DJYD-KABUM-07-JA-005: Difference between revisions

From Dudjom Wiki
DJYD-KABUM-07-JA-005
m (Text replacement - "ཧོཿ" to "ཧོཿ ")
m (Text replacement - "ཧྲཱི༔" to "ཧྲཱིཿ")
 
Line 42: Line 42:




༄༅།  །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ།  ཆོས་ཀུན་འབྱུང་གནས་རྡོ་རྗེ་བཙུན་མོའི་མཁའ།  །རྣམ་འགྱུར་ལྷན་སྐྱེས་མཛེས་མའི་སྒྱུ་ཐབས་ཀྱིས།  །སྐལ་བཟང་བདེ་ཆེན་གནས་ལ་སྦྱོར་མཛད་པ།  །དབྱིངས་ཕྱུག་པདྨའི་ལྕམ་དེས་བདག་སྐྱོངས་ཤིག  །གང་གི་སྒྲུབས་ཐབས་སྙིང་པོའི་ལམ་བཟང་ལ།  །བརྟེན་ཏེ་མཁའ་སྤྱོད་པདྨ་འོད་ཞིང་དུ།  །མྱུར་བདེར་བགྲོད་པའི་མན་ངག་ཆོ་གའི་ཁྲིགས།  །སྔོན་མེད་ཤིང་རྟ་བཟང་པོ་འདི་ན་འདྲེན།  །{{TibChung|དེའང་ཌཱ་ཀི་འབུལ་གྱི་ཡང་སྙིང་གཏེར་ཁ་གཞན་ལས་ཁྱད་པར་དུ་འཕགས་པ་ཞག་བདུན་བསྒོམ་པས་མཁའ་སྤྱོད་དུ་སྐྱེལ་བར་བྱེད་པའི་མཁའ་འགྲོ་སྤྲུལ་སྐུའི་སྙིང་ཐིག་ཟབ་གསང་ངོ་མཚར་རྨད་དུ་བྱུང་བ་འདི་ཉིད་ཀྱི་ཕྲིན་ལས་ཉམས་སུ་ལེན་པ་ལ་གསུམ།  སྦྱོར་བ།    {{TibChung|[2a]}}  དངོས་གཞི།  རྗེས་སོ།  །དང་པོ་ལའང་བྱ་བའི་སྦྱོར་བ་དང་།  ཆོ་གའི་སྦྱོར་བ་གཉིས་ཀྱི།  དང་པོ་ནི།  གུ་རུ་ཡབ་ཡུམ་གྱི་བྱིན་གྱིས་བརླབས་ཤིང་བཀྲ་ཤིས་ཉམས་དགའ་བའི་གནས་སུ་ཡར་མར་གྱི་ཚེས་བཅུ་སོགས་མཁའ་འགྲོ་འདུ་བའི་དུས་ཤིན་ཏུ་དགེ་བའི་ཚེ་སྒྲུབ་པའི་ཁང་པ་བྱི་དོར་བྱས་ལ་རྒྱན་གྱིས་བརྒྱན།  གུང་དུ་དྷཱ་ཀི་ནཱིའི་སྣང་བརྙན་སོགས་དམ་ཚིག་གི་རྟེན་ཁྱད་པར་ཅན་བཀྲམ་པའི་སྤྱན་སྔར་སྟེགས་བུ་ཁེབས་ལྡན་ལ་རིན་པོ་ཆེའི་པད་སྣོད་དུ་མཁའ་འགྲོའི་གཏོར་མ་ཟླུམ་པོ་པད་འདབ་བཞི་ལྡན་གྱི་ཕྱོགས་བཞིར་ཟླུམ་གཏོར་དཀར་པོ་བཞི།  མཚམས་བཞི་ཟུར་གསུམ་དམར་པོ་བཞི།  དེ་རྒྱབ་མཐེབ་ཀྱུ་བཞིས་བསྐོར་བ་རྒྱན་སྤྲོས་ཅན་དར་གདུགས་ཀྱིས་སྤྲས་པ་བཀོད།  དེའི་གཡས་སུ་སྨན་ཕུད།  གཡོན་དུ་རཀྟ།  མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་ཕྲེང་ཚར་དུ་བཤམ།  གཞན་ཡང་སྔོན་གཏོར།  བཀའ་སྲུང་གི་གཏོར་མ།  ཚོགས་ {{TibChung|[2b]}}  ཀྱི་ཡོ་བྱད་སོགས་དང་།  རྡོ་རྗེ་དྲིལ་བུ།  ཐོད་པའི་རྡེའུ་ཆུང་།  རྐང་གི་གླིང་བུ།  གསུར་ཆེན་སྦྱར་བའི་སྤོས་སོགས་ཐུན་མོང་དང་ཁྱད་པར་གྱི་མཆོད་པ་མཁའ་འགྲོ་མཉེས་པའི་དམ་རྫས་སུ་འོས་པ་རྣམས་མ་ཚང་བ་མེད་པ་ལེགས་པར་བཤམ་མོ།  །གཉིས་པ་ཆོ་གའི་སྦྱོར་བ་ལ་གསུམ་ལས།  དང་པོ་བགེགས་བསྐྲད་ཅིང་མཚམས་བཅད་པ་ནི།}} རང་ཉིད་སྐད་ཅིག་གིས་བདུད་འདུལ་ཁྲོས་མ་འབར་བའི་ཉམས་དང་ལྡན་པའི་སྐུར་གྱུར་{{TibChung|པར་བསམ་ཞིང་བགེགས་ཀྱི་གཏོར་མ།}} རྃ་ཡྃ་ཁྃ་{{TibChung|གིས་བསང་སྦྱང་།}} སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་{{TibChung|བལྟས་ལ།}} ཨོཾ་ཨཱཿ་ཧཱུྃ་ཧོཿ    {{TibChung|ཞེས་བརླབས།}} སརྦ་བྷུ་ཏ་ཨཱ་ཀརྵཡ་ཛཿ{{TibChung|ས་མགྲོན་བཀུག  །}} སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱེ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིནྟེ་སྭཱ་ཧཱ།  {{TibChung|ཞེས་ལན་གསུམ་གྱིས་བསྡོས་ལ།}} ཧཱུྃ༔  དོན་དམ་སྐྱེ་བ་མེད་པ་ལས༔  རང་ཉིད་ཁྲོས་མིའི་དབང་མོ་ཆེ༔  འཁོར་འདས་ཀུན་ཀྱང་ང་ཡི་ཞིང་།  མ་དག་བགེགས་རིགས་དབྱིངས་སུ་དེངས༔  ཧཱུྃ་ཧཱུྃ་ཧཱུྃ་ཀྲོ་དྷ་དྷཱ་ཀི་ནཱི་ཨ་ཕཊ༔  {{TibChung|ཅེས་དྲག་སྔགས་གུ་གུལ་ཡུངས་ཐུན་ཚམ་རྔམས་དང་བཅས་པས་བསྐྲད་ལ།}} ཧཱུྃ༔  སྟོང་གསལ་ཕྱག་རྒྱ་ཆེན་པོ་ནི༔  སྐྱེ་མེད་འགག་མེད་ཤར་གྲོལ་མཉམ༔  སྟོང་ཉིད་རྡོ་རྗེའི་གུར་ཁང་དུ༔  བགེགས་ {{TibChung|[3a]}}  ཞེས་བར་ཆད་རྣམ་རྟོག་བྲལ༔  སྟོང་ཉིད་རོལ་པའི་མཚམས་བཅད་དོ༔  {{TibChung|ཅེས་མཚམས་བཅད།  གཉིས་པ་ཚོགས་བསགས་ཀྱི་རིམ་པ་ནི།}} མདུན་གྱི་ནམ་མཁར་བླ་མ་དང་།  །ཡེ་ཤེས་མཁའ་འགྲོ་དབྱེར་མེད་པ།  །ཕྱོགས་དུས་སྐྱབས་ཡུལ་ཀུན་འདུས་སྐུ།  །དགྱེས་པས་དགོངས་ཏེ་བཞུགས་པར་གྱུར།  {{TibChung|ཅེས་གསལ་བཏབ་ལ།}} སྐྱབས་གནས་དཀོན་མཆོག་ཀུན་འདུས་པའི༔  བླ་མ་མཆོག་ལ་སྐྱབས་སུ་མཆི༔  སྡིག་པ་ཐམས་ཅད་སོ་སོར་བཤགས༔  འགྲོ་དོན་བྱང་ཆུབ་སེམས་བསྐྱེད་དོ༔  {{TibChung|ཞེས་ལན་གསུམ་གྱི་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད།}} བླ་མ་ལྷ་དང་བཅས་པ་ལ༔  གུས་པའི་སྒོ་ནས་བདག་སྐྱབས་མཆི༔  མ་རིག་ལུས་དང་ངག་གིས་ནི༔  བསགས་པའི་སྡིག་པ་མ་ལུས་བཤགས༔  དགེ་བ་མ་ལུས་ཐམས་ཅད་ཀུན༔  འཕེལ་ཞིང་བསོད་ནམས་ཚོགས་གཉིས་རྫོགས༔  དུས་གསུམ་སངས་རྒྱས་བཅོམ་ལྡན་འདས༔  ཞུམ་པ་མི་མངའ་སྤོབས་པ་བསྐྱེད༔  ཆོས་འཁོར་བསྐོར་ཞིང་བརྟན་པར་བཞུགས༔  འགྲོ་བའི་དོན་མཛད་འཕགས་པའི་ཚོགས༔  སེམས་ཅན་བདེ་མཛད་རྗེས་ཡི་རང་༔  དགེ་བ་མ་ལུས་གང་བསགས་པ༔  མ་གྱུར་འགྲོ་བའི་དོན་དུ་བསྔོ༔  བསྔོ་བ་བླ་མེད་རྒྱ་ཆེན་གྱིས༔  ཐམས་ {{TibChung|[3b]}}  ཅད་སངས་རྒྱས་མྱུར་འགྲུབ་ཤོག༔  {{TibChung|ཅེས་ཡན་ལག་བདུན་པས་ཚོགས་བསགས།}} ཨ་མ་ཡེ་ཤེས་མཁའ་འགྲོ་མ༔  མི་མངོན་དབྱིངས་ནས་བུ་ལ་གཟིགས༔  བུ་གདུང་མ་ལ་གསོལ་བ་འདེབས༔  མ་ཡིས་བྱིན་རློབས་ཡེ་ཤེས་ཕོབ༔  གདུང་བའི་བུ་ཡི་གདུང་བ་སེལ༔  མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔  ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཌཱ་ཀི་ནཱི་སྭཱ་ཧཱ༔  {{TibChung|ཞེས་གསོལ་འདེབས་ཀྱི་བསྙེན་བ་ཅི་ནུས་བཟླས་མཐར།  །}} བླ་མ་མཁའ་འགྲོའི་གནས་བཞི་ནས༔  འོད་ཟེར་དཀར་དམར་མཐིང་ལྗང་འཕྲོས༔  རང་གི་གནས་བཞིར་ཐིམ་པ་ཡིས༔  སྒྲིབ་བཞི་དག་ནས་དབང་བཞི་ཐོབ༔  བླ་མ་རང་ཐིམ་དབྱེར་མེད་པར༔  བདེ་ཆེན་འོད་གསལ་ངང་དུ་གྱུར༔  {{TibChung|ཅེས་དབང་བླངས་ཏེ་ཐུགས་ཡིད་བསྲེས་ལ་མཉམ་པར་བཞག  །གསུམ་པ་མཆོད་རྫས་བྱིན་རླབས་ནི།}} རྃ་ཡྃ་ཁྃ༔  སྣོད་བཅུད་ཡེ་ནས་རྣམ་པར་དག༔  ཕྱི་ནང་གསང་བ་ལྷུན་གྱིས་གྲུབ༔  ཡེ་ཤེས་གསུམ་གྱིས་རྣམ་པར་སྦྱངས༔  ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན༔  ཡེ་ཤེས་ལྔ་ཡི་བདུད་རྩིའི་བཅུད༔  བདེ་བ་ཐིག་ལེ་དམར་ཆེན་པོ༔  སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔  གཏོར་མ་འདོད་པའི་ཡོན་ཏན་ལྔ༔  ཐབས་ཤེས་ཏན་ག་ཎའི་ཚོགས༔  རབ་འབྱམས་ནམ་མཁའ་གང་བར་གྱུར༔  ཨོཾ་བཛྲ་ཨརྒྷཾ་{{TibChung|སོགས།}} ཤཔྡ་ཨཱཿཧཱུྃ༔    {{TibChung|[4a]}}  ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཥྛ༔  ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཥྛ༔  ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཥྛ༔  {{TibChung|ཞེས་བྱིན་བརླབ་བོ།  །གཉིས་པ་དངོས་གཞིའི་ལས་རིམ་ལ་བདུན་ལས།  དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི།}} ཨ༔  གདོད་ནས་རྣམ་དག་ཡུམ་གྱི་དབྱིངས༔  ཀུན་ཏུ་བཟང་མོ་ཀུན་ལ་ཁྱབ༔  འོད་གསལ་སྙིང་རྗེས་དཔྱད་པའི་མདངས༔  རང་སེམས་ཨ་མ་འོད་དཀྱིལ་ལེ༔  བདེ་ཆེན་འབར་བའི་ཆོ་འཕྲུལ་ལས༔  འབྱུང་བ་རིམ་བརྩེགས་རི་རབ་སྟེང་༔  བྷྲཱུྃ་ལས་ཡེ་ཤེས་གཞལ་ཡས་ཁང་༔  ངོ་མཚར་རྒྱན་དང་བཀོད་པ་རྫོགས༔  དགའ་བ་བཞི་ཡི་འཇའ་ཟེར་ཀློང་༔  ལྷན་སྐྱེས་འོད་ལྔའི་ཐིག་ལེར་འཁྱིལ༔  དུ་མ་རོ་གཅིག་མུ་ཁྱུད་ཟླུམ༔  ཕྱི་ནང་ཀུན་ཁྱབ་བདེ་དྲོད་འབར༔  དེ་དབུས་པདྨ་ཉི་ཟླའི་སྟེང་༔  ཨ་མ་འོད་ཀྱི་འཕྲོ་འདུ་ལས༔  འཕགས་མཆོད་འགྲོ་དོན་མཐར་ཕྱིན་བྱས༔  ཚུར་འདུས་ཨ་ལས་ཨཱ་ལི་དཀར༔  མ་ལས་ཀཱ་ལི་དམར་པོ་འཁོར༔  གཉིས་མེད་ཞུན་ལས་ཧ་རི་ནིས༔  གནས་གྱུར་ཨ་མ་མཚོ་རྒྱལ་མ༔  རྒྱལ་མོ་གཞོན་ནུ་ལོ་བརྒྱད་ཚུལ༔  པདྨའི་མདངས་ལྟར་དཀར་དམར་བརྗིད༔  ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས༔  གཡོན་ {{TibChung|[4b]}}  པས་བྷནྡྷ་ཚེ་བུམ་འཛིན༔  དབུ་སྐྲ་ལྕང་ལོ་མཛེས་པའི་ཆས༔  རྩེ་མོ་ནོར་བུ་འབར་བ་ལ༔  རྐེད་པ་མུ་ཏིག་པདྨས་དཀྲིས༔  ལྷག་མ་ཐུར་གྲོལ་སྐུ་རྒྱབ་ནོན༔  རིན་ཆེན་སྣ་ཚོགས་ཟར་བུ་བསིལ༔  སྙན་རྒྱན་མགུལ་རྒྱན་སེ་མོ་དོ༔  དར་ཟབ་དགུ་བརྩེགས་འདུང་མ་ལ༔  རིན་ཆེན་སྣ་ཚོགས་ཟར་བུ་དང་༔  བྲོ་མ་ཚར་མུ་ཏིག་ཆུན་པོས་སྤྲས༔  གཡེར་ཁ་དྲིལ་བུ་གསེར་གཡུའི་ཕྲ༔  བལྟ་བས་མི་ངོམ་དགའ་བཞིའི་མདངས༔  སྐྱིལ་ཀྲུང་པདྨའི་གདན་ལ་བཞུགས༔  སྤྱི་བོར་གུ་རུ་པདྨ་འབྱུང་༔  དཀར་དམར་རས་དཀར་ན་བཟའ་ཅན༔  རྡོ་རྗེ་ཐོད་པ་ཁ་ཊཱཾ་བསྣམས༔  ཐོར་ཚུགས་རུས་རྒྱན་ལྡན་པར་བསམ༔  ཤར་དུ་རྡོ་རྗེ་མཚོ་རྒྱལ་དཀར༔  རྡོ་རྗེ་བྷནྡྷ་བུམ་པ་བསྣམས༔  ལྷོ་རུ་རིན་ཆེན་མཚོ་རྒྱལ་སེར༔  རིན་ཆེན་བྷནྡྷ་བུམ་པ་བསྣམས༔  ནུབ་ཏུ་པདྨ་མཚོ་རྒྱལ་དམར༔  པད་སྡོང་བྷནྡྷ་བུམ་པ་བསྣམས༔  བྱང་དུ་ཀརྨ་མཚོ་རྒྱལ་ལྗང་༔  ཕུར་བུ་བྷནྡྷ་བུམ་པ་བསྣམས༔  ཐམས་ཅད་ཆ་ལུགས་རྒྱན་ཆ་བཅས༔  གཙོ་མོ་ཡུམ་དང་གཉིས་མེད་གསལ༔  ཤར་ལྷོ་རྡོ་རྗེ་བདུད་འདུལ་མ༔  ཁྲོ་མོ་མཐིང་ནག་རུས་པས་བརྒྱན༔  ལྷོ་ནུབ་རིན་ཆེན་བདུད་འདུལ་མ༔  ཁྲོ་མོ་སེར་ {{TibChung|[5a]}}  གསལ་རུས་པས་བརྒྱན༔  ནུབ་བྱང་པདྨ་བདུད་འདུལ་མ༔  ཁྲོ་མོ་དམར་སྨུག་རུས་པས་བརྒྱན༔  བྱང་ཤར་ཀརྨ་བདུད་འདུལ་མ༔  ཁྲོ་མོ་ལྗང་ནག་རུས་པས་བརྒྱན༔  ཐམས་ཅད་དུར་ཁྲོད་ཆོས་ཀྱིས་སྒེགས༔  བརྐྱང་བསྐུམ་འགྱིང་བག་མེ་དཔུང་དབུས༔  གར་ལྡན་པད་ཉི་རོ་ལ་བཞུགས༔  སྒོ་བཞིར་སེང་གདོང་རིགས་བཞི་གསལ༔  ཐམས་ཅད་དཀར་སེར་དམར་ལྗང་ལ༔  གྲི་ཐོད་ཕྱག་རྒྱ་བཞི་དང་ལྡན༔  སྲུང་འཁོར་སྒོ་མཚམས་ལས་བྱེད་བསྒོམ༔  གཙོ་མོ་ཨ་ཡིག་འོད་ཟེར་ལས༔  རང་བཞིན་དབྱིངས་ནས་སྤྱན་དྲངས་གྱུར༔  {{TibChung|ཅེས་གསལ་གདབ།  གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི།  སྤོས་བཏུལ་ཞིང་ཐོད་རྔ་སོགས་རོལ་མོའི་སྒྲ་དང་སྙན་པའི་དབྱངས་ཀྱིས་བསྐུལ་ཏེ།}} ཧྲཱི༔   ཨ་མ་ཡེ་ཤེས་མཁའ་འགྲོ་མ༔  སྔོན་ཚེ་ཐུགས་བསྐྱེད་སྨོན་ལམ་མཐུས༔  བོད་ཁམས་ཀུན་གྱི་མ་རུ་སྤྲུལ༔  ད་ལྟ་གདུང་བའི་བུ་རྣམས་ལ༔  ཐུགས་རྗེའི་སྤྱན་རས་ཡངས་པས་གཟིགས༔  བོད་ཁམས་འཛམ་གླིང་སེམས་ཅན་རྣམས༔  སྐྱབས་མེད་བདུད་དང་འདྲེ་ཡིས་འཚེ༔  སྡུག་བསྔལ་ཉམ་ཐག་སྡིག་པས་མནར༔  ནད་དང་གདོན་གྱིས་བར་བཅད་ནས༔  ཆོས་ {{TibChung|[5b]}}  ལ་བསྒྲུབ་ལོང་མ་མཆིས་ཚེ༔  བྱམས་པའི་སེམས་ཀྱིས་བདག་ལ་གཟིགས༔  བརྩེ་བའི་དགོངས་པས་གནས་འདིར་གཤེགས༔  ཨ་མ་སྐུ་ཡི་བྱིན་རླབས་ཀྱིས༔  བདག་ལུས་བུམ་པའི་དབང་བསྐུར་ལ༔  སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ༔  གསུང་གི་ལུང་སྟོན་གདམས་པ་སྩོལ༔  ངག་ལ་གསང་བའི་དབང་བསྐུར་ལ༔  གསུང་གི་བྱིན་གྱིས་བརླབ་ཏུ་གསོལ༔  ཐུགས་ཀྱི་དགོངས་པའི་སྒོ་ཕྱེ་ལ༔  སེམས་ལ་ཤེས་རབ་ཡེ་ཤེས་བསྐུར༔  ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔  ཡོན་ཏན་ཕྲིན་ལས་ནུས་པ་ཡིས༔  སྒོ་གསུམ་ཚིག་གི་དབང་བསྐུར་ལ༔  རོ་གཅིག་རྟོགས་པའི་ཡེ་ཤེས་བསྐྱེད༔  ཨ་མ་ཧ་རི་ནི་ས༔  ས་མ་ཡ་ཛཿཧཱུྃ་བཾ་ཧོཿ      ཨཱ་བེ་ཤ་ཡ་ཧོཿ    {{TibChung|ཞེས་སྤྱན་དྲངས།  གསུམ་པ་བཞུགས་སུ་གསོལ་བ་ནི།}} ཨེ་མ་ཨ་མ་བྱོན་པ་ལེགས༔  ཡིད་ཀྱི་མཆོད་ཡོན་བཞེས་སླད་དུ༔  གསང་བ་མཆོག་གི་དཀྱིལ་འཁོར་འདིར༔  པདྨ་འདབ་བརྒྱད་དར་ཟབ་འབོལ༔  རིན་ཆེན་ཁྲི་བཤམ་ཟླ་བའི་གདན༔  དགྱེས་པར་བཞུགས་ལ་བྱིན་གྱིས་རློབས༔  ཨ་མ་ཧ་རི་ནི་ས༔  ས་མ་ཡ༔  ཏིཥྛ་ལྷན༔  {{TibChung|བཞི་པ་ཕྱག་བྱ་བ་ནི།}} ཧོཿ    གསང་སྔགས་ཐེག་པ་ཆེན་པོ་ལ༔  སྔགས་ཀྱི་དངོས་གྲུབ་དམ་པ་གང་༔  འབྱུང་ {{TibChung|[6a]}}  བྱེད་མ་རྒྱུད་མཁའ་འགྲོ་ལ༔  གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔  ཌཱ་ཀི་ནཱི་ཛྙཱ་ན་ཨ་མ་ཧ་རི་ནི་ས༔  ཨ་ཏི་པུ་ ཧོཿ    པྲ་ཏཱིཙྪ་ ཧོཿ    {{TibChung|ལྔ་པ་མཆོད་པ་འབུལ་བ་ནི།}} ཨེ་མ་ཧོཿ    ཡིད་ཚོགས་ཀུན་བཟང་མཆོད་པའི་སྤྲིན༔  ནམ་མཁའི་མཐའ་ཀླས་ཡོངས་བཀང་སྟེ༔  བཟང་པོའི་ཆུ་སྣ་འདག་ཆལ་བདུན༔  ཁ་དོག་ལྔ་ལྡན་མེ་ཏོག་མཛེས༔  ཆུ་རླུང་གླ་རྩི་དྲི་བཟང་སྤོས༔  མདངས་ལྡན་འོད་མཆོག་གསལ་བའི་མེ༔  རྩི་དགུ་མདངས་ལྡན་བྱུག་པའི་ཆབ༔  རོ་བརྒྱ་ལྡན་པའི་ཞལ་ཟས་དང་༔  ཡིད་འོང་སྙན་པའི་རོལ་མོ་རྣམས༔  བླ་མ་མཁའ་འགྲོའི་ཚོགས་ལ་འབུལ༔  སྒོ་ལྔ་ཚིམ་པའི་གཟུགས་སྒྲ་དྲི༔  རེག་བྱ་ཆོས་བཅས་ལྷ་མི་ཡི༔  ལོངས་སྤྱོད་ཡོ་བྱད་སྣ་ཚོགས་འབུལ༔  ཐབས་མཆོག་ཡབ་ཆེན་སྐྱེད་པའི་རྒྱུ༔  ཤེས་རབ་ཡུམ་མཆོག་སྟོང་ཉིད་མཁའ༔  གཉིས་མེད་རོལ་པའི་བྱང་ཆུབ་སེམས༔  དགའ་བཞིའི་ཉམས་ཀྱིས་བརྒྱན་ཏེ་འབུལ༔  དམ་རྫས་བདུད་རྩི་ར་སཱ་ཡན༔  མདངས་ལྡན་ཨརྒྷཾ་རཀྟ་དམར༔  སྦྱོར་སྒྲོལ་གསང་སྔགས་གླུ་བྲོ་གར༔  ཏིང་འཛིན་སྒོམ་དང་ལྟ་བས་མཆོད༔  ཚོགས་ཀྱི་འཁོར་ལོ་བླ་མེད་རྒྱན༔  གཏོར་མ་ཡེ་ཤེས་ཕྱག་རྒྱ་འབར༔  ཕྱི་ནང་བཅུད་བསྡུས་ {{TibChung|[6b]}}  ལོངས་སྤྱོད་རྫོགས༔  རྒྱན་ལྡན་མཛེས་བག་སྤྲུལ་པའི་སྐུ༔  བདེ་སྟོང་ཟག་མེད་ཆོས་སྐུའི་གཞི༔  སྐུ་གསུམ་རྫོགས་ལྡན་གཏོར་མ་འདི༔  བླ་མ་མཁའ་འགྲོ་མཚོ་རྒྱལ་མ༔  བླ་མེད་རྡོ་རྗེའི་དཀྱིལ་འཁོར་ལྷ༔  རྩ་བ་གསུམ་གྱི་ཐུགས་དམ་བསྐང་༔  བདེ་སྟོང་ཟག་མེད་དངོས་གྲུབ་སྩོལ༔  ཨོཾ་ཨཱཿ་ཧཱུྃ་གུ་རུ་ཌཱ་ཀི་ནཱི་ཛྙཱ་ན་ཧ་རི་ནི་སཿཨརྒྷཾ༔  པཱདྱཾ༔  པུཥྤེ༔  དྷུ་པེ༔  ཨཱ་ལོ་ཀེ༔  གནྡྷེ༔  ནེ་ཝིདྱ༔  ཤཔྡ༔  རཱུ་པ༔  ཤཔྡ༔  སྤརྴེ༔  པཱུ་ཙ༔  དྷརྨ་༔  སརྦ་པཉྩ་ཨ་མྲྀ་ཏ་རསཱ༔  བ་ལིནྟ༔  རཀྟ༔  ཏ་ན༔  གྷ་ན་སརྦ་པཱུ་ཙ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔  {{TibChung|དྲུག་པ་བསྟོད་པ་ནི།}} ཨོཾ་འགྲུབ་པར་གྱུར་ཅིག་མཁའ་འགྲོའི་ཚོགས༔  ཨཱཿ  ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ༔  ཧཱུྃ༔  སྒེག་པའི་དཔའ་མོ་ཆོས་སྐུའི་ཡུམ༔  མ་རྡོ་རྗེ་ཕག་གདོང་མཚོ་རྒྱལ་མ༔  སྐུ་པདྨའི་མདངས་ལྟར་དཀར་དམར་མཚན༔  བཅུ་དྲུག་ཚུལ་ལ་གཞོན་ནུའི་ལུས༔  མཐོང་བས་དགའ་བཞི་བསྐྱེད་ལ་བསྟོད༔  ཞལ་འཛུམ་དུང་སོ་ཐག་བཟང་ལྟར༔  སྙིལ་དམར་པདྨ་གསར་པ་ལྟར༔  ལྗགས་མཉེན་ལེ་བརྒན་དར་དམར་འདྲ༔  གསུང་དབྱངས་དྲུག་ཅུར་ལྡན་ལ་བསྟོད༔  སྐུ་སྟོད་སེངྒེ་འགྱིངས་པ་འདྲ༔  རྐེད་པ་འདྲིལ་ལ་མཉེན་ལྕུག་ལྡན༔  སྐུ་སྨད་ {{TibChung|[7a]}}  སྐྱིལ་ཀྲུང་དུང་ལྟར་འཁྱིལ༔  བདེ་བ་ལོངས་སྤྱོད་རྫོགས་ལ་བསྟོད༔  ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས༔  གཡོན་པས་བྷནྡྷ་བུམ་པ་བསྣམས༔  ཐབས་དང་ཤེས་རབ་མངོན་དུ་གྱུར༔  བདེ་སྟོང་ཟག་པ་མེད་ལ་བསྟོད༔  བཙུན་མོའི་ཆ་ལུགས་འོད་སྟོང་འབར༔  རིན་ཆེན་དར་ཟབ་དུ་མས་བརྒྱན༔  ཕུན་སུམ་ཚོགས་པའི་ཕུལ་དུ་ཕྱིན༔  སྦྱིན་པའི་ཕ་རོལ་ཕྱིན་ལ་བསྟོད༔  གཙང་དང་རྨེ་བའི་རྟོག་པ་བྲལ༔  དགའ་དང་སྡུག་གཉིས་རོ་སྙོམས་ཞིང་།  ཡེ་ཤེས་དབྱིངས་ཀྱི་མཁའ་ལ་སྤྱོད༔  ཚུལ་ཁྲིམས་ཕ་རོལ་ཕྱིན་ལ་བསྟོད༔  བསྐལ་མང་ཆོས་ལ་བརྩོན་པ་ཡིས༔  ཐེག་དགུ་ཨ་ཏིའི་བཅུད་ལ་རོལ༔  ཚེ་གཅིག་ས་བཅུ་ལམ་ལྔ་བགྲོད༔  བརྩོན་འགྲུས་ཕ་རོལ་ཕྱིན་ལ་བསྟོད༔  སེམས་ཅན་ཐུགས་ཀྱི་ཀློང་དུ་རྟོགས༔  རྣམ་རྟོག་ཅན་ལ་མ་ལྟར་བརྩེ༔  མ་རིག་འགྲོ་བ་བུ་བཞིན་སྐྱོང་༔  བཟོད་པའི་ཕ་རོལ་ཕྱིན་ལ་བསྟོད༔  ཞི་གནས་བདེ་བའི་ལམ་ཆེན་ལ༔  ལྷག་མཐོང་རྟོགས་པའི་སྒྲོན་མེ་སྦར༔  རོ་གཅིག་རྟོགས་པའི་ཕུལ་དུ་ཕྱིན༔  བསམ་གཏན་ཕ་རོལ་ཕྱིན་ལ་བསྟོད༔  སྒོམ་མེད་རྫོགས་པ་ཆེན་པོ་ཤར༔  བྱ་བྲལ་ཆོས་སྐུའི་ཞིང་ལ་སྤྱོད༔  གདིང་བཞི་ {{TibChung|[7b]}}  འཇའ་ལུས་རྡོ་རྗེའི་སྐུ༔  ཤེས་རབ་ཕ་རོལ་ཕྱིན་ལ་བསྟོད༔  ཧཱུྃ༔  བདེ་སྟོང་རྡོ་རྗེ་མཚོ་རྒྱལ་མ༔  མེ་ལོང་ཆོས་སྐུ་རྡོ་རྗེའི་རྒྱན༔  ཚོར་སྟོང་རིན་ཆེན་མཚོ་རྒྱལ་མ༔  མཉམ་ཉིད་རིན་ཆེན་ལོངས་སྐུའི་རྒྱན༔  རིག་སྟོང་པདྨ་མཚོ་རྒྱལ་མ༔  སོར་རྟོག་པདྨ་སྤྲུལ་སྐུའི་རྒྱན༔  མྱང་སྟོང་ཀརྨ་མཚོ་རྒྱལ་མ༔  བྱ་གྲུབ་ཀརྨ་ངོ་བོའི་རྒྱན༔  སྐུ་བཞི་མཁའ་འགྲོ་མཚོ་རྒྱལ་བསྟོད༔  ཧཱུྃ༔  རྡོ་རྗེ་བདུད་འདུལ་ལྷ་བདུད་འཇོམས༔  རིན་ཆེན་བདུད་འདུལ་ཉོན་བདུད་འཇོམས༔  པདྨ་བདུད་འདུལ་ཕུལ་བདུད་འཇོམས༔  ཀརྨ་བདུད་འདུལ་འཆི་བདག་འཇོམས༔  བདུད་འདུལ་མཁའ་འགྲོ་བཞི་ལ་བསྟོད༔  ཧཱུྃ༔  བཛྲ་སེང་གདོང་འཇིགས་བརྒྱད་སེལ༔  རཏྣ་སེང་གདོང་འབྱོར་དྲུག་སྤེལ༔  པདྨ་སེང་གདོང་ཁམས་གསུམ་སྡུད༔  ཀརྨ་སེང་གདོང་དགྲ་བགེགས་འཇོམས༔  ལས་བཞི་མཁའ་འགྲོའི་ཚོགས་ལ་བསྟོད༔  ཧཱུྃ༔  ཡེ་ཤེས་མཚོ་རྒྱལ་མ་ཡི་ཚོགས༔  དུར་ཁྲོད་གནས་ཡུལ་མཁའ་འགྲོ་མ༔  ཡེ་ཤེས་ལས་ལས་གྲུབ་པ་ཡིས༔  མ་མོ་མཁའ་འགྲོའི་ཚོགས་ལ་བསྟོད༔  {{TibChung|བདུན་པ་ཛཔྲ་བཟླ་བ་ནི།}} ཐུགས་ཀར་པདྨ་འདབ་བཞི་པའི༔  ལྟེ་བར་ཨ་མ་དཀར་ {{TibChung|[8a]}}  དམར་བརྩེགས༔  འདབ་བཞིར་ཧ་རི་ནི་ས་གསལ༔  འོད་ཟེར་སྣང་བས་འཁོར་འདས་ཁྱབ༔  སངས་རྒྱས་མཛད་པ་ཐམས་ཅད་སྒྲུབ༔  བདེ་ཆེན་མཆོག་གི་ཡེ་ཤེས་བསྐྱེད༔  རབ་འབྱམས་ཕྲིན་ལས་ཀུན་འགྲུབ་གྱུར༔  {{TibChung|ཅེས་པའི་ཏིང་ངེ་འཛིན་ལ་ཡིད་རབ་ཏུ་གནས།}} ཨ་མ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཕཊ༔  {{TibChung|ཅེས་བཟླས་པའི་སྐྱོན་ཐམས་ཅད་སྤངས་ལ་རྩེ་གཅིག་ཏུ་བཟླ།  ཐུན་མཚམས་སུ་བབ་པ་ན།}} ཨོཾ་ཨཱཿཧཱུྃ་གུ་རུ་ཌཱ་ཀི་ནཱི་ཛྙཱ་ན་ཧ་རི་ནི་ས་ཨརྒྷཾ༔  པཱདྱཾ༔  པུཥྤེ༔  དྷུཔེ༔  ཨཱ་ལོ་ཀེ༔  གནྔྷེ༔  ནཻ་ཝིདྱ༔  ཤཔྡ༔  རཱུ་པ༔  ཤཔྡ༔  སྤ་རྴེ༔  པཱུ་ཙ༔  གནྔྷེ༔  དྷརྨ་སརྦ་པཉྩ་ཨ་མྲྀ་ཏ་ར་སཱ༔  བྷ་ལིཾ་ཏ༔  རཀྟ༔  ཏ་ན་ག་ཎ་སརྦ་པཱུ་ཙ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔  {{TibChung|ཞེས་མཆོད་ཅིང་།}} ཧོཿ    གསང་སྔགས་ཐེག་པ་ཆེན་པོ་ལ༔  སྔགས་ཀྱི་དངོས་གྲུབ་དམ་པ་གང་༔  འབྱུང་བྱེད་མ་རྒྱུད་མཁའ་འགྲོ་ལ༔  གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད༔  {{TibChung|ཅེས་བསྟོད་དོ།  །གསུམ་པ་རྗེས་ཀྱི་ལས་རིམ་ལ་བདུན་ལས།  དང་པོ་ཚོགས་ཀྱི་མཆོད་པ་ནི།  མཱཾ་ས་དང་ཛ་གད་སོགས་དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་ལེགས་པར་བཤམ་ལ༔  བདུད་རྩིས་བྲན་ཅིང་།}} བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔  རྃ་འཕྲོས་མེ་འབར་མ་དག་བསྲེགས༔  ཡྃ་ལས་རླུང་ {{TibChung|[8b]}}  འཕྲོས་གཏོར་ཞིང་བསངས༔  ཁྃ་ལས་ཆུ་འཕྲོས་བཀྲུས་ཤིང་སྦྱངས༔  རྃ་ཡྃ་ཁྃ༔  རང་ཉིད་ལྷར་གསལ་གནས་གསུམ་ནས༔  ཧཱུྃ་འཕྲོས་སྣོད་བཅུད་བཅུད་ཀུན་བསྡུས༔  ཨཱཿའཕྲོས་བདེ་གཤེགས་དངོས་གྲུབ་བསྟིམ༔  ཨོཾ་འཕྲོས་གཉིས་མེད་གཅིག་ཏུ་བསྲེས༔  རྣམ་དག་བདུད་རྩིའི་ཚོགས་མཆོད་རྣམས༔  འཛད་མེད་རོ་དྲུག་མཁའ་མཉམ་སྤེལ༔  རྩ་གསུམ་ཐུགས་དམ་སྐོང་བ་དང་༔  མགྲོན་གྱུར་འདོད་པ་ཚིམ་པར་གྱུར༔  ཨོཾ་ཨཱཿཧཱུྃ༔  {{TibChung|ཞེས་བྱིན་བརླབས།  ཚོགས་ཞིང་སྤྱན་དྲངས་པ་ནི།}} ཧཱུྃ༔  ཆོས་སྐུ་དག་པའི་ཕོ་བྲང་ནས༔  ཆོས་སྐུ་རྡོ་རྗེ་མཁའ་འགྲོ་ལ༔  དགོངས་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར༔  ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔  འོག་མིན་བདེ་ཆེན་ཕོ་བྲང་ནས༔  ལོངས་སྐུ་གསང་ཡེ་མཁའ་འགྲོ་ལ༔  བརྡ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར༔  ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔  ཨོ་རྒྱན་མཁའ་སྤྱོད་ཕོ་བྲང་ནས༔  སྤྲུལ་སྐུ་རིགས་ལྔའི་མཁའ་འགྲོ་ལ༔  སྙན་བརྒྱུད་མན་ངག་བླ་མས་བསྐོར༔  ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔  བོད་ཡུལ་སྒྲུབ་གནས་གངས་ཆེན་ནས༔  ཇོ་མོ་མཁའ་འགྲོ་མཚོ་རྒྱལ་ལ༔  མཁའ་ {{TibChung|[9a]}}  འགྲོ་གཏེར་བརྒྱུད་བླ་མས་བསྐོར༔  ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔  གནས་ཡུལ་དུར་ཁྲོད་ཐམས་ཅད་དུ༔  མངོན་བྱང་སྣ་ཚོགས་མཁའ་འགྲོ་ལ༔  བཀའ་བབས་ལུང་སྟོན་བླ་མས་བསྐོར༔  ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔  གསང་སྔགས་དཀྱིལ་འཁོར་ཆེན་པོ་ནས༔  མ་རྒྱུད་ཡེ་ཤེས་མཁའ་འགྲོ་མ༔  རྩ་གསུམ་ཆོས་སྐྱོང་དམ་ཅན་བསྐོར༔  ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔  ཨ་མ་གྲུབ་ཐོབ་མཚོ་རྒྱལ་མ༔  ཁྱོད་མཁའ་སྤྱོད་གནས་ནས་བྱོན་པའི་ཚེ༔  བྱིན་ཡ་མཚན་དངོས་གྲུབ་ཉི་ལི་ལི༔  སྐུ་གཟི་བརྗིད་པདྨོ་ཡ་ལ་ལ༔  གསུང་ཐེག་ཆེན་སྒྲ་སྐད་སི་ལི་ལི༔  ཐུགས་རོ་གཅིག་ཉམས་མྱོང་འུ་རུ་རུ༔  འཁོར་བཀའ་བརྒྱུད་བླ་མ་སྤུངས་སེ་སྤུང་༔  བྲན་མཁའ་འགྲོ་མ་ཚོགས་ཤ་ར་ར༔  ལྷ་ཡི་དམ་དཀྱིལ་འཁོར་ཤིགས་སེ་ཤིག༔  གཡོག་ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔  བདག་བུ་སློབ་རྣམས་ལ་དབང་བཞི་སྐུར༔  མཆེད་ལྕམ་དྲལ་རྣམས་ལ་རྟོགས་པ་སྤོར༔  ཡུལ་གནས་ཁང་འདི་ལ་བྱིན་ཆེན་ཕོབ༔  ཚོགས་དམ་རྫས་རྣམས་ལ་སིདྡྷི་བསྟིམ༔  ཆོས་བྱང་ཆུབ་སྒྲུབ་པའི་སྟོང་གྲོགས་མཛོད༔  རྐྱེན་ {{TibChung|[9b]}}  སྔོན་ལས་འཕྲལ་རྐྱེན་བར་ཆད་ཟློག༔  ཉམས་རྟོགས་པའི་ཡེ་ཤེས་མྱུར་དུ་སྤོར༔  ལུས་འཇའ་ལུས་འགྲུབ་པའི་ཕྲིན་ལས་མཛོད༔  ཨོཾ་གུ་རུ་ཌཱ་ཀི་ནཱི་ཛྙཱ་ན་ཨ་མ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཨེ་ཨ་ར་ལླི་ཕེཾ་ཕེཾ་ཛ་ཛ༔  ཛཿཧཱུྃ་བྃ་ཧོཿ    {{TibChung|ཞེས་སྤྱན་དྲངས་ཏེ།  ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་མཆོད་པ་ནི།}} ཧོཿ    ཚོགས་ཀྱི་མཆོད་པ་བླ་ན་མེད༔  གཟི་བརྗིད་དཔལ་ལྡན་དང་པོའི་ཕུད༔  འདོད་ཡོན་ལྔ་ཡིས་རབ་ཏུ་བརྒྱན༔  ཟག་མེད་བདུད་རྩི་སྤྲིན་ཕུང་གཏིབས༔  འཛད་མེད་གཏེར་གྱི་ལོངས་སྤྱོད་འདི༔  ཨ་མ་ཡེ་ཤེས་མཚོ་རྒྱལ་མ༔  གུ་རུ་རྩ་གསུམ་དམ་ཅན་མཆོད༔  མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔  ཨ་མ་ཧ་རི་ནི་ས་ག་ཎ་ཙཀྲ་པཱུ་ཙ་ཧོཿ    {{TibChung|བར་པ་བཤགས་པ་ནི།}} ཧོཿ    བླ་མ་མཁའ་འགྲོ་དགོངས་སུ་གསོལ༔  མ་རིག་བདག་རྨོངས་ཐ་མལ་བློས༔  དུག་ལྔའི་དབང་གྱུར་མི་དགེ་བཅུ༔  རྩ་བ་ཡན་ལག་དམ་ཚིག་དང་༔  བྱང་ཆུབ་སེམས་ཀྱི་བསླབ་བྱ་རྣམས༔  ཉམས་པར་གྱུར་པ་མི་དགེའི་ལས༔  མ་ལུས་ཐམས་ཅད་བཤགས་པར་བགྱི༔  ཨ་མ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཀཾ་ཀ་ནི་དུཿ    ཁ་ཐམས་ཅད་ཤུདྡྷེ་སྭཱཧཱ༔  {{TibChung|ཐ་མ་བསྒྲལ་བསྟབ་ནི།  ལིངྒ་ལོགས་སུ་བཅས་པ་མེད་ན་ཚོགས་ཟན་དེའི་འདོད་ཡོན་གྱི་ {{TibChung|[10a]}}  ལྷ་མོ་རང་ལ་བསྡུས་ཏེ།}} ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ  ཛཿཧཱུྃ་བཾ་ཧོཿ    {{TibChung|ཞེས་དམིགས་བྱ་དགུགས་བསྟིམ་བྱས་ལ།  ལས་ཕུར་གྱིས་གཟིར་ཞིང་།}} ཧཱུྃ༔  བདུད་འདུལ་ཡེ་ཤེས་མཁའ་འགྲོ་མ༔  མཐིང་ནག་རྔམས་བྱེད་སེང་གེའི་གདོང་༔  ཕྱག་གཡས་གྲི་གུག་ལྕགས་ཀྱུ་གདེངས༔  གཡོན་པས་ཕུར་བུ་ཐོད་སྣོད་འཆང་༔  སྐུ་སྨད་ཁྲོ་ཕུར་ཚྭ་ཚྭ་འཕྲོ༔  གནོད་བྱེད་གདོན་བགེགས་མ་རིག་བདུད༔  ལུས་ངག་ཡིད་གསུམ་སོ་སོར་བསྒྲལ༔  སྐུ་གསུམ་རྒྱལ་བའི་ཞིང་དུ་བཀོད༔  ང་བདག་བག་ཆགས་ཀ་ནས་དག༔  རིག་པ་ཡེ་ཤེས་དབྱིངས་སུ་ཕཊ༔  {{TibChung|ཅེས་དྭངས་མ་དབྱིངས་སུ་བསྒྲལ་བའི་སྙིགས་མ་བདུད་རྩིར་སྤེལ་ལ།}} ཧཱུྃ༔  བསྒྲལ་བའི་དུག་གསུམ་ཕུང་པོ་ཆེ༔  ཤ་ནི་ཆོས་སྐུ་མཁའ་འགྲོར་འབུལ༔  ཀ་དག་དབྱིངས་སུ་ད་རོལ་ཅིག༔  ༔  ཁྲག་ནི་ལོངས་སྐུ་མཁའ་འགྲོར་འབུལ༔  བདེ་སྟོང་ཟག་མེད་ད་རོལ་ཅིག༔  རུས་པ་སྤྲུལ་སྐུ་མཁའ་འགྲོར་འབུལ༔  བསྐྱེད་རྫོགས་དབྱེར་མེད་ད་རོལ་ཅིག༔  དུག་གསུམ་སྐུ་གསུམ་མཁའ་འགྲོ་མཆོད༔  དུག་ལྔ་རིགས་ལྔ་མཁའ་འགྲོས་རོལ༔  བདུད་བཞི་བདུད་འདུལ་སྡེ་བཞིས་རོལ༔  བག་ཆགས་གཉིས་འཛིན་དག་གྱུར་ཅིག༔  ཨ་མ་ཧ་རི་ནི་ས་ {{TibChung|[10b]}}  ཨ་ཀ་ས་མ་ར་ཙ་ཕཊ༔  {{TibChung|ཅེས་བསྟབ།  ཚོགས་ལ་རོལ་པ་ནི།  ལས་ཀྱི་རྡོ་རྗེས་གཙོ་བོ་ལ་ཕྱག་བཅས་ཐབས་ཤེས་ཀྱི་དམ་རྫས་བསྣོལ་མར་སྟོབ་ཅིང་།}} ཨེ་མ་ཧོཿ        གསང་སྔགས་ཐེག་ཆེན་སློབ་དཔོན་མཆོག༔  དམ་རྫས་ཤ་ལྔ་བདུད་རྩི་ལྔ༔  ཡན་ལག་ཉེར་ལྔའི་དམ་ཚིག་རྫས༔  ཚོགས་ཀྱི་འཁོར་ལོའི་རྒྱས་གདབ་འབུལ༔  {{TibChung|ཞེས་དྲང་།  ལེན་པ་པོས་ཕྱག་རྒྱ་གཡས་སུ་བསྐོར་ཞིང་།}} ཧོཿ    བླ་མེད་དམ་རྫས་ངོ་མཚར་ཆེ༔  དགའ་བཞི་མཁའ་འགྲོའི་དངོས་གྲུབ་འདི༔  ཟག་མེད་བདེ་བའི་རོ་ཡིས་ཚིམ༔  སྟོང་ཉིད་རོལ་པས་རྒྱས་གདབ་བོ༔  {{TibChung|ཞེས་བླངས།  འདུས་པ་པོ་རྣམས་ལའང་བྲིམ་སྟེ།}} སིདྡྷི་ས་མ་ཡ་ཨ་ལ་ལ་ཧོཿ    མ་ཧཱ་སུ་ཁ་ཨ་ཧོཿ    {{TibChung|ཞེས་ནང་གི་སྲེག་བླུག་ཏུ་ཚིམ་པར་ལོངས་སྤྱོད་པའི་མཐར།}} ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ།  །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས།  །བདག་གཞན་འགྲོ་བ་མ་ལུས་པ།  །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག  །{{TibChung|ཅེས་སྨོན་ལམ་གདབ།  ལྷག་མ་གཏོང་བ་ནི།  ཕུད་ལྷག་བསྲེས་བའི་ལྷག་གཏོར་ལ་བདུད་རྩིའི་ཞལ་ཆབ་སྦྲེད་ཞིང་།}} ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨདྱ་ནུཏྤན་ན་ཏོཏྟ་ཨོཾ་ཨཱཿཧཱུྃ༔  {{TibChung|ཞེས་བྱིན་བརླབས།}} ཧཱུྃ༔  དང་པོ་མ་བཅོས་སོ་མའི་ལྷག་མ་འདི༔  ཞི་གནས་བདེ་འབྱམས་ལྷག་མཐོང་གསལ་ {{TibChung|[11a]}}  བས་བཞེས༔  བར་དུ་སྣ་ཚོགས་རྟོག་པ་སྤུན་པོ་འདི༔  རྩེ་གཅིག་ངོ་མཐོང་ཤར་གྲོལ་ངང་དུ་བཞེས༔  ཐ་མ་སྤྲོས་བྲལ་ཀ་དག་ལྷག་མ་འདི༔  མཉམ་རྗེས་གཉིས་མེད་རོ་གཅིག་ཀློང་དུ་བཞེས༔  ལྷག་མ་བྱ་བྲལ་སྒོམ་མེད་ལྷག་མ་འདི༔  ཕུང་པོ་ལྷག་མེད་འཇའ་འོད་ཀློང་དུ་བཞེས༔  ཕཊ་ཨོཾ༔  ཕཊ་ཨཱཿ  ཕཊ་ཧཱུྃ༔  ཕཊ་སྭཱ་ཧཱ༔  {{TibChung|ཞེས་ཕྱི་རོལ་དུ་བསྐྱལ་ལོ།  །གཉིས་པ་ཐུགས་དམ་བསྐུལ་བ་ནི།}} ཧཱུྃ༔  ཨ་མ་མཚོ་རྒྱལ་མཁའ་འགྲོའི་དཀྱིལ་འཁོར་ལ༔  ཐུགས་དམ་བསྐུལ་ལོ་སྨོན་ལམ་ཐུགས་བསྐྱེད་མཛོད༔  མ་ཡི་སྤྱི་བོ་བདེ་ཆེན་འཁོར་ལོ་ལ༔  རྡོ་རྗེ་རིགས་ཀྱི་མཁའ་འགྲོ་སུམ་ཅུ་གཉིས་༔  ཐུགས་དམ་བསྐུལ་ལོ་ཉོན་མོངས་ཞི་བར་མཛོད༔  མ་ཡི་མགྲིན་པ་རོ་འདུས་འཁོར་ལོ་ལ༔  རིན་ཆེན་རིགས་ཀྱི་མཁའ་འགྲོ་བཅུ་དྲུག་བཞུགས༔  ཐུགས་དམ་བསྐུལ་ལོ་ཡེ་ཤེས་རྒྱས་པར་མཛོད༔  མ་ཡི་སྙིང་ག་ཆོས་ཀྱི་འཁོར་ལོ་ལ༔  སངས་རྒྱས་རིགས་ཀྱི་མཁའ་འགྲོ་དཔའ་བོ་བརྒྱད༔  ཐུགས་དམ་བསྐུལ་ལོ་མཆོག་གི་ཡེ་ཤེས་སྤོར༔  མ་ཡི་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ༔  པདྨ་རིགས་ཀྱི་མཁའ་འགྲོ་དྲུག་ཅུ་གཉིས༔  ཐུགས་དམ་བསྐུལ་ལོ་བདེ་སྟོང་ {{TibChung|[11b]}}  དགའ་བཞི་བསྐྱེདཿ    མ་ཡི་གསང་བ་མཆོག་གི་དཀྱིལ་འཁོར་དུ༔  ཀརྨ་རིགས་ཀྱི་མཁའ་འགྲོ་ཉི་ཤུ་བཞི༔  ཐུགས་དམ་བསྐུལ་ལོ་གཟུང་འཛིན་ཆགས་པ་སྒྲོལ༔  མ་ཡི་ལུས་གནས་ཉི་ཤུ་རྩ་བཞི་ལ༔  གནས་བདག་དཔའ་བོ་དཔའ་མོ་ཉི་ཤུ་བཞི༔  ཐུགས་དམ་བསྐུལ་ལོ་འཁོར་བའི་ཆགས་སྡང་སྒྲོལ༔  མ་ཡི་རྩ་རླུང་སྟོང་ཕྲག་བརྒྱད་ཅུ་ལ༔  ཡེ་ཤེས་ལས་ལས་གྲུབ་པའི་མཁའ་འགྲོའི་ཚོགས༔  ཐུགས་དམ་བསྐུལ་ལོ་ས་ལམ་བར་ཆད་སོལ༔  མ་ཡི་དབུ་སྐྲ་ཉི་ཁྲི་ཆིག་སྟོང་ལ༔  སྣ་ཚོགས་ལས་ལས་གྲུབ་པའི་མཁའ་འགྲོའི་ཚོགས༔  ཐུགས་དམ་བསྐུལ་ལོ་ཕུང་པོའི་བར་ཆད་སྒྲོལ༔  