ma 'dus pa'i snying khrag: sgo gsum rdo rje'i grong 'jug: | |
|---|---|---|
| Location | bdud 'joms gling pa zab gter Volume 1, Text 42, Pages 377-399 (Folios 1a1 to 12a2) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las drag po bdud 'joms rdo rje'i sgrub pa bde chen rgyal po'i thugs thig rig 'dzin bla ma 'dus pa'i snying khrag sgo gsum rdo rje'i grong 'jug. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 377-399. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: las byang Verso: bdud 'joms gro lod | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Activity Manual - las byang | |
| Cycle | ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod) | |
| Parent Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Colophon |
ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་ཀ་དག་སྒྱུ་མའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱ་བྱས་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ།། | |
|
zhes pa 'di yang 'od gsal rdzogs pa chen po ka dag sgyu ma'i rnal 'byor pa bdud 'joms rdo rje gro lod rtsal gyis gter nas bton te mi lo bco lnga'i bar du bka' rgya byas mthar smar mdo bkra shis dga' 'khyil du gtan la phab pa'i yi ge pa ni rang slob dam pa phun tshogs bkra shis so/_/dge'o/_/dge'o/_/dge'o// | ||