TTDL-ZABTER-07-JA-023: Difference between revisions
m (Text replacement - "ཧོཿ" to "ཧོཿ ") |
m (Text replacement - "༴" to "༴ ") |
||
| Line 43: | Line 43: | ||
ཐྂ༎༔ ན་མོ་གུ་རུ་པདྨ་རཱ་ཛ་ཡེ༔ ({{TibChung|བརྡ་ཡིག་}}) བདུད་འདུལ་དྲག་པོ་པད་མ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེན་དུ༔ བསྒྲལ་ལས་སྤུ་གྲི་རེག་གཅོད་ཅེས་བྱ་བསྟན༔ ལག་ཏུ་ལེན་པའི་རིམ་པ་ནི༔ དུག་ཁྲག་ལས་བྱུག་དུག་ཤོག་ལ༔ དུག་གིས་རཱུ་པ་དབང་ཚང་ནི༔ ཧམ་ཞིང་རིད་པ་ཉམ་ཐག་བྲིས༔ དེ་ལ་ལྷུ་ཚིགས་ཛཿབཞི་བྲིས༔ འགུགས་མནན་སྔགས་ཀྱིས་མཐའ་བསྐོར་བྱ༔ ཤ་ཁྲག་འདྲེས་མའི་ཟན་ལིང་ལ༔ ཁྲག་གིས་བྲན་ཏེ་ཧོམ་དུ་བཅུག༔ སྐྱེམས་དང་དམར་གཏོར་རཀྟས་བྲན༔ རང་ཉིད་ཁྲོ་མོའི་ང་རྒྱལ་གྱིས༔ ཨེ་ཕཊ༔ རང་ཉིད་ཀྱི་ཕར་མདུན་བསྐྱེད་ཀྱི་ཚུར་བར་དུ་ཨེ་ནག་པོ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་ཁ་དོག་ལ་གཏིང་ཡངས་པ་ཕྱི་ན་ཞེ་སྡང་གི་མེ་དམར་ནག་ཏུ་འབར་བ༔ ནང་དུ་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ༔ བར་ན་གཏི་མུག་གི་མུན་ནག་འཐིབ་པ༔ ང་རྒྱལ་གྱི་བྲག་རི་འུར་དིར་དུ་རྙིལ་བ༔ ཕྲག་དོག་གི་རླུང་དམར་འཚུབས་ཤིང་མཚོན་ཐུན་ནད་དུག་གི་ཆར་པ་བབ་པ༔ ལས་མཁན་དཔག་ཏུ་མེད་པས་སོད་སོད་དང་ཆོད་ཆོད་ཀྱི་འཇིགས་སྒྲ་དི་རི་རི་སྒྲོགས་པ༔ ཟ་བྱེད་བྱ་ནག་མང་པོས་ངར་སྐད་འདོན་ཞིང་རྒྱུག་འཆོང་བྱེད་པ་ཕྱི་ལ་བྲོས་པའི་ཡུལ་འགགས་ཤིང་ནང་དུ་གབ་པའི་གནས་མེད་པ་ཉོན་མོངས་རང་བྱས་རང་འཆིངས་ཀྱི་བཙོན་ཁང་ནག་པོའི་དབུས་སུ༔ ནྲྀ་ཏྲི་ཡོངས་སུ་གྱུར་པ་ལས༔ དམ་ཉམས་པའི་དགྲ་བགེགས་ཐམས་ཅད་འདུས་པའི་ངོ་བོ་གཟུགས་ཁམས་སྐྱེ་མཆེད་ཚང་ཞིང་ཤ་སྔོ་ལ་སྐྱ་བ་ཧམ་ཞིང་རིད་པ་ཁ་ངུ་བ་མིག་ཤི་མིག་ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན༔ རྐང་ལག་ལྕགས་སྒྲོག་གིས་བསྡམ་པ་འཕར་ཞིང་ལྡང་བའི་སྟོབས་མེད་ཅིང་ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ ནྲྀ་ཏྲི་ཤ་ཏྲུཾ་སརྦ་ཛ་སྟྭཾ༔ དེ་དག་གི་སྙིང་གར་ནྲྀ་ཏྲི་སྔོ་སྐྱ་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་གནོད་བྱེད་ཐམས་ཅད་སྟོང་གསུམ་གང་ན་གནས་ཀྱང་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་རང་དབང་མེད་པར་འུབ་ཀྱིས་བཀུག་སྟེ་རཱུ་པ་ལ་ཐིམ་པར་བསམ༔ དེ་ནས་རྩ་གསུམ་ལྷ་ཚོགས་ལ༔ གུས་ཤིང་གདུང་བ་དྲག་པོ་ཡིས༔ གཟུ་བཅོལ་དཔང་བཙུག་འདི་བརྗོད་བྱ༔ ཧོཿ དགོངས་སུ་གསོལ་ལོ༔ ཧོཿ དགོངས་སུ་གསོལ་ལོ༔ ཧོཿ དགོངས་སུ་གསོལ་ལོ༔ བརྒྱུད་གསུམ་རིག་འཛིན་བླ་མ༔ ཡི་དམ་རྒྱུད་སྡེའི་ལྷ་ཚོགས༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་པ་བདག་ལ་དགོངས་སུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཛ་ཛཿཨེ་ཨ་རལླི་ཕེཾ་ཛཿཏིཥྛ་བཛྲ་ལྷན༔ དམ་ཉམས་པའི་དགྲ་བོ་དང་བདུད་བགེགས་གནོད་བྱེད་འདི་རྣམས་ཀྱིས་བདག་ལ་ཕོད་གཙུགས་ཤིང་དོ་བསྡོས་ཡ་བཟུངས༔ ད་ལྟ་བདག་དང་ཡོན་གྱི་བདག་པོའི་སྲོག་ལ་རྔམས་ཤིང་སྡུག་བསྔལ་དྲག་པོའི་གདུང་བ་ཐོག་དུ་བབ་པ་ཡིན་པས༔ དུས་ད་ལྟ་ཉིད་དུ་བསྒྲལ་བའི་དུས་ལ་བབ་ཡོད་པས་སྐབས་འདིར་དགྲ་བགེགས་ལས་ངན་འདི་རྣམས་བསྒྲལ་མནན་དྲག་པོའི་མངོན་སྤྱོད་ཀྱི་ཕྲིན་ལས་ལ་བསྐུལ་ལོ༔ དེ་དག་གི་ཐུགས་རྗེས་ཡལ་བར་མི་འདོར་བར་དཔུང་གྲོགས་མགོན་སྐྱབས་ལ་དགོངས་པར་ཞུ་འཚལ༔ ཨོཾ་བཛྲ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ༔ ཨ་བྷི་ཙཪྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ ཀྱཻ༔ གསོན་ཅིག་དགོངས་ཤིག་ཐུགས་དམ་ཅན༔ བརྒྱུད་པའི་བླ་མ་རིག་འཛིན་དམ་ལ་དགོངས༔ ཡི་དམ་དཔའ་བོ་རྒྱ་མཚོ་དམ་ལ་དགོངས༔ མ་རྒྱུད་ཡེ་ཤེས་མཁའ་འགྲོ་དམ་ལ་དགོངས༔ མཁའ་འགྲོ་མ་མོ་ཤུགས་འགྲོ་དམ་ལ་དགོངས༔ བསྟན་སྲུང་དམ་ཅན་རྒྱ་མཚོ་དམ་ལ་དགོངས༔ ཡུལ་ལྷ་གཞི་བདག་ཕོ་མོ་དམ་ལ་དགོངས༔ མ་ཉེས་རང་སར་འདུག་པའི་རྣལ་འབྱོར་ང་༔ རང་དབང་མེད་པར་ཡང་ཡང་རྐྱེན་གྱིས་བཅོམ༔ ད་ནི་འདུག་པའི་དབང་ནི་མི་ལྡན་པར༔ ང་ནི་མ་ཉེས་མ་ཡོ་མཁྱེན་ལྡན་རྣམས༔ བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས༔ བསླུ་བ་མཁན་གྱིས་འཁོར་བའི་གཡང་སར་བསླུས༔ མཐོ་རིས་ཐར་པའི་ལམ་ལས་རིང་དུ་བཀར༔ སྡུག་བསྔལ་མེད་ལ་སྡུག་བསྔལ་ཁུར་ཆེན་བཀལ༔ ད་ལྟ་སྐད་ཅིག་དལ་ཐོབ་སྐབས་འདིར་ཡང་༔ ལྷ་ཆོས་དོན་གཉེར་སྡིག་པ་སྤང་བའི་མོད༔ ཉེས་བྱེད་དགྲ་བགེགས་ཕོ་མོ་དགྲ་རུ་ལངས༔ ནག་ཕྱོགས་བདུད་ཀྱི་བསླུ་མི་འཚུབས་བྱུང་ནས༔ དམ་ཆོས་བསྒྲུབ་ལ་བར་ཆད་བརྩམ་ནས་བྱུང་༔ མཁྱེན་ལྡན་རྣམས་ཀྱིས་མཁྱེན་པས་དགོངས་མཛོད་ཅིག༔ མི་འདོར་མཁྱེན་བརྩེ་མངའ་རྣམས་མཁྱེན་རེ་རན༔ རྟག་ཏུ་དམ་ལྡན་དཔུང་ལ་ཡོད་སྲིད་ན༔ ད་ལྟ་བདག་གི་དཔུང་ལ་བྱོན་རེ་རན༔ བཀའ་ཡི་སྲུང་མར་དམ་ཚིག་གནས་གྱུར་ན༔ དམ་ཉམས་དགྲ་བགེགས་ད་ལྟ་གསོད་རེ་རན༔ ཆོས་བཞིན་སྤྱོད་ལ་ནུས་མཐུ་ཡོད་སྲིད་ན༔ ད་ལྟ་བརྣག་པའི་དགྲ་བགེགས་གསོད་རེ་རན༔ དཀོན་མཆོག་གསུམ་ལ་བདེན་པ་ཡོད་སྲིད་ན༔ བསླུ་བྱེད་ནག་ཕྱོགས་བདུད་བགེགས་བསྒྲལ་རེ་རན༔ མཁྱེན་ལྡན་སྲིད་ན་མཁྱེན་པས་དགོངས་རེ་རན༔ མཁྱེན་བརྩེའི་ཐུགས་ཀྱིས་བདག་ལ་ད་དགོངས་ཤིག༔ མི་ནོངས་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ༔ ཆོས་བསྒྲུབ་རྣལ་འབྱོར་དམ་ལྡན་བདག་ཅག་ནི༔ ཐུགས་རྗེའི་ཡལ་བར་དོར་ན་སུ་ལ་རེ༔ སྒོམ་སྒྲུབ་ལྷུར་ལེན་བྱས་པའི་དོན་དེ་གང་༔ མཁྱེན་ཅིག་དགོངས་ཤིག་ཞལ་བཞེས་རྡོ་རྗེ་ཚིག༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ ཀྱཻ༔ བརྒྱུད་གསུམ་བླ་མ་གཟུ་དང་དཔང་ལ་དགོངས༔ ཡི་དམ་ལྷ་ཚོགས་གཟུ་དང་དཔང་ལ་དགོངས༔ | ཐྂ༎༔ ན་མོ་གུ་རུ་པདྨ་རཱ་ཛ་ཡེ༔ ({{TibChung|བརྡ་ཡིག་}}) བདུད་འདུལ་དྲག་པོ་པད་མ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེན་དུ༔ བསྒྲལ་ལས་སྤུ་གྲི་རེག་གཅོད་ཅེས་བྱ་བསྟན༔ ལག་ཏུ་ལེན་པའི་རིམ་པ་ནི༔ དུག་ཁྲག་ལས་བྱུག་དུག་ཤོག་ལ༔ དུག་གིས་རཱུ་པ་དབང་ཚང་ནི༔ ཧམ་ཞིང་རིད་པ་ཉམ་ཐག་བྲིས༔ དེ་ལ་ལྷུ་ཚིགས་ཛཿབཞི་བྲིས༔ འགུགས་མནན་སྔགས་ཀྱིས་མཐའ་བསྐོར་བྱ༔ ཤ་ཁྲག་འདྲེས་མའི་ཟན་ལིང་ལ༔ ཁྲག་གིས་བྲན་ཏེ་ཧོམ་དུ་བཅུག༔ སྐྱེམས་དང་དམར་གཏོར་རཀྟས་བྲན༔ རང་ཉིད་ཁྲོ་མོའི་ང་རྒྱལ་གྱིས༔ ཨེ་ཕཊ༔ རང་ཉིད་ཀྱི་ཕར་མདུན་བསྐྱེད་ཀྱི་ཚུར་བར་དུ་ཨེ་ནག་པོ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་ཁ་དོག་ལ་གཏིང་ཡངས་པ་ཕྱི་ན་ཞེ་སྡང་གི་མེ་དམར་ནག་ཏུ་འབར་བ༔ ནང་དུ་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ༔ བར་ན་གཏི་མུག་གི་མུན་ནག་འཐིབ་པ༔ ང་རྒྱལ་གྱི་བྲག་རི་འུར་དིར་དུ་རྙིལ་བ༔ ཕྲག་དོག་གི་རླུང་དམར་འཚུབས་ཤིང་མཚོན་ཐུན་ནད་དུག་གི་ཆར་པ་བབ་པ༔ ལས་མཁན་དཔག་ཏུ་མེད་པས་སོད་སོད་དང་ཆོད་ཆོད་ཀྱི་འཇིགས་སྒྲ་དི་རི་རི་སྒྲོགས་པ༔ ཟ་བྱེད་བྱ་ནག་མང་པོས་ངར་སྐད་འདོན་ཞིང་རྒྱུག་འཆོང་བྱེད་པ་ཕྱི་ལ་བྲོས་པའི་ཡུལ་འགགས་ཤིང་ནང་དུ་གབ་པའི་གནས་མེད་པ་ཉོན་མོངས་རང་བྱས་རང་འཆིངས་ཀྱི་བཙོན་ཁང་ནག་པོའི་དབུས་སུ༔ ནྲྀ་ཏྲི་ཡོངས་སུ་གྱུར་པ་ལས༔ དམ་ཉམས་པའི་དགྲ་བགེགས་ཐམས་ཅད་འདུས་པའི་ངོ་བོ་གཟུགས་ཁམས་སྐྱེ་མཆེད་ཚང་ཞིང་ཤ་སྔོ་ལ་སྐྱ་བ་ཧམ་ཞིང་རིད་པ་ཁ་ངུ་བ་མིག་ཤི་མིག་ལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན༔ རྐང་ལག་ལྕགས་སྒྲོག་གིས་བསྡམ་པ་འཕར་ཞིང་ལྡང་བའི་སྟོབས་མེད་ཅིང་ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པ་ཞིག་ཏུ་གྱུར༔ ནྲྀ་ཏྲི་ཤ་ཏྲུཾ་སརྦ་ཛ་སྟྭཾ༔ དེ་དག་གི་སྙིང་གར་ནྲྀ་ཏྲི་སྔོ་སྐྱ་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་གནོད་བྱེད་ཐམས་ཅད་སྟོང་གསུམ་གང་ན་གནས་ཀྱང་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་རང་དབང་མེད་པར་འུབ་ཀྱིས་བཀུག་སྟེ་རཱུ་པ་ལ་ཐིམ་པར་བསམ༔ དེ་ནས་རྩ་གསུམ་ལྷ་ཚོགས་ལ༔ གུས་ཤིང་གདུང་བ་དྲག་པོ་ཡིས༔ གཟུ་བཅོལ་དཔང་བཙུག་འདི་བརྗོད་བྱ༔ ཧོཿ དགོངས་སུ་གསོལ་ལོ༔ ཧོཿ དགོངས་སུ་གསོལ་ལོ༔ ཧོཿ དགོངས་སུ་གསོལ་ལོ༔ བརྒྱུད་གསུམ་རིག་འཛིན་བླ་མ༔ ཡི་དམ་རྒྱུད་སྡེའི་ལྷ་ཚོགས༔ མ་ཚོགས་མཁའ་འགྲོ་རྒྱ་མཚོ༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་པ་བདག་ལ་དགོངས་སུ་གསོལ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་བཛྲ་ས་མ་ཡ་ཛ་ཛཿཨེ་ཨ་རལླི་ཕེཾ་ཛཿཏིཥྛ་བཛྲ་ལྷན༔ དམ་ཉམས་པའི་དགྲ་བོ་དང་བདུད་བགེགས་གནོད་བྱེད་འདི་རྣམས་ཀྱིས་བདག་ལ་ཕོད་གཙུགས་ཤིང་དོ་བསྡོས་ཡ་བཟུངས༔ ད་ལྟ་བདག་དང་ཡོན་གྱི་བདག་པོའི་སྲོག་ལ་རྔམས་ཤིང་སྡུག་བསྔལ་དྲག་པོའི་གདུང་བ་ཐོག་དུ་བབ་པ་ཡིན་པས༔ དུས་ད་ལྟ་ཉིད་དུ་བསྒྲལ་བའི་དུས་ལ་བབ་ཡོད་པས་སྐབས་འདིར་དགྲ་བགེགས་ལས་ངན་འདི་རྣམས་བསྒྲལ་མནན་དྲག་པོའི་མངོན་སྤྱོད་ཀྱི་ཕྲིན་ལས་ལ་བསྐུལ་ལོ༔ དེ་དག་གི་ཐུགས་རྗེས་ཡལ་བར་མི་འདོར་བར་དཔུང་གྲོགས་མགོན་སྐྱབས་ལ་དགོངས་པར་ཞུ་འཚལ༔ ཨོཾ་བཛྲ་ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ༔ ཨ་བྷི་ཙཪྻའི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ན་ལའོ༔ ཀྱཻ༔ གསོན་ཅིག་དགོངས་ཤིག་ཐུགས་དམ་ཅན༔ བརྒྱུད་པའི་བླ་མ་རིག་འཛིན་དམ་ལ་དགོངས༔ ཡི་དམ་དཔའ་བོ་རྒྱ་མཚོ་དམ་ལ་དགོངས༔ མ་རྒྱུད་ཡེ་ཤེས་མཁའ་འགྲོ་དམ་ལ་དགོངས༔ མཁའ་འགྲོ་མ་མོ་ཤུགས་འགྲོ་དམ་ལ་དགོངས༔ བསྟན་སྲུང་དམ་ཅན་རྒྱ་མཚོ་དམ་ལ་དགོངས༔ ཡུལ་ལྷ་གཞི་བདག་ཕོ་མོ་དམ་ལ་དགོངས༔ མ་ཉེས་རང་སར་འདུག་པའི་རྣལ་འབྱོར་ང་༔ རང་དབང་མེད་པར་ཡང་ཡང་རྐྱེན་གྱིས་བཅོམ༔ ད་ནི་འདུག་པའི་དབང་ནི་མི་ལྡན་པར༔ ང་ནི་མ་ཉེས་མ་ཡོ་མཁྱེན་ལྡན་རྣམས༔ བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས༔ བསླུ་བ་མཁན་གྱིས་འཁོར་བའི་གཡང་སར་བསླུས༔ མཐོ་རིས་ཐར་པའི་ལམ་ལས་རིང་དུ་བཀར༔ སྡུག་བསྔལ་མེད་ལ་སྡུག་བསྔལ་ཁུར་ཆེན་བཀལ༔ ད་ལྟ་སྐད་ཅིག་དལ་ཐོབ་སྐབས་འདིར་ཡང་༔ ལྷ་ཆོས་དོན་གཉེར་སྡིག་པ་སྤང་བའི་མོད༔ ཉེས་བྱེད་དགྲ་བགེགས་ཕོ་མོ་དགྲ་རུ་ལངས༔ ནག་ཕྱོགས་བདུད་ཀྱི་བསླུ་མི་འཚུབས་བྱུང་ནས༔ དམ་ཆོས་བསྒྲུབ་ལ་བར་ཆད་བརྩམ་ནས་བྱུང་༔ མཁྱེན་ལྡན་རྣམས་ཀྱིས་མཁྱེན་པས་དགོངས་མཛོད་ཅིག༔ མི་འདོར་མཁྱེན་བརྩེ་མངའ་རྣམས་མཁྱེན་རེ་རན༔ རྟག་ཏུ་དམ་ལྡན་དཔུང་ལ་ཡོད་སྲིད་ན༔ ད་ལྟ་བདག་གི་དཔུང་ལ་བྱོན་རེ་རན༔ བཀའ་ཡི་སྲུང་མར་དམ་ཚིག་གནས་གྱུར་ན༔ དམ་ཉམས་དགྲ་བགེགས་ད་ལྟ་གསོད་རེ་རན༔ ཆོས་བཞིན་སྤྱོད་ལ་ནུས་མཐུ་ཡོད་སྲིད་ན༔ ད་ལྟ་བརྣག་པའི་དགྲ་བགེགས་གསོད་རེ་རན༔ དཀོན་མཆོག་གསུམ་ལ་བདེན་པ་ཡོད་སྲིད་ན༔ བསླུ་བྱེད་ནག་ཕྱོགས་བདུད་བགེགས་བསྒྲལ་རེ་རན༔ མཁྱེན་ལྡན་སྲིད་ན་མཁྱེན་པས་དགོངས་རེ་རན༔ མཁྱེན་བརྩེའི་ཐུགས་ཀྱིས་བདག་ལ་ད་དགོངས་ཤིག༔ མི་ནོངས་ཡེ་ཤེས་ལྷ་ལ་མཁྱེན་པར་གསོལ༔ ཆོས་བསྒྲུབ་རྣལ་འབྱོར་དམ་ལྡན་བདག་ཅག་ནི༔ ཐུགས་རྗེའི་ཡལ་བར་དོར་ན་སུ་ལ་རེ༔ སྒོམ་སྒྲུབ་ལྷུར་ལེན་བྱས་པའི་དོན་དེ་གང་༔ མཁྱེན་ཅིག་དགོངས་ཤིག་ཞལ་བཞེས་རྡོ་རྗེ་ཚིག༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ ཀྱཻ༔ བརྒྱུད་གསུམ་བླ་མ་གཟུ་དང་དཔང་ལ་དགོངས༔ ཡི་དམ་ལྷ་ཚོགས་གཟུ་དང་དཔང་ལ་དགོངས༔ མ་མོ་མཁའ་འགྲོ་གཟུ་དང་༴ བསྟན་སྲུང་ཕོ་མོ་གཟུ་དང་༴ རྣལ་འབྱོར་བདག་ནི་མ་ཉེས་མ་ལན་མོད༔ ཆོས་བཞིན་སྤྱོད་ཀྱང་སྡིག་པ་སྒོ་ཉལ་བྱུང་༔ ཚུལ་བཞིན་སྤྱོད་ཀྱང་ཚུལ་མིན་སུན་འབྱིན་བྱུང་༔ སྒོམ་སྒྲུབ་བྱས་ཀྱང་བསླུ་བྱེད་བདུད་ཀྱིས་ཕྲོག༔ གཅིག་པུར་འདུག་ཀྱང་དགྲ་བགེགས་གློ་བུར་ལངས༔ གདུག་ཅན་དམ་ཉམས་དགྲ་བགེགས་ལས་ངན་འདིས༔ ཇི་ལྟར་བྲོས་ཀྱང་མ་ཐར་སླེབས་ནས་བྱུང་༔ གང་ལྟར་གབ་ཀྱང་མ་ཤོར་ཟིན་ནས་བྱུང་༔ ཡས་གླུད་འཇལ་ཀྱང་མ་ཕན་ཇེ་རྔམས་ནས༔ བྲོས་དེད་གབ་ཟིན་ཐར་ཐབས་མ་མཆིས་པས༔ མི་བྱེད་དབང་མེད་དྲག་པོའི་མཐུ་ལ་བརྩོན༔ མ་གཡེལ་མ་འགྱངས་ཡེ་ཤེས་ལྷ་ཚོགས་རྣམས༔ དམ་ཉམས་བསྟན་བཤིགས་དགྲ་བགེགས་ལས་ངན་འདིས༔ སངས་རྒྱས་བསྟན་པ་གཉན་པོ་རྫུན་གྱེར་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་འདི་ཡིས་སྨད༔ ཉེས་མེད་སེམས་ཅན་རྣམས་ལ་འདི་ཡིས་འཚེ༔ དགོན་སྡེ་ཚོགས་གྲྭའི་ཆོས་ཁྲིམས་འདི་ཡིས་བཤིག༔ མི་རུང་དགེ་འདུན་ལུས་ལ་མཚོན་དབལ་བཏབ༔ མི་ཕྱེད་མཐུན་པའི་མཆེད་ལྕམ་དབྱེན་གྱིས་ཕྱེས༔ མི་དགེ་སྡིག་པའི་ཁྲིམས་ར་འདི་ཡིས་བཙུགས༔ ལེགས་ལམ་དགེ་བ་བཅུ་པོ་འདི་ཡིས་བཅད༔ ཡེ་ཤེས་ལྷ་ལ་སྐུར་བཏབ་དད་ལྡན་བཟློག༔ བསྟན་སྲུང་དམ་ཅན་རྣམས་ལ་བརྙས་བཙུགས་བྱས༔ བདེན་པའི་དམ་ཆོས་རྫུན་དུ་ཟོང་ལ་གླེང་༔ མཚན་ལྡན་བླ་མའི་སྐུ་ལ་འདི་ཡིས་བསྡོས༔ རྣལ་འབྱོར་བདག་གི་ལུས་སྲོག་དཀོར་ལ་བབས༔ དེ་འདྲའི་ལས་ངན་དམ་ཉམས་སྡིག་ཅན་འདི༔ གང་ན་གནས་ཀྱང་མྱུར་དུ་ཁུག་ལ་སྒྲོལ༔ ཁྱེད་ཅག་དམ་ཚིག་ཐུགས་དམ་དུས་ལ་བབ༔ མ་གཡེལ་མ་འགྱངས་བླ་མ་དཀོན་མཆོག་གསུམ༔ ད་ལྟ་ཉིད་དུ་དྲག་པོའི་ཕྲིན་ལས་མཛོད༔ ཡེ་ཤེས་དང་ནི་ལས་ལ་གྲུབ་པ་ཡི༔ བཀའ་ཡི་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས༔ མཆོད་སྦྱིན་སྐྱེམས་དང་དམར་གཏོར་འདི་བཞེས་ལ༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ འཇིག་རྟེན་ལས་འདས་འཇིག་རྟེན་ཚུལ་འཛིན་པའི༔ གསང་སྔགས་བཀའ་ཡི་སྲུང་མ་ཐམས་ཅད་ཀྱིས༔ མཆོད་སྦྱིན་སྐྱེམས་དང་དམར་གཏོར་འདི་བཞེས་ལ༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ མཐུ་རྩལ་རྫུ་འཕྲུལ་ཐོགས་པ་མི་མངའ་བའི༔ མྱུར་མགྱོགས་ཤུགས་ལྡན་ཡུལ་ལྷ་གཞི་བདག་རྣམས༔ མཆོད་སྦྱིན་སྐྱེམས་དང་དམར་གཏོར་འདི་བཞེས་ལ༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ དུས་ལ་བབ་པོ་བཛྲ་ས་མ་ཡ༔ དམ་ཚིག་གཉན་གྱིས་ཕྲིན་ལས་བཅོལ་བ་ནི༔ མ་འདའ་དམ་ཚིག་དབང་གིས་མྱུར་དུ་བསྒྲུབས༔ ཡིད་ལ་བརྣག་པའི་དགྲ་བགེགས་འདི་རྣམས་ཀྱང་༔ རི་བོའི་རྩེ་དང་རྒྱལ་མཚོའི་གཏིང་ལ་སོགས༔ ཁམས་གསུམ་གང་ན་ཡོད་ཀྱང་མ་ཤོར་བར༔ ལས་ཀྱི་ལིང་ག་འདི་ལ་གཉིས་མེད་ཁུག༔ ཨོཾ་སརྦ་བུདྡྷ་དྷརྨ་སངྒ་བཛྲ་ས་མ་ཡ༔ སརྦ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ༔ སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ས་མ་ཡ༔ དམ་ཚིག་དུས་ལ་བབ་བོ༔ དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་དུས་ལ་བབ་བོ༔ དུས་ད་ལྟའོ༔ ཞག་དོ་ནུབ་བོ༔ ལས་དེ་ལས་མ་འགྱངས༔ དེ་ལས་མདའ་བར་དམ་ཚིག་གིས་བསྐུལ༔ དད་པས་འབོད༔ རེ་བས་བསྒྲུབ༔ དོན་མཆིས་པར་མཛོད༔ ཁྱེད་ཅག་གི་ཞལ་བཞེས་རྡོ་རྗེའི་ཚིག༔ བདག་གིས་བསྐུལ་འབོད་ཀྱང་རྡོ་རྗེའི་ཚིག་དཔང་དུ་མཆིས་སོ༔ བཛྲ་ས་མ་ཡ༔ བཛྲ་ས་མ་ཡ༔ བཛྲ་ས་མ་ཡ༔ སྐབས་འདིར་འགུགས་གཞུག་བྱ༔ དེ་ནས་འགུགས་པ་ནི༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོའི་ཐུགས་དམ་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་གནོད་བྱེད་རྣམས༔ ཁམས་གསུམ་སྲིད་གསུམ་གང་ན་གནས་གྱུར་ཀྱང་༔ གཟུགས་བྱང་ལིང་ག་འདི་ལ་མྱུར་དུ་ཁུག༔ རྩ་སྔགས་མཐར༔ དགྲ་བགེགས་གནོད་བྱེད་ཆེ་གེ་མོ་སརྦ་ཨཾ་ཀུ་ཤ་ཛ༔ དེ་ནས་བྱད་དུ་གཞུག་པ་ནི༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མ་ཚོགས་དབྱིངས་ནས་བཞེངས༔ དྲག་པོའི་ཕྲིན་ལས་མྱུར་མཛད་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ལས་ངན་རྣམས༔ ལུས་ངག་ཡིད་གསུམ་གྲུ་གུ་ཐུལ་དུ་ཆིངས༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏི་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་ས་མ་ཡ༔ དགྲ་བགེགས་ནྲྀ་ཏྲི་ཨ་པ་ན་ཡེ་ཧཱུྃ་བྷྱོ་ཕཊ༔ དེ་ནས་ལྷ་དང་ཕྲལ་བ་ནི༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མ་ཚོགས་མཐུ་རྩལ་ཅན༔ དྲག་པོའི་མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་གདོན་བགེགས་ཚོགས་རྣམས༔ མགོན་སྐྱབས་བྱེད་པའི་ལྷ་དང་བྲལ་བར་གྱིས༔ རྩ་སྔགས་དང༔ ནྲྀ་ཏྲི་ཏྲག་རཀྴ་མཱ་ར་ཡ་ཕྱེས་ཕྱེས༔ མ་མ་ཏྲག་རཀྴ་རཱུ་ཏྲ་མཱ་ར་ཡ་ཕྱེས་ཕྱེས་ཧཱུྃ་བྷྱོ་ཕཊ༔ དེ་ནས་སྨྱོ་རུ་གཞུག་པ་ནི༔ ཧཱུྃ་ཧྲཱིཿསྐུ་གསུམ་མཁའ་འགྲོ་མ་ཚོགས་ཐམས་ཅད་ཀྱིས༔ དྲག་པོ་མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་གདོན་བགེགས་ཚོགས་རྣམས༔ ལུས་ངག་ཡིད་གསུམ་སྨྱོ་བརྒྱལ་རེངས་སུ་ཆུག༔ རྩ་སྔགས་དང༔ ནྲྀ་ཏྲི་དགྲ་བགེགས་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་བྷྱོ་ཕཊ༔ དེ་ནས་རྡུལ་དུ་བརླག་པ་ནི༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མ་ཚོགས་འཁོར་དང་བཅས༔ དྲག་པོ་མངོན་སྤྱོད་ཕྲིན་ལས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་མ་ལུས་པ༔ ཕྱེ་མར་ཐུལ་ཅིག་ཐལ་བའི་རྡུལ་དུ་རློག༔ རྩ་སྔགས་དང༔ དགྲ་བགེགས་ནྲྀ་ཏྲི་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ༔ དེ་ནས་ཕུར་པ་ཐོགས་ལ༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོའི་ཐུགས་དམ་དུས་ལ་བབ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ལས་བཞེངས༔ དམ་ཉམས་སྡིག་ཅན་སྡང་བའི་དགྲ་བགེགས་ལ༔ རྡོ་རྗེ་ཕུར་པའི་དབལ་ཐོབ་རྡུལ་དུ་རློག༔ ཨོཾ་མ་ཧཱ་ཀྲོ་ཏི་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ༔ དགྲ་བགེགས་ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་རྦད་ནན་ཐུན་བྷྱོ༔ ཡུངས་ཐུན་ཐོགས་ལ༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོའི་ཐུགས་དམ་དུས་ལ་བབ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ལས་བཞེངས༔ དམ་ཉམས་སྡིག་ཅན་སྡང་བའི་དགྲ་བགེགས་ལ༔ ཡུངས་ཐུན་དྲག་པོས་ཐོབ་ལ་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཐུན་སྔགས༔ ཁྲག་ཐུན་ཐོགས་ལ༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མཁའ་འགྲོ་སྡེ་ལྔའི་ཚོགས༔ བཞེངས་ཤིག་དམ་ཚིག་ཐུགས་དམ་དུས་ལ་བབ༔ དམ་ཉམས་དགྲ་བགེགས་ལུས་ངག་ཡིད་གསུམ་ལ༔ ཁྲག་ཐུན་དྲག་པོས་ཐོབ་ལ་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཐུན་སྔགས༔ མཚེ་ཐུན་ཐོགས་ལ༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མཁའ་འགྲོ་སྡེ་ལྔའི་ཚོགས༔ བཞེངས་ཤིག་དམ་ཚིག་ཐུགས་དམ་དུས་ལ་བབ༔ དམ་ཉམས་དགྲ་བགེགས་ལུས་ངག་ཡིད་གསུམ་ལ༔ མཚེ་ཐུན་དྲག་པོས་ཐོབ་ལ་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཐུན་སྔགས༔ དུག་ཐུན་ཐོགས་ལ༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོ་མཁའ་འགྲོ་སྡེ་ལྔའི་ཚོགས༔ བཞེངས་ཤིག་དམ་ཚིག་ཐུགས་དམ་དུས་ལ་བབ༔ དམ་ཉམས་དགྲ་བགེགས་ལུས་ངག་ཡིད་གསུམ་ལ༔ དུག་ཐུན་དྲག་པོས་ཐོབ་ལ་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཐུན་སྔགས༔ མཚོན་ཐུན་ཐོགས་ལ༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོ༴ བཞེངས་ཤིག་དམ་ཚིག༴ དམ་ཉམས་དགྲ་བགེགས༴ མཚོན་ཐུན་སྣ་ཚོགས་དབལ་ཐོབ་རྡུལ་དུ་རློག༔ རྣམ་པར་ཤེས་པ༴ ཉོན་མོངས༴ ཐུན་སྔགས༔ མདའ་ཐུན་ཐོགས་ལ༔ ཧཱུྃ༔ སྐུ་གསུམ་མཁའ་འགྲོ༴ བཞེངས་ཤིག་དམ་ཚིག༴ དམ་ཉམས་དགྲ་བགེགས༴ མདའ་ཐུན་དྲག་པོའི་དབལ་ཐོབ༴ རྣམ་པར་ཤེས་པ༴ ཉོན་མོངས༴ ཐུན་སྔགས༔ རྡོ་ཐུན་ཐོགས་ལ༔ ཧཱུྃ་ཧྲཱིཿསྐུ་གསུམ་མཁའ་འགྲོ༴ བཞེངས་ཤིག་དམ་ཚིག༴ དམ་ཉམས་དགྲ་བགེགས༴ རྡོ་ཐུན་དྲག་པོའི་ཆར་ཕོབ་རྡུལ་དུ་རློག༔ རྣམ་པར་ཤེས་པ༴ ཉོན་མོངས༴ ཐུན་སྔགས༔ དམར་གཏོར་ཐོགས་ལ༔ ཧཱུྃ་ཧྲཱི༔ སྐུ་གསུམ་མཁའ་འགྲོ༴ བཞེངས་ཤིག་དམ་ཚིག༴ དམ་ཉམས་དགྲ་བགེགས༴ དམར་གཏོར་དྲག་པོའི་དབལ་ཐོབ༴ རྣམ་པར་ཤེས་པ༴ ཉོན་མོངས༴ ཐུན་སྔགས༔ ས་ཐུན་ཐོགས་ལ༔ ཧཱུྃ་ཧྲཱིཿསུཾ༔ སྐུ་གསུམ་མཁའ་འགྲོ༴ བཞེངས་ཤིག་དམ་ཚིག༴ ས་ཐུན་དྲག་པོས་ས་ཁམས་རང་གཤེད་ཕོབ༔ རྣམ་པར་ཤེས་པ༴ ཉོན་མོངས༴ ཐུན་སྔགས༔ ཆུ་ཐུན་ཐོགས་ལ༔ ཧཱུྃ་ཧྲཱིཿབཾ༔ སྐུ་གསུམ་མཁའ་འགྲོ༴ བཞེངས་ཤིག་དམ་ཚིག༴ དམ་ཉམས་དགྲ་བགེགས༔ ཆུ་ཐུན་དྲག་པོས་ཆུ་ཁམས་རང་གཤེད་ཕོབ༔ རྣམ་པར་ཤེས་པ༴ ཉོན་མོངས༴ ཐུན་སྔགས༔ མེ་ཐུན་ཐོགས་ལ༔ ཧཱུྃ་ཧྲཱིཿརཾ༔ སྐུ་གསུམ་མཁའ་འགྲོ༔ བཞེངས་ཤིག་དམ་ཚིག༔ དམ་ཉམས་དགྲ་བགེགས༴ མེ་ཐུན་དྲག་པོས་མེ་ཁམས་རང་གཤེད་ཕོབ༔ རྣམ་པར་ཤེས་པ༴ ཉོན་མོངས༔ ཐུན་སྔགས༔ རླུང་ཐུན་གཡབ་ལ༔ ཧཱུྃ་ཧྲཱིཿཡཾ༔ སྐུ་གསུམ་མཁའ་འགྲོ༴ བཞེངས་ཤིག་དམ་ཚིག༴ དམ་ཉམས་དགྲ་བགེགས༴ རླུང་ཐུན་དྲག་པོས་རླུང་ཁམས་རང་གཤེད་ཕོབ༔ རྣམ་པར་ཤེས་པ༴ ཉོན་མོངས་འཁྲུལ་པའི་རྣམ་རྟོག་རྩད་ནས་ཆོད༔ ཐུན་སྔགས༔ མཁའ་འགྲོ་སྡེ་ལྔའི་ཐུན་གདབ་པ་ནི༔ དང་པོ་ལྕགས་དང་མཁར་གོང་ཕྱེ་གདབ་པ་ནི༔ ཧཱུྃ་ཧྲཱིཿཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ མི་འགྱུར་གསང་བ་མཆོག་གི་དཀྱིལ་འཁོར་ནས༔ གསང་བ་ཡེ་ཤེས་སྐུ་གསུམ་མཁའ་འགྲོ་མ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ དུག་གསུམ་ཉོན་འཁྲུལ་གདུག་བྱེད་དགྲ་བགེགས་རྣམས༔ སྐུ་གསུམ་ཡེ་ཤེས་ཆེན་པོའི་ངང་དུ་སོད༔ ཁྱབ་གདལ་ཀློང་དུ་བདེ་བར་གཤེགས་གྱུར་ཅིག༔ རྩ་སྔགས༔ དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ གཉིས་པ་ཡུངས་ནག་གདབ་པ་ནི༔ ཧཱུྃ་ཧྲཱིཿཆོས་དབྱིངས་ངང་ལས་རང་བྱུང་མཁའ་འགྲོ་མ༔ མི་འགྱུར་གསང་ཆེན་རོལ་པའི་དུར་ཁྲོད་ནས༔ རྡོ་རྗེ་མཁའ་འགྲོ་མ་ཚོགས་མཐུ་རྩལ་ཅན༔ བཞེངས་ཤིག་ཆོས་ཀྱི༴ མངོན་སྤྱོད་དྲག་པོའི་ཕྲིན་ལས༴ ཞེ་སྡང་ཉོན་འཁྲུལ༴ མེ་ལོང་ཡེ་ཤེས་ཆེན་པོའི་ངང་དུ་སོད༔ འཁྲུལ་མེད་ངང་དུ་བདེ་བར་གཤེགས་གྱུར་ཅིག༔ རྩ་སྔགས༔ དགྲ་བགེགས་སརྦ༴ གསུམ་པ་ཀེ་མཚེ་ཤངས་མཚེ་གདབ་པ་ནི༔ ཧཱུྃ་ཧྲཱིཿཆོས་ཀྱི་དབྱིངས་ལས་རང་བྱུང་༴ མི་འགྱུར་གསང་ཆེན་རོལ་པའི་དུར་ཁྲོད་ནས༔ རིན་ཆེན་མཁའ་འགྲོ་མ་ཚོགས༴ བཞེངས་ཤིག༴ མངོན་སྤྱོད༴ ང་རྒྱལ༴ མཉམ་ཉིད་ཡེ་ཤེས༴ འཁྲུལ་མེད་ངང་༴ རྩ་སྔགས༔ དགྲ་བགེགས་སརྦ༴ བཞི་པ་ཚྭ་དང་སྒོག་པ་གདབ་པ་ནི༔ ཧཱུྃ་ཧྲཱིཿཆོས་ཀྱི་དབྱིངས་ལས་རང་བྱུང༴ མི་འགྱུར་གསང་ཆེན༴ པདྨ་མཁའ་འགྲོ་མ་ཚོགས༴ བཞེངས་ཤིག༴ མངོན་སྤྱོད༴ འདོད་ཆགས་ཉོན་འཁྲུལ༴ སོར་རྟོག་ཡེ་ཤེས༴ འཁྲུལ་མེད་ངང་དུ༴ རྩ་སྔགས༔ དགྲ་བགེགས་སརྦ༴ ལྔ་པ་གཡེར་མ་གདབ་པ་ནི༔ ཧཱུྃ་ཧྲཱིཿཆོས་ཀྱི་དབྱིངས་ལས་རང་བྱུང༴ མི་འགྱུར་གསང་ཆེན༴ ལས་ཀྱི་མཁའ་འགྲོ་མ་ཚོགས༴ བཞེངས་ཤིག༴ མངོན་སྤྱོད༴ ཕྲག་དོག་ཉོན་འཁྲུལ༴ བྱ་གྲུབ་ཡེ་ཤེས༴ འཁྲུལ་མེད་ངང་དུ༴ རྩ་སྔགས༔ དགྲ་བགེགས་སརྦ༴ དེ་ནས་ལས་བཞིའི་མཁའ་འགྲོའི་ཐུན༔ དང་པོ་བུར་ཐོག་གདབ་པ་ནི༔ ཧཱུྃ་ཧྲཱིཿཆོས་ཀྱི་དབྱིངས་ལས་རང་བྱུང་མཁའ་འགྲོ་མ༔ སྙིང་རྗེའི་རང་མདངས་སྒོ་མ་ལྕགས་ཀྱུ་མ༔ ཁྱོད་ཀྱི་ཐུགས་དམ་གཉན་པོའི་དུས་ལ་བབ༔ སྡིག་ཅན་སྡང་བར་བྱེད་པའི་དགྲ་དང་བགེགས༔ ཟུང་ཤིག་སྒྲོལ་ཅིག་བཛྲ་ཨཾ་ཀུ་ཛཿགཉིས་པ་ཐལ་པ་གདབ་པ་ནི༔ ཧཱུྃ་ཧྲཱིཿཆོས་ཀྱི་དབྱིངས་ལས༴ བྱམས་པའི་རང་མདངས་སྒོ་མ་ཞགས་པ་མ༔ ཁྱོད་ཀྱི་ཐུགས་དམ་གཉན་པོའི༴ སྡིག་ཅན་སྡང་བར་བྱེད་པའི་དགྲ་དང་བགེགས༔ ཆིངས་ཤིག་སྒྲོལ་ཅིག་རཏྣ་པཱ་ཤ་ཧཱུྃ༔ གསུམ་པ་རམ་པ་གདབ་པ་ནི༔ ཧཱུྃ་ཧྲཱིཿཆོས་ཀྱི་དབྱིངས་ལས༴ དགའ་བའི་རང་མདངས་སྒོ་མ་ལྕགས་སྒྲོག་མ༔ ཁྱོད་ཀྱི་ཐུགས་དམ་གཉན་པོའི༴ སྡིག་ཅན་སྡང་བར་བྱེད་པའི༴ སྡོམས་ཤིག་སྒྲོལ་ཅིག་པདྨ་སྥོ་ཊ་བཾ༔ བཞི་པ་བྲ་བོ་གདབ་པ་ནི༔ ཧཱུྃ་ཧྲཱིཿཆོས་ཀྱི་དབྱིངས་ལས་རང་བྱུང་མཁའ་འགྲོ་མ༔ བཏང་སྙོམས་རང་མདངས་སྒོ་མ་དྲིལ་བུ་མ༔ ཁྱོད་ཀྱི་ཐུགས༴ སྡིག་ཅན་སྡང༴ ཕོབ་ཅིག་སྒྲོལ་ཅིག་ཀརྨ་གྷཎྜེ་ཧོཿ མིན་ན་ལས་བཞིའི་མཚོན་གྱིས་གདབ༔ དེ་ནས་གྲི་གུག་གདབ་པ་ནི༔ ཧཱུྃ་ཧྲཱིཿམི་འཇིགས་གནམ་ལྕགས་རྡོ་རྗེ་ལས་གྲུབ་པའི༔ གྲི་གུག་འབར་བས་ཉོན་མོངས་རྩད་ནས་གཅོད༔ དགྲ་བགེགས་ཉོན་མོངས་ཕུང་པོར་ད་གདབ་བོ༔ གཟུང་འཛིན་འཁྲུལ་པའི་རྩ་བ་ཆོད་གྱུར་ཅིག༔ རྩ་སྔགས༔ དགྲ་བགེགས་སརྦ་ཤ་ཏྲུཾ་མ་ར་ཡ་རྦད་ནན་ཐུན་བྷྱོ༔ དེ་ནས་ཁ་ཊྭཱྃ་གདབ་པ་ནི༔ ཧཱུྃ་བྷྱོ༔ མི་འཇིག་གནམ་ལྕགས་རྡོ་རྗེ་ལས་གྲུབ་པའི༔ ཁ་ཊྭཱྃ་འབར་བས་དུག་གསུམ་རྩད་ནས་གཅོད༔ དགྲ་བགེགས་ཉོན་མོངས་འཁྲུལ་པའི་ཕུང་པོར་གདབ༔ ཉོན་མོངས་དུག་གསུམ་སྐུ་གསུམ་ཀློང་དུ་སྒྲོལ༔ རྩ་སྔགས༔ དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན་ཐུན་བྷྱོ༔ དེ་ནས་ཞལ་དུ་བསྟབས་པ་ནི༔ ཧཱུྃ་ཧྲཱིཿབདེ་ཆེན་གསང་ལམ་བསྣོལ་མའི་དུར་ཁྲོད་ནས༔ མཁའ་འགྲོའི་གཙོ་མོ་གསང་བ་ཡེ་ཤེས་མ༔ ཕྱེས་ཤིག་ཁམས་གསུམ་རོལ་པའི་ཞལ་ཕྱེས་ཤིག༔ དུག་གསུམ་དགྲ་བགེགས་སྐུ་གསུམ་ཀློང་དུ་རོལ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏི་གུ་ཧྱ་ཛྙཱ་ན་དྷརྨ་ཀཱ་ཡ་ཌཱ་ཀི་ནཱི་སམྦྷོ་ཀཱ་ཡ་ཌཱ་ཀི་ནཱི་ནིརྨ་ཀཱ་ཡ་ཌཱ་ཀི་ནི་སརྦ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿསརྦ་དྷརྨ་པཱ་ལ་སརྦ་ཀྵེ་ཊ་པཱ་ལ་སརྦ་ལོ་ཀ་པཱ་ལ་སརྦ་ས་མ་ཡ༔ དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ ཁམས་དང་སྐྱེ་མཆེད་ཕུང་པོ་དབང་ལྔར་བཅས་པ་ལ་སརྦ་ཁ་རཾ་ཁཱ་ཧིཿཧ་ཧ་ཧི་ཧི་ཧེ་ཧེ་ཧོ་ཧོ་ཧཱུྃ་ཧཱུྃ་བྷྱོ་བྷྱོ་ཕཊ༔ ས་མ་ཡ༔ མ་འོངས་དུས་ཀྱི་གང་ཟག་རྣམས༔ རྣལ་འབྱོར་ལས་ཀ་འདི་ལས་མེད༔ བསད་འདྲེན་གནད་དང་ལྡན་པ་ཡིས༔ འདི་ལ་བརྩོན་པའི་གང་ཟག་ནི༔ འདོད་དོན་འབད་མེད་ལྷུན་གྱིས་གྲུབ༔ མཁའ་འགྲོ་སྒྲུབ་པའི་གང་ཟག་ལ༔ ཉེས་བྱེད་དགྲ་བགེགས་གང་བྱུང་ན༔ དྲག་ལས་འདི་ལ་བརྩོན་པར་གྱིས༔ དགྲ་བགེགས་གནོད་བྱེད་གང་ལ་ཡང་༔ འདི་བཞིན་བརྩོན་པས་ངེས་པར་ཐུབ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ གུ་རུའི་བཀའ་བཞིན་གསང་བའི་མཛོད༔ འོད་གསལ་གསང་བའི་བརྡ་རིས་བྲིས༔ མ་མོ་སྲིད་པའི་རྒྱལ་མོ་དང་༔ གནོད་སྦྱིན་ཤན་པ་དམར་ནག་དང་༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང་༔ གསང་སྔགས་སྲུང་མ་ཡོངས་ལ་གཉེར༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ དམ་ལྡན་རྣམས་ཀྱི་གྲོགས་མཛོད་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་མ་ནུས་སྤྲང་པོ་གླིང་བ་བདུད་འཇོམས་རྡོ་རྗེས་གཏེར་ནས་སྤྱན་དྲངས་ཏེ་འབྲོས་ཕུག་དབེན་ཁྲོད་མཁའ་འགྲོའི་འདུ་ཁང་དུ་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེའི་མཐུན་རྐྱེན་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 10:10, 4 September 2025
| Wylie title | zab gsang mkha' 'gro'i snying thig las: thugs sgrub ye shes nyi ma'i skor las: bsgral las spu gri reg gcod: | |
|---|---|---|
| Location | bdud 'joms gling pa zab gter Volume 7, Text 23, Pages 307-325 (Folios 1a1 to 10a2) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub ye shes nyi ma'i skor las bsgral las spu gri reg gcod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 7: 307-325. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: bsgral las Verso: bdud 'joms mkha' 'gro gsang ye | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Activity Practices - las tshogs | |
| Cycle | ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma) | |
| Parent Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Deity | mkha' 'gro gsang ba ye shes | |
| Colophon |
ཞེས་པ་འདི་ཡང་མ་ནུས་སྤྲང་པོ་གླིང་བ་བདུད་འཇོམས་རྡོ་རྗེས་གཏེར་ནས་སྤྱན་དྲངས་ཏེ་འབྲོས་ཕུག་དབེན་ཁྲོད་མཁའ་འགྲོའི་འདུ་ཁང་དུ་ཤོག་སེར་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེའི་མཐུན་རྐྱེན་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།། | |
|
zhes pa 'di yang ma nus sprang po gling ba bdud 'joms rdo rjes gter nas spyan drangs te 'bros phug dben khrod mkha' 'gro'i 'du khang du shog ser las zhal bshus te dag par phab pa'i yi ge'i mthun rkyen phun tshogs bkra shis so/_/dge'o/_/sarba mang+ga laM// | ||