མ་ཡི་བ་སྤུ་བྱེ་བ་ཕྲག་བརྒྱ་ལ༔  འཇིག་རྟེན་ཞིང་སྐྱོང་མཁའ་འགྲོ་བྱེ་ཕྲག་བརྒྱ༔  ཐུགས་དམ་བསྐུལ་ལོ་ཡེ་གདོན་འབྱུང་པོ་སྒྲོལ༔  མ་ཡི་སྐུ་མཆོག་གསང་སྔགས་དཀྱིལ་འཁོར་ལ༔  གསང་སྔགས་བླ་མེད་མཁའ་འགྲོ་བསམ་མི་ཁྱབ༔  ཐུགས་དམ་བསྐུལ་ལོ་སྔགས་ཀྱི་དངོས་གྲུབ་སྩོལ༔  མ་ཡི་ཐུགས་དམ་དགོངས་པ་མཁའ་ལྟར་དག༔  དགོངས་བརྒྱུད་བྱིན་རླབས་མཁའ་འགྲོ་སྤྲིན་ལྟར་གཏིབས༔  ཐུགས་བརྒྱུད་རང་གྲོལ་མཆོག་གི་དངོས་གྲུབ་སྩོལ༔  མ་ཡི་སྔགས་རླུང་རྡོ་རྗེ་གསུམ་ {{TibChung|[12a]}}  གྱི་བཅུད༔  གསང་སྔགས་བཅུད་འདུས་མཁའ་འགྲོ་གྲངས་ལས་འདས༔  འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔  ཐུགས་དམ་བསྐུལ་ལོ་ཨ་མ་མཚོ་རྒྱལ་མ༔  ཐུགས་རྗེ་རྒྱུན་ཆད་མེད་པའི་དགོངས་པས་གཟིགས༔  འབྱུང་བཞི་ལུས་ཀྱི་གདོན་དང་བར་ཆད་སོལ༔  སྨྲ་སྒོ་ངག་ལ་སྔགས་ཀྱི་ནུས་པ་སྤོར༔  སེམས་ཉིད་ལྷན་སྐྱེས་ཡེ་ཤེས་རང་ངོ་ལ༔  ལྷག་མཐོང་རོག་ཅིག་མཆོག་གི་རྟོགས་བ་སྤོར༔  རྣལ་འབྱོར་བསམ་པའི་ཕྲིན་ལས་འགྲུབ་པར་མཛོད༔  {{TibChung|ཅེས་བསྐུལ།  གསུམ་པ་གཏོར་མ་གཏོང་བ་ནི།  ཆད་མདོའི་གཏོར་མར་སྨན་རཀ་བྲན་ཅིང་།}} ཨོཾ་ཨཱཿ་ཧཱུྃ་{{TibChung|གིས་བདུད་རྩིར་སྤེལ་ལ།}} ཧཱུྃ༔  དང་པོ་ཀ་དག་སོ་མའི་རྟོག་པ་ལ༔  རྣམ་རྟོག་གཉིས་འཛིན་ལྷ་འདྲེ་ཆགས་སྡང་གིས༔  དྲན་རྫི་རང་རིག་ཡེ་ཤེས་སྤྱན་སྔ་རུ༔  རྟོག་ཚོགས་རེ་དོགས་བསྒྲལ་བར་མ་ཆད་དམ༔  རང་གྲོལ་སྐྱེ་མེད་གཏོར་མ་འདི་བཞེས་ལ༔  རྣམ་རྟོག་རྐུན་བུ་བསྒྲལ་བའི་ཕྲིན་ལས་མཛོད༔  ཧཱུྃ༔  དེ་འོག་ཞི་ལྷག་བདེ་གསལ་དུར་ཁྲོད་དུ༔  ཐེ་ཚོམ་ལྟེང་པོའི་ཞི་གནས་ལྷ་འདྲེ་ཡིས༔  གཉན་པོ་རང་གྲོལ་སློབ་དཔོན་སྤྱན་སྔ་རུ༔  གོལ་ས་ཤོར་ས་སྒྲོལ་བར་མ་ཆད་དམ༔  ངོ་མཐོང་རྩེ་གཅིག་གཏོར་མ་འདི་ {{TibChung|[12b]}}  བཞེས་ལ༔  རྣམ་རྟོག་ཆོས་སྐུར་གྲོལ་བའི་ཕྲིན་ལས་མཛོད༔  ཧཱུྃ༔  དེ་འོག་ཐ་མ་སྤྲོས་བྲལ་ཕོ་བྲང་དུ༔  སྟོང་འབྱམས་རྟག་ཆད་ཐེར་ཟུག་ལྷ་འདྲེ་ཡིས༔  སྐྱེ་མེད་འགག་མེད་བླ་མའི་སྤྱན་སྔ་རུ༔  བརྗེད་སྐབས་ཡེངས་སྐབས་བསྒྲལ་བར་མ་ཆད་དམ༔  ཤར་གྲོལ་དུས་མཉམ་གཏོར་མ་འདི་བཞེས་ལ༔  བསྒོམ་མེད་བློ་འདས་འགྲུབ་པའི་ཕྲིན་ལས་མཛོད༔  ཧཱུྃ༔  ཀུན་རྫོབ་ལྟར་སྣང་བླ་མའི་དཀྱིལ་འཁོར་འདིར༔  རྟེན་འབྲེལ་རྒྱུ་རྐྱེན་སྲུང་མ་དམ་ཅན་གྱིས༔  མོས་པའི་བློས་བཟུང་རྣམ་འབྱོར་སྒྱུ་མ་ཡིས༔  བྱང་ཆུབ་སྒྲུབ་པའི་བར་ཆད་ཐམས་ཅད་སྒྲོལ༔  མཚན་མ་དམིགས་གཏད་རྫས་ཀྱི་གཏོར་མ་བཞེས༔  སྔོན་ལས་འཕྲལ་རྐྱེན་ཐོགས་བཅས་བདུད་རིགས་སྒྲོལ༔  སརྦ་ཌཱ་ཀི་ནཱི་བ་ལིང་ཏ་ཁཱ་ཧི༔  {{TibChung|གཏོར་གཞོང་བཤལ་བའི་སྨན་ཕུད་ཀྱིས་བརྟན་མའི་གཏོར་མར་བྲན་པས་བརླབས་ཏེ།}} ཧོཿ    བོད་ཀྱི་གནས་བདག་བརྟན་མ་བཅུ་གཉིས་པོ༔  ཚུར་གཤེགས་ཚུར་བྱོན་བཀའ་ཡི་གཏོར་ཆུ་བཞེས༔  སློབ་དཔོན་པད་འབྱུང་ཡབ་ཡུམ་བཀའ་བཞིན་དུ༔  བོད་ཁམས་དཀར་པོའི་ཆོས་སུ་བཀོད་པ་དང་༔  ཟབ་མོ་གསང་སྔགས་བསྟན་པ་རྒྱས་པ་དང་༔  རྟག་ཆད་བདུད་དང་འགོང་པོ་སྤུན་དགུ་སྒྲོལ༔    {{TibChung|[13a]}}  ནད་མཚོན་མུ་གེ་རྒྱ་འདྲེ་དམ་ཉམས་ཟློག༔  རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔  མ་མ་ཧྲིཾ་ཧྲིཾ་ཨི་དཾ་བ་ལིང་ཏ་ཁཱ་ཧི༔  {{TibChung|ཞེས་འབུལ།  གཏོར་གཞོང་ཁ་སྦུབས་པ་རི་རབ་ཏུ་གསལ་བའི་འོག་ཏུ་དགྲ་བགེགས་མནན་པར་བསམ་ལ་རྡོ་རྗེའི་རྒྱས་གདབ་ཅིང་།}} ཧཱུྃ༔  མཁའ་འགྲོ་གྲུ་གསུམ་འབར་བའི་བྲོ་ར་ལ༔  ཡེ་ཤེས་ལས་གྲུབ་མཁའ་འགྲོས་བྲོ་བརྡུངས་པས༔  ཉོན་མོངས་དུག་ལྔ་མ་རིག་ལོག་རྟོག་བཅོམ༔  རང་རིག་ཡེ་ཤེས་མངོན་གྱུར་ཆོ་ག་རྫོགས༔  རྣམ་རྟོག་འཁོར་བའི་བག་ཆགས་མ་ལུས་ནོན༔  ཨོཾ་ལཾ་ཧཱུྃ་ལཾ༔  མཱ་ར་ཡ་ནན་སྭཱ་ཧཱ༔  {{TibChung|ཞེས་བྲོ་བརྡུང་།  བཞི་པ་དངོས་གྲུབ་བླང་བ་ནི།  གཏོར་མ་ལྷར་གསལ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རང་ལ་ཐོབ་པར་བསམ་ཞིང་།}} ཨོཾ་ཨཱཿཧཱུྃ༔  ཨ་མ་མཚོ་རྒྱལ་དངོས་གྲུབ་ཀུན་གྱི་གཞི༔  གསང་སྔགས་སྡོང་པོ་ཆོས་ཀྱི་འབྱུང་གནས་མ༔  སྐུ་ཡི་དངོས་གྲུབ་བུ་ཡི་ལུས་ལ་སྩོལ༔  འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔  གསུང་གི་དངོས་གྲུབ་བུ་ཡི་ངག་ལ་སྩོལ༔  སྔགས་རླུང་རྩལ་རྫོགས་གྲུབ་པ་ཐོབ་པར་མཛོད༔  ཐུགས་ཀྱི་དངོས་གྲུབ་བུ་ཡི་སེམས་ལ་སྩོལ༔  ཉམས་རྟོགས་རྩལ་རྫོགས་འཇའ་ལུས་ཐོབ་པར་མཛོད༔  ཀཱ་ཡ་སིདྡྷི་ཨོཾ༔  ཝཱ་ཀ་སིདྡྷི་ {{TibChung|[13b]}}  ཨཱཿ  ཙིཏྟ་སིདྡྷི་ཧཱུྃ༔  {{TibChung|ཞེས་དངོས་གྲུབ་བླངས།  ལྔ་པ་ནོངས་པ་བཤགས་པ་ནི།  གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས།}} མཁའ་འགྲོ་སྐུ་ཡི་དམ་ཚིག་ཉམས་གྱུར་ན༔  བརྩེ་གདུང་མོས་གུས་ཚད་མེད་འདི་ཡིས་བཤགས༔  མཁའ་འགྲོ་གསུང་གི་དམ་ཚིག་ཉམས་གྱུར་ན༔  བསྐྱེད་རྗོགས་བསྙེན་སྒྲུབ་ལས་སྦྱོར་འདི་ཡིས་བཤགས༔  མཁའ་འགྲོ་ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན༔  ཚོགས་གཏོར་ཆོ་ག་གཏོར་མཆོད་འདི་ཡིས་བཤགས༔  མཁའ་འགྲོ་ཡན་ལག་དམ་ཚིག་ཉམས་གྱུར་ན༔  དམ་རྫས་ཕྱི་ནང་གསང་རྟེན་འདི་ཡིས་བཤགས༔  བྱང་ཞིང་དག་ནས་ཚངས་ཏེ་དངོས་གྲུབ་སྩོལ༔  {{TibChung|ཞེས་དང་།  ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་རྣམས་ལན་གསུམ་རེ་བཟླ།  དྲུག་པ་དཀྱིལ་འཁོར་བསྡུ་བ་ནི།  ཚོགས་མགྲོན་སོགས་རྟེན་ཡོད་ན་བརྟན་བཞུགས་དང་།  མེད་ན་གཤེགས་སུ་གསོལ།  དམ་ཚིག་གི་འཁོར་ལོ།}} ཧོཿ    ཆོས་ཀུན་སྒྱུ་མའི་རང་བཞིན་ལ༔  སྣང་ཡང་བདེན་པར་མ་གྲུབ་ཏེ༔  མེད་བཞིན་ཤར་བའི་དཀྱིལ་འཁོར་ལྷ༔  མཐའ་ནས་དབུས་སུ་ཨ་རུ་གྱུར༔  ཨ་ཡང་དམིགས་མེད་དབྱིངས་སུ་ཡལ༔  དབྱིངས་རིག་རྡོ་རྗེ་ལུ་གུ་རྒྱུད༔  ཐིག་ལེ་ཉག་གཅིག་ཟག་མེད་རྒྱས༔  འཁོར་འདས་ཀ་དག་ཀློང་དུ་མུ༔    {{TibChung|[14a]}}  བཛྲ་ཨཿ    {{TibChung|ཞེས་འོད་གསལ་བདེ་བ་ཆེན་པོའི་ངང་དུ་མཉམ་པར་བཞག  །སླར་ཡང་སྣང་གྲགས་རྟོག་ཚོགས་མཁའ་འགྲོའི་གསང་བ་གསུམ་དུ་བལྟས་ཏེ་རྒྱུན་གྱི་སྤྱོད་ལམ་ལ་འཇུག  །བདུན་པ་བསྔོ་སྨོན་དང་ཤིས་པ་བརྗོད་པ་ནི།}} ཧོཿ      དགེ་བ་འདི་དང་དགེ་བ་གཞན༔  མ་ལུས་གཅིག་ཏུ་བསྡུས་ནས་ནི༔  མཁའ་མཉམ་འགྲོ་བ་ཀུན་ལ་བསྔོ༔  བདག་གཞན་འགྲོ་བ་མ་ལུས་ཀུན༔  ས་བཅུ་འདས་པའི་ས་ནོན་ཅིང་༔  ལམ་ལྔ་བགྲོད་ཅིང་དུག་ལྔ་དག༔  ཡེ་ཤེས་ལྔ་ལྡན་མཁའ་འགྲོ་དང་༔  གཉིས་མེད་སྐལ་བ་མཉམ་པར་ཤོག༔  {{TibChung|ཅེས་དགེ་བ་བསྔོ་ཞིང་སྨོན་ལམ་གྱི་རྒྱས་གདབ།  མེ་ཏོག་གི་ཆར་དབབ་ལ།}} ཨེ་མ་ཧོཿ      ས་བཅུ་བགྲོད་པ་ཀུན་གྱི་གཙོ༔  སངས་རྒྱས་བྱང་སེམས་བཀྲ་ཤིས་ཤོག༔  བྱིན་རླབས་དངོས་གྲུབ་ཕྲིན་ལས་མྱུར༔  རྩ་བ་གསུམ་གྱི་བཀྲ་ཤིས་ཤོག ༔  ཞིང་བཅུ་སྒྲོལ་བའི་མཐུ་དང་ལྡན༔  དམ་ཅན་ཆོས་སྐྱོང་བཀྲ་ཤིས་ཤོག༔  གསང་སྔགས་ཐེག་ཆེན་འབྲུག་སྒྲ་སྒྲོགས༔  དམ་ཆོས་སྙན་བརྒྱུད་བཀྲ་ཤིས་ཤོག༔  བསླབ་གསུམ་དམ་ལྡན་ལམ་ལྔ་བགྲོད༔  དགེ་འདུན་མཆེད་ལྕམ་བཀྲ་ཤིས་ཤོག༔  {{TibChung|ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ།  །ཌཱ་ཀིའི་སྒྲུབ་ཐབས་བསམ་ལས་འདས་བཞུགས་ཀྱང་།  །}}  {{TibChung|[14b]}}  ཞག་བདུན་བསྒྲུབས་པས་མཁའ་སྤྱོད་ལ་སྐྱེལ་བའི།  །སྔོན་མེད་ངོ་མཚར་ཟབ་གསང་བཅུད་འདུས་པ།  །མཁའ་འགྲོའི་ཁ་རླངས་མ་ཡལ་འདི་ཁོ་ན།  །འདིས་ཀྱང་ཟག་མེད་དགའ་བཞིས་རྩེན་པའི་གནས།  །རྡོ་རྗེ་བཙུན་མོའི་གྲོང་ཁྱེར་ཉམས་དགའ་བར།  །ལྷན་སྐྱེས་མཛེས་མས་བདག་སོགས་མདུན་བསུས་ཏེ།  །ཧེ་རུ་ཀ་དང་ལྷན་ཅིག་གར་བྱེད་ཤོག  །{{TibChung|དེ་ལྟར་རིག་འཛིན་ཆེན་པོ་སྟག་ཤམ་ནུས་ལྡན་རྡོ་རྗེའི་གཏེར་བྱོན་ཟབ་མོ་གསང་བ་ཡོངས་འདུས་ཀྱི་མཁའ་འགྲོ་སྤྲུལ་སྐུའི་སྙིང་ཐིག་གི་ཚོགས་མཆོད་ལས་བྱང་ཁྲིགས་སུ་བསྡེབས་པ་པདྨ་འོད་དུ་བགྲོད་པའི་ཤིང་རྟ་ཞེས་བྱ་བ་འདི་ནི།  ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་བཅུ་གསུམ་པ་དཔལ་ལྡན་མིའི་དབང་པོ་ཚེ་རིང་དཔལ་འབྱོར་གྱི་བཀའ་ལུང་གུས་པས་མཆོད་དེ།  རྩ་བའི་གཞུང་ལས་སྐབས་སུ་བབས་པའི་ཁ་སྐོང་དུ་འོན་པ་རྣམ་རིགས་མཐུན་གྱི་གཏེར་ཁ་ལས་བླངས་ཤིང་རྒྱུན་གྱི་ཉོན་བཞེས་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་ལྔར་སོན་པ་འབྲུ་མང་ལོའི་ཆོ་འཕྲུལ་ཟླ་བའི་ཤེར་ཕྱོགས་ཀྱི་ཉེར་དགུ་མཁའ་འགྲོ་འདུ་བའི་དུས་བཟང་པོ་ལ་གྲུབ་པར་བགྱིས་པ་ལས།  ཡི་གེ་པ་ནི་རིག་བྱེད་སྨྲ་བ་དགེ་སྦྱོང་ཐུབ་བསྟན་རྒྱལ་མཚན་གྱིས་བགྱིས་པའོ།  །འདིས་ཀྱང་འགྲོ་བ་ཐམས་ཅད་མཁའ་ལ་སྤྱོད་པའི་ཞིང་དུ་དབུགས་འབྱིན་པའི་རྒྱུར་གྱུར་ཅིག    །སརྦ་དཱ་མངྒ་ལཾ།།}} }}
༄༅།  །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ།  ཆོས་ཀུན་འབྱུང་གནས་རྡོ་རྗེ་བཙུན་མོའི་མཁའ།  །རྣམ་འགྱུར་ལྷན་སྐྱེས་མཛེས་མའི་སྒྱུ་ཐབས་ཀྱིས།  །སྐལ་བཟང་བདེ་ཆེན་གནས་ལ་སྦྱོར་མཛད་པ།  །དབྱིངས་ཕྱུག་པདྨའི་ལྕམ་དེས་བདག་སྐྱོངས་ཤིག  །གང་གི་སྒྲུབས་ཐབས་སྙིང་པོའི་ལམ་བཟང་ལ།  །བརྟེན་ཏེ་མཁའ་སྤྱོད་པདྨ་འོད་ཞིང་དུ།  །མྱུར་བདེར་བགྲོད་པའི་མན་ངག་ཆོ་གའི་ཁྲིགས།  །སྔོན་མེད་ཤིང་རྟ་བཟང་པོ་འདི་ན་འདྲེན།  །{{TibChung|དེའང་ཌཱ་ཀི་འབུལ་གྱི་ཡང་སྙིང་གཏེར་ཁ་གཞན་ལས་ཁྱད་པར་དུ་འཕགས་པ་ཞག་བདུན་བསྒོམ་པས་མཁའ་སྤྱོད་དུ་སྐྱེལ་བར་བྱེད་པའི་མཁའ་འགྲོ་སྤྲུལ་སྐུའི་སྙིང་ཐིག་ཟབ་གསང་ངོ་མཚར་རྨད་དུ་བྱུང་བ་འདི་ཉིད་ཀྱི་ཕྲིན་ལས་ཉམས་སུ་ལེན་པ་ལ་གསུམ།  སྦྱོར་བ།    {{TibChung|[2a]}}  དངོས་གཞི།  རྗེས་སོ།  །དང་པོ་ལའང་བྱ་བའི་སྦྱོར་བ་དང་།  ཆོ་གའི་སྦྱོར་བ་གཉིས་ཀྱི།  དང་པོ་ནི།  གུ་རུ་ཡབ་ཡུམ་གྱི་བྱིན་གྱིས་བརླབས་ཤིང་བཀྲ་ཤིས་ཉམས་དགའ་བའི་གནས་སུ་ཡར་མར་གྱི་ཚེས་བཅུ་སོགས་མཁའ་འགྲོ་འདུ་བའི་དུས་ཤིན་ཏུ་དགེ་བའི་ཚེ་སྒྲུབ་པའི་ཁང་པ་བྱི་དོར་བྱས་ལ་རྒྱན་གྱིས་བརྒྱན།  གུང་དུ་དྷཱ་ཀི་ནཱིའི་སྣང་བརྙན་སོགས་དམ་ཚིག་གི་རྟེན་ཁྱད་པར་ཅན་བཀྲམ་པའི་སྤྱན་སྔར་སྟེགས་བུ་ཁེབས་ལྡན་ལ་རིན་པོ་ཆེའི་པད་སྣོད་དུ་མཁའ་འགྲོའི་གཏོར་མ་ཟླུམ་པོ་པད་འདབ་བཞི་ལྡན་གྱི་ཕྱོགས་བཞིར་ཟླུམ་གཏོར་དཀར་པོ་བཞི།  མཚམས་བཞི་ཟུར་གསུམ་དམར་པོ་བཞི།  དེ་རྒྱབ་མཐེབ་ཀྱུ་བཞིས་བསྐོར་བ་རྒྱན་སྤྲོས་ཅན་དར་གདུགས་ཀྱིས་སྤྲས་པ་བཀོད།  དེའི་གཡས་སུ་སྨན་ཕུད།  གཡོན་དུ་རཀྟ།  མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་ཕྲེང་ཚར་དུ་བཤམ།  གཞན་ཡང་སྔོན་གཏོར།  བཀའ་སྲུང་གི་གཏོར་མ།  ཚོགས་ {{TibChung|[2b]}}  ཀྱི་ཡོ་བྱད་སོགས་དང་།  རྡོ་རྗེ་དྲིལ་བུ།  ཐོད་པའི་རྡེའུ་ཆུང་།  རྐང་གི་གླིང་བུ།  གསུར་ཆེན་སྦྱར་བའི་སྤོས་སོགས་ཐུན་མོང་དང་ཁྱད་པར་གྱི་མཆོད་པ་མཁའ་འགྲོ་མཉེས་པའི་དམ་རྫས་སུ་འོས་པ་རྣམས་མ་ཚང་བ་མེད་པ་ལེགས་པར་བཤམ་མོ།  །གཉིས་པ་ཆོ་གའི་སྦྱོར་བ་ལ་གསུམ་ལས།  དང་པོ་བགེགས་བསྐྲད་ཅིང་མཚམས་བཅད་པ་ནི།}} རང་ཉིད་སྐད་ཅིག་གིས་བདུད་འདུལ་ཁྲོས་མ་འབར་བའི་ཉམས་དང་ལྡན་པའི་སྐུར་གྱུར་{{TibChung|པར་བསམ་ཞིང་བགེགས་ཀྱི་གཏོར་མ།}} རྃ་ཡྃ་ཁྃ་{{TibChung|གིས་བསང་སྦྱང་།}} སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་{{TibChung|བལྟས་ལ།}} ཨོཾ་ཨཱཿ་ཧཱུྃ་ཧོཿ    {{TibChung|ཞེས་བརླབས།}} སརྦ་བྷུ་ཏ་ཨཱ་ཀརྵཡ་ཛཿ{{TibChung|ས་མགྲོན་བཀུག  །}} སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱེ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིནྟེ་སྭཱ་ཧཱ།  {{TibChung|ཞེས་ལན་གསུམ་གྱིས་བསྡོས་ལ།}} ཧཱུྃ༔  དོན་དམ་སྐྱེ་བ་མེད་པ་ལས༔  རང་ཉིད་ཁྲོས་མིའི་དབང་མོ་ཆེ༔  འཁོར་འདས་ཀུན་ཀྱང་ང་ཡི་ཞིང་།  མ་དག་བགེགས་རིགས་དབྱིངས་སུ་དེངས༔  ཧཱུྃ་ཧཱུྃ་ཧཱུྃ་ཀྲོ་དྷ་དྷཱ་ཀི་ནཱི་ཨ་ཕཊ༔  {{TibChung|ཅེས་དྲག་སྔགས་གུ་གུལ་ཡུངས་ཐུན་ཚམ་རྔམས་དང་བཅས་པས་བསྐྲད་ལ།}} ཧཱུྃ༔  སྟོང་གསལ་ཕྱག་རྒྱ་ཆེན་པོ་ནི༔  སྐྱེ་མེད་འགག་མེད་ཤར་གྲོལ་མཉམ༔  སྟོང་ཉིད་རྡོ་རྗེའི་གུར་ཁང་དུ༔  བགེགས་ {{TibChung|[3a]}}  ཞེས་བར་ཆད་རྣམ་རྟོག་བྲལ༔  སྟོང་ཉིད་རོལ་པའི་མཚམས་བཅད་དོ༔  {{TibChung|ཅེས་མཚམས་བཅད།  གཉིས་པ་ཚོགས་བསགས་ཀྱི་རིམ་པ་ནི།}} མདུན་གྱི་ནམ་མཁར་བླ་མ་དང་།  །ཡེ་ཤེས་མཁའ་འགྲོ་དབྱེར་མེད་པ།  །ཕྱོགས་དུས་སྐྱབས་ཡུལ་ཀུན་འདུས་སྐུ།  །དགྱེས་པས་དགོངས་ཏེ་བཞུགས་པར་གྱུར།  {{TibChung|ཅེས་གསལ་བཏབ་ལ།}} སྐྱབས་གནས་དཀོན་མཆོག་ཀུན་འདུས་པའི༔  བླ་མ་མཆོག་ལ་སྐྱབས་སུ་མཆི༔  སྡིག་པ་ཐམས་ཅད་སོ་སོར་བཤགས༔  འགྲོ་དོན་བྱང་ཆུབ་སེམས་བསྐྱེད་དོ༔  {{TibChung|ཞེས་ལན་གསུམ་གྱི་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད།}} བླ་མ་ལྷ་དང་བཅས་པ་ལ༔  གུས་པའི་སྒོ་ནས་བདག་སྐྱབས་མཆི༔  མ་རིག་ལུས་དང་ངག་གིས་ནི༔  བསགས་པའི་སྡིག་པ་མ་ལུས་བཤགས༔  དགེ་བ་མ་ལུས་ཐམས་ཅད་ཀུན༔  འཕེལ་ཞིང་བསོད་ནམས་ཚོགས་གཉིས་རྫོགས༔  དུས་གསུམ་སངས་རྒྱས་བཅོམ་ལྡན་འདས༔  ཞུམ་པ་མི་མངའ་སྤོབས་པ་བསྐྱེད༔  ཆོས་འཁོར་བསྐོར་ཞིང་བརྟན་པར་བཞུགས༔  འགྲོ་བའི་དོན་མཛད་འཕགས་པའི་ཚོགས༔  སེམས་ཅན་བདེ་མཛད་རྗེས་ཡི་རང་༔  དགེ་བ་མ་ལུས་གང་བསགས་པ༔  མ་གྱུར་འགྲོ་བའི་དོན་དུ་བསྔོ༔  བསྔོ་བ་བླ་མེད་རྒྱ་ཆེན་གྱིས༔  ཐམས་ {{TibChung|[3b]}}  ཅད་སངས་རྒྱས་མྱུར་འགྲུབ་ཤོག༔  {{TibChung|ཅེས་ཡན་ལག་བདུན་པས་ཚོགས་བསགས།}} ཨ་མ་ཡེ་ཤེས་མཁའ་འགྲོ་མ༔  མི་མངོན་དབྱིངས་ནས་བུ་ལ་གཟིགས༔  