TTDL-ZABTER-09-TA-018: Difference between revisions

From Dudjom Wiki
TTDL-ZABTER-09-TA-018
m (Text replacement - "ཧོཿ" to "ཧོཿ ")
m (Text replacement - "༴" to "༴ ")
 
Line 40: Line 40:




ཐྂ༎༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  རྣལ་འབྱོར་རྣམས་ལ་དགྲ་བྱུང་ན༔ བསྐུལ་པ་གནམ་ལྕགས་ཐོག་མདའ་དགོས༔ དེ་ལ་དམར་གྱི་གཏོར་མ་དང་༔ ཁྲག་སྐྱེམས་ཤ་དུམ་ར་གསུར་བཤམས༔ དེ་ནས་རང་ཉིད་ལྷར་གསལ་བའི༔ ང་རྒྱལ་དྲག་པོས་འདི་སྐད་བརྗོད༔ ཧཱུྃ་ཛཿཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ བཙན་བདུད་ཚོགས་པའི་ཡུལ་དབུས་སུ༔ འོག་ན་དུག་མཚོ་མེ་རེ་རེ༔ སྟེང་ན་ཁྲག་སྤྲིན་ཐིབས་སེ་ཐིབ༔ བར་ན་འབྲུག་སྒྲ་ལྡི་རི་རི༔ གློག་ཞགས་དམར་པོ་གྱ་མ་གྱུ༔ ཐོག་སེར་བུ་ཡུག་ཚུབས་སེ་ཚུབ༔ ཕོ་ཉ་ལས་མཁན་དམག་ལྟར་ཚོགས༔ ལྷ་སྲིན་སྡེ་བརྒྱད་འབངས་ལྟར་འདུ༔ དེ་དབུས་ལྕགས་མཁར་སུམ་ཐོག་པའི༔ ཐོ་ཕྱི་འཇའ་འོད་མེ་དཔུང་འབར༔ དར་འཕན་གདུགས་དང་རྒྱལ་མཚན་ཚོགས༔ རླུང་གིས་བསྐྱོད་ཅིང་པུ་རུ་རུ༔ དེ་ན་བཞུགས་པའི་དྲག་ཤུལ་ཅན༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོང་༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས༔ ཐུགས་དམ་བསྐུལ་ལོ་དུས་ལ་བབ༔ སྔོན་ཚེ་རྡོ་རྗེ་འཆང་དབང་དང་༔ སྟོན་པ་ཤཱཀྱ་ཐུབ་པའི་བཀའ༔ བར་དུ་དགའ་རབ་ཤྲཱི་སེང་དང་༔ རིག་འཛིན་བརྒྱད་དང་པད་འབྱུང་སོགས༔ ཐ་མ་རྗེ་འབངས་རིག་འཛིན་དང་༔ གཏེར་སྟོན་ཆེན་པོ་བརྒྱ་རྩ་སོགས༔ བརྒྱུད་གསུམ་བླ་མ་ཐམས་ཅད་ཀྱིས༔ བཀའ་བསྒོས་ལས་གཉེར་དམ་ཚིག་གཉན༔ དཔང་དུ་བཙུགས་ཤིང་གཙུག་ཏུ་ཁུར༔ གཏའ་རུ་བཞག་སྟེ་གནད་ནས་བསྐུལ༔ དམ་ཅན་རྡོ་རྗེ་ལེགས་པ་བསྐུལ༔ ཆའོ་ཆའོ་ལས་ལ་རྒྱུགས༔ ཕ་ནི་བདུད་རྒྱལ་ནག་པོ་བསྐུལ༔ ཆའོ་ཆའོ་ལས་ལ་རྒྱུགས༔ མ་ནི་དམུ་མོ་ནག་མོ་བསྐུལ༔ ཆའོ་ཆའོ༴ཡུམ་ནི་གོང་བཙུན་དེ་མོ་བསྐུལ༔ ཆའོ་ཆའོ༴ནང་འཁོར་ལས་མཁན་ཕོ་ཉ༴ཆའོ་ཆའོ༴བར་འཁོར་ལྷ་སྲིན་སྡེ་བརྒྱད༴ཆའོ་ཆའོ༴ཕྱི་འཁོར་བཙན་སྡེ་འགོང་སྡེ༴ཆའོ་ཆའོ༴ཡང་འཁོར་ཐེའུ་བྲང་ལྷ་འདྲེ་བསྐུལ༔ ཆའོ་ཆའོ་ལས་ལ་རྒྱུགས༔ ཛཿནམ་ལངས་དུས་སུ་ལས་ལ་ཆོས༔ ལྷ་བདུད་དཀར་པོ་སེང་གེ་ཆིབས༔ ཕྱག་ན་རྡོ་རྗེ་དགྲ་སྙིང་བསྣམས༔ འཁོར་དུ་ལྷ་དམག་འབུམ་གྱིས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿསྔ་དྲོའི་དུས་སུ་ལས་ལ་ཆོས༔ བཙན་རྒྱལ་དམར་པོ་མེ་རྟ་ཆིབས༔ ཕྱག་ན་བཙན་མདུང་བཙན་ཞགས་བསྣམས༔ འཁོར་དུ་བཙན་དམག་འབུམ་གྱིས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་བདུད་དུ་ཕོབ༔ ཛཿཉིན་ཕྱེད་དུས་སུ་ལས་ལ་ཆོས༔ གཤིན་རྗེའི་རྒྱལ་པོ་སྲོག་ལེན་པ༔ མི་ནག་རྟ་ནག་དམག་ཆས་ཅན༔ ཕྱག་ན་དགྲ་སྟྭ་ཞགས་པ་བསྣམས༔ འཁོར་དུ་འཆི་བདག་འབུམ་སྡེས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿདགོང་མོའི་དུས་སུ་ལས་ལ་ཆོས༔ རྒྱལ་པོའི་དམག་དཔོན་པེ་ཧ་ར༔ བཙུན་ཆས་འཕར་བ་དམར་པོ་ཆིབས༔ ཕྱག་ན་བསེག་ཤངས་ལྷུང་བཟེད་བསྣམས༔ འཁོར་དུ་རྒྱལ་འགོང་འབུམ་སྡེས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿམུན་རུབ་དུས་སུ་ལས་ལ་ཆོས༔ མ་མོའི་དེད་དཔོན་གནམ་ལྷ་དཀར༔ ཆིབས་སུ་མུན་མཐོང་འུག་པ་ཆིབས༔ ཕྱག་ན་དར་ནག་སྤུ་གྲི་ཐོགས༔ འཁོར་དུ་མ་མོ་འབུམ་སྡེས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿནམ་གྱི་སྲོད་དུ་ལས་ལ་ཆོས༔ དམུ་རྒྱལ་ཀཱ་ལ་ཡཀྴར་བཞེངས༔ མི་ནག་གོ་བགོས་སྟག་ལ་ཆིབས༔ ཕྱག་ན་རལ་གྲི་ཐོད་ཁྲག་ཐོགས༔ འཁོར་དུ་གནོད་སྦྱིན་འབུམ་གྱིས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿནམ་གོང་དུས་སུ་ལས་ལ་ཆོས༔ བདུད་རྒྱལ་ཚེ་ལེན་ནག་པོར་བཞེངས༔ མི་ནག་རྟ་ནག་རྟིང་དཀར་ཆིབས༔ ཕྱག་ན་བདུད་ཞགས་སྟྭ་རེ་ཐོགས༔ འཁོར་དུ་བདུད་དམག་འབུམ་སྡེས་བསྐུལ༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿནམ་གྱི་ཐོ་རངས་ལས་ལ་ཆོས༔ ཀླུ་བདུད་འཆི་བདག་མགོ་དགུར་བཞེངས༔ ཆིབས་སུ་ཆུ་སྲིན་ཁམ་པ་ཆིབས༔ ཕྱག་ན་སྦྲུལ་ཞགས་ནད་རྐྱལ་ཐོགས༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿབར་བར་ལས་ཀྱི་ཕོ་ཉ་ཆོས༔ ཐེ་བྲང་རྒྱལ་པོ་ར་སྐྱེས་ཆིབས༔ ཕྱག་ན་ཐོ་བ་སྦུད་པ་བསྣམས༔ འཁོར་དུ་ཐེའུ་བྲང་འབུམ་སྡེས་བསྐུལ༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿརྟག་ཏུ་ལས་ཀྱི་ཕོ་ཉ་བསྐུལ༔ བགེགས་རྒྱལ་བི་ན་ཡ་ཀར་བཞེངས༔ ཆིབས་སུ་སྲིན་བྱ་འུག་ཆུང་ཆིབས༔ བྱ་ཞུ་གསོལ་ཞིང་བྱ་ཐུལ་གྱོན༔ གཡས་ན་བཙན་པོ་ཁ་བཞི་ཐོགས༔ གཡོན་ན་མགྱོགས་པ་རྐང་བརྒྱད་བསྣམས༔ ལྟས་ངན་བདག་པོ་འབུམ་གྱིས་བསྐོར༔ ཡིད་ལ་བརྣག་པའི་དགྲ་བོ་ལ༔ མི་སྡུག་རྟགས་དང་ཆོ་འཕྲུལ་སྟོན༔ དལ་ཡམས་ནད་མུག་ཡོ་ལངས་ཕོབ༔ རྗེས་ཤུལ་མེད་པར་བརླག་མཛོད་ཅིག༔ ཏྲི་བཛྲ་ས་དྷུ་ས་མ་ཡ༔ ཛཿདད་པ་དང་ནི་དམ་ཚིག་གིས༔ བསྐུལ་ལོ་རྦད་དོ་དགྲ་ལ་རྒྱུགས༔ དམ་ཅན་རྡོ་རྗེ་ལེགས་པ་བསྐུལ༔ ཕ་མ་མོན་པ་ཕོ་མོ་བསྐུལ༔ སྡོང་ཟླ་བརྟན་མ་བཅུ་གཉིས་བསྐུལ༔ དཀོན་མཆོག་གསུམ་གྱི་སྲུང་མ་བསྐུལ༔ རིག་འཛིན་ཡོངས་ཀྱི་སྲོག་ཤིང་བསྐུལ༔ རྣལ་འབྱོར་ཀུན་གྱི་དགྲ་ལྷ༴གཙུག་ལག་ཁང་གི་སྲུང་མ༴ཆོས་འཁོར་ཡོངས་ཀྱི་བདག་པོ༴དཀྱིལ་འཁོར་ཡོངས་ཀྱི་མཐའ་འཛིན༴འཛམ་གླིང་གཞི་བདག་རྒྱལ་པོ༴མགོན་པོ་རྡོ་རྗེ་ལེགས་པ༴ཚོང་དཔོན་རྡོ་རྗེ་ལེགས་པ༴དགྲ་ལྷ་རྡོ་རྗེ་ལེགས་པ༴ནོར་བདག་རྡོ་རྗེ་ལེགས་པ༴ཆོས་སྐྱོང་རྡོ་རྗེ་ལེགས་པ༴བོན་ལྷ་རྡོ་རྗེ་ལེགས་པ༴བན་ལྷ་རྡོ་རྗེ་ལེགས་པ༴མགར་བ་རྡོ་རྗེ་ལེགས་པ༴ཤན་པ་རྡོ་རྗེ་ལེགས་པ༴སྲོག་ལེན་རྡོ་རྗེ་ལེགས་པ༴ཤ་ཟ་རྡོ་རྗེ་ལེགས་པ༴ཁྲག་འཐུང་རྡོ་རྗེ་ལེགས་པ༴མངོན་ཤེས་འཕྲུལ་གྱི་རྒྱལ་པོ༴ལྟས་ངན་འཕྲུལ་གྱི་བདག་པོ༴སྣ་ཚོགས་འཕྲུལ་གྱི་བདག་པོ༴གནམ་ས་ཕྱེད་ཀྱི་བདག་པོ༴གཙང་ཆབ་ཕྱེད་ཀྱི་བདག་པོ་བསྐུལ༔ མ་ཐོགས་མྱུར་དུ་དགྲ་ལ་རྒྱུགས༔ མ་འགྱངས་དོ་ནུབ་དགྲ་ལ་རྒྱུགས༔ མ་གཡེལ་ད་ལྟ་ལས་མཛོད་ཅིག༔ ནམ་མཁར་ཁྲག་སྤྲིན་གཏིབ་ཞིང་སོང་༔ འབྲུག་ལྡིར་གློག་དམར་འཁྱུགས་ཤིང་སོང་༔ བར་སྣང་དམག་གིས་འགེང་ཞིང་སོང་༔ ས་གཞིར་ཐོག་སེར་ཕོབ་ལ་སོང་༔ འུག་པ་ཧ་ཧ་རྒོད་ཅིང་སོང་༔ འདྲེ་ངན་སྐད་ངན་སྒྲོགས་ཤིང་སོང་༔ བླ་འོག་ལྷང་ལྷང་སྒྲོགས་ཤིང་སོང་༔ སྲིན་བྱའི་རོ་བྱུང་ཟེར་ཞིང་སོང་༔ ཁྱི་སྤྱང་མཚན་ངུ་བྱེད་ཅིང་སོང་༔ བུད་མེད་ངུ་འབོད་བྱེད་ཅིང་སོང་༔ གཟའ་བདུད་མེ་རུ་འབར་ཞིང་སོང་༔ བདུད་མོས་ནད་རྐྱལ་ཕྱེ་ཞིང་སོང་༔ ལས་མཁན་བསྭོ་སྒྲ་སྒྲོགས་ཤིང་སོང་༔ ཤན་པས་ཧ་སྒྲ་སྒྲོགས་ཤིང་སོང་༔ སྲོག་བདག་ཤོབ་ཡ་ཟེར་ཞིང་སོང་༔ ཤ་ཟས་གླལ་སྒྲ་སྒྲོགས་ཤིང་སོང་༔ ཁྲག་འཐུང་སྟོང་མིད་བྱེད་ཅིང་སོང་༔ རུས་འཆས་སོ་སྒྲ་འདོན་ཞིང་སོང་༔ རྐང་ལྡག་རྐན་སྒྲ་བྱེད་ཅིང་སོང་༔ དགྲ་བོའི་ཡུལ་ཁམས་དམག་གིས་ཁེངས༔ དགྲ་བོའི་ཁོང་ཁྲག་ཧུབ་ཀྱིས་འཐུངས༔ དགྲ་བོའི་ཀླད་པ་ཞོ་ལྟར་དཀྲུགས༔ དགྲ་བོའི་མིག་འབྲས་ཐང་ལ་ཕོང་༔ དགྲ་བོའི་དཔའ་བའི་དོན་སྙིང་ཕྱུངས༔ དགྲ་བོའི་ཚོང་པ་དགྲ་ལ་སྤྲོད༔ དགྲ་བོའི་དམག་དཔུང་གྲི་ཁར་སོད༔ དགྲ་བོའི་མཛའ་བའི་མགོ་བོ་བསྐོར༔ དགྲ་བོའི་མགྲོན་པོ་འཇིགས་པས་ཆོམས༔ དགྲ་བོའི་བྱིས་པ་ཚང་ནས་སོད༔ དགྲ་བོའི་གཞོན་པ་གྲིབ་ཀྱིས་སོད༔ དགྲ་བོའི་དར་མ་གྲི་རུ་སོད༔ དགྲ་བོའི་རྒན་པ་སྨྱོ་རུ་ཆུག༔ དགྲ་བོའི་ཆུང་མ་འགགས་གྲིར་སོད༔ དགྲ་བོའི་ཕོ་རྒྱུད་ཐམས་ཅད་ཀུན༔ གྲི་ཁ་མཚོན་ཁ་གདོང་ཐུག་དང་༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ དགྲ་བོའི་མོ་རྒྱུད་ཐམས་ཅད་ཀྱི༔ རང་སྲོག་རང་གིས་གཅོད་དུ་ཆུག༔ དགྲ་བོས་བསགས་པའི་ཟས་ནོར་དཀོར༔ ནམ་ལངས་སྐར་མ་བཞིན་དུ་བསྣུབས༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ད་ལྟ་མ་འགྱངས་མྱུར་དུ་སོད༔ གལ་ཏེ་དགྲ་འདི་མི་བསྒྲལ་ན༔ དམ་ཅན་དམ་ལ་འདས་པ་ཡིན༔ ཆོས་སྐྱོང་བཀའ་དང་འགལ་བ་ཡིན༔ དེས་ན་བཅོལ་པའི་ཕྲིན་ལས་དེ༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ ཞག་དང་ཟ་མར་མྱུར་དུ་སྒྲུབས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོས༔ ཚེ་འདིའི་བྱ་བ་རྒྱབ་ཏུ་བོར༔ གཏན་བདེའི་རྒྱུ་འབྲས་ལྷུར་ལེན་བྱས༔ དགྲ་བོ་འདི་ཡིས་བར་དུ་གཅོད༔ དཀོན་མཆོག་གསུམ་གྱིས་ད་གཟིགས་མཛོད༔ དམ་ཅན་རྒྱ་མཚོའི་དུས་ལ་བབ༔ བདག་གིས་དཀའ་བ་དང་བླང་ནས༔ མི་ཚེ་ཆོས་ལ་དྲིལ་སྙམ་ཡང་༔ དགྲ་བོ་འདི་ཡིས་བར་དུ་བཅད༔ དཀོན་མཆོག་རྩ་གསུམ་གཟིགས་དགོངས་གསོལ༔ དམ་ཅན་གཉན་པོའི་དུས་ལ་བབ༔ བདག་གིས་ལྷ་ཆོས་དོན་དུ་གཉེར༔ ནག་པོ་སྡིག་པ་སྤང་འདོད་ཀྱང་༔ དགྲ་བོ་འདི་ཡིས་ལས་མ་སྟེར༔ དཀོན་མཆོག་རྩ་གསུམ་གཟིགས་དགོངས་གསོལ༔ དམ་ཅན་གཉན་པོའི་དུས་ལ་བབ༔ ངེས་མེད་གནས་སུ་སྒྲུབ་ཚུགས་བཟུང་༔ ཚེ་འདིར་སངས་རྒྱས་སྒྲུབ་སྙམ་ཡང་༔ དགྲ་བོ་འདི་ཡིས་ལས་མ་སྟེར༔ དཀོན་མཆོག་རྩ་གསུམ་གཟིགས་དགོངས་གསོལ༔ དམ་ཅན་གཉན་པོའི་དུས་ལ་བབ༔ མཚན་ལྡན་བླ་མའི་ཞབས་ཏོག་དང་༔ ཕ་མར་དྲིན་ལན་གཟོ་བ་དང་༔ སེམས་ཅན་ཡོངས་ཀྱི་དོན་བྱེད་སེམས༔ དགྲ་བོ་འདི་ཡིས་ལས་མ་སྟེར༔ དཀོན་མཆོག་རྩ་གསུམ་གཟིགས་དགོངས་གསོལ༔ དམ་ཅན་གཉན་པོའི་དུས་ལ་བབ༔ བདུད་དང་དམ་སྲིའི་དབང་གྱུར་པའི༔ ནག་པོ་སྡིག་པའི་དཔོན་འབངས་དེས༔ ཐར་བའི་སྲོག་ལ་རྒོལ་ཞིང་བྱུང་༔ ཉི་ལྟར་གསལ་བ་མུན་ལྟར་སྒྲིབ༔ གླ་ལྟར་བྲོས་ཀྱང་ཁྱི་ལྟར་བདས༔ ཉ་ལྟར་བྲོས་ཀྱང་སྲམ་ལྟར་བདས༔ བྱིའུ་ལྟར་བྲོས་ཀྱང་ཁྲ་ལྟར་དེད༔ ད་ནི་ཐར་བའི་ཐབས་མ་བྱུང་༔ བཟོད་མེད་གདུང་བས་ལྷ་སྲུང་འབོད༔ དཀོན་མཆོག་བདེན་པ་མེད་དམ་ཅི༔ དམ་ཅན་དམ་ལ་མི་གནས་སམ༔ བཀའ་སྲུང་དྲེགས་པ་གང་ན་བཞུགས༔ མཐུ་སྟོབས་ནུས་པ་མི་བདེན་ནམ༔ ཆོས་སྐྱོང་གཉན་པོ་ཤིའམ་ཅི༔ གལ་ཏེ་དཀོན་མཆོག་གསུམ་བདེན་ཞིང་༔ དམ་ཅན་དམ་ལ་གནས་པ་དང་༔ བཀའ་སྲུང་ཆོས་སྐྱོང་ཡོད་སྲིད་ན༔ ཐར་ལམ་བར་ཆད་གེགས་བྱེད་ཅིང་༔ བདག་རྒྱུད་ཆོས་དང་བྱེ་བ་དང་༔ ལས་མཐའ་ལོགས་སུ་བསྒྱུར་བ་ཡི༔ སྡང་བའི་དགྲ་བོ་དམ་ཉམས་དང་༔ དེ་གྲོགས་འབངས་འཁོར་ཆབ་སྲིད་བཅས༔ རིང་པོར་འགྱངས་པའི་ལོང་མེད་པས༔ དོ་ནུབ་ཉིད་དུ་བརླག་པར་མཛོད༔ སྙིང་ཁྲག་ཁ་རུ་སྐྱུག་ཏུ་ཆུག༔ ནང་ཁྲོལ་འོག་སྒོར་བཤལ་དུ་ཆུག༔ རྒྱུ་མ་ལམ་དུ་བརྐྱང་དུ་ཆུག༔ ཁ་ཟས་སྔ་མ་ཁར་བཅུག་ནས༔ ཕྱི་མ་མིད་དུ་མ་ཤོར་སོད༔ གློ་སྙིང་མངོན་སུམ་ཁྱེར་ལ་ཤོག༔ སྙིང་ཁྲག་བྲུབ་ཁུང་ཁ་རུ་ཕོས༔ བླ་འཁྱམས་ཁུག་ལ་ལིང་གར་ཕོབ༔ བླ་འཁུན་ཙི་སྒྲ་འདོན་དུ་ཆུག༔ ནུབ་མོ་མལ་དུ་ཉལ་བའི་ཚེ༔ ནངས་པར་ལང་མེད་ཧུར་ཐུམ་སོད༔ བླ་མཆོད་ནང་འཐབ་བྱེད་དུ་ཆུག༔ རིམ་གྲོ་ཚེ་སྲོག་བདུད་དུ་བསྒྱུར༔ ལྷ་སྲུང་གཞི་བདག་གཤེད་དུ་ཕོབ༔ ལྗོན་པ་སྟྭ་རེས་བཅད་པ་བཞིན༔ མི་མཐའ་སྐྱེ་རྒྱུན་རྦད་ཀྱིས་ཆོད༔ འབྲུ་དྲུག་ཟོར་བས་བརྔས་པ་བཞིན༔ རོ་ཤུལ་ཙམ་ལས་མེད་པར་རློགས༔ རྩྭ་ཕུང་མེ་ཡིས་བསྲེགས་པ་བཞིན༔ ཕུང་ཤུལ་ཙམ་ལས་མེད་པར་མཛོད༔ ས་མཁར་སྒྱོག་གིས་གཏོར་བ་བཞིན༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ སྡེ་འབངས་བྲན་འཁོར་ཐམས་ཅད་ཀུན༔ ནང་འཁྲུགས་འཐབ་དང་རྩོད་དུ་ཆུག༔ ཤ་སྤུ་རླུང་གིས་ཁྱེར་བ་བཞིན༔ མི་རྗེ་མང་པོའི་འོག་ཏུ་གཏོར༔ མདོར་ན་དགྲ་བོ་ལས་ངན་འདིས༔ ཆབ་སྲིད་འབངས་འཁོར་བཅས་པ་རྣམས༔ མེ་སྟག་ཆུ་ཡིས་བསད་པ་བཞིན༔ མིང་གི་ལྷག་ཙམ་མེད་པར་མཛོད༔ དེ་རིང་ཙམ་ལས་ལས་མ་འགྱངས༔ རྒྱུག་པའི་ཕོ་ཉ་བང་མ་བུལ༔ གསོད་པའི་ཤན་པ་ལག་མ་རྡུམ༔ ལས་མཁན་དྲེགས་པ་རྩལ་མ་ཞན༔ བཀའ་སྲུང་དམ་ཅན་མཐུ་མ་ཆུང་༔ དཀོན་མཆོག་རྩ་གསུམ་བདེན་སྟོབས་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ སྡང་བའི་དགྲ་བོ་དམ་ཉམས་འདི༔ འགོ་བའི་ལྷ་དང་ཕྲོལ་ལ་ཁུག༔ སྐྱོབ་པའི་ལྷ་དང་ཕྲོལ་ལ་ཁུག༔ ཚེ་རབས་ལས་ལྷར་ཕྲོལ་ལ་ཁུག༔ བསྙེན་སྒྲུབ་སྲུང་མར་ཕྲོལ་ལ་ཁུག༔ གསོལ་མཆོད་སྲུང་མར་ཕྲོལ་ལ་ཁུག༔ མ་ཟད་བར་དུ་ཚིམས་མ་བྱེད༔ མ་སྟོངས་བར་དུ་མགུ་མ་བྱེད༔ མ་ཉེས་རང་སར་འདུག་པ་ཡི༔ རྣལ་འབྱོར་ང་ལ་སྡང་བའི་དགྲ༔ ཕྱི་ནང་བར་གསུམ་གར་གནས་ཀྱང་༔ ཁྱོད་ཀྱིས་མི་ཤེས་མི་མཁྱེན་མེད༔ ཕ་ཁུ་ཡིན་ཡང་སོད་ལ་ཤོག༔ མ་སྲུ་ཡིན་ཡང་སྒྲོལ་ལ་ཤོག༔ ང་ཡིས་མ་རིག་མ་ཤེས་སམ༔ ཡང་ན་དབང་མེད་ཐབས་མེད་པས༔ འཁོན་སྡུམ་འགལ་མཐུད་ཉམས་བཤགས་ལ༔ མི་ཉན་མི་གནས་མི་ལེན་པའི༔ ཐབས་མ་བྱུང་ཡང་ལྷ་ཁྱེད་ཀྱིས༔ ང་ལ་འཁུ་ལྡོག་མ་བྱེད་ཅིག༔ ང་ལ་གདུག་རྩུབ་དབལ་མ་སྟོན༔ ང་ལ་ཆད་པ་མ་གཅོད་ཅིག༔ བྱད་སྣ་ང་ལ་ཕྱིར་མ་ལྡོག༔ དགྲ་བོ་དམ་ཉམས་ལས་ངན་འདི༔ སྔོན་བསགས་ལས་ཀྱི་མཐར་མ་གཏུག༔ ཚེ་ཡི་ཚད་ཀྱི་ཁུངས་མ་བཙུན༔ ང་ལ་འདུད་ཀྱང་བརྩེ་མ་ཤོར༔ མ་འགྱངས་མ་ཕྱི་མྱུར་དུ་སོད༔ གལ་ཏེ་གཡེལ་ཞིང་འགྱངས་ཤོར་ན༔ ང་ནི་དགྲ་དབང་འགྱུར་ཉེ་ཞིང་༔ ཚུལ་འདིར་གཟིགས་དགོངས་དམ་ཅན་རྣམས༔ དཀོན་མཆོག་རྩ་གསུམ་དཔང་ལ་དགོངས༔ དམ་ཚིག་གཉན་གྱི་སྲུང་མ་བསྐུལ༔ དམ་ཚིག་གཉན་གྱི་དམ་ཅན་རྦད༔ ཟླ་བ་འདི་ལས་དུས་མ་འགྱངས༔ ལོ་འདི་འདས་སུ་མ་ཤོར་ཅིག༔ དོ་ནུབ་ཉིད་ལ་དྲག་ཏུ་རྒྱུགས༔ མི་རོའི་གྲམ་པ་བརྡལ་དུ་ཆུག༔ མི་ཁྲག་མཚོ་མོ་འཁྱིལ་དུ་ཆུག༔ བྱ་ཁྱིས་དམར་གཡོས་བྱེད་དུ་ཆུག༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ སྤྲུལ་འཁོར་བཀའ་སྡོད་བདུད་གཤེད་ཚོགས༔ དོ་ནུབ་དགྲ་བོའི་བླ་ལ་ཕོབ༔ དོ་ནུབ་དགྲ་བོའི་ཚེ་ལ་ཕོབ༔ དོ་ནུབ་དགྲ་བོའི་སྲོག་ལ་ཕོབ༔ རྗེས་མེད་བརླག་པའི་ཕྲིན་ལས་མཛོད༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཀིང་ཀ་ར་བཛྲ་ལི་ལ་མ་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོ་ཆེ་གེའི་བླ་ཚེ་སྲོག་གསུམ་ལ་རྦད་རྦད་བྷྱོ་བྷྱོ་ཆོ་ཆོ་རྒྱུགས་རྒྱུགས༔ དགྲ་བོའི་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ ཞེས་བརྗོད༔ ཡང་བྲང་བརྡུང་སྐྲ་བསིགས་ཐལ་མོ་བརྡབ་ལ༔ ཧོཿ བླ་མ་དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཐམས་ཅད་ཀྱིས་བདག་ལ་དགོངས་སུ་གསོལ༔ དམ་ཅན་རྡོ་རྗེ་ལེགས་པ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཐམས་ཅད་མི་བདག་ལ་དགོངས་སུ་གསོལ༔ ཐོག་མཐའ་བར་དང་དུས་གསུམ་དུ་ངས་ཁ་མ་ཉེས༔ ལག་མ་ཉེས༔ བསམ་སྤྱོད་མ་ཉེས་པར་རྒྱལ་བ་རྣམས་ཀྱི་རྗེས་སུ་ཞུགས༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་༔ མི་ཆོས་རྒྱབ་ཏུ་བོར༔ ལྷ་ཆོས་དོན་དུ་གཉེར་ནས་བདེན་པའི་ངང་བསྐྱང་སྟེ་གནས་པ་ལ༔ དགྲ་བོ་གདུག་པ་ཅན་འདིས་བདག་མ་ཉེས་པ་ལ་ཆད་པས་བཅད༔ ཐར་པའི་ལམ་ལས་བཟློག༔ བྱང་སེམས་ཀྱི་མྱུ་གུ་བསྐམ༔ ཚུལ་ཁྲིམས་ཀྱི་པདྨོ་བསྲེག༔ རྣམ་མཁྱེན་གྱི་ལམ་སྣ་བཀག༔ ཤེས་རབ་ཀྱི་མིག་འབྲས་བཅར༔ ངེས་འབྱུང་གི་སྡོང་པོ་བཅད༔ དུག་ལྔའི་རྒྱ་མཚོ་བསྐྱིལ༔ སྡུག་བསྔལ་གྱི་མུན་གླིང་ཆེན་པོར་མགོ་བསྐོར༔ འཁོར་བ་མཐའ་མེད་དུ་བཙན་ཐབས་སུ་འཕང་ཞིང་༔ དཀོར་དང་གླ་རྔན་སྡིག་ཟས་རེག་ཕུང་གི་ཧ་ལ་ལྟ་བུ་ལ་བར་མེད་དུ་སྤྱོད་དུ་བཅུག་ཅིང་༔ ཟས་ནོར་ལོངས་སྤྱོད་དཀོར་རྫས་འདི་ལ་དམག་ཇག་རྐུ་འཕྲོག་གི་ཐབས་ཀྱིས་བཅོམ་ནས་ད་ནི་ཚེ་འདི་ལ་བདེ་བ་མེད་ཁར་ཕྱི་མར་ཐར་ས་མེད་པའི་སྡུག་བསྔལ་བཟོད་མེད་ཐོག་ཏུ་ཕབ་པ་འདི༔ དཀོན་མཆོག་གསུམ་གྱིས་ཨེ་གཟིགས༔ རྩ་གསུམ་རྒྱལ་བ་རྒྱ་མཚོས་ཨེ་གཟིགས༔ བཀའ་སྲུང་ཆོས་སྐྱོང་དམ་ཅན་སྲུང་མ་གཉན་པོས་ཨེ་གཟིགས༔ ཡུལ་ལྷ་ཟོ་དོར་དབེན་གནས་སྲུང་མ་གཉན་པོས་ཨེ་གཟིགས༔ ང་ལྟ་བུའི་ལས་ངན་དབང་ཆུང་འདི་ལ་སྐྱབས་ཨེ་ཡོད༔ མགོན་ཨེ་ཡོད༔ དཔུང་གཉེན་ཨེ་ཡོད༔ ར་མདའ་ཨེ་ཡོད༔ གལ་ཏེ་ཡོད་སྲིད་ན་ངའི་རྒྱུད་ལ་གནས་པའི་བསྟན་པ་རིན་པོ་ཆེ་བཤིག་ཅིང་བསྣུབ་པའི་བསྟན་དགྲ་ཞིང་བཅུ་ཚང་བ་འདི་ཟླ་བ་འདི་ལས་མ་འགྱངས་ཞག་དོ་ནུབ་ལས་མ་བཞག་པར༔ དམ་ཅན་རྡོ་རྗེ་ལེགས་པ་བཀའ་སྲུང་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་སོད་ཅིག༔ སྒྲོལ་ཅིག༔ ངས་དམོད་དམོད་བསྐུལ་བསྐུལ་དུས་དྲང་སྲོང་རཱ་ཧུ་ལའི་བདེན་ཚིག་ལྟ་བུར་མཆོག་གསུམ་སྐུ་གསུམ་དམ་ཅན་རྒྱ་མཚོས་ཆུད་མི་ཟ་བར་འགྲུབ་པར་མཛོད་ཅིག༔ བཛྲ་ས་མ་ཡ༔ ཞེས་བརྗོད་གཏོར་མ་ཁྲག་སྐྱེམས་ཕྱི་རོལ་དུ་དོར༔ དེ་ཡིས་བསམ་པའི་དོན་འགྲུབ་ཅིང་༔ དགྲ་དཔུང་རྡོ་རྗེ་ཡིན་ཡང་འཇིག༔ གང་ལ་བྱས་ཀྱང་ཐོགས་པ་མེད༔ སྒྲུབ་པ་སྔོན་དུ་མ་སོང་བའི༔ སྔགས་ཆུང་དག་ནི་མ་གཏོགས་པའི༔ བསྒྲུབས་པའི་རྣལ་འབྱོར་གང་སུ་དག༔ འདི་ལ་བརྩོན་དང་མཐུ་དཔལ་རྒྱས༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་ཉེར་ལྔའི་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཀའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།}}
ཐྂ༎༔  ན་མོ་གུ་རུ་པདྨ་ཀ་ར་ཡེ༔  ({{TibChung|བརྡ་ཡིག་}})  རྣལ་འབྱོར་རྣམས་ལ་དགྲ་བྱུང་ན༔ བསྐུལ་པ་གནམ་ལྕགས་ཐོག་མདའ་དགོས༔ དེ་ལ་དམར་གྱི་གཏོར་མ་དང་༔ ཁྲག་སྐྱེམས་ཤ་དུམ་ར་གསུར་བཤམས༔ དེ་ནས་རང་ཉིད་ལྷར་གསལ་བའི༔ ང་རྒྱལ་དྲག་པོས་འདི་སྐད་བརྗོད༔ ཧཱུྃ་ཛཿཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ བཙན་བདུད་ཚོགས་པའི་ཡུལ་དབུས་སུ༔ འོག་ན་དུག་མཚོ་མེ་རེ་རེ༔ སྟེང་ན་ཁྲག་སྤྲིན་ཐིབས་སེ་ཐིབ༔ བར་ན་འབྲུག་སྒྲ་ལྡི་རི་རི༔ གློག་ཞགས་དམར་པོ་གྱ་མ་གྱུ༔ ཐོག་སེར་བུ་ཡུག་ཚུབས་སེ་ཚུབ༔ ཕོ་ཉ་ལས་མཁན་དམག་ལྟར་ཚོགས༔ ལྷ་སྲིན་སྡེ་བརྒྱད་འབངས་ལྟར་འདུ༔ དེ་དབུས་ལྕགས་མཁར་སུམ་ཐོག་པའི༔ ཐོ་ཕྱི་འཇའ་འོད་མེ་དཔུང་འབར༔ དར་འཕན་གདུགས་དང་རྒྱལ་མཚན་ཚོགས༔ རླུང་གིས་བསྐྱོད་ཅིང་པུ་རུ་རུ༔ དེ་ན་བཞུགས་པའི་དྲག་ཤུལ་ཅན༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོང་༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས༔ ཐུགས་དམ་བསྐུལ་ལོ་དུས་ལ་བབ༔ སྔོན་ཚེ་རྡོ་རྗེ་འཆང་དབང་དང་༔ སྟོན་པ་ཤཱཀྱ་ཐུབ་པའི་བཀའ༔ བར་དུ་དགའ་རབ་ཤྲཱི་སེང་དང་༔ རིག་འཛིན་བརྒྱད་དང་པད་འབྱུང་སོགས༔ ཐ་མ་རྗེ་འབངས་རིག་འཛིན་དང་༔ གཏེར་སྟོན་ཆེན་པོ་བརྒྱ་རྩ་སོགས༔ བརྒྱུད་གསུམ་བླ་མ་ཐམས་ཅད་ཀྱིས༔ བཀའ་བསྒོས་ལས་གཉེར་དམ་ཚིག་གཉན༔ དཔང་དུ་བཙུགས་ཤིང་གཙུག་ཏུ་ཁུར༔ གཏའ་རུ་བཞག་སྟེ་གནད་ནས་བསྐུལ༔ དམ་ཅན་རྡོ་རྗེ་ལེགས་པ་བསྐུལ༔ ཆའོ་ཆའོ་ལས་ལ་རྒྱུགས༔ ཕ་ནི་བདུད་རྒྱལ་ནག་པོ་བསྐུལ༔ ཆའོ་ཆའོ་ལས་ལ་རྒྱུགས༔ མ་ནི་དམུ་མོ་ནག་མོ་བསྐུལ༔ ཆའོ་ཆའོ༴ ཡུམ་ནི་གོང་བཙུན་དེ་མོ་བསྐུལ༔ ཆའོ་ཆའོ༴ ནང་འཁོར་ལས་མཁན་ཕོ་ཉ༴ ཆའོ་ཆའོ༴ བར་འཁོར་ལྷ་སྲིན་སྡེ་བརྒྱད༴ ཆའོ་ཆའོ༴ ཕྱི་འཁོར་བཙན་སྡེ་འགོང་སྡེ༴ ཆའོ་ཆའོ༴ ཡང་འཁོར་ཐེའུ་བྲང་ལྷ་འདྲེ་བསྐུལ༔ ཆའོ་ཆའོ་ལས་ལ་རྒྱུགས༔ ཛཿནམ་ལངས་དུས་སུ་ལས་ལ་ཆོས༔ ལྷ་བདུད་དཀར་པོ་སེང་གེ་ཆིབས༔ ཕྱག་ན་རྡོ་རྗེ་དགྲ་སྙིང་བསྣམས༔ འཁོར་དུ་ལྷ་དམག་འབུམ་གྱིས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿསྔ་དྲོའི་དུས་སུ་ལས་ལ་ཆོས༔ བཙན་རྒྱལ་དམར་པོ་མེ་རྟ་ཆིབས༔ ཕྱག་ན་བཙན་མདུང་བཙན་ཞགས་བསྣམས༔ འཁོར་དུ་བཙན་དམག་འབུམ་གྱིས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་བདུད་དུ་ཕོབ༔ ཛཿཉིན་ཕྱེད་དུས་སུ་ལས་ལ་ཆོས༔ གཤིན་རྗེའི་རྒྱལ་པོ་སྲོག་ལེན་པ༔ མི་ནག་རྟ་ནག་དམག་ཆས་ཅན༔ ཕྱག་ན་དགྲ་སྟྭ་ཞགས་པ་བསྣམས༔ འཁོར་དུ་འཆི་བདག་འབུམ་སྡེས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿདགོང་མོའི་དུས་སུ་ལས་ལ་ཆོས༔ རྒྱལ་པོའི་དམག་དཔོན་པེ་ཧ་ར༔ བཙུན་ཆས་འཕར་བ་དམར་པོ་ཆིབས༔ ཕྱག་ན་བསེག་ཤངས་ལྷུང་བཟེད་བསྣམས༔ འཁོར་དུ་རྒྱལ་འགོང་འབུམ་སྡེས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿམུན་རུབ་དུས་སུ་ལས་ལ་ཆོས༔ མ་མོའི་དེད་དཔོན་གནམ་ལྷ་དཀར༔ ཆིབས་སུ་མུན་མཐོང་འུག་པ་ཆིབས༔ ཕྱག་ན་དར་ནག་སྤུ་གྲི་ཐོགས༔ འཁོར་དུ་མ་མོ་འབུམ་སྡེས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿནམ་གྱི་སྲོད་དུ་ལས་ལ་ཆོས༔ དམུ་རྒྱལ་ཀཱ་ལ་ཡཀྴར་བཞེངས༔ མི་ནག་གོ་བགོས་སྟག་ལ་ཆིབས༔ ཕྱག་ན་རལ་གྲི་ཐོད་ཁྲག་ཐོགས༔ འཁོར་དུ་གནོད་སྦྱིན་འབུམ་གྱིས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿནམ་གོང་དུས་སུ་ལས་ལ་ཆོས༔ བདུད་རྒྱལ་ཚེ་ལེན་ནག་པོར་བཞེངས༔ མི་ནག་རྟ་ནག་རྟིང་དཀར་ཆིབས༔ ཕྱག་ན་བདུད་ཞགས་སྟྭ་རེ་ཐོགས༔ འཁོར་དུ་བདུད་དམག་འབུམ་སྡེས་བསྐུལ༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿནམ་གྱི་ཐོ་རངས་ལས་ལ་ཆོས༔ ཀླུ་བདུད་འཆི་བདག་མགོ་དགུར་བཞེངས༔ ཆིབས་སུ་ཆུ་སྲིན་ཁམ་པ་ཆིབས༔ ཕྱག་ན་སྦྲུལ་ཞགས་ནད་རྐྱལ་ཐོགས༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿབར་བར་ལས་ཀྱི་ཕོ་ཉ་ཆོས༔ ཐེ་བྲང་རྒྱལ་པོ་ར་སྐྱེས་ཆིབས༔ ཕྱག་ན་ཐོ་བ་སྦུད་པ་བསྣམས༔ འཁོར་དུ་ཐེའུ་བྲང་འབུམ་སྡེས་བསྐུལ༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿརྟག་ཏུ་ལས་ཀྱི་ཕོ་ཉ་བསྐུལ༔ བགེགས་རྒྱལ་བི་ན་ཡ་ཀར་བཞེངས༔ ཆིབས་སུ་སྲིན་བྱ་འུག་ཆུང་ཆིབས༔ བྱ་ཞུ་གསོལ་ཞིང་བྱ་ཐུལ་གྱོན༔ གཡས་ན་བཙན་པོ་ཁ་བཞི་ཐོགས༔ གཡོན་ན་མགྱོགས་པ་རྐང་བརྒྱད་བསྣམས༔ ལྟས་ངན་བདག་པོ་འབུམ་གྱིས་བསྐོར༔ ཡིད་ལ་བརྣག་པའི་དགྲ་བོ་ལ༔ མི་སྡུག་རྟགས་དང་ཆོ་འཕྲུལ་སྟོན༔ དལ་ཡམས་ནད་མུག་ཡོ་ལངས་ཕོབ༔ རྗེས་ཤུལ་མེད་པར་བརླག་མཛོད་ཅིག༔ ཏྲི་བཛྲ་ས་དྷུ་ས་མ་ཡ༔ ཛཿདད་པ་དང་ནི་དམ་ཚིག་གིས༔ བསྐུལ་ལོ་རྦད་དོ་དགྲ་ལ་རྒྱུགས༔ དམ་ཅན་རྡོ་རྗེ་ལེགས་པ་བསྐུལ༔ ཕ་མ་མོན་པ་ཕོ་མོ་བསྐུལ༔ སྡོང་ཟླ་བརྟན་མ་བཅུ་གཉིས་བསྐུལ༔ དཀོན་མཆོག་གསུམ་གྱི་སྲུང་མ་བསྐུལ༔ རིག་འཛིན་ཡོངས་ཀྱི་སྲོག་ཤིང་བསྐུལ༔ རྣལ་འབྱོར་ཀུན་གྱི་དགྲ་ལྷ༴ གཙུག་ལག་ཁང་གི་སྲུང་མ༴ ཆོས་འཁོར་ཡོངས་ཀྱི་བདག་པོ༴ དཀྱིལ་འཁོར་ཡོངས་ཀྱི་མཐའ་འཛིན༴ འཛམ་གླིང་གཞི་བདག་རྒྱལ་པོ༴ མགོན་པོ་རྡོ་རྗེ་ལེགས་པ༴ ཚོང་དཔོན་རྡོ་རྗེ་ལེགས་པ༴ དགྲ་ལྷ་རྡོ་རྗེ་ལེགས་པ༴ ནོར་བདག་རྡོ་རྗེ་ལེགས་པ༴ ཆོས་སྐྱོང་རྡོ་རྗེ་ལེགས་པ༴ བོན་ལྷ་རྡོ་རྗེ་ལེགས་པ༴ བན་ལྷ་རྡོ་རྗེ་ལེགས་པ༴ མགར་བ་རྡོ་རྗེ་ལེགས་པ༴ ཤན་པ་རྡོ་རྗེ་ལེགས་པ༴ སྲོག་ལེན་རྡོ་རྗེ་ལེགས་པ༴ ཤ་ཟ་རྡོ་རྗེ་ལེགས་པ༴ ཁྲག་འཐུང་རྡོ་རྗེ་ལེགས་པ༴ མངོན་ཤེས་འཕྲུལ་གྱི་རྒྱལ་པོ༴ ལྟས་ངན་འཕྲུལ་གྱི་བདག་པོ༴ སྣ་ཚོགས་འཕྲུལ་གྱི་བདག་པོ༴ གནམ་ས་ཕྱེད་ཀྱི་བདག་པོ༴ གཙང་ཆབ་ཕྱེད་ཀྱི་བདག་པོ་བསྐུལ༔ མ་ཐོགས་མྱུར་དུ་དགྲ་ལ་རྒྱུགས༔ མ་འགྱངས་དོ་ནུབ་དགྲ་ལ་རྒྱུགས༔ མ་གཡེལ་ད་ལྟ་ལས་མཛོད་ཅིག༔ ནམ་མཁར་ཁྲག་སྤྲིན་གཏིབ་ཞིང་སོང་༔ འབྲུག་ལྡིར་གློག་དམར་འཁྱུགས་ཤིང་སོང་༔ བར་སྣང་དམག་གིས་འགེང་ཞིང་སོང་༔ ས་གཞིར་ཐོག་སེར་ཕོབ་ལ་སོང་༔ འུག་པ་ཧ་ཧ་རྒོད་ཅིང་སོང་༔ འདྲེ་ངན་སྐད་ངན་སྒྲོགས་ཤིང་སོང་༔ བླ་འོག་ལྷང་ལྷང་སྒྲོགས་ཤིང་སོང་༔ སྲིན་བྱའི་རོ་བྱུང་ཟེར་ཞིང་སོང་༔ ཁྱི་སྤྱང་མཚན་ངུ་བྱེད་ཅིང་སོང་༔ བུད་མེད་ངུ་འབོད་བྱེད་ཅིང་སོང་༔ གཟའ་བདུད་མེ་རུ་འབར་ཞིང་སོང་༔ བདུད་མོས་ནད་རྐྱལ་ཕྱེ་ཞིང་སོང་༔ ལས་མཁན་བསྭོ་སྒྲ་སྒྲོགས་ཤིང་སོང་༔ ཤན་པས་ཧ་སྒྲ་སྒྲོགས་ཤིང་སོང་༔ སྲོག་བདག་ཤོབ་ཡ་ཟེར་ཞིང་སོང་༔ ཤ་ཟས་གླལ་སྒྲ་སྒྲོགས་ཤིང་སོང་༔ ཁྲག་འཐུང་སྟོང་མིད་བྱེད་ཅིང་སོང་༔ རུས་འཆས་སོ་སྒྲ་འདོན་ཞིང་སོང་༔ རྐང་ལྡག་རྐན་སྒྲ་བྱེད་ཅིང་སོང་༔ དགྲ་བོའི་ཡུལ་ཁམས་དམག་གིས་ཁེངས༔ དགྲ་བོའི་ཁོང་ཁྲག་ཧུབ་ཀྱིས་འཐུངས༔ དགྲ་བོའི་ཀླད་པ་ཞོ་ལྟར་དཀྲུགས༔ དགྲ་བོའི་མིག་འབྲས་ཐང་ལ་ཕོང་༔ དགྲ་བོའི་དཔའ་བའི་དོན་སྙིང་ཕྱུངས༔ དགྲ་བོའི་ཚོང་པ་དགྲ་ལ་སྤྲོད༔ དགྲ་བོའི་དམག་དཔུང་གྲི་ཁར་སོད༔ དགྲ་བོའི་མཛའ་བའི་མགོ་བོ་བསྐོར༔ དགྲ་བོའི་མགྲོན་པོ་འཇིགས་པས་ཆོམས༔ དགྲ་བོའི་བྱིས་པ་ཚང་ནས་སོད༔ དགྲ་བོའི་གཞོན་པ་གྲིབ་ཀྱིས་སོད༔ དགྲ་བོའི་དར་མ་གྲི་རུ་སོད༔ དགྲ་བོའི་རྒན་པ་སྨྱོ་རུ་ཆུག༔ དགྲ་བོའི་ཆུང་མ་འགགས་གྲིར་སོད༔ དགྲ་བོའི་ཕོ་རྒྱུད་ཐམས་ཅད་ཀུན༔ གྲི་ཁ་མཚོན་ཁ་གདོང་ཐུག་དང་༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ དགྲ་བོའི་མོ་རྒྱུད་ཐམས་ཅད་ཀྱི༔ རང་སྲོག་རང་གིས་གཅོད་དུ་ཆུག༔ དགྲ་བོས་བསགས་པའི་ཟས་ནོར་དཀོར༔ ནམ་ལངས་སྐར་མ་བཞིན་དུ་བསྣུབས༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ད་ལྟ་མ་འགྱངས་མྱུར་དུ་སོད༔ གལ་ཏེ་དགྲ་འདི་མི་བསྒྲལ་ན༔ དམ་ཅན་དམ་ལ་འདས་པ་ཡིན༔ ཆོས་སྐྱོང་བཀའ་དང་འགལ་བ་ཡིན༔ དེས་ན་བཅོལ་པའི་ཕྲིན་ལས་དེ༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ ཞག་དང་ཟ་མར་མྱུར་དུ་སྒྲུབས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོས༔ ཚེ་འདིའི་བྱ་བ་རྒྱབ་ཏུ་བོར༔ གཏན་བདེའི་རྒྱུ་འབྲས་ལྷུར་ལེན་བྱས༔ དགྲ་བོ་འདི་ཡིས་བར་དུ་གཅོད༔ དཀོན་མཆོག་གསུམ་གྱིས་ད་གཟིགས་མཛོད༔ དམ་ཅན་རྒྱ་མཚོའི་དུས་ལ་བབ༔ བདག་གིས་དཀའ་བ་དང་བླང་ནས༔ མི་ཚེ་ཆོས་ལ་དྲིལ་སྙམ་ཡང་༔ དགྲ་བོ་འདི་ཡིས་བར་དུ་བཅད༔ དཀོན་མཆོག་རྩ་གསུམ་གཟིགས་དགོངས་གསོལ༔ དམ་ཅན་གཉན་པོའི་དུས་ལ་བབ༔ བདག་གིས་ལྷ་ཆོས་དོན་དུ་གཉེར༔ ནག་པོ་སྡིག་པ་སྤང་འདོད་ཀྱང་༔ དགྲ་བོ་འདི་ཡིས་ལས་མ་སྟེར༔ དཀོན་མཆོག་རྩ་གསུམ་གཟིགས་དགོངས་གསོལ༔ དམ་ཅན་གཉན་པོའི་དུས་ལ་བབ༔ ངེས་མེད་གནས་སུ་སྒྲུབ་ཚུགས་བཟུང་༔ ཚེ་འདིར་སངས་རྒྱས་སྒྲུབ་སྙམ་ཡང་༔ དགྲ་བོ་འདི་ཡིས་ལས་མ་སྟེར༔ དཀོན་མཆོག་རྩ་གསུམ་གཟིགས་དགོངས་གསོལ༔ དམ་ཅན་གཉན་པོའི་དུས་ལ་བབ༔ མཚན་ལྡན་བླ་མའི་ཞབས་ཏོག་དང་༔ ཕ་མར་དྲིན་ལན་གཟོ་བ་དང་༔ སེམས་ཅན་ཡོངས་ཀྱི་དོན་བྱེད་སེམས༔ དགྲ་བོ་འདི་ཡིས་ལས་མ་སྟེར༔ དཀོན་མཆོག་རྩ་གསུམ་གཟིགས་དགོངས་གསོལ༔ དམ་ཅན་གཉན་པོའི་དུས་ལ་བབ༔ བདུད་དང་དམ་སྲིའི་དབང་གྱུར་པའི༔ ནག་པོ་སྡིག་པའི་དཔོན་འབངས་དེས༔ ཐར་བའི་སྲོག་ལ་རྒོལ་ཞིང་བྱུང་༔ ཉི་ལྟར་གསལ་བ་མུན་ལྟར་སྒྲིབ༔ གླ་ལྟར་བྲོས་ཀྱང་ཁྱི་ལྟར་བདས༔ ཉ་ལྟར་བྲོས་ཀྱང་སྲམ་ལྟར་བདས༔ བྱིའུ་ལྟར་བྲོས་ཀྱང་ཁྲ་ལྟར་དེད༔ ད་ནི་ཐར་བའི་ཐབས་མ་བྱུང་༔ བཟོད་མེད་གདུང་བས་ལྷ་སྲུང་འབོད༔ དཀོན་མཆོག་བདེན་པ་མེད་དམ་ཅི༔ དམ་ཅན་དམ་ལ་མི་གནས་སམ༔ བཀའ་སྲུང་དྲེགས་པ་གང་ན་བཞུགས༔ མཐུ་སྟོབས་ནུས་པ་མི་བདེན་ནམ༔ ཆོས་སྐྱོང་གཉན་པོ་ཤིའམ་ཅི༔ གལ་ཏེ་དཀོན་མཆོག་གསུམ་བདེན་ཞིང་༔ དམ་ཅན་དམ་ལ་གནས་པ་དང་༔ བཀའ་སྲུང་ཆོས་སྐྱོང་ཡོད་སྲིད་ན༔ ཐར་ལམ་བར་ཆད་གེགས་བྱེད་ཅིང་༔ བདག་རྒྱུད་ཆོས་དང་བྱེ་བ་དང་༔ ལས་མཐའ་ལོགས་སུ་བསྒྱུར་བ་ཡི༔ སྡང་བའི་དགྲ་བོ་དམ་ཉམས་དང་༔ དེ་གྲོགས་འབངས་འཁོར་ཆབ་སྲིད་བཅས༔ རིང་པོར་འགྱངས་པའི་ལོང་མེད་པས༔ དོ་ནུབ་ཉིད་དུ་བརླག་པར་མཛོད༔ སྙིང་ཁྲག་ཁ་རུ་སྐྱུག་ཏུ་ཆུག༔ ནང་ཁྲོལ་འོག་སྒོར་བཤལ་དུ་ཆུག༔ རྒྱུ་མ་ལམ་དུ་བརྐྱང་དུ་ཆུག༔ ཁ་ཟས་སྔ་མ་ཁར་བཅུག་ནས༔ ཕྱི་མ་མིད་དུ་མ་ཤོར་སོད༔ གློ་སྙིང་མངོན་སུམ་ཁྱེར་ལ་ཤོག༔ སྙིང་ཁྲག་བྲུབ་ཁུང་ཁ་རུ་ཕོས༔ བླ་འཁྱམས་ཁུག་ལ་ལིང་གར་ཕོབ༔ བླ་འཁུན་ཙི་སྒྲ་འདོན་དུ་ཆུག༔ ནུབ་མོ་མལ་དུ་ཉལ་བའི་ཚེ༔ ནངས་པར་ལང་མེད་ཧུར་ཐུམ་སོད༔ བླ་མཆོད་ནང་འཐབ་བྱེད་དུ་ཆུག༔ རིམ་གྲོ་ཚེ་སྲོག་བདུད་དུ་བསྒྱུར༔ ལྷ་སྲུང་གཞི་བདག་གཤེད་དུ་ཕོབ༔ ལྗོན་པ་སྟྭ་རེས་བཅད་པ་བཞིན༔ མི་མཐའ་སྐྱེ་རྒྱུན་རྦད་ཀྱིས་ཆོད༔ འབྲུ་དྲུག་ཟོར་བས་བརྔས་པ་བཞིན༔ རོ་ཤུལ་ཙམ་ལས་མེད་པར་རློགས༔ རྩྭ་ཕུང་མེ་ཡིས་བསྲེགས་པ་བཞིན༔ ཕུང་ཤུལ་ཙམ་ལས་མེད་པར་མཛོད༔ ས་མཁར་སྒྱོག་གིས་གཏོར་བ་བཞིན༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ སྡེ་འབངས་བྲན་འཁོར་ཐམས་ཅད་ཀུན༔ ནང་འཁྲུགས་འཐབ་དང་རྩོད་དུ་ཆུག༔ ཤ་སྤུ་རླུང་གིས་ཁྱེར་བ་བཞིན༔ མི་རྗེ་མང་པོའི་འོག་ཏུ་གཏོར༔ མདོར་ན་དགྲ་བོ་ལས་ངན་འདིས༔ ཆབ་སྲིད་འབངས་འཁོར་བཅས་པ་རྣམས༔ མེ་སྟག་ཆུ་ཡིས་བསད་པ་བཞིན༔ མིང་གི་ལྷག་ཙམ་མེད་པར་མཛོད༔ དེ་རིང་ཙམ་ལས་ལས་མ་འགྱངས༔ རྒྱུག་པའི་ཕོ་ཉ་བང་མ་བུལ༔ གསོད་པའི་ཤན་པ་ལག་མ་རྡུམ༔ ལས་མཁན་དྲེགས་པ་རྩལ་མ་ཞན༔ བཀའ་སྲུང་དམ་ཅན་མཐུ་མ་ཆུང་༔ དཀོན་མཆོག་རྩ་གསུམ་བདེན་སྟོབས་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ སྡང་བའི་དགྲ་བོ་དམ་ཉམས་འདི༔ འགོ་བའི་ལྷ་དང་ཕྲོལ་ལ་ཁུག༔ སྐྱོབ་པའི་ལྷ་དང་ཕྲོལ་ལ་ཁུག༔ ཚེ་རབས་ལས་ལྷར་ཕྲོལ་ལ་ཁུག༔ བསྙེན་སྒྲུབ་སྲུང་མར་ཕྲོལ་ལ་ཁུག༔ གསོལ་མཆོད་སྲུང་མར་ཕྲོལ་ལ་ཁུག༔ མ་ཟད་བར་དུ་ཚིམས་མ་བྱེད༔ མ་སྟོངས་བར་དུ་མགུ་མ་བྱེད༔ མ་ཉེས་རང་སར་འདུག་པ་ཡི༔ རྣལ་འབྱོར་ང་ལ་སྡང་བའི་དགྲ༔ ཕྱི་ནང་བར་གསུམ་གར་གནས་ཀྱང་༔ ཁྱོད་ཀྱིས་མི་ཤེས་མི་མཁྱེན་མེད༔ ཕ་ཁུ་ཡིན་ཡང་སོད་ལ་ཤོག༔ མ་སྲུ་ཡིན་ཡང་སྒྲོལ་ལ་ཤོག༔ ང་ཡིས་མ་རིག་མ་ཤེས་སམ༔ ཡང་ན་དབང་མེད་ཐབས་མེད་པས༔ འཁོན་སྡུམ་འགལ་མཐུད་ཉམས་བཤགས་ལ༔ མི་ཉན་མི་གནས་མི་ལེན་པའི༔ ཐབས་མ་བྱུང་ཡང་ལྷ་ཁྱེད་ཀྱིས༔ ང་ལ་འཁུ་ལྡོག་མ་བྱེད་ཅིག༔ ང་ལ་གདུག་རྩུབ་དབལ་མ་སྟོན༔ ང་ལ་ཆད་པ་མ་གཅོད་ཅིག༔ བྱད་སྣ་ང་ལ་ཕྱིར་མ་ལྡོག༔ དགྲ་བོ་དམ་ཉམས་ལས་ངན་འདི༔ སྔོན་བསགས་ལས་ཀྱི་མཐར་མ་གཏུག༔ ཚེ་ཡི་ཚད་ཀྱི་ཁུངས་མ་བཙུན༔ ང་ལ་འདུད་ཀྱང་བརྩེ་མ་ཤོར༔ མ་འགྱངས་མ་ཕྱི་མྱུར་དུ་སོད༔ གལ་ཏེ་གཡེལ་ཞིང་འགྱངས་ཤོར་ན༔ ང་ནི་དགྲ་དབང་འགྱུར་ཉེ་ཞིང་༔ ཚུལ་འདིར་གཟིགས་དགོངས་དམ་ཅན་རྣམས༔ དཀོན་མཆོག་རྩ་གསུམ་དཔང་ལ་དགོངས༔ དམ་ཚིག་གཉན་གྱི་སྲུང་མ་བསྐུལ༔ དམ་ཚིག་གཉན་གྱི་དམ་ཅན་རྦད༔ ཟླ་བ་འདི་ལས་དུས་མ་འགྱངས༔ ལོ་འདི་འདས་སུ་མ་ཤོར་ཅིག༔ དོ་ནུབ་ཉིད་ལ་དྲག་ཏུ་རྒྱུགས༔ མི་རོའི་གྲམ་པ་བརྡལ་དུ་ཆུག༔ མི་ཁྲག་མཚོ་མོ་འཁྱིལ་དུ་ཆུག༔ བྱ་ཁྱིས་དམར་གཡོས་བྱེད་དུ་ཆུག༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ སྤྲུལ་འཁོར་བཀའ་སྡོད་བདུད་གཤེད་ཚོགས༔ དོ་ནུབ་དགྲ་བོའི་བླ་ལ་ཕོབ༔ དོ་ནུབ་དགྲ་བོའི་ཚེ་ལ་ཕོབ༔ དོ་ནུབ་དགྲ་བོའི་སྲོག་ལ་ཕོབ༔ རྗེས་མེད་བརླག་པའི་ཕྲིན་ལས་མཛོད༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཀིང་ཀ་ར་བཛྲ་ལི་ལ་མ་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོ་ཆེ་གེའི་བླ་ཚེ་སྲོག་གསུམ་ལ་རྦད་རྦད་བྷྱོ་བྷྱོ་ཆོ་ཆོ་རྒྱུགས་རྒྱུགས༔ དགྲ་བོའི་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ ཞེས་བརྗོད༔ ཡང་བྲང་བརྡུང་སྐྲ་བསིགས་ཐལ་མོ་བརྡབ་ལ༔ ཧོཿ བླ་མ་དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཐམས་ཅད་ཀྱིས་བདག་ལ་དགོངས་སུ་གསོལ༔ དམ་ཅན་རྡོ་རྗེ་ལེགས་པ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཐམས་ཅད་མི་བདག་ལ་དགོངས་སུ་གསོལ༔ ཐོག་མཐའ་བར་དང་དུས་གསུམ་དུ་ངས་ཁ་མ་ཉེས༔ ལག་མ་ཉེས༔ བསམ་སྤྱོད་མ་ཉེས་པར་རྒྱལ་བ་རྣམས་ཀྱི་རྗེས་སུ་ཞུགས༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་༔ མི་ཆོས་རྒྱབ་ཏུ་བོར༔ ལྷ་ཆོས་དོན་དུ་གཉེར་ནས་བདེན་པའི་ངང་བསྐྱང་སྟེ་གནས་པ་ལ༔ དགྲ་བོ་གདུག་པ་ཅན་འདིས་བདག་མ་ཉེས་པ་ལ་ཆད་པས་བཅད༔ ཐར་པའི་ལམ་ལས་བཟློག༔ བྱང་སེམས་ཀྱི་མྱུ་གུ་བསྐམ༔ ཚུལ་ཁྲིམས་ཀྱི་པདྨོ་བསྲེག༔ རྣམ་མཁྱེན་གྱི་ལམ་སྣ་བཀག༔ ཤེས་རབ་ཀྱི་མིག་འབྲས་བཅར༔ ངེས་འབྱུང་གི་སྡོང་པོ་བཅད༔ དུག་ལྔའི་རྒྱ་མཚོ་བསྐྱིལ༔ སྡུག་བསྔལ་གྱི་མུན་གླིང་ཆེན་པོར་མགོ་བསྐོར༔ འཁོར་བ་མཐའ་མེད་དུ་བཙན་ཐབས་སུ་འཕང་ཞིང་༔ དཀོར་དང་གླ་རྔན་སྡིག་ཟས་རེག་ཕུང་གི་ཧ་ལ་ལྟ་བུ་ལ་བར་མེད་དུ་སྤྱོད་དུ་བཅུག་ཅིང་༔ ཟས་ནོར་ལོངས་སྤྱོད་དཀོར་རྫས་འདི་ལ་དམག་ཇག་རྐུ་འཕྲོག་གི་ཐབས་ཀྱིས་བཅོམ་ནས་ད་ནི་ཚེ་འདི་ལ་བདེ་བ་མེད་ཁར་ཕྱི་མར་ཐར་ས་མེད་པའི་སྡུག་བསྔལ་བཟོད་མེད་ཐོག་ཏུ་ཕབ་པ་འདི༔ དཀོན་མཆོག་གསུམ་གྱིས་ཨེ་གཟིགས༔ རྩ་གསུམ་རྒྱལ་བ་རྒྱ་མཚོས་ཨེ་གཟིགས༔ བཀའ་སྲུང་ཆོས་སྐྱོང་དམ་ཅན་སྲུང་མ་གཉན་པོས་ཨེ་གཟིགས༔ ཡུལ་ལྷ་ཟོ་དོར་དབེན་གནས་སྲུང་མ་གཉན་པོས་ཨེ་གཟིགས༔ ང་ལྟ་བུའི་ལས་ངན་དབང་ཆུང་འདི་ལ་སྐྱབས་ཨེ་ཡོད༔ མགོན་ཨེ་ཡོད༔ དཔུང་གཉེན་ཨེ་ཡོད༔ ར་མདའ་ཨེ་ཡོད༔ གལ་ཏེ་ཡོད་སྲིད་ན་ངའི་རྒྱུད་ལ་གནས་པའི་བསྟན་པ་རིན་པོ་ཆེ་བཤིག་ཅིང་བསྣུབ་པའི་བསྟན་དགྲ་ཞིང་བཅུ་ཚང་བ་འདི་ཟླ་བ་འདི་ལས་མ་འགྱངས་ཞག་དོ་ནུབ་ལས་མ་བཞག་པར༔ དམ་ཅན་རྡོ་རྗེ་ལེགས་པ་བཀའ་སྲུང་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་སོད་ཅིག༔ སྒྲོལ་ཅིག༔ ངས་དམོད་དམོད་བསྐུལ་བསྐུལ་དུས་དྲང་སྲོང་རཱ་ཧུ་ལའི་བདེན་ཚིག་ལྟ་བུར་མཆོག་གསུམ་སྐུ་གསུམ་དམ་ཅན་རྒྱ་མཚོས་ཆུད་མི་ཟ་བར་འགྲུབ་པར་མཛོད་ཅིག༔ བཛྲ་ས་མ་ཡ༔ ཞེས་བརྗོད་གཏོར་མ་ཁྲག་སྐྱེམས་ཕྱི་རོལ་དུ་དོར༔ དེ་ཡིས་བསམ་པའི་དོན་འགྲུབ་ཅིང་༔ དགྲ་དཔུང་རྡོ་རྗེ་ཡིན་ཡང་འཇིག༔ གང་ལ་བྱས་ཀྱང་ཐོགས་པ་མེད༔ སྒྲུབ་པ་སྔོན་དུ་མ་སོང་བའི༔ སྔགས་ཆུང་དག་ནི་མ་གཏོགས་པའི༔ བསྒྲུབས་པའི་རྣལ་འབྱོར་གང་སུ་དག༔ འདི་ལ་བརྩོན་དང་མཐུ་དཔལ་རྒྱས༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་ཉེར་ལྔའི་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཀའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 10:11, 4 September 2025

Wylie title zab gsang mkha' 'gro'i snying thig las: dam can rdo rje legs pa'i bskul ba gnam lcags thog mda': TTDL-ZABTER-09-TA-018.pdf
Location bdud 'joms gling pa zab gter
Volume 9, Text 18, Pages 107-122 (Folios 1a1 to 8b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dam can rdo rje legs pa'i bskul ba gnam lcags thog mda'. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 9: 107-122. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskul ba   Verso: bdud 'joms bka' srung dam can
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Invocations - bskul ba
Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་ཉེར་ལྔའི་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཀའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes gser smad rnga la stag rtse'i g.yas logs rdo rje brag nas bton te mi lo nyer lnga'i bar du bka' rgya byas mthar rang slob o rgyan rdo rjes bskul ngor gtan la phab pa'i yi ge pa yang de ka'o/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དམ་ཅན་རྡོ་རྗེ་ལེགས་པའི་བསྐུལ་བ་གནམ་ལྕགས་ཐོག་མདའ་བཞུགས༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) རྣལ་འབྱོར་རྣམས་ལ་དགྲ་བྱུང་ན༔ བསྐུལ་པ་གནམ་ལྕགས་ཐོག་མདའ་དགོས༔ དེ་ལ་དམར་གྱི་གཏོར་མ་དང་༔ ཁྲག་སྐྱེམས་ཤ་དུམ་ར་གསུར་བཤམས༔ དེ་ནས་རང་ཉིད་ལྷར་གསལ་བའི༔ ང་རྒྱལ་དྲག་པོས་འདི་སྐད་བརྗོད༔ ཧཱུྃ་ཛཿཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན༔ བཙན་བདུད་ཚོགས་པའི་ཡུལ་དབུས་སུ༔ འོག་ན་དུག་མཚོ་མེ་རེ་རེ༔ སྟེང་ན་ཁྲག་སྤྲིན་ཐིབས་སེ་ཐིབ༔ བར་ན་འབྲུག་སྒྲ་ལྡི་རི་རི༔ གློག་ཞགས་དམར་པོ་གྱ་མ་གྱུ༔ ཐོག་སེར་བུ་ཡུག་ཚུབས་སེ་ཚུབ༔ ཕོ་ཉ་ལས་མཁན་དམག་ལྟར་ཚོགས༔ ལྷ་སྲིན་སྡེ་བརྒྱད་འབངས་ལྟར་འདུ༔ དེ་དབུས་ལྕགས་མཁར་སུམ་ཐོག་པའི༔ ཐོ་ཕྱི་འཇའ་འོད་མེ་དཔུང་འབར༔ དར་འཕན་གདུགས་དང་རྒྱལ་མཚན་ཚོགས༔ རླུང་གིས་བསྐྱོད་ཅིང་པུ་རུ་རུ༔ དེ་ན་བཞུགས་པའི་དྲག་ཤུལ་ཅན༔ དམ་ཅན་རྡོ་རྗེ་ལེགས་པ་སྐྱོང་༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས༔ ཐུགས་དམ་བསྐུལ་ལོ་དུས་ལ་བབ༔ སྔོན་ཚེ་རྡོ་རྗེ་འཆང་དབང་དང་༔ སྟོན་པ་ཤཱཀྱ་ཐུབ་པའི་བཀའ༔ བར་དུ་དགའ་རབ་ཤྲཱི་སེང་དང་༔ རིག་འཛིན་བརྒྱད་དང་པད་འབྱུང་སོགས༔ ཐ་མ་རྗེ་འབངས་རིག་འཛིན་དང་༔ གཏེར་སྟོན་ཆེན་པོ་བརྒྱ་རྩ་སོགས༔ བརྒྱུད་གསུམ་བླ་མ་ཐམས་ཅད་ཀྱིས༔ བཀའ་བསྒོས་ལས་གཉེར་དམ་ཚིག་གཉན༔ དཔང་དུ་བཙུགས་ཤིང་གཙུག་ཏུ་ཁུར༔ གཏའ་རུ་བཞག་སྟེ་གནད་ནས་བསྐུལ༔ དམ་ཅན་རྡོ་རྗེ་ལེགས་པ་བསྐུལ༔ ཆའོ་ཆའོ་ལས་ལ་རྒྱུགས༔ ཕ་ནི་བདུད་རྒྱལ་ནག་པོ་བསྐུལ༔ ཆའོ་ཆའོ་ལས་ལ་རྒྱུགས༔ མ་ནི་དམུ་མོ་ནག་མོ་བསྐུལ༔ ཆའོ་ཆའོ༴ ཡུམ་ནི་གོང་བཙུན་དེ་མོ་བསྐུལ༔ ཆའོ་ཆའོ༴ ནང་འཁོར་ལས་མཁན་ཕོ་ཉ༴ ཆའོ་ཆའོ༴ བར་འཁོར་ལྷ་སྲིན་སྡེ་བརྒྱད༴ ཆའོ་ཆའོ༴ ཕྱི་འཁོར་བཙན་སྡེ་འགོང་སྡེ༴ ཆའོ་ཆའོ༴ ཡང་འཁོར་ཐེའུ་བྲང་ལྷ་འདྲེ་བསྐུལ༔ ཆའོ་ཆའོ་ལས་ལ་རྒྱུགས༔ ཛཿནམ་ལངས་དུས་སུ་ལས་ལ་ཆོས༔ ལྷ་བདུད་དཀར་པོ་སེང་གེ་ཆིབས༔ ཕྱག་ན་རྡོ་རྗེ་དགྲ་སྙིང་བསྣམས༔ འཁོར་དུ་ལྷ་དམག་འབུམ་གྱིས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿསྔ་དྲོའི་དུས་སུ་ལས་ལ་ཆོས༔ བཙན་རྒྱལ་དམར་པོ་མེ་རྟ་ཆིབས༔ ཕྱག་ན་བཙན་མདུང་བཙན་ཞགས་བསྣམས༔ འཁོར་དུ་བཙན་དམག་འབུམ་གྱིས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་བདུད་དུ་ཕོབ༔ ཛཿཉིན་ཕྱེད་དུས་སུ་ལས་ལ་ཆོས༔ གཤིན་རྗེའི་རྒྱལ་པོ་སྲོག་ལེན་པ༔ མི་ནག་རྟ་ནག་དམག་ཆས་ཅན༔ ཕྱག་ན་དགྲ་སྟྭ་ཞགས་པ་བསྣམས༔ འཁོར་དུ་འཆི་བདག་འབུམ་སྡེས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿདགོང་མོའི་དུས་སུ་ལས་ལ་ཆོས༔ རྒྱལ་པོའི་དམག་དཔོན་པེ་ཧ་ར༔ བཙུན་ཆས་འཕར་བ་དམར་པོ་ཆིབས༔ ཕྱག་ན་བསེག་ཤངས་ལྷུང་བཟེད་བསྣམས༔ འཁོར་དུ་རྒྱལ་འགོང་འབུམ་སྡེས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿམུན་རུབ་དུས་སུ་ལས་ལ་ཆོས༔ མ་མོའི་དེད་དཔོན་གནམ་ལྷ་དཀར༔ ཆིབས་སུ་མུན་མཐོང་འུག་པ་ཆིབས༔ ཕྱག་ན་དར་ནག་སྤུ་གྲི་ཐོགས༔ འཁོར་དུ་མ་མོ་འབུམ་སྡེས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿནམ་གྱི་སྲོད་དུ་ལས་ལ་ཆོས༔ དམུ་རྒྱལ་ཀཱ་ལ་ཡཀྴར་བཞེངས༔ མི་ནག་གོ་བགོས་སྟག་ལ་ཆིབས༔ ཕྱག་ན་རལ་གྲི་ཐོད་ཁྲག་ཐོགས༔ འཁོར་དུ་གནོད་སྦྱིན་འབུམ་གྱིས་བསྐོར༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿནམ་གོང་དུས་སུ་ལས་ལ་ཆོས༔ བདུད་རྒྱལ་ཚེ་ལེན་ནག་པོར་བཞེངས༔ མི་ནག་རྟ་ནག་རྟིང་དཀར་ཆིབས༔ ཕྱག་ན་བདུད་ཞགས་སྟྭ་རེ་ཐོགས༔ འཁོར་དུ་བདུད་དམག་འབུམ་སྡེས་བསྐུལ༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿནམ་གྱི་ཐོ་རངས་ལས་ལ་ཆོས༔ ཀླུ་བདུད་འཆི་བདག་མགོ་དགུར་བཞེངས༔ ཆིབས་སུ་ཆུ་སྲིན་ཁམ་པ་ཆིབས༔ ཕྱག་ན་སྦྲུལ་ཞགས་ནད་རྐྱལ་ཐོགས༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿབར་བར་ལས་ཀྱི་ཕོ་ཉ་ཆོས༔ ཐེ་བྲང་རྒྱལ་པོ་ར་སྐྱེས་ཆིབས༔ ཕྱག་ན་ཐོ་བ་སྦུད་པ་བསྣམས༔ འཁོར་དུ་ཐེའུ་བྲང་འབུམ་སྡེས་བསྐུལ༔ མཚོན་ཐོགས་འཇིགས་པའི་ལས་མཁན་ཚོགས༔ དགྲ་བོའི་སྲོག་གི་གཤེད་དུ་ཕོབ༔ ཛཿརྟག་ཏུ་ལས་ཀྱི་ཕོ་ཉ་བསྐུལ༔ བགེགས་རྒྱལ་བི་ན་ཡ་ཀར་བཞེངས༔ ཆིབས་སུ་སྲིན་བྱ་འུག་ཆུང་ཆིབས༔ བྱ་ཞུ་གསོལ་ཞིང་བྱ་ཐུལ་གྱོན༔ གཡས་ན་བཙན་པོ་ཁ་བཞི་ཐོགས༔ གཡོན་ན་མགྱོགས་པ་རྐང་བརྒྱད་བསྣམས༔ ལྟས་ངན་བདག་པོ་འབུམ་གྱིས་བསྐོར༔ ཡིད་ལ་བརྣག་པའི་དགྲ་བོ་ལ༔ མི་སྡུག་རྟགས་དང་ཆོ་འཕྲུལ་སྟོན༔ དལ་ཡམས་ནད་མུག་ཡོ་ལངས་ཕོབ༔ རྗེས་ཤུལ་མེད་པར་བརླག་མཛོད་ཅིག༔ ཏྲི་བཛྲ་ས་དྷུ་ས་མ་ཡ༔ ཛཿདད་པ་དང་ནི་དམ་ཚིག་གིས༔ བསྐུལ་ལོ་རྦད་དོ་དགྲ་ལ་རྒྱུགས༔ དམ་ཅན་རྡོ་རྗེ་ལེགས་པ་བསྐུལ༔ ཕ་མ་མོན་པ་ཕོ་མོ་བསྐུལ༔ སྡོང་ཟླ་བརྟན་མ་བཅུ་གཉིས་བསྐུལ༔ དཀོན་མཆོག་གསུམ་གྱི་སྲུང་མ་བསྐུལ༔ རིག་འཛིན་ཡོངས་ཀྱི་སྲོག་ཤིང་བསྐུལ༔ རྣལ་འབྱོར་ཀུན་གྱི་དགྲ་ལྷ༴ གཙུག་ལག་ཁང་གི་སྲུང་མ༴ ཆོས་འཁོར་ཡོངས་ཀྱི་བདག་པོ༴ དཀྱིལ་འཁོར་ཡོངས་ཀྱི་མཐའ་འཛིན༴ འཛམ་གླིང་གཞི་བདག་རྒྱལ་པོ༴ མགོན་པོ་རྡོ་རྗེ་ལེགས་པ༴ ཚོང་དཔོན་རྡོ་རྗེ་ལེགས་པ༴ དགྲ་ལྷ་རྡོ་རྗེ་ལེགས་པ༴ ནོར་བདག་རྡོ་རྗེ་ལེགས་པ༴ ཆོས་སྐྱོང་རྡོ་རྗེ་ལེགས་པ༴ བོན་ལྷ་རྡོ་རྗེ་ལེགས་པ༴ བན་ལྷ་རྡོ་རྗེ་ལེགས་པ༴ མགར་བ་རྡོ་རྗེ་ལེགས་པ༴ ཤན་པ་རྡོ་རྗེ་ལེགས་པ༴ སྲོག་ལེན་རྡོ་རྗེ་ལེགས་པ༴ ཤ་ཟ་རྡོ་རྗེ་ལེགས་པ༴ ཁྲག་འཐུང་རྡོ་རྗེ་ལེགས་པ༴ མངོན་ཤེས་འཕྲུལ་གྱི་རྒྱལ་པོ༴ ལྟས་ངན་འཕྲུལ་གྱི་བདག་པོ༴ སྣ་ཚོགས་འཕྲུལ་གྱི་བདག་པོ༴ གནམ་ས་ཕྱེད་ཀྱི་བདག་པོ༴ གཙང་ཆབ་ཕྱེད་ཀྱི་བདག་པོ་བསྐུལ༔ མ་ཐོགས་མྱུར་དུ་དགྲ་ལ་རྒྱུགས༔ མ་འགྱངས་དོ་ནུབ་དགྲ་ལ་རྒྱུགས༔ མ་གཡེལ་ད་ལྟ་ལས་མཛོད་ཅིག༔ ནམ་མཁར་ཁྲག་སྤྲིན་གཏིབ་ཞིང་སོང་༔ འབྲུག་ལྡིར་གློག་དམར་འཁྱུགས་ཤིང་སོང་༔ བར་སྣང་དམག་གིས་འགེང་ཞིང་སོང་༔ ས་གཞིར་ཐོག་སེར་ཕོབ་ལ་སོང་༔ འུག་པ་ཧ་ཧ་རྒོད་ཅིང་སོང་༔ འདྲེ་ངན་སྐད་ངན་སྒྲོགས་ཤིང་སོང་༔ བླ་འོག་ལྷང་ལྷང་སྒྲོགས་ཤིང་སོང་༔ སྲིན་བྱའི་རོ་བྱུང་ཟེར་ཞིང་སོང་༔ ཁྱི་སྤྱང་མཚན་ངུ་བྱེད་ཅིང་སོང་༔ བུད་མེད་ངུ་འབོད་བྱེད་ཅིང་སོང་༔ གཟའ་བདུད་མེ་རུ་འབར་ཞིང་སོང་༔ བདུད་མོས་ནད་རྐྱལ་ཕྱེ་ཞིང་སོང་༔ ལས་མཁན་བསྭོ་སྒྲ་སྒྲོགས་ཤིང་སོང་༔ ཤན་པས་ཧ་སྒྲ་སྒྲོགས་ཤིང་སོང་༔ སྲོག་བདག་ཤོབ་ཡ་ཟེར་ཞིང་སོང་༔ ཤ་ཟས་གླལ་སྒྲ་སྒྲོགས་ཤིང་སོང་༔ ཁྲག་འཐུང་སྟོང་མིད་བྱེད་ཅིང་སོང་༔ རུས་འཆས་སོ་སྒྲ་འདོན་ཞིང་སོང་༔ རྐང་ལྡག་རྐན་སྒྲ་བྱེད་ཅིང་སོང་༔ དགྲ་བོའི་ཡུལ་ཁམས་དམག་གིས་ཁེངས༔ དགྲ་བོའི་ཁོང་ཁྲག་ཧུབ་ཀྱིས་འཐུངས༔ དགྲ་བོའི་ཀླད་པ་ཞོ་ལྟར་དཀྲུགས༔ དགྲ་བོའི་མིག་འབྲས་ཐང་ལ་ཕོང་༔ དགྲ་བོའི་དཔའ་བའི་དོན་སྙིང་ཕྱུངས༔ དགྲ་བོའི་ཚོང་པ་དགྲ་ལ་སྤྲོད༔ དགྲ་བོའི་དམག་དཔུང་གྲི་ཁར་སོད༔ དགྲ་བོའི་མཛའ་བའི་མགོ་བོ་བསྐོར༔ དགྲ་བོའི་མགྲོན་པོ་འཇིགས་པས་ཆོམས༔ དགྲ་བོའི་བྱིས་པ་ཚང་ནས་སོད༔ དགྲ་བོའི་གཞོན་པ་གྲིབ་ཀྱིས་སོད༔ དགྲ་བོའི་དར་མ་གྲི་རུ་སོད༔ དགྲ་བོའི་རྒན་པ་སྨྱོ་རུ་ཆུག༔ དགྲ་བོའི་ཆུང་མ་འགགས་གྲིར་སོད༔ དགྲ་བོའི་ཕོ་རྒྱུད་ཐམས་ཅད་ཀུན༔ གྲི་ཁ་མཚོན་ཁ་གདོང་ཐུག་དང་༔ གློ་བུར་ཧུར་ཐུམ་ནད་ཀྱིས་སོད༔ དགྲ་བོའི་མོ་རྒྱུད་ཐམས་ཅད་ཀྱི༔ རང་སྲོག་རང་གིས་གཅོད་དུ་ཆུག༔ དགྲ་བོས་བསགས་པའི་ཟས་ནོར་དཀོར༔ ནམ་ལངས་སྐར་མ་བཞིན་དུ་བསྣུབས༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ ད་ལྟ་མ་འགྱངས་མྱུར་དུ་སོད༔ གལ་ཏེ་དགྲ་འདི་མི་བསྒྲལ་ན༔ དམ་ཅན་དམ་ལ་འདས་པ་ཡིན༔ ཆོས་སྐྱོང་བཀའ་དང་འགལ་བ་ཡིན༔ དེས་ན་བཅོལ་པའི་ཕྲིན་ལས་དེ༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ ཞག་དང་ཟ་མར་མྱུར་དུ་སྒྲུབས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོས༔ ཚེ་འདིའི་བྱ་བ་རྒྱབ་ཏུ་བོར༔ གཏན་བདེའི་རྒྱུ་འབྲས་ལྷུར་ལེན་བྱས༔ དགྲ་བོ་འདི་ཡིས་བར་དུ་གཅོད༔ དཀོན་མཆོག་གསུམ་གྱིས་ད་གཟིགས་མཛོད༔ དམ་ཅན་རྒྱ་མཚོའི་དུས་ལ་བབ༔ བདག་གིས་དཀའ་བ་དང་བླང་ནས༔ མི་ཚེ་ཆོས་ལ་དྲིལ་སྙམ་ཡང་༔ དགྲ་བོ་འདི་ཡིས་བར་དུ་བཅད༔ དཀོན་མཆོག་རྩ་གསུམ་གཟིགས་དགོངས་གསོལ༔ དམ་ཅན་གཉན་པོའི་དུས་ལ་བབ༔ བདག་གིས་ལྷ་ཆོས་དོན་དུ་གཉེར༔ ནག་པོ་སྡིག་པ་སྤང་འདོད་ཀྱང་༔ དགྲ་བོ་འདི་ཡིས་ལས་མ་སྟེར༔ དཀོན་མཆོག་རྩ་གསུམ་གཟིགས་དགོངས་གསོལ༔ དམ་ཅན་གཉན་པོའི་དུས་ལ་བབ༔ ངེས་མེད་གནས་སུ་སྒྲུབ་ཚུགས་བཟུང་༔ ཚེ་འདིར་སངས་རྒྱས་སྒྲུབ་སྙམ་ཡང་༔ དགྲ་བོ་འདི་ཡིས་ལས་མ་སྟེར༔ དཀོན་མཆོག་རྩ་གསུམ་གཟིགས་དགོངས་གསོལ༔ དམ་ཅན་གཉན་པོའི་དུས་ལ་བབ༔ མཚན་ལྡན་བླ་མའི་ཞབས་ཏོག་དང་༔ ཕ་མར་དྲིན་ལན་གཟོ་བ་དང་༔ སེམས་ཅན་ཡོངས་ཀྱི་དོན་བྱེད་སེམས༔ དགྲ་བོ་འདི་ཡིས་ལས་མ་སྟེར༔ དཀོན་མཆོག་རྩ་གསུམ་གཟིགས་དགོངས་གསོལ༔ དམ་ཅན་གཉན་པོའི་དུས་ལ་བབ༔ བདུད་དང་དམ་སྲིའི་དབང་གྱུར་པའི༔ ནག་པོ་སྡིག་པའི་དཔོན་འབངས་དེས༔ ཐར་བའི་སྲོག་ལ་རྒོལ་ཞིང་བྱུང་༔ ཉི་ལྟར་གསལ་བ་མུན་ལྟར་སྒྲིབ༔ གླ་ལྟར་བྲོས་ཀྱང་ཁྱི་ལྟར་བདས༔ ཉ་ལྟར་བྲོས་ཀྱང་སྲམ་ལྟར་བདས༔ བྱིའུ་ལྟར་བྲོས་ཀྱང་ཁྲ་ལྟར་དེད༔ ད་ནི་ཐར་བའི་ཐབས་མ་བྱུང་༔ བཟོད་མེད་གདུང་བས་ལྷ་སྲུང་འབོད༔ དཀོན་མཆོག་བདེན་པ་མེད་དམ་ཅི༔ དམ་ཅན་དམ་ལ་མི་གནས་སམ༔ བཀའ་སྲུང་དྲེགས་པ་གང་ན་བཞུགས༔ མཐུ་སྟོབས་ནུས་པ་མི་བདེན་ནམ༔ ཆོས་སྐྱོང་གཉན་པོ་ཤིའམ་ཅི༔ གལ་ཏེ་དཀོན་མཆོག་གསུམ་བདེན་ཞིང་༔ དམ་ཅན་དམ་ལ་གནས་པ་དང་༔ བཀའ་སྲུང་ཆོས་སྐྱོང་ཡོད་སྲིད་ན༔ ཐར་ལམ་བར་ཆད་གེགས་བྱེད་ཅིང་༔ བདག་རྒྱུད་ཆོས་དང་བྱེ་བ་དང་༔ ལས་མཐའ་ལོགས་སུ་བསྒྱུར་བ་ཡི༔ སྡང་བའི་དགྲ་བོ་དམ་ཉམས་དང་༔ དེ་གྲོགས་འབངས་འཁོར་ཆབ་སྲིད་བཅས༔ རིང་པོར་འགྱངས་པའི་ལོང་མེད་པས༔ དོ་ནུབ་ཉིད་དུ་བརླག་པར་མཛོད༔ སྙིང་ཁྲག་ཁ་རུ་སྐྱུག་ཏུ་ཆུག༔ ནང་ཁྲོལ་འོག་སྒོར་བཤལ་དུ་ཆུག༔ རྒྱུ་མ་ལམ་དུ་བརྐྱང་དུ་ཆུག༔ ཁ་ཟས་སྔ་མ་ཁར་བཅུག་ནས༔ ཕྱི་མ་མིད་དུ་མ་ཤོར་སོད༔ གློ་སྙིང་མངོན་སུམ་ཁྱེར་ལ་ཤོག༔ སྙིང་ཁྲག་བྲུབ་ཁུང་ཁ་རུ་ཕོས༔ བླ་འཁྱམས་ཁུག་ལ་ལིང་གར་ཕོབ༔ བླ་འཁུན་ཙི་སྒྲ་འདོན་དུ་ཆུག༔ ནུབ་མོ་མལ་དུ་ཉལ་བའི་ཚེ༔ ནངས་པར་ལང་མེད་ཧུར་ཐུམ་སོད༔ བླ་མཆོད་ནང་འཐབ་བྱེད་དུ་ཆུག༔ རིམ་གྲོ་ཚེ་སྲོག་བདུད་དུ་བསྒྱུར༔ ལྷ་སྲུང་གཞི་བདག་གཤེད་དུ་ཕོབ༔ ལྗོན་པ་སྟྭ་རེས་བཅད་པ་བཞིན༔ མི་མཐའ་སྐྱེ་རྒྱུན་རྦད་ཀྱིས་ཆོད༔ འབྲུ་དྲུག་ཟོར་བས་བརྔས་པ་བཞིན༔ རོ་ཤུལ་ཙམ་ལས་མེད་པར་རློགས༔ རྩྭ་ཕུང་མེ་ཡིས་བསྲེགས་པ་བཞིན༔ ཕུང་ཤུལ་ཙམ་ལས་མེད་པར་མཛོད༔ ས་མཁར་སྒྱོག་གིས་གཏོར་བ་བཞིན༔ རྡུལ་ཕྲན་བཞིན་དུ་བརླག་པར་མཛོད༔ སྡེ་འབངས་བྲན་འཁོར་ཐམས་ཅད་ཀུན༔ ནང་འཁྲུགས་འཐབ་དང་རྩོད་དུ་ཆུག༔ ཤ་སྤུ་རླུང་གིས་ཁྱེར་བ་བཞིན༔ མི་རྗེ་མང་པོའི་འོག་ཏུ་གཏོར༔ མདོར་ན་དགྲ་བོ་ལས་ངན་འདིས༔ ཆབ་སྲིད་འབངས་འཁོར་བཅས་པ་རྣམས༔ མེ་སྟག་ཆུ་ཡིས་བསད་པ་བཞིན༔ མིང་གི་ལྷག་ཙམ་མེད་པར་མཛོད༔ དེ་རིང་ཙམ་ལས་ལས་མ་འགྱངས༔ རྒྱུག་པའི་ཕོ་ཉ་བང་མ་བུལ༔ གསོད་པའི་ཤན་པ་ལག་མ་རྡུམ༔ ལས་མཁན་དྲེགས་པ་རྩལ་མ་ཞན༔ བཀའ་སྲུང་དམ་ཅན་མཐུ་མ་ཆུང་༔ དཀོན་མཆོག་རྩ་གསུམ་བདེན་སྟོབས་དང་༔ བཀའ་སྲུང་དྲེགས་པའི་མཐུ་སྟོབས་ཀྱིས༔ སྡང་བའི་དགྲ་བོ་དམ་ཉམས་འདི༔ འགོ་བའི་ལྷ་དང་ཕྲོལ་ལ་ཁུག༔ སྐྱོབ་པའི་ལྷ་དང་ཕྲོལ་ལ་ཁུག༔ ཚེ་རབས་ལས་ལྷར་ཕྲོལ་ལ་ཁུག༔ བསྙེན་སྒྲུབ་སྲུང་མར་ཕྲོལ་ལ་ཁུག༔ གསོལ་མཆོད་སྲུང་མར་ཕྲོལ་ལ་ཁུག༔ མ་ཟད་བར་དུ་ཚིམས་མ་བྱེད༔ མ་སྟོངས་བར་དུ་མགུ་མ་བྱེད༔ མ་ཉེས་རང་སར་འདུག་པ་ཡི༔ རྣལ་འབྱོར་ང་ལ་སྡང་བའི་དགྲ༔ ཕྱི་ནང་བར་གསུམ་གར་གནས་ཀྱང་༔ ཁྱོད་ཀྱིས་མི་ཤེས་མི་མཁྱེན་མེད༔ ཕ་ཁུ་ཡིན་ཡང་སོད་ལ་ཤོག༔ མ་སྲུ་ཡིན་ཡང་སྒྲོལ་ལ་ཤོག༔ ང་ཡིས་མ་རིག་མ་ཤེས་སམ༔ ཡང་ན་དབང་མེད་ཐབས་མེད་པས༔ འཁོན་སྡུམ་འགལ་མཐུད་ཉམས་བཤགས་ལ༔ མི་ཉན་མི་གནས་མི་ལེན་པའི༔ ཐབས་མ་བྱུང་ཡང་ལྷ་ཁྱེད་ཀྱིས༔ ང་ལ་འཁུ་ལྡོག་མ་བྱེད་ཅིག༔ ང་ལ་གདུག་རྩུབ་དབལ་མ་སྟོན༔ ང་ལ་ཆད་པ་མ་གཅོད་ཅིག༔ བྱད་སྣ་ང་ལ་ཕྱིར་མ་ལྡོག༔ དགྲ་བོ་དམ་ཉམས་ལས་ངན་འདི༔ སྔོན་བསགས་ལས་ཀྱི་མཐར་མ་གཏུག༔ ཚེ་ཡི་ཚད་ཀྱི་ཁུངས་མ་བཙུན༔ ང་ལ་འདུད་ཀྱང་བརྩེ་མ་ཤོར༔ མ་འགྱངས་མ་ཕྱི་མྱུར་དུ་སོད༔ གལ་ཏེ་གཡེལ་ཞིང་འགྱངས་ཤོར་ན༔ ང་ནི་དགྲ་དབང་འགྱུར་ཉེ་ཞིང་༔ ཚུལ་འདིར་གཟིགས་དགོངས་དམ་ཅན་རྣམས༔ དཀོན་མཆོག་རྩ་གསུམ་དཔང་ལ་དགོངས༔ དམ་ཚིག་གཉན་གྱི་སྲུང་མ་བསྐུལ༔ དམ་ཚིག་གཉན་གྱི་དམ་ཅན་རྦད༔ ཟླ་བ་འདི་ལས་དུས་མ་འགྱངས༔ ལོ་འདི་འདས་སུ་མ་ཤོར་ཅིག༔ དོ་ནུབ་ཉིད་ལ་དྲག་ཏུ་རྒྱུགས༔ མི་རོའི་གྲམ་པ་བརྡལ་དུ་ཆུག༔ མི་ཁྲག་མཚོ་མོ་འཁྱིལ་དུ་ཆུག༔ བྱ་ཁྱིས་དམར་གཡོས་བྱེད་དུ་ཆུག༔ དམ་ཅན་རྡོ་རྗེ་ལེགས་པ་ཁྱོད༔ སྤྲུལ་འཁོར་བཀའ་སྡོད་བདུད་གཤེད་ཚོགས༔ དོ་ནུབ་དགྲ་བོའི་བླ་ལ་ཕོབ༔ དོ་ནུབ་དགྲ་བོའི་ཚེ་ལ་ཕོབ༔ དོ་ནུབ་དགྲ་བོའི་སྲོག་ལ་ཕོབ༔ རྗེས་མེད་བརླག་པའི་ཕྲིན་ལས་མཛོད༔ ཏྲི་བཛྲ་ས་དྷུ་ས་མ་ཡ་ཀིང་ཀ་ར་བཛྲ་ལི་ལ་མ་ཨ་ཡ་མ་དུ་རུ་ཙ་ཤ་ན་དགྲ་བོ་ཆེ་གེའི་བླ་ཚེ་སྲོག་གསུམ་ལ་རྦད་རྦད་བྷྱོ་བྷྱོ་ཆོ་ཆོ་རྒྱུགས་རྒྱུགས༔ དགྲ་བོའི་མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ལ་ཁཱ་ཧི༔ ཞེས་བརྗོད༔ ཡང་བྲང་བརྡུང་སྐྲ་བསིགས་ཐལ་མོ་བརྡབ་ལ༔ ཧོཿ བླ་མ་དཀོན་མཆོག་གསུམ་དང་རྩ་གསུམ་སྐུ་གསུམ་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཐམས་ཅད་ཀྱིས་བདག་ལ་དགོངས་སུ་གསོལ༔ དམ་ཅན་རྡོ་རྗེ་ལེགས་པ་སྤྲུལ་འཁོར་བཀའ་སྡོད་དང་བཅས་པ་ཐམས་ཅད་མི་བདག་ལ་དགོངས་སུ་གསོལ༔ ཐོག་མཐའ་བར་དང་དུས་གསུམ་དུ་ངས་ཁ་མ་ཉེས༔ ལག་མ་ཉེས༔ བསམ་སྤྱོད་མ་ཉེས་པར་རྒྱལ་བ་རྣམས་ཀྱི་རྗེས་སུ་ཞུགས༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་༔ མི་ཆོས་རྒྱབ་ཏུ་བོར༔ ལྷ་ཆོས་དོན་དུ་གཉེར་ནས་བདེན་པའི་ངང་བསྐྱང་སྟེ་གནས་པ་ལ༔ དགྲ་བོ་གདུག་པ་ཅན་འདིས་བདག་མ་ཉེས་པ་ལ་ཆད་པས་བཅད༔ ཐར་པའི་ལམ་ལས་བཟློག༔ བྱང་སེམས་ཀྱི་མྱུ་གུ་བསྐམ༔ ཚུལ་ཁྲིམས་ཀྱི་པདྨོ་བསྲེག༔ རྣམ་མཁྱེན་གྱི་ལམ་སྣ་བཀག༔ ཤེས་རབ་ཀྱི་མིག་འབྲས་བཅར༔ ངེས་འབྱུང་གི་སྡོང་པོ་བཅད༔ དུག་ལྔའི་རྒྱ་མཚོ་བསྐྱིལ༔ སྡུག་བསྔལ་གྱི་མུན་གླིང་ཆེན་པོར་མགོ་བསྐོར༔ འཁོར་བ་མཐའ་མེད་དུ་བཙན་ཐབས་སུ་འཕང་ཞིང་༔ དཀོར་དང་གླ་རྔན་སྡིག་ཟས་རེག་ཕུང་གི་ཧ་ལ་ལྟ་བུ་ལ་བར་མེད་དུ་སྤྱོད་དུ་བཅུག་ཅིང་༔ ཟས་ནོར་ལོངས་སྤྱོད་དཀོར་རྫས་འདི་ལ་དམག་ཇག་རྐུ་འཕྲོག་གི་ཐབས་ཀྱིས་བཅོམ་ནས་ད་ནི་ཚེ་འདི་ལ་བདེ་བ་མེད་ཁར་ཕྱི་མར་ཐར་ས་མེད་པའི་སྡུག་བསྔལ་བཟོད་མེད་ཐོག་ཏུ་ཕབ་པ་འདི༔ དཀོན་མཆོག་གསུམ་གྱིས་ཨེ་གཟིགས༔ རྩ་གསུམ་རྒྱལ་བ་རྒྱ་མཚོས་ཨེ་གཟིགས༔ བཀའ་སྲུང་ཆོས་སྐྱོང་དམ་ཅན་སྲུང་མ་གཉན་པོས་ཨེ་གཟིགས༔ ཡུལ་ལྷ་ཟོ་དོར་དབེན་གནས་སྲུང་མ་གཉན་པོས་ཨེ་གཟིགས༔ ང་ལྟ་བུའི་ལས་ངན་དབང་ཆུང་འདི་ལ་སྐྱབས་ཨེ་ཡོད༔ མགོན་ཨེ་ཡོད༔ དཔུང་གཉེན་ཨེ་ཡོད༔ ར་མདའ་ཨེ་ཡོད༔ གལ་ཏེ་ཡོད་སྲིད་ན་ངའི་རྒྱུད་ལ་གནས་པའི་བསྟན་པ་རིན་པོ་ཆེ་བཤིག་ཅིང་བསྣུབ་པའི་བསྟན་དགྲ་ཞིང་བཅུ་ཚང་བ་འདི་ཟླ་བ་འདི་ལས་མ་འགྱངས་ཞག་དོ་ནུབ་ལས་མ་བཞག་པར༔ དམ་ཅན་རྡོ་རྗེ་ལེགས་པ་བཀའ་སྲུང་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་སོད་ཅིག༔ སྒྲོལ་ཅིག༔ ངས་དམོད་དམོད་བསྐུལ་བསྐུལ་དུས་དྲང་སྲོང་རཱ་ཧུ་ལའི་བདེན་ཚིག་ལྟ་བུར་མཆོག་གསུམ་སྐུ་གསུམ་དམ་ཅན་རྒྱ་མཚོས་ཆུད་མི་ཟ་བར་འགྲུབ་པར་མཛོད་ཅིག༔ བཛྲ་ས་མ་ཡ༔ ཞེས་བརྗོད་གཏོར་མ་ཁྲག་སྐྱེམས་ཕྱི་རོལ་དུ་དོར༔ དེ་ཡིས་བསམ་པའི་དོན་འགྲུབ་ཅིང་༔ དགྲ་དཔུང་རྡོ་རྗེ་ཡིན་ཡང་འཇིག༔ གང་ལ་བྱས་ཀྱང་ཐོགས་པ་མེད༔ སྒྲུབ་པ་སྔོན་དུ་མ་སོང་བའི༔ སྔགས་ཆུང་དག་ནི་མ་གཏོགས་པའི༔ བསྒྲུབས་པའི་རྣལ་འབྱོར་གང་སུ་དག༔ འདི་ལ་བརྩོན་དང་མཐུ་དཔལ་རྒྱས༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་ཉེར་ལྔའི་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་ཨོ་རྒྱན་རྡོ་རྗེས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ཡང་དེ་ཀའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།