བུ་གདུང་མ་ལ་གསོལ་བ་འདེབས༔  མ་ཡིས་བྱིན་རློབས་ཡེ་ཤེས་ཕོབ༔  གདུང་བའི་བུ་ཡི་གདུང་བ་སེལ༔  མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔  ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཌཱ་ཀི་ནཱི་སྭཱ་ཧཱ༔  {{TibChung|ཞེས་གསོལ་འདེབས་ཀྱི་བསྙེན་བ་ཅི་ནུས་བཟླས་མཐར།  །}} བླ་མ་མཁའ་འགྲོའི་གནས་བཞི་ནས༔  འོད་ཟེར་དཀར་དམར་མཐིང་ལྗང་འཕྲོས༔  རང་གི་གནས་བཞིར་ཐིམ་པ་ཡིས༔  སྒྲིབ་བཞི་དག་ནས་དབང་བཞི་ཐོབ༔  བླ་མ་རང་ཐིམ་དབྱེར་མེད་པར༔  བདེ་ཆེན་འོད་གསལ་ངང་དུ་གྱུར༔  {{TibChung|ཅེས་དབང་བླངས་ཏེ་ཐུགས་ཡིད་བསྲེས་ལ་མཉམ་པར་བཞག  །གསུམ་པ་མཆོད་རྫས་བྱིན་རླབས་ནི།}} རྃ་ཡྃ་ཁྃ༔  སྣོད་བཅུད་ཡེ་ནས་རྣམ་པར་དག༔  ཕྱི་ནང་གསང་བ་ལྷུན་གྱིས་གྲུབ༔  ཡེ་ཤེས་གསུམ་གྱིས་རྣམ་པར་སྦྱངས༔  ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན༔  ཡེ་ཤེས་ལྔ་ཡི་བདུད་རྩིའི་བཅུད༔  བདེ་བ་ཐིག་ལེ་དམར་ཆེན་པོ༔  སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔  གཏོར་མ་འདོད་པའི་ཡོན་ཏན་ལྔ༔  ཐབས་ཤེས་ཏན་ག་ཎའི་ཚོགས༔  རབ་འབྱམས་ནམ་མཁའ་གང་བར་གྱུར༔  ཨོཾ་བཛྲ་ཨརྒྷཾ་{{TibChung|སོགས།}} ཤཔྡ་ཨཱཿཧཱུྃ༔    {{TibChung|[4a]}}  ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཥྛ༔  ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཥྛ༔  ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཥྛ༔  {{TibChung|ཞེས་བྱིན་བརླབ་བོ།  །གཉིས་པ་དངོས་གཞིའི་ལས་རིམ་ལ་བདུན་ལས།  དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི།}} ཨ༔  གདོད་ནས་རྣམ་དག་ཡུམ་གྱི་དབྱིངས༔  ཀུན་ཏུ་བཟང་མོ་ཀུན་ལ་ཁྱབ༔  འོད་གསལ་སྙིང་རྗེས་དཔྱད་པའི་མདངས༔  རང་སེམས་ཨ་མ་འོད་དཀྱིལ་ལེ༔  བདེ་ཆེན་འབར་བའི་ཆོ་འཕྲུལ་ལས༔  འབྱུང་བ་རིམ་བརྩེགས་རི་རབ་སྟེང་༔  བྷྲཱུྃ་ལས་ཡེ་ཤེས་གཞལ་ཡས་ཁང་༔  ངོ་མཚར་རྒྱན་དང་བཀོད་པ་རྫོགས༔  དགའ་བ་བཞི་ཡི་འཇའ་ཟེར་ཀློང་༔  ལྷན་སྐྱེས་འོད་ལྔའི་ཐིག་ལེར་འཁྱིལ༔  དུ་མ་རོ་གཅིག་མུ་ཁྱུད་ཟླུམ༔  ཕྱི་ནང་ཀུན་ཁྱབ་བདེ་དྲོད་འབར༔  དེ་དབུས་པདྨ་ཉི་ཟླའི་སྟེང་༔  ཨ་མ་འོད་ཀྱི་འཕྲོ་འདུ་ལས༔  འཕགས་མཆོད་འགྲོ་དོན་མཐར་ཕྱིན་བྱས༔  ཚུར་འདུས་ཨ་ལས་ཨཱ་ལི་དཀར༔  མ་ལས་ཀཱ་ལི་དམར་པོ་འཁོར༔  གཉིས་མེད་ཞུན་ལས་ཧ་རི་ནིས༔  གནས་གྱུར་ཨ་མ་མཚོ་རྒྱལ་མ༔  རྒྱལ་མོ་གཞོན་ནུ་ལོ་བརྒྱད་ཚུལ༔  པདྨའི་མདངས་ལྟར་དཀར་དམར་བརྗིད༔  ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས༔  གཡོན་ {{TibChung|[4b]}}  པས་བྷནྡྷ་ཚེ་བུམ་འཛིན༔  དབུ་སྐྲ་ལྕང་ལོ་མཛེས་པའི་ཆས༔  རྩེ་མོ་ནོར་བུ་འབར་བ་ལ༔  རྐེད་པ་མུ་ཏིག་པདྨས་དཀྲིས༔  ལྷག་མ་ཐུར་གྲོལ་སྐུ་རྒྱབ་ནོན༔  རིན་ཆེན་སྣ་ཚོགས་ཟར་བུ་བསིལ༔  སྙན་རྒྱན་མགུལ་རྒྱན་སེ་མོ་དོ༔  དར་ཟབ་དགུ་བརྩེགས་འདུང་མ་ལ༔  རིན་ཆེན་སྣ་ཚོགས་ཟར་བུ་དང་༔  བྲོ་མ་ཚར་མུ་ཏིག་ཆུན་པོས་སྤྲས༔  གཡེར་ཁ་དྲིལ་བུ་གསེར་གཡུའི་ཕྲ༔  བལྟ་བས་མི་ངོམ་དགའ་བཞིའི་མདངས༔  སྐྱིལ་ཀྲུང་པདྨའི་གདན་ལ་བཞུགས༔  སྤྱི་བོར་གུ་རུ་པདྨ་འབྱུང་༔  དཀར་དམར་རས་དཀར་ན་བཟའ་ཅན༔  རྡོ་རྗེ་ཐོད་པ་ཁ་ཊཱཾ་བསྣམས༔  ཐོར་ཚུགས་རུས་རྒྱན་ལྡན་པར་བསམ༔  ཤར་དུ་རྡོ་རྗེ་མཚོ་རྒྱལ་དཀར༔  རྡོ་རྗེ་བྷནྡྷ་བུམ་པ་བསྣམས༔  ལྷོ་རུ་རིན་ཆེན་མཚོ་རྒྱལ་སེར༔  རིན་ཆེན་བྷནྡྷ་བུམ་པ་བསྣམས༔  ནུབ་ཏུ་པདྨ་མཚོ་རྒྱལ་དམར༔  པད་སྡོང་བྷནྡྷ་བུམ་པ་བསྣམས༔  བྱང་དུ་ཀརྨ་མཚོ་རྒྱལ་ལྗང་༔  ཕུར་བུ་བྷནྡྷ་བུམ་པ་བསྣམས༔  ཐམས་ཅད་ཆ་ལུགས་རྒྱན་ཆ་བཅས༔  གཙོ་མོ་ཡུམ་དང་གཉིས་མེད་གསལ༔  ཤར་ལྷོ་རྡོ་རྗེ་བདུད་འདུལ་མ༔  ཁྲོ་མོ་མཐིང་ནག་རུས་པས་བརྒྱན༔  ལྷོ་ནུབ་རིན་ཆེན་བདུད་འདུལ་མ༔  ཁྲོ་མོ་སེར་ {{TibChung|[5a]}}  གསལ་རུས་པས་བརྒྱན༔  ནུབ་བྱང་པདྨ་བདུད་འདུལ་མ༔  ཁྲོ་མོ་དམར་སྨུག་རུས་པས་བརྒྱན༔  བྱང་ཤར་ཀརྨ་བདུད་འདུལ་མ༔  ཁྲོ་མོ་ལྗང་ནག་རུས་པས་བརྒྱན༔  ཐམས་ཅད་དུར་ཁྲོད་ཆོས་ཀྱིས་སྒེགས༔  བརྐྱང་བསྐུམ་འགྱིང་བག་མེ་དཔུང་དབུས༔  གར་ལྡན་པད་ཉི་རོ་ལ་བཞུགས༔  སྒོ་བཞིར་སེང་གདོང་རིགས་བཞི་གསལ༔  ཐམས་ཅད་དཀར་སེར་དམར་ལྗང་ལ༔  གྲི་ཐོད་ཕྱག་རྒྱ་བཞི་དང་ལྡན༔  སྲུང་འཁོར་སྒོ་མཚམས་ལས་བྱེད་བསྒོམ༔  གཙོ་མོ་ཨ་ཡིག་འོད་ཟེར་ལས༔  རང་བཞིན་དབྱིངས་ནས་སྤྱན་དྲངས་གྱུར༔  {{TibChung|ཅེས་གསལ་གདབ།  གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི།  སྤོས་བཏུལ་ཞིང་ཐོད་རྔ་སོགས་རོལ་མོའི་སྒྲ་དང་སྙན་པའི་དབྱངས་ཀྱིས་བསྐུལ་ཏེ།}} ཧྲཱིཿ   ཨ་མ་ཡེ་ཤེས་མཁའ་འགྲོ་མ༔  སྔོན་ཚེ་ཐུགས་བསྐྱེད་སྨོན་ལམ་མཐུས༔  བོད་ཁམས་ཀུན་གྱི་མ་རུ་སྤྲུལ༔  ད་ལྟ་གདུང་བའི་བུ་རྣམས་ལ༔  ཐུགས་རྗེའི་སྤྱན་རས་ཡངས་པས་གཟིགས༔  བོད་ཁམས་འཛམ་གླིང་སེམས་ཅན་རྣམས༔  སྐྱབས་མེད་བདུད་དང་འདྲེ་ཡིས་འཚེ༔  སྡུག་བསྔལ་ཉམ་ཐག་སྡིག་པས་མནར༔  ནད་དང་གདོན་གྱིས་བར་བཅད་ནས༔  ཆོས་ {{TibChung|[5b]}}  ལ་བསྒྲུབ་ལོང་མ་མཆིས་ཚེ༔  བྱམས་པའི་སེམས་ཀྱིས་བདག་ལ་གཟིགས༔  བརྩེ་བའི་དགོངས་པས་གནས་འདིར་གཤེགས༔  ཨ་མ་སྐུ་ཡི་བྱིན་རླབས་ཀྱིས༔  བདག་ལུས་བུམ་པའི་དབང་བསྐུར་ལ༔  སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ༔  གསུང་གི་ལུང་སྟོན་གདམས་པ་སྩོལ༔  ངག་ལ་གསང་བའི་དབང་བསྐུར་ལ༔  གསུང་གི་བྱིན་གྱིས་བརླབ་ཏུ་གསོལ༔  ཐུགས་ཀྱི་དགོངས་པའི་སྒོ་ཕྱེ་ལ༔  སེམས་ལ་ཤེས་རབ་ཡེ་ཤེས་བསྐུར༔  ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔  ཡོན་ཏན་ཕྲིན་ལས་ནུས་པ་ཡིས༔  སྒོ་གསུམ་ཚིག་གི་དབང་བསྐུར་ལ༔  རོ་གཅིག་རྟོགས་པའི་ཡེ་ཤེས་བསྐྱེད༔  ཨ་མ་ཧ་རི་ནི་ས༔  ས་མ་ཡ་ཛཿཧཱུྃ་བཾ་ཧོཿ      ཨཱ་བེ་ཤ་ཡ་ཧོཿ    {{TibChung|ཞེས་སྤྱན་དྲངས།  གསུམ་པ་བཞུགས་སུ་གསོལ་བ་ནི།}} ཨེ་མ་ཨ་མ་བྱོན་པ་ལེགས༔  ཡིད་ཀྱི་མཆོད་ཡོན་བཞེས་སླད་དུ༔  གསང་བ་མཆོག་གི་དཀྱིལ་འཁོར་འདིར༔  པདྨ་འདབ་བརྒྱད་དར་ཟབ་འབོལ༔  རིན་ཆེན་ཁྲི་བཤམ་ཟླ་བའི་གདན༔  དགྱེས་པར་བཞུགས་ལ་བྱིན་གྱིས་རློབས༔  ཨ་མ་ཧ་རི་ནི་ས༔  ས་མ་ཡ༔  ཏིཥྛ་ལྷན༔  {{TibChung|བཞི་པ་ཕྱག་བྱ་བ་ནི།}} ཧོཿ    གསང་སྔགས་ཐེག་པ་ཆེན་པོ་ལ༔  སྔགས་ཀྱི་དངོས་གྲུབ་དམ་པ་གང་༔  འབྱུང་ {{TibChung|[6a]}}  བྱེད་མ་རྒྱུད་མཁའ་འགྲོ་ལ༔  གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔  ཌཱ་ཀི་ནཱི་ཛྙཱ་ན་ཨ་མ་ཧ་རི་ནི་ས༔  ཨ་ཏི་པུ་ ཧོཿ    པྲ་ཏཱིཙྪ་ ཧོཿ    {{TibChung|ལྔ་པ་མཆོད་པ་འབུལ་བ་ནི།}} ཨེ་མ་ཧོཿ    ཡིད་ཚོགས་ཀུན་བཟང་མཆོད་པའི་སྤྲིན༔  ནམ་མཁའི་མཐའ་ཀླས་ཡོངས་བཀང་སྟེ༔  བཟང་པོའི་ཆུ་སྣ་འདག་ཆལ་བདུན༔  ཁ་དོག་ལྔ་ལྡན་མེ་ཏོག་མཛེས༔  ཆུ་རླུང་གླ་རྩི་དྲི་བཟང་སྤོས༔  མདངས་ལྡན་འོད་མཆོག་གསལ་བའི་མེ༔  རྩི་དགུ་མདངས་ལྡན་བྱུག་པའི་ཆབ༔  རོ་བརྒྱ་ལྡན་པའི་ཞལ་ཟས་དང་༔  ཡིད་འོང་སྙན་པའི་རོལ་མོ་རྣམས༔  བླ་མ་མཁའ་འགྲོའི་ཚོགས་ལ་འབུལ༔  སྒོ་ལྔ་ཚིམ་པའི་གཟུགས་སྒྲ་དྲི༔  རེག་བྱ་ཆོས་བཅས་ལྷ་མི་ཡི༔  ལོངས་སྤྱོད་ཡོ་བྱད་སྣ་ཚོགས་འབུལ༔  ཐབས་མཆོག་ཡབ་ཆེན་སྐྱེད་པའི་རྒྱུ༔  ཤེས་རབ་ཡུམ་མཆོག་སྟོང་ཉིད་མཁའ༔  གཉིས་མེད་རོལ་པའི་བྱང་ཆུབ་སེམས༔  དགའ་བཞིའི་ཉམས་ཀྱིས་བརྒྱན་ཏེ་འབུལ༔  དམ་རྫས་བདུད་རྩི་ར་སཱ་ཡན༔  མདངས་ལྡན་ཨརྒྷཾ་རཀྟ་དམར༔  སྦྱོར་སྒྲོལ་གསང་སྔགས་གླུ་བྲོ་གར༔  ཏིང་འཛིན་སྒོམ་དང་ལྟ་བས་མཆོད༔  ཚོགས་ཀྱི་འཁོར་ལོ་བླ་མེད་རྒྱན༔  གཏོར་མ་ཡེ་ཤེས་ཕྱག་རྒྱ་འབར༔  ཕྱི་ནང་བཅུད་བསྡུས་ {{TibChung|[6b]}}  ལོངས་སྤྱོད་རྫོགས༔  རྒྱན་ལྡན་མཛེས་བག་སྤྲུལ་པའི་སྐུ༔  བདེ་སྟོང་ཟག་མེད་ཆོས་སྐུའི་གཞི༔  སྐུ་གསུམ་རྫོགས་ལྡན་གཏོར་མ་འདི༔  བླ་མ་མཁའ་འགྲོ་མཚོ་རྒྱལ་མ༔  བླ་མེད་རྡོ་རྗེའི་དཀྱིལ་འཁོར་ལྷ༔  རྩ་བ་གསུམ་གྱི་ཐུགས་དམ་བསྐང་༔  བདེ་སྟོང་ཟག་མེད་དངོས་གྲུབ་སྩོལ༔  ཨོཾ་ཨཱཿ་ཧཱུྃ་གུ་རུ་ཌཱ་ཀི་ནཱི་ཛྙཱ་ན་ཧ་རི་ནི་སཿཨརྒྷཾ༔  པཱདྱཾ༔  པུཥྤེ༔  དྷུ་པེ༔  ཨཱ་ལོ་ཀེ༔  གནྡྷེ༔  ནེ་ཝིདྱ༔  ཤཔྡ༔  རཱུ་པ༔  ཤཔྡ༔  སྤརྴེ༔  པཱུ་ཙ༔  དྷརྨ་༔  སརྦ་པཉྩ་ཨ་མྲྀ་ཏ་རསཱ༔  བ་ལིནྟ༔  རཀྟ༔  ཏ་ན༔  གྷ་ན་སརྦ་པཱུ་ཙ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔  {{TibChung|དྲུག་པ་བསྟོད་པ་ནི།}} ཨོཾ་འགྲུབ་པར་གྱུར་ཅིག་མཁའ་འགྲོའི་ཚོགས༔  ཨཱཿ  ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ༔  ཧཱུྃ༔  སྒེག་པའི་དཔའ་མོ་ཆོས་སྐུའི་ཡུམ༔  མ་རྡོ་རྗེ་ཕག་གདོང་མཚོ་རྒྱལ་མ༔  སྐུ་པདྨའི་མདངས་ལྟར་དཀར་དམར་མཚན༔  བཅུ་དྲུག་ཚུལ་ལ་གཞོན་ནུའི་ལུས༔  མཐོང་བས་དགའ་བཞི་བསྐྱེད་ལ་བསྟོད༔  ཞལ་འཛུམ་དུང་སོ་ཐག་བཟང་ལྟར༔  སྙིལ་དམར་པདྨ་གསར་པ་ལྟར༔  ལྗགས་མཉེན་ལེ་བརྒན་དར་དམར་འདྲ༔  གསུང་དབྱངས་དྲུག་ཅུར་ལྡན་ལ་བསྟོད༔  སྐུ་སྟོད་སེངྒེ་འགྱིངས་པ་འདྲ༔  རྐེད་པ་འདྲིལ་ལ་མཉེན་ལྕུག་ལྡན༔  སྐུ་སྨད་ {{TibChung|[7a]}}  སྐྱིལ་ཀྲུང་དུང་ལྟར་འཁྱིལ༔  བདེ་བ་ལོངས་སྤྱོད་རྫོགས་ལ་བསྟོད༔  ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས༔  གཡོན་པས་བྷནྡྷ་བུམ་པ་བསྣམས༔  ཐབས་དང་ཤེས་རབ་མངོན་དུ་གྱུར༔  བདེ་སྟོང་ཟག་པ་མེད་ལ་བསྟོད༔  བཙུན་མོའི་ཆ་ལུགས་འོད་སྟོང་འབར༔  རིན་ཆེན་དར་ཟབ་དུ་མས་བརྒྱན༔  ཕུན་སུམ་ཚོགས་པའི་ཕུལ་དུ་ཕྱིན༔  སྦྱིན་པའི་ཕ་རོལ་ཕྱིན་ལ་བསྟོད༔  གཙང་དང་རྨེ་བའི་རྟོག་པ་བྲལ༔  དགའ་དང་སྡུག་གཉིས་རོ་སྙོམས་ཞིང་།  ཡེ་ཤེས་དབྱིངས་ཀྱི་མཁའ་ལ་སྤྱོད༔  ཚུལ་ཁྲིམས་ཕ་རོལ་ཕྱིན་ལ་བསྟོད༔  བསྐལ་མང་ཆོས་ལ་བརྩོན་པ་ཡིས༔  ཐེག་དགུ་ཨ་ཏིའི་བཅུད་ལ་རོལ༔  ཚེ་གཅིག་ས་བཅུ་ལམ་ལྔ་བགྲོད༔  བརྩོན་འགྲུས་ཕ་རོལ་ཕྱིན་ལ་བསྟོད༔  སེམས་ཅན་ཐུགས་ཀྱི་ཀློང་དུ་རྟོགས༔  རྣམ་རྟོག་ཅན་ལ་མ་ལྟར་བརྩེ༔  མ་རིག་འགྲོ་བ་བུ་བཞིན་སྐྱོང་༔  བཟོད་པའི་ཕ་རོལ་ཕྱིན་ལ་བསྟོད༔  ཞི་གནས་བདེ་བའི་ལམ་ཆེན་ལ༔  ལྷག་མཐོང་རྟོགས་པའི་སྒྲོན་མེ་སྦར༔  རོ་གཅིག་རྟོགས་པའི་ཕུལ་དུ་ཕྱིན༔  བསམ་གཏན་ཕ་རོལ་ཕྱིན་ལ་བསྟོད༔  སྒོམ་མེད་རྫོགས་པ་ཆེན་པོ་ཤར༔  བྱ་བྲལ་ཆོས་སྐུའི་ཞིང་ལ་སྤྱོད༔  གདིང་བཞི་ {{TibChung|[7b]}}  འཇའ་ལུས་རྡོ་རྗེའི་སྐུ༔  ཤེས་རབ་ཕ་རོལ་ཕྱིན་ལ་བསྟོད༔  ཧཱུྃ༔  བདེ་སྟོང་རྡོ་རྗེ་མཚོ་རྒྱལ་མ༔  མེ་ལོང་ཆོས་སྐུ་རྡོ་རྗེའི་རྒྱན༔  ཚོར་སྟོང་རིན་ཆེན་མཚོ་རྒྱལ་མ༔  མཉམ་ཉིད་རིན་ཆེན་ལོངས་སྐུའི་རྒྱན༔  རིག་སྟོང་པདྨ་མཚོ་རྒྱལ་མ༔  སོར་རྟོག་པདྨ་སྤྲུལ་སྐུའི་རྒྱན༔  མྱང་སྟོང་ཀརྨ་མཚོ་རྒྱལ་མ༔  བྱ་གྲུབ་ཀརྨ་ངོ་བོའི་རྒྱན༔  སྐུ་བཞི་མཁའ་འགྲོ་མཚོ་རྒྱལ་བསྟོད༔  ཧཱུྃ༔  རྡོ་རྗེ་བདུད་འདུལ་ལྷ་བདུད་འཇོམས༔  རིན་ཆེན་བདུད་འདུལ་ཉོན་བདུད་འཇོམས༔  པདྨ་བདུད་འདུལ་ཕུལ་བདུད་འཇོམས༔  ཀརྨ་བདུད་འདུལ་འཆི་བདག་འཇོམས༔  བདུད་འདུལ་མཁའ་འགྲོ་བཞི་ལ་བསྟོད༔  ཧཱུྃ༔  བཛྲ་སེང་གདོང་འཇིགས་བརྒྱད་སེལ༔  རཏྣ་སེང་གདོང་འབྱོར་དྲུག་སྤེལ༔  པདྨ་སེང་གདོང་ཁམས་གསུམ་སྡུད༔  ཀརྨ་སེང་གདོང་དགྲ་བགེགས་འཇོམས༔  ལས་བཞི་མཁའ་འགྲོའི་ཚོགས་ལ་བསྟོད༔  ཧཱུྃ༔  ཡེ་ཤེས་མཚོ་རྒྱལ་མ་ཡི་ཚོགས༔  དུར་ཁྲོད་གནས་ཡུལ་མཁའ་འགྲོ་མ༔  ཡེ་ཤེས་ལས་ལས་གྲུབ་པ་ཡིས༔  མ་མོ་མཁའ་འགྲོའི་ཚོགས་ལ་བསྟོད༔  {{TibChung|བདུན་པ་ཛཔྲ་བཟླ་བ་ནི།}} ཐུགས་ཀར་པདྨ་འདབ་བཞི་པའི༔  ལྟེ་བར་ཨ་མ་དཀར་ {{TibChung|[8a]}}  དམར་བརྩེགས༔  འདབ་བཞིར་ཧ་རི་ནི་ས་གསལ༔  འོད་ཟེར་སྣང་བས་འཁོར་འདས་ཁྱབ༔  སངས་རྒྱས་མཛད་པ་ཐམས་ཅད་སྒྲུབ༔  བདེ་ཆེན་མཆོག་གི་ཡེ་ཤེས་བསྐྱེད༔  རབ་འབྱམས་ཕྲིན་ལས་ཀུན་འགྲུབ་གྱུར༔  {{TibChung|ཅེས་པའི་ཏིང་ངེ་འཛིན་ལ་ཡིད་རབ་ཏུ་གནས།}} ཨ་མ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཕཊ༔  {{TibChung|ཅེས་བཟླས་པའི་སྐྱོན་ཐམས་ཅད་སྤངས་ལ་རྩེ་གཅིག་ཏུ་བཟླ།  ཐུན་མཚམས་སུ་བབ་པ་ན།}} ཨོཾ་ཨཱཿཧཱུྃ་གུ་རུ་ཌཱ་ཀི་ནཱི་ཛྙཱ་ན་ཧ་རི་ནི་ས་ཨརྒྷཾ༔  པཱདྱཾ༔  པུཥྤེ༔  དྷུཔེ༔  ཨཱ་ལོ་ཀེ༔  གནྔྷེ༔  ནཻ་ཝིདྱ༔  ཤཔྡ༔  རཱུ་པ༔  ཤཔྡ༔  སྤ་རྴེ༔  པཱུ་ཙ༔  གནྔྷེ༔  དྷརྨ་སརྦ་པཉྩ་ཨ་མྲྀ་ཏ་ར་སཱ༔  བྷ་ལིཾ་ཏ༔  རཀྟ༔  ཏ་ན་ག་ཎ་སརྦ་པཱུ་ཙ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔  {{TibChung|ཞེས་མཆོད་ཅིང་།}} ཧོཿ    གསང་སྔགས་ཐེག་པ་ཆེན་པོ་ལ༔  སྔགས་ཀྱི་དངོས་གྲུབ་དམ་པ་གང་༔  འབྱུང་བྱེད་མ་རྒྱུད་མཁའ་འགྲོ་ལ༔  གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད༔  {{TibChung|ཅེས་བསྟོད་དོ།  །གསུམ་པ་རྗེས་ཀྱི་ལས་རིམ་ལ་བདུན་ལས།  དང་པོ་ཚོགས་ཀྱི་མཆོད་པ་ནི།  མཱཾ་ས་དང་ཛ་གད་སོགས་དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་ལེགས་པར་བཤམ་ལ༔  བདུད་རྩིས་བྲན་ཅིང་།}} བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔  རྃ་འཕྲོས་མེ་འབར་མ་དག་བསྲེགས༔  ཡྃ་ལས་རླུང་ {{TibChung|[8b]}}  འཕྲོས་གཏོར་ཞིང་བསངས༔  ཁྃ་ལས་ཆུ་འཕྲོས་བཀྲུས་ཤིང་སྦྱངས༔  རྃ་ཡྃ་ཁྃ༔  རང་ཉིད་ལྷར་གསལ་གནས་གསུམ་ནས༔  ཧཱུྃ་འཕྲོས་སྣོད་བཅུད་བཅུད་ཀུན་བསྡུས༔  ཨཱཿའཕྲོས་བདེ་གཤེགས་དངོས་གྲུབ་བསྟིམ༔  ཨོཾ་འཕྲོས་གཉིས་མེད་གཅིག་ཏུ་བསྲེས༔  རྣམ་དག་བདུད་རྩིའི་ཚོགས་མཆོད་རྣམས༔  འཛད་མེད་རོ་དྲུག་མཁའ་མཉམ་སྤེལ༔  རྩ་གསུམ་ཐུགས་དམ་སྐོང་བ་དང་༔  མགྲོན་གྱུར་འདོད་པ་ཚིམ་པར་གྱུར༔  ཨོཾ་ཨཱཿཧཱུྃ༔  {{TibChung|ཞེས་བྱིན་བརླབས།  ཚོགས་ཞིང་སྤྱན་དྲངས་པ་ནི།}} ཧཱུྃ༔  ཆོས་སྐུ་དག་པའི་ཕོ་བྲང་ནས༔  ཆོས་སྐུ་རྡོ་རྗེ་མཁའ་འགྲོ་ལ༔  དགོངས་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར༔  ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔  འོག་མིན་བདེ་ཆེན་ཕོ་བྲང་ནས༔  ལོངས་སྐུ་གསང་ཡེ་མཁའ་འགྲོ་ལ༔  བརྡ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར༔  ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔  ཨོ་རྒྱན་མཁའ་སྤྱོད་ཕོ་བྲང་ནས༔  སྤྲུལ་སྐུ་རིགས་ལྔའི་མཁའ་འགྲོ་ལ༔  སྙན་བརྒྱུད་མན་ངག་བླ་མས་བསྐོར༔  ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔  བོད་ཡུལ་སྒྲུབ་གནས་གངས་ཆེན་ནས༔  ཇོ་མོ་མཁའ་འགྲོ་མཚོ་རྒྱལ་ལ༔  མཁའ་ {{TibChung|[9a]}}  འགྲོ་གཏེར་བརྒྱུད་བླ་མས་བསྐོར༔  ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔  གནས་ཡུལ་དུར་ཁྲོད་ཐམས་ཅད་དུ༔  མངོན་བྱང་སྣ་ཚོགས་མཁའ་འགྲོ་ལ༔  བཀའ་བབས་ལུང་སྟོན་བླ་མས་བསྐོར༔  ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔  གསང་སྔགས་དཀྱིལ་འཁོར་ཆེན་པོ་ནས༔  མ་རྒྱུད་ཡེ་ཤེས་མཁའ་འགྲོ་མ༔  རྩ་གསུམ་ཆོས་སྐྱོང་དམ་ཅན་བསྐོར༔  ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔  ཨ་མ་གྲུབ་ཐོབ་མཚོ་རྒྱལ་མ༔  ཁྱོད་མཁའ་སྤྱོད་གནས་ནས་བྱོན་པའི་ཚེ༔  བྱིན་ཡ་མཚན་དངོས་གྲུབ་ཉི་ལི་ལི༔  སྐུ་གཟི་བརྗིད་པདྨོ་ཡ་ལ་ལ༔  གསུང་ཐེག་ཆེན་སྒྲ་སྐད་སི་ལི་ལི༔  ཐུགས་རོ་གཅིག་ཉམས་མྱོང་འུ་རུ་རུ༔  འཁོར་བཀའ་བརྒྱུད་བླ་མ་སྤུངས་སེ་སྤུང་༔  བྲན་མཁའ་འགྲོ་མ་ཚོགས་ཤ་ར་ར༔  ལྷ་ཡི་དམ་དཀྱིལ་འཁོར་ཤིགས་སེ་ཤིག༔  གཡོག་ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔  བདག་བུ་སློབ་རྣམས་ལ་དབང་བཞི་སྐུར༔  མཆེད་ལྕམ་དྲལ་རྣམས་ལ་རྟོགས་པ་སྤོར༔  ཡུལ་གནས་ཁང་འདི་ལ་བྱིན་ཆེན་ཕོབ༔  ཚོགས་དམ་རྫས་རྣམས་ལ་སིདྡྷི་བསྟིམ༔  ཆོས་བྱང་ཆུབ་སྒྲུབ་པའི་སྟོང་གྲོགས་མཛོད༔  རྐྱེན་ {{TibChung|[9b]}}  སྔོན་ལས་འཕྲལ་རྐྱེན་བར་ཆད་ཟློག༔  ཉམས་རྟོགས་པའི་ཡེ་ཤེས་མྱུར་དུ་སྤོར༔  ལུས་འཇའ་ལུས་འགྲུབ་པའི་ཕྲིན་ལས་མཛོད༔  ཨོཾ་གུ་རུ་ཌཱ་ཀི་ནཱི་ཛྙཱ་ན་ཨ་མ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཨེ་ཨ་ར་ལླི་ཕེཾ་ཕེཾ་ཛ་ཛ༔  ཛཿཧཱུྃ་བྃ་ཧོཿ    {{TibChung|ཞེས་སྤྱན་དྲངས་ཏེ།  ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་མཆོད་པ་ནི།}} ཧོཿ    ཚོགས་ཀྱི་མཆོད་པ་བླ་ན་མེད༔  གཟི་བརྗིད་དཔལ་ལྡན་དང་པོའི་ཕུད༔  འདོད་ཡོན་ལྔ་ཡིས་རབ་ཏུ་བརྒྱན༔  ཟག་མེད་བདུད་རྩི་སྤྲིན་ཕུང་གཏིབས༔  འཛད་མེད་གཏེར་གྱི་ལོངས་སྤྱོད་འདི༔  ཨ་མ་ཡེ་ཤེས་མཚོ་རྒྱལ་མ༔  གུ་རུ་རྩ་གསུམ་དམ་ཅན་མཆོད༔  མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔  ཨ་མ་ཧ་རི་ནི་ས་ག་ཎ་ཙཀྲ་པཱུ་ཙ་ཧོཿ    {{TibChung|བར་པ་བཤགས་པ་ནི།}} ཧོཿ    བླ་མ་མཁའ་འགྲོ་དགོངས་སུ་གསོལ༔  མ་རིག་བདག་རྨོངས་ཐ་མལ་བློས༔  དུག་ལྔའི་དབང་གྱུར་མི་དགེ་བཅུ༔  རྩ་བ་ཡན་ལག་དམ་ཚིག་དང་༔  བྱང་ཆུབ་སེམས་ཀྱི་བསླབ་བྱ་རྣམས༔  ཉམས་པར་གྱུར་པ་མི་དགེའི་ལས༔  མ་ལུས་ཐམས་ཅད་བཤགས་པར་བགྱི༔  ཨ་མ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཀཾ་ཀ་ནི་དུཿ    ཁ་ཐམས་ཅད་ཤུདྡྷེ་སྭཱཧཱ༔  {{TibChung|ཐ་མ་བསྒྲལ་བསྟབ་ནི།  ལིངྒ་ལོགས་སུ་བཅས་པ་མེད་ན་ཚོགས་ཟན་དེའི་འདོད་ཡོན་གྱི་ {{TibChung|[10a]}}  ལྷ་མོ་རང་ལ་བསྡུས་ཏེ།}} ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ  ཛཿཧཱུྃ་བཾ་ཧོཿ    {{TibChung|ཞེས་དམིགས་བྱ་དགུགས་བསྟིམ་བྱས་ལ།  ལས་ཕུར་གྱིས་གཟིར་ཞིང་།}} ཧཱུྃ༔  བདུད་འདུལ་ཡེ་ཤེས་མཁའ་འགྲོ་མ༔  མཐིང་ནག་རྔམས་བྱེད་སེང་གེའི་གདོང་༔  ཕྱག་གཡས་གྲི་གུག་ལྕགས་ཀྱུ་གདེངས༔  གཡོན་པས་ཕུར་བུ་ཐོད་སྣོད་འཆང་༔  སྐུ་སྨད་ཁྲོ་ཕུར་ཚྭ་ཚྭ་འཕྲོ༔  གནོད་བྱེད་གདོན་བགེགས་མ་རིག་བདུད༔  ལུས་ངག་ཡིད་གསུམ་སོ་སོར་བསྒྲལ༔  སྐུ་གསུམ་རྒྱལ་བའི་ཞིང་དུ་བཀོད༔  ང་བདག་བག་ཆགས་ཀ་ནས་དག༔  རིག་པ་ཡེ་ཤེས་དབྱིངས་སུ་ཕཊ༔  {{TibChung|ཅེས་དྭངས་མ་དབྱིངས་སུ་བསྒྲལ་བའི་སྙིགས་མ་བདུད་རྩིར་སྤེལ་ལ།}} ཧཱུྃ༔  བསྒྲལ་བའི་དུག་གསུམ་ཕུང་པོ་ཆེ༔  ཤ་ནི་ཆོས་སྐུ་མཁའ་འགྲོར་འབུལ༔  ཀ་དག་དབྱིངས་སུ་ད་རོལ་ཅིག༔  ༔  ཁྲག་ནི་ལོངས་སྐུ་མཁའ་འགྲོར་འབུལ༔  བདེ་སྟོང་ཟག་མེད་ད་རོལ་ཅིག༔  རུས་པ་སྤྲུལ་སྐུ་མཁའ་འགྲོར་འབུལ༔  བསྐྱེད་རྫོགས་དབྱེར་མེད་ད་རོལ་ཅིག༔  དུག་གསུམ་སྐུ་གསུམ་མཁའ་འགྲོ་མཆོད༔  དུག་ལྔ་རིགས་ལྔ་མཁའ་འགྲོས་རོལ༔  བདུད་བཞི་བདུད་འདུལ་སྡེ་བཞིས་རོལ༔  བག་ཆགས་གཉིས་འཛིན་དག་གྱུར་ཅིག༔  ཨ་མ་ཧ་རི་ནི་ས་ {{TibChung|[10b]}}  ཨ་ཀ་ས་མ་ར་ཙ་ཕཊ༔  {{TibChung|ཅེས་བསྟབ།  ཚོགས་ལ་རོལ་པ་ནི།  ལས་ཀྱི་རྡོ་རྗེས་གཙོ་བོ་ལ་ཕྱག་བཅས་ཐབས་ཤེས་ཀྱི་དམ་རྫས་བསྣོལ་མར་སྟོབ་ཅིང་།}} ཨེ་མ་ཧོཿ        གསང་སྔགས་ཐེག་ཆེན་སློབ་དཔོན་མཆོག༔  དམ་རྫས་ཤ་ལྔ་བདུད་རྩི་ལྔ༔  ཡན་ལག་ཉེར་ལྔའི་དམ་ཚིག་རྫས༔  ཚོགས་ཀྱི་འཁོར་ལོའི་རྒྱས་གདབ་འབུལ༔  {{TibChung|ཞེས་དྲང་།  ལེན་པ་པོས་ཕྱག་རྒྱ་གཡས་སུ་བསྐོར་ཞིང་།}} ཧོཿ    བླ་མེད་དམ་རྫས་ངོ་མཚར་ཆེ༔  དགའ་བཞི་མཁའ་འགྲོའི་དངོས་གྲུབ་འདི༔  ཟག་མེད་བདེ་བའི་རོ་ཡིས་ཚིམ༔  སྟོང་ཉིད་རོལ་པས་རྒྱས་གདབ་བོ༔  {{TibChung|ཞེས་བླངས།  འདུས་པ་པོ་རྣམས་ལའང་བྲིམ་སྟེ།}} སིདྡྷི་ས་མ་ཡ་ཨ་ལ་ལ་ཧོཿ    མ་ཧཱ་སུ་ཁ་ཨ་ཧོཿ    {{TibChung|ཞེས་ནང་གི་སྲེག་བླུག་ཏུ་ཚིམ་པར་ལོངས་སྤྱོད་པའི་མཐར།}} ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ།  །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས།  །བདག་གཞན་འགྲོ་བ་མ་ལུས་པ།  །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག  །{{TibChung|ཅེས་སྨོན་ལམ་གདབ།  ལྷག་མ་གཏོང་བ་ནི།  ཕུད་ལྷག་བསྲེས་བའི་ལྷག་གཏོར་ལ་བདུད་རྩིའི་ཞལ་ཆབ་སྦྲེད་ཞིང་།}} ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨདྱ་ནུཏྤན་ན་ཏོཏྟ་ཨོཾ་ཨཱཿཧཱུྃ༔  {{TibChung|ཞེས་བྱིན་བརླབས།}} ཧཱུྃ༔  དང་པོ་མ་བཅོས་སོ་མའི་ལྷག་མ་འདི༔  ཞི་གནས་བདེ་འབྱམས་ལྷག་མཐོང་གསལ་ {{TibChung|[11a]}}  བས་བཞེས༔  བར་དུ་སྣ་ཚོགས་རྟོག་པ་སྤུན་པོ་འདི༔  རྩེ་གཅིག་ངོ་མཐོང་ཤར་གྲོལ་ངང་དུ་བཞེས༔  ཐ་མ་སྤྲོས་བྲལ་ཀ་དག་ལྷག་མ་འདི༔  མཉམ་རྗེས་གཉིས་མེད་རོ་གཅིག་ཀློང་དུ་བཞེས༔  ལྷག་མ་བྱ་བྲལ་སྒོམ་མེད་ལྷག་མ་འདི༔  ཕུང་པོ་ལྷག་མེད་འཇའ་འོད་ཀློང་དུ་བཞེས༔  ཕཊ་ཨོཾ༔  ཕཊ་ཨཱཿ  ཕཊ་ཧཱུྃ༔  ཕཊ་སྭཱ་ཧཱ༔  {{TibChung|ཞེས་ཕྱི་རོལ་དུ་བསྐྱལ་ལོ།  །གཉིས་པ་ཐུགས་དམ་བསྐུལ་བ་ནི།}} ཧཱུྃ༔  ཨ་མ་མཚོ་རྒྱལ་མཁའ་འགྲོའི་དཀྱིལ་འཁོར་ལ༔  ཐུགས་དམ་བསྐུལ་ལོ་སྨོན་ལམ་ཐུགས་བསྐྱེད་མཛོད༔  མ་ཡི་སྤྱི་བོ་བདེ་ཆེན་འཁོར་ལོ་ལ༔  རྡོ་རྗེ་རིགས་ཀྱི་མཁའ་འགྲོ་སུམ་ཅུ་གཉིས་༔  ཐུགས་དམ་བསྐུལ་ལོ་ཉོན་མོངས་ཞི་བར་མཛོད༔  མ་ཡི་མགྲིན་པ་རོ་འདུས་འཁོར་ལོ་ལ༔  རིན་ཆེན་རིགས་ཀྱི་མཁའ་འགྲོ་བཅུ་དྲུག་བཞུགས༔  ཐུགས་དམ་བསྐུལ་ལོ་ཡེ་ཤེས་རྒྱས་པར་མཛོད༔  མ་ཡི་སྙིང་ག་ཆོས་ཀྱི་འཁོར་ལོ་ལ༔  སངས་རྒྱས་རིགས་ཀྱི་མཁའ་འགྲོ་དཔའ་བོ་བརྒྱད༔  ཐུགས་དམ་བསྐུལ་ལོ་མཆོག་གི་ཡེ་ཤེས་སྤོར༔  མ་ཡི་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ༔  པདྨ་རིགས་ཀྱི་མཁའ་འགྲོ་དྲུག་ཅུ་གཉིས༔  ཐུགས་དམ་བསྐུལ་ལོ་བདེ་སྟོང་ {{TibChung|[11b]}}  དགའ་བཞི་བསྐྱེདཿ    མ་ཡི་གསང་བ་མཆོག་གི་དཀྱིལ་འཁོར་དུ༔  ཀརྨ་རིགས་ཀྱི་མཁའ་འགྲོ་ཉི་ཤུ་བཞི༔  ཐུགས་དམ་བསྐུལ་ལོ་གཟུང་འཛིན་ཆགས་པ་སྒྲོལ༔  མ་ཡི་ལུས་གནས་ཉི་ཤུ་རྩ་བཞི་ལ༔  གནས་བདག་དཔའ་བོ་དཔའ་མོ་ཉི་ཤུ་བཞི༔  ཐུགས་དམ་བསྐུལ་ལོ་འཁོར་བའི་ཆགས་སྡང་སྒྲོལ༔  མ་ཡི་རྩ་རླུང་སྟོང་ཕྲག་བརྒྱད་ཅུ་ལ༔  ཡེ་ཤེས་ལས་ལས་གྲུབ་པའི་མཁའ་འགྲོའི་ཚོགས༔  ཐུགས་དམ་བསྐུལ་ལོ་ས་ལམ་བར་ཆད་སོལ༔  མ་ཡི་དབུ་སྐྲ་ཉི་ཁྲི་ཆིག་སྟོང་ལ༔  སྣ་ཚོགས་ལས་ལས་གྲུབ་པའི་མཁའ་འགྲོའི་ཚོགས༔  ཐུགས་དམ་བསྐུལ་ལོ་ཕུང་པོའི་བར་ཆད་སྒྲོལ༔  མ་ཡི་བ་སྤུ་བྱེ་བ་ཕྲག་བརྒྱ་ལ༔  འཇིག་རྟེན་ཞིང་སྐྱོང་མཁའ་འགྲོ་བྱེ་ཕྲག་བརྒྱ༔  ཐུགས་དམ་བསྐུལ་ལོ་ཡེ་གདོན་འབྱུང་པོ་སྒྲོལ༔  མ་ཡི་སྐུ་མཆོག་གསང་སྔགས་དཀྱིལ་འཁོར་ལ༔  གསང་སྔགས་བླ་མེད་མཁའ་འགྲོ་བསམ་མི་ཁྱབ༔  ཐུགས་དམ་བསྐུལ་ལོ་སྔགས་ཀྱི་དངོས་གྲུབ་སྩོལ༔  མ་ཡི་ཐུགས་དམ་དགོངས་པ་མཁའ་ལྟར་དག༔  དགོངས་བརྒྱུད་བྱིན་རླབས་མཁའ་འགྲོ་སྤྲིན་ལྟར་གཏིབས༔  ཐུགས་བརྒྱུད་རང་གྲོལ་མཆོག་གི་དངོས་གྲུབ་སྩོལ༔  མ་ཡི་སྔགས་རླུང་རྡོ་རྗེ་གསུམ་ {{TibChung|[12a]}}  གྱི་བཅུད༔  གསང་སྔགས་བཅུད་འདུས་མཁའ་འགྲོ་གྲངས་ལས་འདས༔  འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔  ཐུགས་དམ་བསྐུལ་ལོ་ཨ་མ་མཚོ་རྒྱལ་མ༔  ཐུགས་རྗེ་རྒྱུན་ཆད་མེད་པའི་དགོངས་པས་གཟིགས༔  འབྱུང་བཞི་ལུས་ཀྱི་གདོན་དང་བར་ཆད་སོལ༔  སྨྲ་སྒོ་ངག་ལ་སྔགས་ཀྱི་ནུས་པ་སྤོར༔  སེམས་ཉིད་ལྷན་སྐྱེས་ཡེ་ཤེས་རང་ངོ་ལ༔  ལྷག་མཐོང་རོག་ཅིག་མཆོག་གི་རྟོགས་བ་སྤོར༔  རྣལ་འབྱོར་བསམ་པའི་ཕྲིན་ལས་འགྲུབ་པར་མཛོད༔  {{TibChung|ཅེས་བསྐུལ།  གསུམ་པ་གཏོར་མ་གཏོང་བ་ནི།  ཆད་མདོའི་གཏོར་མར་སྨན་རཀ་བྲན་ཅིང་།}} ཨོཾ་ཨཱཿ་ཧཱུྃ་{{TibChung|གིས་བདུད་རྩིར་སྤེལ་ལ།}} ཧཱུྃ༔  དང་པོ་ཀ་དག་སོ་མའི་རྟོག་པ་ལ༔  རྣམ་རྟོག་གཉིས་འཛིན་ལྷ་འདྲེ་ཆགས་སྡང་གིས༔  དྲན་རྫི་རང་རིག་ཡེ་ཤེས་སྤྱན་སྔ་རུ༔  རྟོག་ཚོགས་རེ་དོགས་བསྒྲལ་བར་མ་ཆད་དམ༔  རང་གྲོལ་སྐྱེ་མེད་གཏོར་མ་འདི་བཞེས་ལ༔  རྣམ་རྟོག་རྐུན་བུ་བསྒྲལ་བའི་ཕྲིན་ལས་མཛོད༔  ཧཱུྃ༔  དེ་འོག་ཞི་ལྷག་བདེ་གསལ་དུར་ཁྲོད་དུ༔  ཐེ་ཚོམ་ལྟེང་པོའི་ཞི་གནས་ལྷ་འདྲེ་ཡིས༔  གཉན་པོ་རང་གྲོལ་སློབ་དཔོན་སྤྱན་སྔ་རུ༔  གོལ་ས་ཤོར་ས་སྒྲོལ་བར་མ་ཆད་དམ༔  ངོ་མཐོང་རྩེ་གཅིག་གཏོར་མ་འདི་ {{TibChung|[12b]}}  བཞེས་ལ༔  རྣམ་རྟོག་ཆོས་སྐུར་གྲོལ་བའི་ཕྲིན་ལས་མཛོད༔  ཧཱུྃ༔  དེ་འོག་ཐ་མ་སྤྲོས་བྲལ་ཕོ་བྲང་དུ༔  སྟོང་འབྱམས་རྟག་ཆད་ཐེར་ཟུག་ལྷ་འདྲེ་ཡིས༔  སྐྱེ་མེད་འགག་མེད་བླ་མའི་སྤྱན་སྔ་རུ༔  བརྗེད་སྐབས་ཡེངས་སྐབས་བསྒྲལ་བར་མ་ཆད་དམ༔  ཤར་གྲོལ་དུས་མཉམ་གཏོར་མ་འདི་བཞེས་ལ༔  བསྒོམ་མེད་བློ་འདས་འགྲུབ་པའི་ཕྲིན་ལས་མཛོད༔  ཧཱུྃ༔  ཀུན་རྫོབ་ལྟར་སྣང་བླ་མའི་དཀྱིལ་འཁོར་འདིར༔  རྟེན་འབྲེལ་རྒྱུ་རྐྱེན་སྲུང་མ་དམ་ཅན་གྱིས༔  མོས་པའི་བློས་བཟུང་རྣམ་འབྱོར་སྒྱུ་མ་ཡིས༔  བྱང་ཆུབ་སྒྲུབ་པའི་བར་ཆད་ཐམས་ཅད་སྒྲོལ༔  མཚན་མ་དམིགས་གཏད་རྫས་ཀྱི་གཏོར་མ་བཞེས༔  སྔོན་ལས་འཕྲལ་རྐྱེན་ཐོགས་བཅས་བདུད་རིགས་སྒྲོལ༔  སརྦ་ཌཱ་ཀི་ནཱི་བ་ལིང་ཏ་ཁཱ་ཧི༔  {{TibChung|གཏོར་གཞོང་བཤལ་བའི་སྨན་ཕུད་ཀྱིས་བརྟན་མའི་གཏོར་མར་བྲན་པས་བརླབས་ཏེ།}} ཧོཿ    བོད་ཀྱི་གནས་བདག་བརྟན་མ་བཅུ་གཉིས་པོ༔  ཚུར་གཤེགས་ཚུར་བྱོན་བཀའ་ཡི་གཏོར་ཆུ་བཞེས༔  སློབ་དཔོན་པད་འབྱུང་ཡབ་ཡུམ་བཀའ་བཞིན་དུ༔  བོད་ཁམས་དཀར་པོའི་ཆོས་སུ་བཀོད་པ་དང་༔  ཟབ་མོ་གསང་སྔགས་བསྟན་པ་རྒྱས་པ་དང་༔  རྟག་ཆད་བདུད་དང་འགོང་པོ་སྤུན་དགུ་སྒྲོལ༔    {{TibChung|[13a]}}  ནད་མཚོན་མུ་གེ་རྒྱ་འདྲེ་དམ་ཉམས་ཟློག༔  རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔  མ་མ་ཧྲིཾ་ཧྲིཾ་ཨི་དཾ་བ་ལིང་ཏ་ཁཱ་ཧི༔  {{TibChung|ཞེས་འབུལ།  གཏོར་གཞོང་ཁ་སྦུབས་པ་རི་རབ་ཏུ་གསལ་བའི་འོག་ཏུ་དགྲ་བགེགས་མནན་པར་བསམ་ལ་རྡོ་རྗེའི་རྒྱས་གདབ་ཅིང་།}} ཧཱུྃ༔  མཁའ་འགྲོ་གྲུ་གསུམ་འབར་བའི་བྲོ་ར་ལ༔  ཡེ་ཤེས་ལས་གྲུབ་མཁའ་འགྲོས་བྲོ་བརྡུངས་པས༔  ཉོན་མོངས་དུག་ལྔ་མ་རིག་ལོག་རྟོག་བཅོམ༔  རང་རིག་ཡེ་ཤེས་མངོན་གྱུར་ཆོ་ག་རྫོགས༔  རྣམ་རྟོག་འཁོར་བའི་བག་ཆགས་མ་ལུས་ནོན༔  ཨོཾ་ལཾ་ཧཱུྃ་ལཾ༔  མཱ་ར་ཡ་ནན་སྭཱ་ཧཱ༔  {{TibChung|ཞེས་བྲོ་བརྡུང་།  བཞི་པ་དངོས་གྲུབ་བླང་བ་ནི།  གཏོར་མ་ལྷར་གསལ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རང་ལ་ཐོབ་པར་བསམ་ཞིང་།}} ཨོཾ་ཨཱཿཧཱུྃ༔  ཨ་མ་མཚོ་རྒྱལ་དངོས་གྲུབ་ཀུན་གྱི་གཞི༔  གསང་སྔགས་སྡོང་པོ་ཆོས་ཀྱི་འབྱུང་གནས་མ༔  སྐུ་ཡི་དངོས་གྲུབ་བུ་ཡི་ལུས་ལ་སྩོལ༔  འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔  གསུང་གི་དངོས་གྲུབ་བུ་ཡི་ངག་ལ་སྩོལ༔  སྔགས་རླུང་རྩལ་རྫོགས་གྲུབ་པ་ཐོབ་པར་མཛོད༔  ཐུགས་ཀྱི་དངོས་གྲུབ་བུ་ཡི་སེམས་ལ་སྩོལ༔  ཉམས་རྟོགས་རྩལ་རྫོགས་འཇའ་ལུས་ཐོབ་པར་མཛོད༔  ཀཱ་ཡ་སིདྡྷི་ཨོཾ༔  ཝཱ་ཀ་སིདྡྷི་ {{TibChung|[13b]}}  ཨཱཿ  ཙིཏྟ་སིདྡྷི་ཧཱུྃ༔  {{TibChung|ཞེས་དངོས་གྲུབ་བླངས།  ལྔ་པ་ནོངས་པ་བཤགས་པ་ནི།  གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས།}} མཁའ་འགྲོ་སྐུ་ཡི་དམ་ཚིག་ཉམས་གྱུར་ན༔  བརྩེ་གདུང་མོས་གུས་ཚད་མེད་འདི་ཡིས་བཤགས༔  མཁའ་འགྲོ་གསུང་གི་དམ་ཚིག་ཉམས་གྱུར་ན༔  བསྐྱེད་རྗོགས་བསྙེན་སྒྲུབ་ལས་སྦྱོར་འདི་ཡིས་བཤགས༔  མཁའ་འགྲོ་ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན༔  ཚོགས་གཏོར་ཆོ་ག་གཏོར་མཆོད་འདི་ཡིས་བཤགས༔  མཁའ་འགྲོ་ཡན་ལག་དམ་ཚིག་ཉམས་གྱུར་ན༔  དམ་རྫས་ཕྱི་ནང་གསང་རྟེན་འདི་ཡིས་བཤགས༔  བྱང་ཞིང་དག་ནས་ཚངས་ཏེ་དངོས་གྲུབ་སྩོལ༔  {{TibChung|ཞེས་དང་།  ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་རྣམས་ལན་གསུམ་རེ་བཟླ།  དྲུག་པ་དཀྱིལ་འཁོར་བསྡུ་བ་ནི།  ཚོགས་མགྲོན་སོགས་རྟེན་ཡོད་ན་བརྟན་བཞུགས་དང་།  མེད་ན་གཤེགས་སུ་གསོལ།  དམ་ཚིག་གི་འཁོར་ལོ།}} ཧོཿ    ཆོས་ཀུན་སྒྱུ་མའི་རང་བཞིན་ལ༔  སྣང་ཡང་བདེན་པར་མ་གྲུབ་ཏེ༔  མེད་བཞིན་ཤར་བའི་དཀྱིལ་འཁོར་ལྷ༔  མཐའ་ནས་དབུས་སུ་ཨ་རུ་གྱུར༔  ཨ་ཡང་དམིགས་མེད་དབྱིངས་སུ་ཡལ༔  དབྱིངས་རིག་རྡོ་རྗེ་ལུ་གུ་རྒྱུད༔  ཐིག་ལེ་ཉག་གཅིག་ཟག་མེད་རྒྱས༔  འཁོར་འདས་ཀ་དག་ཀློང་དུ་མུ༔    {{TibChung|[14a]}}  བཛྲ་ཨཿ    {{TibChung|ཞེས་འོད་གསལ་བདེ་བ་ཆེན་པོའི་ངང་དུ་མཉམ་པར་བཞག  །སླར་ཡང་སྣང་གྲགས་རྟོག་ཚོགས་མཁའ་འགྲོའི་གསང་བ་གསུམ་དུ་བལྟས་ཏེ་རྒྱུན་གྱི་སྤྱོད་ལམ་ལ་འཇུག  །བདུན་པ་བསྔོ་སྨོན་དང་ཤིས་པ་བརྗོད་པ་ནི།}} ཧོཿ      དགེ་བ་འདི་དང་དགེ་བ་གཞན༔  མ་ལུས་གཅིག་ཏུ་བསྡུས་ནས་ནི༔  མཁའ་མཉམ་འགྲོ་བ་ཀུན་ལ་བསྔོ༔  བདག་གཞན་འགྲོ་བ་མ་ལུས་ཀུན༔  ས་བཅུ་འདས་པའི་ས་ནོན་ཅིང་༔  ལམ་ལྔ་བགྲོད་ཅིང་དུག་ལྔ་དག༔  ཡེ་ཤེས་ལྔ་ལྡན་མཁའ་འགྲོ་དང་༔  གཉིས་མེད་སྐལ་བ་མཉམ་པར་ཤོག༔  {{TibChung|ཅེས་དགེ་བ་བསྔོ་ཞིང་སྨོན་ལམ་གྱི་རྒྱས་གདབ།  མེ་ཏོག་གི་ཆར་དབབ་ལ།}} ཨེ་མ་ཧོཿ      ས་བཅུ་བགྲོད་པ་ཀུན་གྱི་གཙོ༔  སངས་རྒྱས་བྱང་སེམས་བཀྲ་ཤིས་ཤོག༔  བྱིན་རླབས་དངོས་གྲུབ་ཕྲིན་ལས་མྱུར༔  རྩ་བ་གསུམ་གྱི་བཀྲ་ཤིས་ཤོག ༔  ཞིང་བཅུ་སྒྲོལ་བའི་མཐུ་དང་ལྡན༔  དམ་ཅན་ཆོས་སྐྱོང་བཀྲ་ཤིས་ཤོག༔  གསང་སྔགས་ཐེག་ཆེན་འབྲུག་སྒྲ་སྒྲོགས༔  དམ་ཆོས་སྙན་བརྒྱུད་བཀྲ་ཤིས་ཤོག༔  བསླབ་གསུམ་དམ་ལྡན་ལམ་ལྔ་བགྲོད༔  དགེ་འདུན་མཆེད་ལྕམ་བཀྲ་ཤིས་ཤོག༔  {{TibChung|ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ།  །ཌཱ་ཀིའི་སྒྲུབ་ཐབས་བསམ་ལས་འདས་བཞུགས་ཀྱང་།  །}}  {{TibChung|[14b]}}  ཞག་བདུན་བསྒྲུབས་པས་མཁའ་སྤྱོད་ལ་སྐྱེལ་བའི།  །སྔོན་མེད་ངོ་མཚར་ཟབ་གསང་བཅུད་འདུས་པ།  །མཁའ་འགྲོའི་ཁ་རླངས་མ་ཡལ་འདི་ཁོ་ན།  །འདིས་ཀྱང་ཟག་མེད་དགའ་བཞིས་རྩེན་པའི་གནས།  །རྡོ་རྗེ་བཙུན་མོའི་གྲོང་ཁྱེར་ཉམས་དགའ་བར།  །ལྷན་སྐྱེས་མཛེས་མས་བདག་སོགས་མདུན་བསུས་ཏེ།  །ཧེ་རུ་ཀ་དང་ལྷན་ཅིག་གར་བྱེད་ཤོག  །{{TibChung|དེ་ལྟར་རིག་འཛིན་ཆེན་པོ་སྟག་ཤམ་ནུས་ལྡན་རྡོ་རྗེའི་གཏེར་བྱོན་ཟབ་མོ་གསང་བ་ཡོངས་འདུས་ཀྱི་མཁའ་འགྲོ་སྤྲུལ་སྐུའི་སྙིང་ཐིག་གི་ཚོགས་མཆོད་ལས་བྱང་ཁྲིགས་སུ་བསྡེབས་པ་པདྨ་འོད་དུ་བགྲོད་པའི་ཤིང་རྟ་ཞེས་བྱ་བ་འདི་ནི།  ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་བཅུ་གསུམ་པ་དཔལ་ལྡན་མིའི་དབང་པོ་ཚེ་རིང་དཔལ་འབྱོར་གྱི་བཀའ་ལུང་གུས་པས་མཆོད་དེ།  རྩ་བའི་གཞུང་ལས་སྐབས་སུ་བབས་པའི་ཁ་སྐོང་དུ་འོན་པ་རྣམ་རིགས་མཐུན་གྱི་གཏེར་ཁ་ལས་བླངས་ཤིང་རྒྱུན་གྱི་ཉོན་བཞེས་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་ལྔར་སོན་པ་འབྲུ་མང་ལོའི་ཆོ་འཕྲུལ་ཟླ་བའི་ཤེར་ཕྱོགས་ཀྱི་ཉེར་དགུ་མཁའ་འགྲོ་འདུ་བའི་དུས་བཟང་པོ་ལ་གྲུབ་པར་བགྱིས་པ་ལས།  ཡི་གེ་པ་ནི་རིག་བྱེད་སྨྲ་བ་དགེ་སྦྱོང་ཐུབ་བསྟན་རྒྱལ་མཚན་གྱིས་བགྱིས་པའོ།  །འདིས་ཀྱང་འགྲོ་བ་ཐམས་ཅད་མཁའ་ལ་སྤྱོད་པའི་ཞིང་དུ་དབུགས་འབྱིན་པའི་རྒྱུར་གྱུར་ཅིག    །སརྦ་དཱ་མངྒ་ལཾ།།}} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 16:00, 4 September 2025

Wylie title zab mo gsang ba yongs 'dus kyi mkha' 'gro sprul sku'i snying thig gi tshogs mchod las byang khrigs su bsdebs pa pad+ma 'od du bgrod pa'i shing rta DJYD-KABUM-07-JA-005.pdf
Location bdud 'joms rin po che bka' 'bum
Volume 7, Text 5, Pages 159-186 (Folios 1a1 to 14b6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Zab mo gsang ba yongs 'dus kyi mkha' 'gro sprul sku'i snying thig gi tshogs mchod las byang khrigs su bsdebs pa pad+ma 'od du bgrod pa'i shing rta. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 7: 159-186. Kalimpong: Dupjung Lama, 1979-1985.
Side notes Recto: las byang   Verso: stag sham mtsho rgyal
More details More details
Tertön སྟག་ཤམ་ནུས་ལྡན་རྡོ་རྗེ་ (stag sham nus ldan rdo rje)
Genre Activity Manual - las byang  ·  Feast Offering - tshogs mchod - tshogs kyi 'khor lo
Cycle མཁའ་འགྲོ་སྤྲུལ་སྐུའི་སྙིང་ཐིག་ (mkha' 'gro sprul sku'i snying thig)
Parent Cycle ཟབ་མོ་གསང་བ་ཡོངས་འདུས་ (zab mo gsang ba yongs 'dus)
Colophon

དེ་ལྟར་རིག་འཛིན་ཆེན་པོ་སྟག་ཤམ་ནུས་ལྡན་རྡོ་རྗེའི་གཏེར་བྱོན་ཟབ་མོ་གསང་བ་ཡོངས་འདུས་ཀྱི་མཁའ་འགྲོ་སྤྲུལ་སྐུའི་སྙིང་ཐིག་གི་ཚོགས་མཆོད་ལས་བྱང་ཁྲིགས་སུ་བསྡེབས་པ་པདྨ་འོད་དུ་བགྲོད་པའི་ཤིང་རྟ་ཞེས་བྱ་བ་འདི་ནི། ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་བཅུ་གསུམ་པ་དཔལ་ལྡན་མིའི་དབང་པོ་ཚེ་རིང་དཔལ་འབྱོར་གྱི་བཀའ་ལུང་གུས་པས་མཆོད་དེ། རྩ་བའི་གཞུང་ལས་སྐབས་སུ་བབས་པའི་ཁ་སྐོང་དུ་འོན་པ་རྣམ་རིགས་མཐུན་གྱི་གཏེར་ཁ་ལས་བླངས་ཤིང་རྒྱུན་གྱི་ཉོན་བཞེས་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་ལྔར་སོན་པ་འབྲུ་མང་ལོའི་ཆོ་འཕྲུལ་ཟླ་བའི་ཤེར་ཕྱོགས་ཀྱི་ཉེར་དགུ་མཁའ་འགྲོ་འདུ་བའི་དུས་བཟང་པོ་ལ་གྲུབ་པར་བགྱིས་པ་ལས། ཡི་གེ་པ་ནི་རིག་བྱེད་སྨྲ་བ་དགེ་སྦྱོང་ཐུབ་བསྟན་རྒྱལ་མཚན་གྱིས་བགྱིས་པའོ། །འདིས་ཀྱང་འགྲོ་བ་ཐམས་ཅད་མཁའ་ལ་སྤྱོད་པའི་ཞིང་དུ་དབུགས་འབྱིན་པའི་རྒྱུར་གྱུར་ཅིག། སརྦ་དཱ་མངྒ་ལཾ།།

de ltar rig 'dzin chen po stag sham nus ldan rdo rje'i gter byon zab mo gsang ba yongs 'dus kyi mkha' 'gro sprul sku'i snying thig gi tshogs mchod las byang khrigs su bsdebs pa pad+ma 'od du bgrod pa'i shing rta zhes bya ba 'di ni/___lha lcam pad+ma gsal gyi dag pa'i skye ba bcu gsum pa dpal ldan mi'i dbang po tshe ring dpal 'byor gyi bka' lung gus pas mchod de/___rtsa ba'i gzhung las skabs su babs pa'i kha skong du 'on pa rnam rigs mthun gyi gter kha las blangs shing rgyun gyi nyon bzhes 'jug pa bde ba'i dbang du byas te rig 'dzin gyi myu gu 'jigs bral ye shes rdo rjes rang lo sum cu rtsa lngar son pa 'bru mang lo'i cho 'phrul zla ba'i sher phyogs kyi nyer dgu mkha' 'gro 'du ba'i dus bzang po la grub par bgyis pa las/___yi ge pa ni rig byed smra ba dge sbyong thub bstan rgyal mtshan gyis bgyis pa'o/___/'dis kyang 'gro ba thams cad mkha' la spyod pa'i zhing du dbugs 'byin pa'i rgyur gyur cig/___sarba dA mang+ga laM//

[edit]
༄༅། །ཟབ་མོ་གསང་བ་ཡོངས་འདུས་ཀྱི་མཁའ་འགྲོ་སྤྲུལ་སྐུའི་སྙིང་ཐིག་གི་ཚོགས་མཆོད་ལས་བྱང་ཁྲིགས་སུ་བསྡེབས་པ་པདྨ་འོད་དུ་བགྲོད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།


༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། ཆོས་ཀུན་འབྱུང་གནས་རྡོ་རྗེ་བཙུན་མོའི་མཁའ། །རྣམ་འགྱུར་ལྷན་སྐྱེས་མཛེས་མའི་སྒྱུ་ཐབས་ཀྱིས། །སྐལ་བཟང་བདེ་ཆེན་གནས་ལ་སྦྱོར་མཛད་པ། །དབྱིངས་ཕྱུག་པདྨའི་ལྕམ་དེས་བདག་སྐྱོངས་ཤིག །གང་གི་སྒྲུབས་ཐབས་སྙིང་པོའི་ལམ་བཟང་ལ། །བརྟེན་ཏེ་མཁའ་སྤྱོད་པདྨ་འོད་ཞིང་དུ། །མྱུར་བདེར་བགྲོད་པའི་མན་ངག་ཆོ་གའི་ཁྲིགས། །སྔོན་མེད་ཤིང་རྟ་བཟང་པོ་འདི་ན་འདྲེན། །དེའང་ཌཱ་ཀི་འབུལ་གྱི་ཡང་སྙིང་གཏེར་ཁ་གཞན་ལས་ཁྱད་པར་དུ་འཕགས་པ་ཞག་བདུན་བསྒོམ་པས་མཁའ་སྤྱོད་དུ་སྐྱེལ་བར་བྱེད་པའི་མཁའ་འགྲོ་སྤྲུལ་སྐུའི་སྙིང་ཐིག་ཟབ་གསང་ངོ་མཚར་རྨད་དུ་བྱུང་བ་འདི་ཉིད་ཀྱི་ཕྲིན་ལས་ཉམས་སུ་ལེན་པ་ལ་གསུམ། སྦྱོར་བ། [2a] དངོས་གཞི། རྗེས་སོ། །དང་པོ་ལའང་བྱ་བའི་སྦྱོར་བ་དང་། ཆོ་གའི་སྦྱོར་བ་གཉིས་ཀྱི། དང་པོ་ནི། གུ་རུ་ཡབ་ཡུམ་གྱི་བྱིན་གྱིས་བརླབས་ཤིང་བཀྲ་ཤིས་ཉམས་དགའ་བའི་གནས་སུ་ཡར་མར་གྱི་ཚེས་བཅུ་སོགས་མཁའ་འགྲོ་འདུ་བའི་དུས་ཤིན་ཏུ་དགེ་བའི་ཚེ་སྒྲུབ་པའི་ཁང་པ་བྱི་དོར་བྱས་ལ་རྒྱན་གྱིས་བརྒྱན། གུང་དུ་དྷཱ་ཀི་ནཱིའི་སྣང་བརྙན་སོགས་དམ་ཚིག་གི་རྟེན་ཁྱད་པར་ཅན་བཀྲམ་པའི་སྤྱན་སྔར་སྟེགས་བུ་ཁེབས་ལྡན་ལ་རིན་པོ་ཆེའི་པད་སྣོད་དུ་མཁའ་འགྲོའི་གཏོར་མ་ཟླུམ་པོ་པད་འདབ་བཞི་ལྡན་གྱི་ཕྱོགས་བཞིར་ཟླུམ་གཏོར་དཀར་པོ་བཞི། མཚམས་བཞི་ཟུར་གསུམ་དམར་པོ་བཞི། དེ་རྒྱབ་མཐེབ་ཀྱུ་བཞིས་བསྐོར་བ་རྒྱན་སྤྲོས་ཅན་དར་གདུགས་ཀྱིས་སྤྲས་པ་བཀོད། དེའི་གཡས་སུ་སྨན་ཕུད། གཡོན་དུ་རཀྟ། མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་ཕྲེང་ཚར་དུ་བཤམ། གཞན་ཡང་སྔོན་གཏོར། བཀའ་སྲུང་གི་གཏོར་མ། ཚོགས་ [2b] ཀྱི་ཡོ་བྱད་སོགས་དང་། རྡོ་རྗེ་དྲིལ་བུ། ཐོད་པའི་རྡེའུ་ཆུང་། རྐང་གི་གླིང་བུ། གསུར་ཆེན་སྦྱར་བའི་སྤོས་སོགས་ཐུན་མོང་དང་ཁྱད་པར་གྱི་མཆོད་པ་མཁའ་འགྲོ་མཉེས་པའི་དམ་རྫས་སུ་འོས་པ་རྣམས་མ་ཚང་བ་མེད་པ་ལེགས་པར་བཤམ་མོ། །གཉིས་པ་ཆོ་གའི་སྦྱོར་བ་ལ་གསུམ་ལས། དང་པོ་བགེགས་བསྐྲད་ཅིང་མཚམས་བཅད་པ་ནི། རང་ཉིད་སྐད་ཅིག་གིས་བདུད་འདུལ་ཁྲོས་མ་འབར་བའི་ཉམས་དང་ལྡན་པའི་སྐུར་གྱུར་པར་བསམ་ཞིང་བགེགས་ཀྱི་གཏོར་མ། རྃ་ཡྃ་ཁྃ་གིས་བསང་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་བལྟས་ལ། ཨོཾ་ཨཱཿ་ཧཱུྃ་ཧོཿ ཞེས་བརླབས། སརྦ་བྷུ་ཏ་ཨཱ་ཀརྵཡ་ཛཿས་མགྲོན་བཀུག ། སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱེ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིནྟེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྡོས་ལ། ཧཱུྃ༔ དོན་དམ་སྐྱེ་བ་མེད་པ་ལས༔ རང་ཉིད་ཁྲོས་མིའི་དབང་མོ་ཆེ༔ འཁོར་འདས་ཀུན་ཀྱང་ང་ཡི་ཞིང་། མ་དག་བགེགས་རིགས་དབྱིངས་སུ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ་ཀྲོ་དྷ་དྷཱ་ཀི་ནཱི་ཨ་ཕཊ༔ ཅེས་དྲག་སྔགས་གུ་གུལ་ཡུངས་ཐུན་ཚམ་རྔམས་དང་བཅས་པས་བསྐྲད་ལ། ཧཱུྃ༔ སྟོང་གསལ་ཕྱག་རྒྱ་ཆེན་པོ་ནི༔ སྐྱེ་མེད་འགག་མེད་ཤར་གྲོལ་མཉམ༔ སྟོང་ཉིད་རྡོ་རྗེའི་གུར་ཁང་དུ༔ བགེགས་ [3a] ཞེས་བར་ཆད་རྣམ་རྟོག་བྲལ༔ སྟོང་ཉིད་རོལ་པའི་མཚམས་བཅད་དོ༔ ཅེས་མཚམས་བཅད། གཉིས་པ་ཚོགས་བསགས་ཀྱི་རིམ་པ་ནི། མདུན་གྱི་ནམ་མཁར་བླ་མ་དང་། །ཡེ་ཤེས་མཁའ་འགྲོ་དབྱེར་མེད་པ། །ཕྱོགས་དུས་སྐྱབས་ཡུལ་ཀུན་འདུས་སྐུ། །དགྱེས་པས་དགོངས་ཏེ་བཞུགས་པར་གྱུར། ཅེས་གསལ་བཏབ་ལ། སྐྱབས་གནས་དཀོན་མཆོག་ཀུན་འདུས་པའི༔ བླ་མ་མཆོག་ལ་སྐྱབས་སུ་མཆི༔ སྡིག་པ་ཐམས་ཅད་སོ་སོར་བཤགས༔ འགྲོ་དོན་བྱང་ཆུབ་སེམས་བསྐྱེད་དོ༔ ཞེས་ལན་གསུམ་གྱི་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། བླ་མ་ལྷ་དང་བཅས་པ་ལ༔ གུས་པའི་སྒོ་ནས་བདག་སྐྱབས་མཆི༔ མ་རིག་ལུས་དང་ངག་གིས་ནི༔ བསགས་པའི་སྡིག་པ་མ་ལུས་བཤགས༔ དགེ་བ་མ་ལུས་ཐམས་ཅད་ཀུན༔ འཕེལ་ཞིང་བསོད་ནམས་ཚོགས་གཉིས་རྫོགས༔ དུས་གསུམ་སངས་རྒྱས་བཅོམ་ལྡན་འདས༔ ཞུམ་པ་མི་མངའ་སྤོབས་པ་བསྐྱེད༔ ཆོས་འཁོར་བསྐོར་ཞིང་བརྟན་པར་བཞུགས༔ འགྲོ་བའི་དོན་མཛད་འཕགས་པའི་ཚོགས༔ སེམས་ཅན་བདེ་མཛད་རྗེས་ཡི་རང་༔ དགེ་བ་མ་ལུས་གང་བསགས་པ༔ མ་གྱུར་འགྲོ་བའི་དོན་དུ་བསྔོ༔ བསྔོ་བ་བླ་མེད་རྒྱ་ཆེན་གྱིས༔ ཐམས་ [3b] ཅད་སངས་རྒྱས་མྱུར་འགྲུབ་ཤོག༔ ཅེས་ཡན་ལག་བདུན་པས་ཚོགས་བསགས། ཨ་མ་ཡེ་ཤེས་མཁའ་འགྲོ་མ༔ མི་མངོན་དབྱིངས་ནས་བུ་ལ་གཟིགས༔ བུ་གདུང་མ་ལ་གསོལ་བ་འདེབས༔ མ་ཡིས་བྱིན་རློབས་ཡེ་ཤེས་ཕོབ༔ གདུང་བའི་བུ་ཡི་གདུང་བ་སེལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཌཱ་ཀི་ནཱི་སྭཱ་ཧཱ༔ ཞེས་གསོལ་འདེབས་ཀྱི་བསྙེན་བ་ཅི་ནུས་བཟླས་མཐར། ། བླ་མ་མཁའ་འགྲོའི་གནས་བཞི་ནས༔ འོད་ཟེར་དཀར་དམར་མཐིང་ལྗང་འཕྲོས༔ རང་གི་གནས་བཞིར་ཐིམ་པ་ཡིས༔ སྒྲིབ་བཞི་དག་ནས་དབང་བཞི་ཐོབ༔ བླ་མ་རང་ཐིམ་དབྱེར་མེད་པར༔ བདེ་ཆེན་འོད་གསལ་ངང་དུ་གྱུར༔ ཅེས་དབང་བླངས་ཏེ་ཐུགས་ཡིད་བསྲེས་ལ་མཉམ་པར་བཞག །གསུམ་པ་མཆོད་རྫས་བྱིན་རླབས་ནི། རྃ་ཡྃ་ཁྃ༔ སྣོད་བཅུད་ཡེ་ནས་རྣམ་པར་དག༔ ཕྱི་ནང་གསང་བ་ལྷུན་གྱིས་གྲུབ༔ ཡེ་ཤེས་གསུམ་གྱིས་རྣམ་པར་སྦྱངས༔ ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན༔ ཡེ་ཤེས་ལྔ་ཡི་བདུད་རྩིའི་བཅུད༔ བདེ་བ་ཐིག་ལེ་དམར་ཆེན་པོ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ གཏོར་མ་འདོད་པའི་ཡོན་ཏན་ལྔ༔ ཐབས་ཤེས་ཏན་ག་ཎའི་ཚོགས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས། ཤཔྡ་ཨཱཿཧཱུྃ༔ [4a] ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཥྛ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཥྛ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི་ཥྛ༔ ཞེས་བྱིན་བརླབ་བོ། །གཉིས་པ་དངོས་གཞིའི་ལས་རིམ་ལ་བདུན་ལས། དང་པོ་དམ་ཚིག་གི་འཁོར་ལོ་བསྐྱེད་པ་ནི། ཨ༔ གདོད་ནས་རྣམ་དག་ཡུམ་གྱི་དབྱིངས༔ ཀུན་ཏུ་བཟང་མོ་ཀུན་ལ་ཁྱབ༔ འོད་གསལ་སྙིང་རྗེས་དཔྱད་པའི་མདངས༔ རང་སེམས་ཨ་མ་འོད་དཀྱིལ་ལེ༔ བདེ་ཆེན་འབར་བའི་ཆོ་འཕྲུལ་ལས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང་༔ བྷྲཱུྃ་ལས་ཡེ་ཤེས་གཞལ་ཡས་ཁང་༔ ངོ་མཚར་རྒྱན་དང་བཀོད་པ་རྫོགས༔ དགའ་བ་བཞི་ཡི་འཇའ་ཟེར་ཀློང་༔ ལྷན་སྐྱེས་འོད་ལྔའི་ཐིག་ལེར་འཁྱིལ༔ དུ་མ་རོ་གཅིག་མུ་ཁྱུད་ཟླུམ༔ ཕྱི་ནང་ཀུན་ཁྱབ་བདེ་དྲོད་འབར༔ དེ་དབུས་པདྨ་ཉི་ཟླའི་སྟེང་༔ ཨ་མ་འོད་ཀྱི་འཕྲོ་འདུ་ལས༔ འཕགས་མཆོད་འགྲོ་དོན་མཐར་ཕྱིན་བྱས༔ ཚུར་འདུས་ཨ་ལས་ཨཱ་ལི་དཀར༔ མ་ལས་ཀཱ་ལི་དམར་པོ་འཁོར༔ གཉིས་མེད་ཞུན་ལས་ཧ་རི་ནིས༔ གནས་གྱུར་ཨ་མ་མཚོ་རྒྱལ་མ༔ རྒྱལ་མོ་གཞོན་ནུ་ལོ་བརྒྱད་ཚུལ༔ པདྨའི་མདངས་ལྟར་དཀར་དམར་བརྗིད༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས༔ གཡོན་ [4b] པས་བྷནྡྷ་ཚེ་བུམ་འཛིན༔ དབུ་སྐྲ་ལྕང་ལོ་མཛེས་པའི་ཆས༔ རྩེ་མོ་ནོར་བུ་འབར་བ་ལ༔ རྐེད་པ་མུ་ཏིག་པདྨས་དཀྲིས༔ ལྷག་མ་ཐུར་གྲོལ་སྐུ་རྒྱབ་ནོན༔ རིན་ཆེན་སྣ་ཚོགས་ཟར་བུ་བསིལ༔ སྙན་རྒྱན་མགུལ་རྒྱན་སེ་མོ་དོ༔ དར་ཟབ་དགུ་བརྩེགས་འདུང་མ་ལ༔ རིན་ཆེན་སྣ་ཚོགས་ཟར་བུ་དང་༔ བྲོ་མ་ཚར་མུ་ཏིག་ཆུན་པོས་སྤྲས༔ གཡེར་ཁ་དྲིལ་བུ་གསེར་གཡུའི་ཕྲ༔ བལྟ་བས་མི་ངོམ་དགའ་བཞིའི་མདངས༔ སྐྱིལ་ཀྲུང་པདྨའི་གདན་ལ་བཞུགས༔ སྤྱི་བོར་གུ་རུ་པདྨ་འབྱུང་༔ དཀར་དམར་རས་དཀར་ན་བཟའ་ཅན༔ རྡོ་རྗེ་ཐོད་པ་ཁ་ཊཱཾ་བསྣམས༔ ཐོར་ཚུགས་རུས་རྒྱན་ལྡན་པར་བསམ༔ ཤར་དུ་རྡོ་རྗེ་མཚོ་རྒྱལ་དཀར༔ རྡོ་རྗེ་བྷནྡྷ་བུམ་པ་བསྣམས༔ ལྷོ་རུ་རིན་ཆེན་མཚོ་རྒྱལ་སེར༔ རིན་ཆེན་བྷནྡྷ་བུམ་པ་བསྣམས༔ ནུབ་ཏུ་པདྨ་མཚོ་རྒྱལ་དམར༔ པད་སྡོང་བྷནྡྷ་བུམ་པ་བསྣམས༔ བྱང་དུ་ཀརྨ་མཚོ་རྒྱལ་ལྗང་༔ ཕུར་བུ་བྷནྡྷ་བུམ་པ་བསྣམས༔ ཐམས་ཅད་ཆ་ལུགས་རྒྱན་ཆ་བཅས༔ གཙོ་མོ་ཡུམ་དང་གཉིས་མེད་གསལ༔ ཤར་ལྷོ་རྡོ་རྗེ་བདུད་འདུལ་མ༔ ཁྲོ་མོ་མཐིང་ནག་རུས་པས་བརྒྱན༔ ལྷོ་ནུབ་རིན་ཆེན་བདུད་འདུལ་མ༔ ཁྲོ་མོ་སེར་ [5a] གསལ་རུས་པས་བརྒྱན༔ ནུབ་བྱང་པདྨ་བདུད་འདུལ་མ༔ ཁྲོ་མོ་དམར་སྨུག་རུས་པས་བརྒྱན༔ བྱང་ཤར་ཀརྨ་བདུད་འདུལ་མ༔ ཁྲོ་མོ་ལྗང་ནག་རུས་པས་བརྒྱན༔ ཐམས་ཅད་དུར་ཁྲོད་ཆོས་ཀྱིས་སྒེགས༔ བརྐྱང་བསྐུམ་འགྱིང་བག་མེ་དཔུང་དབུས༔ གར་ལྡན་པད་ཉི་རོ་ལ་བཞུགས༔ སྒོ་བཞིར་སེང་གདོང་རིགས་བཞི་གསལ༔ ཐམས་ཅད་དཀར་སེར་དམར་ལྗང་ལ༔ གྲི་ཐོད་ཕྱག་རྒྱ་བཞི་དང་ལྡན༔ སྲུང་འཁོར་སྒོ་མཚམས་ལས་བྱེད་བསྒོམ༔ གཙོ་མོ་ཨ་ཡིག་འོད་ཟེར་ལས༔ རང་བཞིན་དབྱིངས་ནས་སྤྱན་དྲངས་གྱུར༔ ཅེས་གསལ་གདབ། གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། སྤོས་བཏུལ་ཞིང་ཐོད་རྔ་སོགས་རོལ་མོའི་སྒྲ་དང་སྙན་པའི་དབྱངས་ཀྱིས་བསྐུལ་ཏེ། ཧྲཱིཿ ཨ་མ་ཡེ་ཤེས་མཁའ་འགྲོ་མ༔ སྔོན་ཚེ་ཐུགས་བསྐྱེད་སྨོན་ལམ་མཐུས༔ བོད་ཁམས་ཀུན་གྱི་མ་རུ་སྤྲུལ༔ ད་ལྟ་གདུང་བའི་བུ་རྣམས་ལ༔ ཐུགས་རྗེའི་སྤྱན་རས་ཡངས་པས་གཟིགས༔ བོད་ཁམས་འཛམ་གླིང་སེམས་ཅན་རྣམས༔ སྐྱབས་མེད་བདུད་དང་འདྲེ་ཡིས་འཚེ༔ སྡུག་བསྔལ་ཉམ་ཐག་སྡིག་པས་མནར༔ ནད་དང་གདོན་གྱིས་བར་བཅད་ནས༔ ཆོས་ [5b] ལ་བསྒྲུབ་ལོང་མ་མཆིས་ཚེ༔ བྱམས་པའི་སེམས་ཀྱིས་བདག་ལ་གཟིགས༔ བརྩེ་བའི་དགོངས་པས་གནས་འདིར་གཤེགས༔ ཨ་མ་སྐུ་ཡི་བྱིན་རླབས་ཀྱིས༔ བདག་ལུས་བུམ་པའི་དབང་བསྐུར་ལ༔ སྐུ་ཡི་བྱིན་གྱིས་བརླབ་ཏུ་གསོལ༔ གསུང་གི་ལུང་སྟོན་གདམས་པ་སྩོལ༔ ངག་ལ་གསང་བའི་དབང་བསྐུར་ལ༔ གསུང་གི་བྱིན་གྱིས་བརླབ་ཏུ་གསོལ༔ ཐུགས་ཀྱི་དགོངས་པའི་སྒོ་ཕྱེ་ལ༔ སེམས་ལ་ཤེས་རབ་ཡེ་ཤེས་བསྐུར༔ ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡོན་ཏན་ཕྲིན་ལས་ནུས་པ་ཡིས༔ སྒོ་གསུམ་ཚིག་གི་དབང་བསྐུར་ལ༔ རོ་གཅིག་རྟོགས་པའི་ཡེ་ཤེས་བསྐྱེད༔ ཨ་མ་ཧ་རི་ནི་ས༔ ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ཨཱ་བེ་ཤ་ཡ་ཧོཿ ཞེས་སྤྱན་དྲངས། གསུམ་པ་བཞུགས་སུ་གསོལ་བ་ནི། ཨེ་མ་ཨ་མ་བྱོན་པ་ལེགས༔ ཡིད་ཀྱི་མཆོད་ཡོན་བཞེས་སླད་དུ༔ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ པདྨ་འདབ་བརྒྱད་དར་ཟབ་འབོལ༔ རིན་ཆེན་ཁྲི་བཤམ་ཟླ་བའི་གདན༔ དགྱེས་པར་བཞུགས་ལ་བྱིན་གྱིས་རློབས༔ ཨ་མ་ཧ་རི་ནི་ས༔ ས་མ་ཡ༔ ཏིཥྛ་ལྷན༔ བཞི་པ་ཕྱག་བྱ་བ་ནི། ཧོཿ གསང་སྔགས་ཐེག་པ་ཆེན་པོ་ལ༔ སྔགས་ཀྱི་དངོས་གྲུབ་དམ་པ་གང་༔ འབྱུང་ [6a] བྱེད་མ་རྒྱུད་མཁའ་འགྲོ་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཌཱ་ཀི་ནཱི་ཛྙཱ་ན་ཨ་མ་ཧ་རི་ནི་ས༔ ཨ་ཏི་པུ་ ཧོཿ པྲ་ཏཱིཙྪ་ ཧོཿ ལྔ་པ་མཆོད་པ་འབུལ་བ་ནི། ཨེ་མ་ཧོཿ ཡིད་ཚོགས་ཀུན་བཟང་མཆོད་པའི་སྤྲིན༔ ནམ་མཁའི་མཐའ་ཀླས་ཡོངས་བཀང་སྟེ༔ བཟང་པོའི་ཆུ་སྣ་འདག་ཆལ་བདུན༔ ཁ་དོག་ལྔ་ལྡན་མེ་ཏོག་མཛེས༔ ཆུ་རླུང་གླ་རྩི་དྲི་བཟང་སྤོས༔ མདངས་ལྡན་འོད་མཆོག་གསལ་བའི་མེ༔ རྩི་དགུ་མདངས་ལྡན་བྱུག་པའི་ཆབ༔ རོ་བརྒྱ་ལྡན་པའི་ཞལ་ཟས་དང་༔ ཡིད་འོང་སྙན་པའི་རོལ་མོ་རྣམས༔ བླ་མ་མཁའ་འགྲོའི་ཚོགས་ལ་འབུལ༔ སྒོ་ལྔ་ཚིམ་པའི་གཟུགས་སྒྲ་དྲི༔ རེག་བྱ་ཆོས་བཅས་ལྷ་མི་ཡི༔ ལོངས་སྤྱོད་ཡོ་བྱད་སྣ་ཚོགས་འབུལ༔ ཐབས་མཆོག་ཡབ་ཆེན་སྐྱེད་པའི་རྒྱུ༔ ཤེས་རབ་ཡུམ་མཆོག་སྟོང་ཉིད་མཁའ༔ གཉིས་མེད་རོལ་པའི་བྱང་ཆུབ་སེམས༔ དགའ་བཞིའི་ཉམས་ཀྱིས་བརྒྱན་ཏེ་འབུལ༔ དམ་རྫས་བདུད་རྩི་ར་སཱ་ཡན༔ མདངས་ལྡན་ཨརྒྷཾ་རཀྟ་དམར༔ སྦྱོར་སྒྲོལ་གསང་སྔགས་གླུ་བྲོ་གར༔ ཏིང་འཛིན་སྒོམ་དང་ལྟ་བས་མཆོད༔ ཚོགས་ཀྱི་འཁོར་ལོ་བླ་མེད་རྒྱན༔ གཏོར་མ་ཡེ་ཤེས་ཕྱག་རྒྱ་འབར༔ ཕྱི་ནང་བཅུད་བསྡུས་ [6b] ལོངས་སྤྱོད་རྫོགས༔ རྒྱན་ལྡན་མཛེས་བག་སྤྲུལ་པའི་སྐུ༔ བདེ་སྟོང་ཟག་མེད་ཆོས་སྐུའི་གཞི༔ སྐུ་གསུམ་རྫོགས་ལྡན་གཏོར་མ་འདི༔ བླ་མ་མཁའ་འགྲོ་མཚོ་རྒྱལ་མ༔ བླ་མེད་རྡོ་རྗེའི་དཀྱིལ་འཁོར་ལྷ༔ རྩ་བ་གསུམ་གྱི་ཐུགས་དམ་བསྐང་༔ བདེ་སྟོང་ཟག་མེད་དངོས་གྲུབ་སྩོལ༔ ཨོཾ་ཨཱཿ་ཧཱུྃ་གུ་རུ་ཌཱ་ཀི་ནཱི་ཛྙཱ་ན་ཧ་རི་ནི་སཿཨརྒྷཾ༔ པཱདྱཾ༔ པུཥྤེ༔ དྷུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནེ་ཝིདྱ༔ ཤཔྡ༔ རཱུ་པ༔ ཤཔྡ༔ སྤརྴེ༔ པཱུ་ཙ༔ དྷརྨ་༔ སརྦ་པཉྩ་ཨ་མྲྀ་ཏ་རསཱ༔ བ་ལིནྟ༔ རཀྟ༔ ཏ་ན༔ གྷ་ན་སརྦ་པཱུ་ཙ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ དྲུག་པ་བསྟོད་པ་ནི། ཨོཾ་འགྲུབ་པར་གྱུར་ཅིག་མཁའ་འགྲོའི་ཚོགས༔ ཨཱཿ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ༔ ཧཱུྃ༔ སྒེག་པའི་དཔའ་མོ་ཆོས་སྐུའི་ཡུམ༔ མ་རྡོ་རྗེ་ཕག་གདོང་མཚོ་རྒྱལ་མ༔ སྐུ་པདྨའི་མདངས་ལྟར་དཀར་དམར་མཚན༔ བཅུ་དྲུག་ཚུལ་ལ་གཞོན་ནུའི་ལུས༔ མཐོང་བས་དགའ་བཞི་བསྐྱེད་ལ་བསྟོད༔ ཞལ་འཛུམ་དུང་སོ་ཐག་བཟང་ལྟར༔ སྙིལ་དམར་པདྨ་གསར་པ་ལྟར༔ ལྗགས་མཉེན་ལེ་བརྒན་དར་དམར་འདྲ༔ གསུང་དབྱངས་དྲུག་ཅུར་ལྡན་ལ་བསྟོད༔ སྐུ་སྟོད་སེངྒེ་འགྱིངས་པ་འདྲ༔ རྐེད་པ་འདྲིལ་ལ་མཉེན་ལྕུག་ལྡན༔ སྐུ་སྨད་ [7a] སྐྱིལ་ཀྲུང་དུང་ལྟར་འཁྱིལ༔ བདེ་བ་ལོངས་སྤྱོད་རྫོགས་ལ་བསྟོད༔ ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས༔ གཡོན་པས་བྷནྡྷ་བུམ་པ་བསྣམས༔ ཐབས་དང་ཤེས་རབ་མངོན་དུ་གྱུར༔ བདེ་སྟོང་ཟག་པ་མེད་ལ་བསྟོད༔ བཙུན་མོའི་ཆ་ལུགས་འོད་སྟོང་འབར༔ རིན་ཆེན་དར་ཟབ་དུ་མས་བརྒྱན༔ ཕུན་སུམ་ཚོགས་པའི་ཕུལ་དུ་ཕྱིན༔ སྦྱིན་པའི་ཕ་རོལ་ཕྱིན་ལ་བསྟོད༔ གཙང་དང་རྨེ་བའི་རྟོག་པ་བྲལ༔ དགའ་དང་སྡུག་གཉིས་རོ་སྙོམས་ཞིང་། ཡེ་ཤེས་དབྱིངས་ཀྱི་མཁའ་ལ་སྤྱོད༔ ཚུལ་ཁྲིམས་ཕ་རོལ་ཕྱིན་ལ་བསྟོད༔ བསྐལ་མང་ཆོས་ལ་བརྩོན་པ་ཡིས༔ ཐེག་དགུ་ཨ་ཏིའི་བཅུད་ལ་རོལ༔ ཚེ་གཅིག་ས་བཅུ་ལམ་ལྔ་བགྲོད༔ བརྩོན་འགྲུས་ཕ་རོལ་ཕྱིན་ལ་བསྟོད༔ སེམས་ཅན་ཐུགས་ཀྱི་ཀློང་དུ་རྟོགས༔ རྣམ་རྟོག་ཅན་ལ་མ་ལྟར་བརྩེ༔ མ་རིག་འགྲོ་བ་བུ་བཞིན་སྐྱོང་༔ བཟོད་པའི་ཕ་རོལ་ཕྱིན་ལ་བསྟོད༔ ཞི་གནས་བདེ་བའི་ལམ་ཆེན་ལ༔ ལྷག་མཐོང་རྟོགས་པའི་སྒྲོན་མེ་སྦར༔ རོ་གཅིག་རྟོགས་པའི་ཕུལ་དུ་ཕྱིན༔ བསམ་གཏན་ཕ་རོལ་ཕྱིན་ལ་བསྟོད༔ སྒོམ་མེད་རྫོགས་པ་ཆེན་པོ་ཤར༔ བྱ་བྲལ་ཆོས་སྐུའི་ཞིང་ལ་སྤྱོད༔ གདིང་བཞི་ [7b] འཇའ་ལུས་རྡོ་རྗེའི་སྐུ༔ ཤེས་རབ་ཕ་རོལ་ཕྱིན་ལ་བསྟོད༔ ཧཱུྃ༔ བདེ་སྟོང་རྡོ་རྗེ་མཚོ་རྒྱལ་མ༔ མེ་ལོང་ཆོས་སྐུ་རྡོ་རྗེའི་རྒྱན༔ ཚོར་སྟོང་རིན་ཆེན་མཚོ་རྒྱལ་མ༔ མཉམ་ཉིད་རིན་ཆེན་ལོངས་སྐུའི་རྒྱན༔ རིག་སྟོང་པདྨ་མཚོ་རྒྱལ་མ༔ སོར་རྟོག་པདྨ་སྤྲུལ་སྐུའི་རྒྱན༔ མྱང་སྟོང་ཀརྨ་མཚོ་རྒྱལ་མ༔ བྱ་གྲུབ་ཀརྨ་ངོ་བོའི་རྒྱན༔ སྐུ་བཞི་མཁའ་འགྲོ་མཚོ་རྒྱལ་བསྟོད༔ ཧཱུྃ༔ རྡོ་རྗེ་བདུད་འདུལ་ལྷ་བདུད་འཇོམས༔ རིན་ཆེན་བདུད་འདུལ་ཉོན་བདུད་འཇོམས༔ པདྨ་བདུད་འདུལ་ཕུལ་བདུད་འཇོམས༔ ཀརྨ་བདུད་འདུལ་འཆི་བདག་འཇོམས༔ བདུད་འདུལ་མཁའ་འགྲོ་བཞི་ལ་བསྟོད༔ ཧཱུྃ༔ བཛྲ་སེང་གདོང་འཇིགས་བརྒྱད་སེལ༔ རཏྣ་སེང་གདོང་འབྱོར་དྲུག་སྤེལ༔ པདྨ་སེང་གདོང་ཁམས་གསུམ་སྡུད༔ ཀརྨ་སེང་གདོང་དགྲ་བགེགས་འཇོམས༔ ལས་བཞི་མཁའ་འགྲོའི་ཚོགས་ལ་བསྟོད༔ ཧཱུྃ༔ ཡེ་ཤེས་མཚོ་རྒྱལ་མ་ཡི་ཚོགས༔ དུར་ཁྲོད་གནས་ཡུལ་མཁའ་འགྲོ་མ༔ ཡེ་ཤེས་ལས་ལས་གྲུབ་པ་ཡིས༔ མ་མོ་མཁའ་འགྲོའི་ཚོགས་ལ་བསྟོད༔ བདུན་པ་ཛཔྲ་བཟླ་བ་ནི། ཐུགས་ཀར་པདྨ་འདབ་བཞི་པའི༔ ལྟེ་བར་ཨ་མ་དཀར་ [8a] དམར་བརྩེགས༔ འདབ་བཞིར་ཧ་རི་ནི་ས་གསལ༔ འོད་ཟེར་སྣང་བས་འཁོར་འདས་ཁྱབ༔ སངས་རྒྱས་མཛད་པ་ཐམས་ཅད་སྒྲུབ༔ བདེ་ཆེན་མཆོག་གི་ཡེ་ཤེས་བསྐྱེད༔ རབ་འབྱམས་ཕྲིན་ལས་ཀུན་འགྲུབ་གྱུར༔ ཅེས་པའི་ཏིང་ངེ་འཛིན་ལ་ཡིད་རབ་ཏུ་གནས། ཨ་མ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཕཊ༔ ཅེས་བཟླས་པའི་སྐྱོན་ཐམས་ཅད་སྤངས་ལ་རྩེ་གཅིག་ཏུ་བཟླ། ཐུན་མཚམས་སུ་བབ་པ་ན། ཨོཾ་ཨཱཿཧཱུྃ་གུ་རུ་ཌཱ་ཀི་ནཱི་ཛྙཱ་ན་ཧ་རི་ནི་ས་ཨརྒྷཾ༔ པཱདྱཾ༔ པུཥྤེ༔ དྷུཔེ༔ ཨཱ་ལོ་ཀེ༔ གནྔྷེ༔ ནཻ་ཝིདྱ༔ ཤཔྡ༔ རཱུ་པ༔ ཤཔྡ༔ སྤ་རྴེ༔ པཱུ་ཙ༔ གནྔྷེ༔ དྷརྨ་སརྦ་པཉྩ་ཨ་མྲྀ་ཏ་ར་སཱ༔ བྷ་ལིཾ་ཏ༔ རཀྟ༔ ཏ་ན་ག་ཎ་སརྦ་པཱུ་ཙ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ ཞེས་མཆོད་ཅིང་། ཧོཿ གསང་སྔགས་ཐེག་པ་ཆེན་པོ་ལ༔ སྔགས་ཀྱི་དངོས་གྲུབ་དམ་པ་གང་༔ འབྱུང་བྱེད་མ་རྒྱུད་མཁའ་འགྲོ་ལ༔ གུས་པའི་ཡིད་ཀྱིས་ཕྱག་འཚལ་བསྟོད༔ ཅེས་བསྟོད་དོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ་བདུན་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། མཱཾ་ས་དང་ཛ་གད་སོགས་དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་ལེགས་པར་བཤམ་ལ༔ བདུད་རྩིས་བྲན་ཅིང་། བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ རྃ་འཕྲོས་མེ་འབར་མ་དག་བསྲེགས༔ ཡྃ་ལས་རླུང་ [8b] འཕྲོས་གཏོར་ཞིང་བསངས༔ ཁྃ་ལས་ཆུ་འཕྲོས་བཀྲུས་ཤིང་སྦྱངས༔ རྃ་ཡྃ་ཁྃ༔ རང་ཉིད་ལྷར་གསལ་གནས་གསུམ་ནས༔ ཧཱུྃ་འཕྲོས་སྣོད་བཅུད་བཅུད་ཀུན་བསྡུས༔ ཨཱཿའཕྲོས་བདེ་གཤེགས་དངོས་གྲུབ་བསྟིམ༔ ཨོཾ་འཕྲོས་གཉིས་མེད་གཅིག་ཏུ་བསྲེས༔ རྣམ་དག་བདུད་རྩིའི་ཚོགས་མཆོད་རྣམས༔ འཛད་མེད་རོ་དྲུག་མཁའ་མཉམ་སྤེལ༔ རྩ་གསུམ་ཐུགས་དམ་སྐོང་བ་དང་༔ མགྲོན་གྱུར་འདོད་པ་ཚིམ་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཞེས་བྱིན་བརླབས། ཚོགས་ཞིང་སྤྱན་དྲངས་པ་ནི། ཧཱུྃ༔ ཆོས་སྐུ་དག་པའི་ཕོ་བྲང་ནས༔ ཆོས་སྐུ་རྡོ་རྗེ་མཁའ་འགྲོ་ལ༔ དགོངས་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ འོག་མིན་བདེ་ཆེན་ཕོ་བྲང་ནས༔ ལོངས་སྐུ་གསང་ཡེ་མཁའ་འགྲོ་ལ༔ བརྡ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོ་རྒྱན་མཁའ་སྤྱོད་ཕོ་བྲང་ནས༔ སྤྲུལ་སྐུ་རིགས་ལྔའི་མཁའ་འགྲོ་ལ༔ སྙན་བརྒྱུད་མན་ངག་བླ་མས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བོད་ཡུལ་སྒྲུབ་གནས་གངས་ཆེན་ནས༔ ཇོ་མོ་མཁའ་འགྲོ་མཚོ་རྒྱལ་ལ༔ མཁའ་ [9a] འགྲོ་གཏེར་བརྒྱུད་བླ་མས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་ཡུལ་དུར་ཁྲོད་ཐམས་ཅད་དུ༔ མངོན་བྱང་སྣ་ཚོགས་མཁའ་འགྲོ་ལ༔ བཀའ་བབས་ལུང་སྟོན་བླ་མས་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གསང་སྔགས་དཀྱིལ་འཁོར་ཆེན་པོ་ནས༔ མ་རྒྱུད་ཡེ་ཤེས་མཁའ་འགྲོ་མ༔ རྩ་གསུམ་ཆོས་སྐྱོང་དམ་ཅན་བསྐོར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨ་མ་གྲུབ་ཐོབ་མཚོ་རྒྱལ་མ༔ ཁྱོད་མཁའ་སྤྱོད་གནས་ནས་བྱོན་པའི་ཚེ༔ བྱིན་ཡ་མཚན་དངོས་གྲུབ་ཉི་ལི་ལི༔ སྐུ་གཟི་བརྗིད་པདྨོ་ཡ་ལ་ལ༔ གསུང་ཐེག་ཆེན་སྒྲ་སྐད་སི་ལི་ལི༔ ཐུགས་རོ་གཅིག་ཉམས་མྱོང་འུ་རུ་རུ༔ འཁོར་བཀའ་བརྒྱུད་བླ་མ་སྤུངས་སེ་སྤུང་༔ བྲན་མཁའ་འགྲོ་མ་ཚོགས་ཤ་ར་ར༔ ལྷ་ཡི་དམ་དཀྱིལ་འཁོར་ཤིགས་སེ་ཤིག༔ གཡོག་ཆོས་སྐྱོང་ལས་བྱེད་ཁྱུགས་སེ་ཁྱུག༔ བདག་བུ་སློབ་རྣམས་ལ་དབང་བཞི་སྐུར༔ མཆེད་ལྕམ་དྲལ་རྣམས་ལ་རྟོགས་པ་སྤོར༔ ཡུལ་གནས་ཁང་འདི་ལ་བྱིན་ཆེན་ཕོབ༔ ཚོགས་དམ་རྫས་རྣམས་ལ་སིདྡྷི་བསྟིམ༔ ཆོས་བྱང་ཆུབ་སྒྲུབ་པའི་སྟོང་གྲོགས་མཛོད༔ རྐྱེན་ [9b] སྔོན་ལས་འཕྲལ་རྐྱེན་བར་ཆད་ཟློག༔ ཉམས་རྟོགས་པའི་ཡེ་ཤེས་མྱུར་དུ་སྤོར༔ ལུས་འཇའ་ལུས་འགྲུབ་པའི་ཕྲིན་ལས་མཛོད༔ ཨོཾ་གུ་རུ་ཌཱ་ཀི་ནཱི་ཛྙཱ་ན་ཨ་མ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཨེ་ཨ་ར་ལླི་ཕེཾ་ཕེཾ་ཛ་ཛ༔ ཛཿཧཱུྃ་བྃ་ཧོཿ ཞེས་སྤྱན་དྲངས་ཏེ། ཚོགས་ཕུད་ཆ་གསུམ་དུ་སྤྲོས་པའི་དང་པོ་མཆོད་པ་ནི། ཧོཿ ཚོགས་ཀྱི་མཆོད་པ་བླ་ན་མེད༔ གཟི་བརྗིད་དཔལ་ལྡན་དང་པོའི་ཕུད༔ འདོད་ཡོན་ལྔ་ཡིས་རབ་ཏུ་བརྒྱན༔ ཟག་མེད་བདུད་རྩི་སྤྲིན་ཕུང་གཏིབས༔ འཛད་མེད་གཏེར་གྱི་ལོངས་སྤྱོད་འདི༔ ཨ་མ་ཡེ་ཤེས་མཚོ་རྒྱལ་མ༔ གུ་རུ་རྩ་གསུམ་དམ་ཅན་མཆོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨ་མ་ཧ་རི་ནི་ས་ག་ཎ་ཙཀྲ་པཱུ་ཙ་ཧོཿ བར་པ་བཤགས་པ་ནི། ཧོཿ བླ་མ་མཁའ་འགྲོ་དགོངས་སུ་གསོལ༔ མ་རིག་བདག་རྨོངས་ཐ་མལ་བློས༔ དུག་ལྔའི་དབང་གྱུར་མི་དགེ་བཅུ༔ རྩ་བ་ཡན་ལག་དམ་ཚིག་དང་༔ བྱང་ཆུབ་སེམས་ཀྱི་བསླབ་བྱ་རྣམས༔ ཉམས་པར་གྱུར་པ་མི་དགེའི་ལས༔ མ་ལུས་ཐམས་ཅད་བཤགས་པར་བགྱི༔ ཨ་མ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཀཾ་ཀ་ནི་དུཿ ཁ་ཐམས་ཅད་ཤུདྡྷེ་སྭཱཧཱ༔ ཐ་མ་བསྒྲལ་བསྟབ་ནི། ལིངྒ་ལོགས་སུ་བཅས་པ་མེད་ན་ཚོགས་ཟན་དེའི་འདོད་ཡོན་གྱི་ [10a] ལྷ་མོ་རང་ལ་བསྡུས་ཏེ། ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་དམིགས་བྱ་དགུགས་བསྟིམ་བྱས་ལ། ལས་ཕུར་གྱིས་གཟིར་ཞིང་། ཧཱུྃ༔ བདུད་འདུལ་ཡེ་ཤེས་མཁའ་འགྲོ་མ༔ མཐིང་ནག་རྔམས་བྱེད་སེང་གེའི་གདོང་༔ ཕྱག་གཡས་གྲི་གུག་ལྕགས་ཀྱུ་གདེངས༔ གཡོན་པས་ཕུར་བུ་ཐོད་སྣོད་འཆང་༔ སྐུ་སྨད་ཁྲོ་ཕུར་ཚྭ་ཚྭ་འཕྲོ༔ གནོད་བྱེད་གདོན་བགེགས་མ་རིག་བདུད༔ ལུས་ངག་ཡིད་གསུམ་སོ་སོར་བསྒྲལ༔ སྐུ་གསུམ་རྒྱལ་བའི་ཞིང་དུ་བཀོད༔ ང་བདག་བག་ཆགས་ཀ་ནས་དག༔ རིག་པ་ཡེ་ཤེས་དབྱིངས་སུ་ཕཊ༔ ཅེས་དྭངས་མ་དབྱིངས་སུ་བསྒྲལ་བའི་སྙིགས་མ་བདུད་རྩིར་སྤེལ་ལ། ཧཱུྃ༔ བསྒྲལ་བའི་དུག་གསུམ་ཕུང་པོ་ཆེ༔ ཤ་ནི་ཆོས་སྐུ་མཁའ་འགྲོར་འབུལ༔ ཀ་དག་དབྱིངས་སུ་ད་རོལ་ཅིག༔ ༔ ཁྲག་ནི་ལོངས་སྐུ་མཁའ་འགྲོར་འབུལ༔ བདེ་སྟོང་ཟག་མེད་ད་རོལ་ཅིག༔ རུས་པ་སྤྲུལ་སྐུ་མཁའ་འགྲོར་འབུལ༔ བསྐྱེད་རྫོགས་དབྱེར་མེད་ད་རོལ་ཅིག༔ དུག་གསུམ་སྐུ་གསུམ་མཁའ་འགྲོ་མཆོད༔ དུག་ལྔ་རིགས་ལྔ་མཁའ་འགྲོས་རོལ༔ བདུད་བཞི་བདུད་འདུལ་སྡེ་བཞིས་རོལ༔ བག་ཆགས་གཉིས་འཛིན་དག་གྱུར་ཅིག༔ ཨ་མ་ཧ་རི་ནི་ས་ [10b] ཨ་ཀ་ས་མ་ར་ཙ་ཕཊ༔ ཅེས་བསྟབ། ཚོགས་ལ་རོལ་པ་ནི། ལས་ཀྱི་རྡོ་རྗེས་གཙོ་བོ་ལ་ཕྱག་བཅས་ཐབས་ཤེས་ཀྱི་དམ་རྫས་བསྣོལ་མར་སྟོབ་ཅིང་། ཨེ་མ་ཧོཿ གསང་སྔགས་ཐེག་ཆེན་སློབ་དཔོན་མཆོག༔ དམ་རྫས་ཤ་ལྔ་བདུད་རྩི་ལྔ༔ ཡན་ལག་ཉེར་ལྔའི་དམ་ཚིག་རྫས༔ ཚོགས་ཀྱི་འཁོར་ལོའི་རྒྱས་གདབ་འབུལ༔ ཞེས་དྲང་། ལེན་པ་པོས་ཕྱག་རྒྱ་གཡས་སུ་བསྐོར་ཞིང་། ཧོཿ བླ་མེད་དམ་རྫས་ངོ་མཚར་ཆེ༔ དགའ་བཞི་མཁའ་འགྲོའི་དངོས་གྲུབ་འདི༔ ཟག་མེད་བདེ་བའི་རོ་ཡིས་ཚིམ༔ སྟོང་ཉིད་རོལ་པས་རྒྱས་གདབ་བོ༔ ཞེས་བླངས། འདུས་པ་པོ་རྣམས་ལའང་བྲིམ་སྟེ། སིདྡྷི་ས་མ་ཡ་ཨ་ལ་ལ་ཧོཿ མ་ཧཱ་སུ་ཁ་ཨ་ཧོཿ ཞེས་ནང་གི་སྲེག་བླུག་ཏུ་ཚིམ་པར་ལོངས་སྤྱོད་པའི་མཐར། ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ། ལྷག་མ་གཏོང་བ་ནི། ཕུད་ལྷག་བསྲེས་བའི་ལྷག་གཏོར་ལ་བདུད་རྩིའི་ཞལ་ཆབ་སྦྲེད་ཞིང་། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨདྱ་ནུཏྤན་ན་ཏོཏྟ་ཨོཾ་ཨཱཿཧཱུྃ༔ ཞེས་བྱིན་བརླབས། ཧཱུྃ༔ དང་པོ་མ་བཅོས་སོ་མའི་ལྷག་མ་འདི༔ ཞི་གནས་བདེ་འབྱམས་ལྷག་མཐོང་གསལ་ [11a] བས་བཞེས༔ བར་དུ་སྣ་ཚོགས་རྟོག་པ་སྤུན་པོ་འདི༔ རྩེ་གཅིག་ངོ་མཐོང་ཤར་གྲོལ་ངང་དུ་བཞེས༔ ཐ་མ་སྤྲོས་བྲལ་ཀ་དག་ལྷག་མ་འདི༔ མཉམ་རྗེས་གཉིས་མེད་རོ་གཅིག་ཀློང་དུ་བཞེས༔ ལྷག་མ་བྱ་བྲལ་སྒོམ་མེད་ལྷག་མ་འདི༔ ཕུང་པོ་ལྷག་མེད་འཇའ་འོད་ཀློང་དུ་བཞེས༔ ཕཊ་ཨོཾ༔ ཕཊ་ཨཱཿ ཕཊ་ཧཱུྃ༔ ཕཊ་སྭཱ་ཧཱ༔ ཞེས་ཕྱི་རོལ་དུ་བསྐྱལ་ལོ། །གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ ཨ་མ་མཚོ་རྒྱལ་མཁའ་འགྲོའི་དཀྱིལ་འཁོར་ལ༔ ཐུགས་དམ་བསྐུལ་ལོ་སྨོན་ལམ་ཐུགས་བསྐྱེད་མཛོད༔ མ་ཡི་སྤྱི་བོ་བདེ་ཆེན་འཁོར་ལོ་ལ༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་སུམ་ཅུ་གཉིས་༔ ཐུགས་དམ་བསྐུལ་ལོ་ཉོན་མོངས་ཞི་བར་མཛོད༔ མ་ཡི་མགྲིན་པ་རོ་འདུས་འཁོར་ལོ་ལ༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་བཅུ་དྲུག་བཞུགས༔ ཐུགས་དམ་བསྐུལ་ལོ་ཡེ་ཤེས་རྒྱས་པར་མཛོད༔ མ་ཡི་སྙིང་ག་ཆོས་ཀྱི་འཁོར་ལོ་ལ༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་དཔའ་བོ་བརྒྱད༔ ཐུགས་དམ་བསྐུལ་ལོ་མཆོག་གི་ཡེ་ཤེས་སྤོར༔ མ་ཡི་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ༔ པདྨ་རིགས་ཀྱི་མཁའ་འགྲོ་དྲུག་ཅུ་གཉིས༔ ཐུགས་དམ་བསྐུལ་ལོ་བདེ་སྟོང་ [11b] དགའ་བཞི་བསྐྱེདཿ མ་ཡི་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཀརྨ་རིགས་ཀྱི་མཁའ་འགྲོ་ཉི་ཤུ་བཞི༔ ཐུགས་དམ་བསྐུལ་ལོ་གཟུང་འཛིན་ཆགས་པ་སྒྲོལ༔ མ་ཡི་ལུས་གནས་ཉི་ཤུ་རྩ་བཞི་ལ༔ གནས་བདག་དཔའ་བོ་དཔའ་མོ་ཉི་ཤུ་བཞི༔ ཐུགས་དམ་བསྐུལ་ལོ་འཁོར་བའི་ཆགས་སྡང་སྒྲོལ༔ མ་ཡི་རྩ་རླུང་སྟོང་ཕྲག་བརྒྱད་ཅུ་ལ༔ ཡེ་ཤེས་ལས་ལས་གྲུབ་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་བསྐུལ་ལོ་ས་ལམ་བར་ཆད་སོལ༔ མ་ཡི་དབུ་སྐྲ་ཉི་ཁྲི་ཆིག་སྟོང་ལ༔ སྣ་ཚོགས་ལས་ལས་གྲུབ་པའི་མཁའ་འགྲོའི་ཚོགས༔ ཐུགས་དམ་བསྐུལ་ལོ་ཕུང་པོའི་བར་ཆད་སྒྲོལ༔ མ་ཡི་བ་སྤུ་བྱེ་བ་ཕྲག་བརྒྱ་ལ༔ འཇིག་རྟེན་ཞིང་སྐྱོང་མཁའ་འགྲོ་བྱེ་ཕྲག་བརྒྱ༔ ཐུགས་དམ་བསྐུལ་ལོ་ཡེ་གདོན་འབྱུང་པོ་སྒྲོལ༔ མ་ཡི་སྐུ་མཆོག་གསང་སྔགས་དཀྱིལ་འཁོར་ལ༔ གསང་སྔགས་བླ་མེད་མཁའ་འགྲོ་བསམ་མི་ཁྱབ༔ ཐུགས་དམ་བསྐུལ་ལོ་སྔགས་ཀྱི་དངོས་གྲུབ་སྩོལ༔ མ་ཡི་ཐུགས་དམ་དགོངས་པ་མཁའ་ལྟར་དག༔ དགོངས་བརྒྱུད་བྱིན་རླབས་མཁའ་འགྲོ་སྤྲིན་ལྟར་གཏིབས༔ ཐུགས་བརྒྱུད་རང་གྲོལ་མཆོག་གི་དངོས་གྲུབ་སྩོལ༔ མ་ཡི་སྔགས་རླུང་རྡོ་རྗེ་གསུམ་ [12a] གྱི་བཅུད༔ གསང་སྔགས་བཅུད་འདུས་མཁའ་འགྲོ་གྲངས་ལས་འདས༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཐུགས་དམ་བསྐུལ་ལོ་ཨ་མ་མཚོ་རྒྱལ་མ༔ ཐུགས་རྗེ་རྒྱུན་ཆད་མེད་པའི་དགོངས་པས་གཟིགས༔ འབྱུང་བཞི་ལུས་ཀྱི་གདོན་དང་བར་ཆད་སོལ༔ སྨྲ་སྒོ་ངག་ལ་སྔགས་ཀྱི་ནུས་པ་སྤོར༔ སེམས་ཉིད་ལྷན་སྐྱེས་ཡེ་ཤེས་རང་ངོ་ལ༔ ལྷག་མཐོང་རོག་ཅིག་མཆོག་གི་རྟོགས་བ་སྤོར༔ རྣལ་འབྱོར་བསམ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྐུལ། གསུམ་པ་གཏོར་མ་གཏོང་བ་ནི། ཆད་མདོའི་གཏོར་མར་སྨན་རཀ་བྲན་ཅིང་། ཨོཾ་ཨཱཿ་ཧཱུྃ་གིས་བདུད་རྩིར་སྤེལ་ལ། ཧཱུྃ༔ དང་པོ་ཀ་དག་སོ་མའི་རྟོག་པ་ལ༔ རྣམ་རྟོག་གཉིས་འཛིན་ལྷ་འདྲེ་ཆགས་སྡང་གིས༔ དྲན་རྫི་རང་རིག་ཡེ་ཤེས་སྤྱན་སྔ་རུ༔ རྟོག་ཚོགས་རེ་དོགས་བསྒྲལ་བར་མ་ཆད་དམ༔ རང་གྲོལ་སྐྱེ་མེད་གཏོར་མ་འདི་བཞེས་ལ༔ རྣམ་རྟོག་རྐུན་བུ་བསྒྲལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དེ་འོག་ཞི་ལྷག་བདེ་གསལ་དུར་ཁྲོད་དུ༔ ཐེ་ཚོམ་ལྟེང་པོའི་ཞི་གནས་ལྷ་འདྲེ་ཡིས༔ གཉན་པོ་རང་གྲོལ་སློབ་དཔོན་སྤྱན་སྔ་རུ༔ གོལ་ས་ཤོར་ས་སྒྲོལ་བར་མ་ཆད་དམ༔ ངོ་མཐོང་རྩེ་གཅིག་གཏོར་མ་འདི་ [12b] བཞེས་ལ༔ རྣམ་རྟོག་ཆོས་སྐུར་གྲོལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ དེ་འོག་ཐ་མ་སྤྲོས་བྲལ་ཕོ་བྲང་དུ༔ སྟོང་འབྱམས་རྟག་ཆད་ཐེར་ཟུག་ལྷ་འདྲེ་ཡིས༔ སྐྱེ་མེད་འགག་མེད་བླ་མའི་སྤྱན་སྔ་རུ༔ བརྗེད་སྐབས་ཡེངས་སྐབས་བསྒྲལ་བར་མ་ཆད་དམ༔ ཤར་གྲོལ་དུས་མཉམ་གཏོར་མ་འདི་བཞེས་ལ༔ བསྒོམ་མེད་བློ་འདས་འགྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ༔ ཀུན་རྫོབ་ལྟར་སྣང་བླ་མའི་དཀྱིལ་འཁོར་འདིར༔ རྟེན་འབྲེལ་རྒྱུ་རྐྱེན་སྲུང་མ་དམ་ཅན་གྱིས༔ མོས་པའི་བློས་བཟུང་རྣམ་འབྱོར་སྒྱུ་མ་ཡིས༔ བྱང་ཆུབ་སྒྲུབ་པའི་བར་ཆད་ཐམས་ཅད་སྒྲོལ༔ མཚན་མ་དམིགས་གཏད་རྫས་ཀྱི་གཏོར་མ་བཞེས༔ སྔོན་ལས་འཕྲལ་རྐྱེན་ཐོགས་བཅས་བདུད་རིགས་སྒྲོལ༔ སརྦ་ཌཱ་ཀི་ནཱི་བ་ལིང་ཏ་ཁཱ་ཧི༔ གཏོར་གཞོང་བཤལ་བའི་སྨན་ཕུད་ཀྱིས་བརྟན་མའི་གཏོར་མར་བྲན་པས་བརླབས་ཏེ། ཧོཿ བོད་ཀྱི་གནས་བདག་བརྟན་མ་བཅུ་གཉིས་པོ༔ ཚུར་གཤེགས་ཚུར་བྱོན་བཀའ་ཡི་གཏོར་ཆུ་བཞེས༔ སློབ་དཔོན་པད་འབྱུང་ཡབ་ཡུམ་བཀའ་བཞིན་དུ༔ བོད་ཁམས་དཀར་པོའི་ཆོས་སུ་བཀོད་པ་དང་༔ ཟབ་མོ་གསང་སྔགས་བསྟན་པ་རྒྱས་པ་དང་༔ རྟག་ཆད་བདུད་དང་འགོང་པོ་སྤུན་དགུ་སྒྲོལ༔ [13a] ནད་མཚོན་མུ་གེ་རྒྱ་འདྲེ་དམ་ཉམས་ཟློག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ མ་མ་ཧྲིཾ་ཧྲིཾ་ཨི་དཾ་བ་ལིང་ཏ་ཁཱ་ཧི༔ ཞེས་འབུལ། གཏོར་གཞོང་ཁ་སྦུབས་པ་རི་རབ་ཏུ་གསལ་བའི་འོག་ཏུ་དགྲ་བགེགས་མནན་པར་བསམ་ལ་རྡོ་རྗེའི་རྒྱས་གདབ་ཅིང་། ཧཱུྃ༔ མཁའ་འགྲོ་གྲུ་གསུམ་འབར་བའི་བྲོ་ར་ལ༔ ཡེ་ཤེས་ལས་གྲུབ་མཁའ་འགྲོས་བྲོ་བརྡུངས་པས༔ ཉོན་མོངས་དུག་ལྔ་མ་རིག་ལོག་རྟོག་བཅོམ༔ རང་རིག་ཡེ་ཤེས་མངོན་གྱུར་ཆོ་ག་རྫོགས༔ རྣམ་རྟོག་འཁོར་བའི་བག་ཆགས་མ་ལུས་ནོན༔ ཨོཾ་ལཾ་ཧཱུྃ་ལཾ༔ མཱ་ར་ཡ་ནན་སྭཱ་ཧཱ༔ ཞེས་བྲོ་བརྡུང་། བཞི་པ་དངོས་གྲུབ་བླང་བ་ནི། གཏོར་མ་ལྷར་གསལ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རང་ལ་ཐོབ་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ༔ ཨ་མ་མཚོ་རྒྱལ་དངོས་གྲུབ་ཀུན་གྱི་གཞི༔ གསང་སྔགས་སྡོང་པོ་ཆོས་ཀྱི་འབྱུང་གནས་མ༔ སྐུ་ཡི་དངོས་གྲུབ་བུ་ཡི་ལུས་ལ་སྩོལ༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ གསུང་གི་དངོས་གྲུབ་བུ་ཡི་ངག་ལ་སྩོལ༔ སྔགས་རླུང་རྩལ་རྫོགས་གྲུབ་པ་ཐོབ་པར་མཛོད༔ ཐུགས་ཀྱི་དངོས་གྲུབ་བུ་ཡི་སེམས་ལ་སྩོལ༔ ཉམས་རྟོགས་རྩལ་རྫོགས་འཇའ་ལུས་ཐོབ་པར་མཛོད༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ [13b] ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་དངོས་གྲུབ་བླངས། ལྔ་པ་ནོངས་པ་བཤགས་པ་ནི། གཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས། མཁའ་འགྲོ་སྐུ་ཡི་དམ་ཚིག་ཉམས་གྱུར་ན༔ བརྩེ་གདུང་མོས་གུས་ཚད་མེད་འདི་ཡིས་བཤགས༔ མཁའ་འགྲོ་གསུང་གི་དམ་ཚིག་ཉམས་གྱུར་ན༔ བསྐྱེད་རྗོགས་བསྙེན་སྒྲུབ་ལས་སྦྱོར་འདི་ཡིས་བཤགས༔ མཁའ་འགྲོ་ཐུགས་ཀྱི་དམ་ཚིག་ཉམས་གྱུར་ན༔ ཚོགས་གཏོར་ཆོ་ག་གཏོར་མཆོད་འདི་ཡིས་བཤགས༔ མཁའ་འགྲོ་ཡན་ལག་དམ་ཚིག་ཉམས་གྱུར་ན༔ དམ་རྫས་ཕྱི་ནང་གསང་རྟེན་འདི་ཡིས་བཤགས༔ བྱང་ཞིང་དག་ནས་ཚངས་ཏེ་དངོས་གྲུབ་སྩོལ༔ ཞེས་དང་། ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་རྣམས་ལན་གསུམ་རེ་བཟླ། དྲུག་པ་དཀྱིལ་འཁོར་བསྡུ་བ་ནི། ཚོགས་མགྲོན་སོགས་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་སུ་གསོལ། དམ་ཚིག་གི་འཁོར་ལོ། ཧོཿ ཆོས་ཀུན་སྒྱུ་མའི་རང་བཞིན་ལ༔ སྣང་ཡང་བདེན་པར་མ་གྲུབ་ཏེ༔ མེད་བཞིན་ཤར་བའི་དཀྱིལ་འཁོར་ལྷ༔ མཐའ་ནས་དབུས་སུ་ཨ་རུ་གྱུར༔ ཨ་ཡང་དམིགས་མེད་དབྱིངས་སུ་ཡལ༔ དབྱིངས་རིག་རྡོ་རྗེ་ལུ་གུ་རྒྱུད༔ ཐིག་ལེ་ཉག་གཅིག་ཟག་མེད་རྒྱས༔ འཁོར་འདས་ཀ་དག་ཀློང་དུ་མུ༔ [14a] བཛྲ་ཨཿ ཞེས་འོད་གསལ་བདེ་བ་ཆེན་པོའི་ངང་དུ་མཉམ་པར་བཞག །སླར་ཡང་སྣང་གྲགས་རྟོག་ཚོགས་མཁའ་འགྲོའི་གསང་བ་གསུམ་དུ་བལྟས་ཏེ་རྒྱུན་གྱི་སྤྱོད་ལམ་ལ་འཇུག །བདུན་པ་བསྔོ་སྨོན་དང་ཤིས་པ་བརྗོད་པ་ནི། ཧོཿ དགེ་བ་འདི་དང་དགེ་བ་གཞན༔ མ་ལུས་གཅིག་ཏུ་བསྡུས་ནས་ནི༔ མཁའ་མཉམ་འགྲོ་བ་ཀུན་ལ་བསྔོ༔ བདག་གཞན་འགྲོ་བ་མ་ལུས་ཀུན༔ ས་བཅུ་འདས་པའི་ས་ནོན་ཅིང་༔ ལམ་ལྔ་བགྲོད་ཅིང་དུག་ལྔ་དག༔ ཡེ་ཤེས་ལྔ་ལྡན་མཁའ་འགྲོ་དང་༔ གཉིས་མེད་སྐལ་བ་མཉམ་པར་ཤོག༔ ཅེས་དགེ་བ་བསྔོ་ཞིང་སྨོན་ལམ་གྱི་རྒྱས་གདབ། མེ་ཏོག་གི་ཆར་དབབ་ལ། ཨེ་མ་ཧོཿ ས་བཅུ་བགྲོད་པ་ཀུན་གྱི་གཙོ༔ སངས་རྒྱས་བྱང་སེམས་བཀྲ་ཤིས་ཤོག༔ བྱིན་རླབས་དངོས་གྲུབ་ཕྲིན་ལས་མྱུར༔ རྩ་བ་གསུམ་གྱི་བཀྲ་ཤིས་ཤོག ༔ ཞིང་བཅུ་སྒྲོལ་བའི་མཐུ་དང་ལྡན༔ དམ་ཅན་ཆོས་སྐྱོང་བཀྲ་ཤིས་ཤོག༔ གསང་སྔགས་ཐེག་ཆེན་འབྲུག་སྒྲ་སྒྲོགས༔ དམ་ཆོས་སྙན་བརྒྱུད་བཀྲ་ཤིས་ཤོག༔ བསླབ་གསུམ་དམ་ལྡན་ལམ་ལྔ་བགྲོད༔ དགེ་འདུན་མཆེད་ལྕམ་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་སུ་བྱའོ། །ཌཱ་ཀིའི་སྒྲུབ་ཐབས་བསམ་ལས་འདས་བཞུགས་ཀྱང་། ། [14b] ཞག་བདུན་བསྒྲུབས་པས་མཁའ་སྤྱོད་ལ་སྐྱེལ་བའི། །སྔོན་མེད་ངོ་མཚར་ཟབ་གསང་བཅུད་འདུས་པ། །མཁའ་འགྲོའི་ཁ་རླངས་མ་ཡལ་འདི་ཁོ་ན། །འདིས་ཀྱང་ཟག་མེད་དགའ་བཞིས་རྩེན་པའི་གནས། །རྡོ་རྗེ་བཙུན་མོའི་གྲོང་ཁྱེར་ཉམས་དགའ་བར། །ལྷན་སྐྱེས་མཛེས་མས་བདག་སོགས་མདུན་བསུས་ཏེ། །ཧེ་རུ་ཀ་དང་ལྷན་ཅིག་གར་བྱེད་ཤོག །དེ་ལྟར་རིག་འཛིན་ཆེན་པོ་སྟག་ཤམ་ནུས་ལྡན་རྡོ་རྗེའི་གཏེར་བྱོན་ཟབ་མོ་གསང་བ་ཡོངས་འདུས་ཀྱི་མཁའ་འགྲོ་སྤྲུལ་སྐུའི་སྙིང་ཐིག་གི་ཚོགས་མཆོད་ལས་བྱང་ཁྲིགས་སུ་བསྡེབས་པ་པདྨ་འོད་དུ་བགྲོད་པའི་ཤིང་རྟ་ཞེས་བྱ་བ་འདི་ནི། ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་བཅུ་གསུམ་པ་དཔལ་ལྡན་མིའི་དབང་པོ་ཚེ་རིང་དཔལ་འབྱོར་གྱི་བཀའ་ལུང་གུས་པས་མཆོད་དེ། རྩ་བའི་གཞུང་ལས་སྐབས་སུ་བབས་པའི་ཁ་སྐོང་དུ་འོན་པ་རྣམ་རིགས་མཐུན་གྱི་གཏེར་ཁ་ལས་བླངས་ཤིང་རྒྱུན་གྱི་ཉོན་བཞེས་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་ལྔར་སོན་པ་འབྲུ་མང་ལོའི་ཆོ་འཕྲུལ་ཟླ་བའི་ཤེར་ཕྱོགས་ཀྱི་ཉེར་དགུ་མཁའ་འགྲོ་འདུ་བའི་དུས་བཟང་པོ་ལ་གྲུབ་པར་བགྱིས་པ་ལས། ཡི་གེ་པ་ནི་རིག་བྱེད་སྨྲ་བ་དགེ་སྦྱོང་ཐུབ་བསྟན་རྒྱལ་མཚན་གྱིས་བགྱིས་པའོ། །འདིས་ཀྱང་འགྲོ་བ་ཐམས་ཅད་མཁའ་ལ་སྤྱོད་པའི་ཞིང་དུ་དབུགས་འབྱིན་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།