DJYD-KABUM-09-TA-021: Difference between revisions

From Dudjom Wiki
DJYD-KABUM-09-TA-021
m (Text replacement - "༴" to "༴ ")
m (Text replacement - "ཧྲཱི༔" to "ཧྲཱིཿ")
 
Line 41: Line 41:




༄༅།  །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོའི་ལས་བྱང་བདུད་བཞིའི་གཡུལ་ལས་རྒྱལ་བའི་དགའ་སྟོན་ཞེས་བྱ་བ།  བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ།  །མི་ཤིགས་རྡོ་རྗེ་ཁྲོས་པའི་མཚོན་ཆེན་གྱིས།  །གཉིས་རྟོག་རཱུ་ཏྲའི་སྡེ་དཔུང་མཐར་མཛད་མགོན།  །བླ་མ་དཔལ་ཆེན་བཛྲ་ཀཱི་ལ་ཡ།  །རང་རིག་བྱང་ཆུབ་སེམས་སུ་ངེས་པས་འདུད།  །རིག་མཆོག་འབུམ་སྡེའི་བཅུད་ཐིག་སྙིང་པོའི་ཕུལ།  །གྲུབ་གཉིས་འདོད་རྒུར་འཇོ་བའི་ཟབ་ཁྱད་ཅན།  །ཡང་གསང་བདེ་གཤེགས་སྙིང་པོའི་ {{TibChung|[2a]}} ཆོ་གའི་ཁྲིགས།  །བདུད་བཞིའི་གཡུལ་ལས་རྒྱལ་བའི་དགའ་སྟོན་སྤྲོ།  །{{TibChung|དེ་ཡང་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་རྣལ་འབྱོར་པ་དག་གིས་དད་བརྩོན་ལྷག་པའི་བསམ་པ་བརྟན་པོས་དཔལ་ཆེན་པོའི་རྣལ་འབྱོར་ལ་འཇུག་པར་བྱ་སྟེ།  དེའི་ཚུལ་ལ་གསུམ།  སྦྱོར་བ།  དངོས་གཞི།  རྗེས་ཀྱི་རིམ་པའོ།  །དང་པོ་ལའང་གཉིས།  བྱ་བའི་སྦྱོར་བ་དང་།  ཆོ་གའི་སྦྱོར་བའོ།  དང་པོ་ནི།  ཡིད་དང་མཐུན་པའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་དང་སྤྱན་གཟིགས་སྣ་ཚོགས་མཛེས་པར་བཀྲམ།  མཆོད་རྫས་སྨན་རཀ་གཏོར་མ་སོགས་ཕྱི་ནང་གསང་བའི་དམ་ཚིག་གི་ཡོ་བྱད་ཕུན་སུམ་ཚོགས་པར་བཤམ་མོ།  །གཉིས་པ་ཆོ་གའི་སྦྱོར་བ་ལ་བདུན་ལས།  དང་པོ་བརྒྱུད་པའི་གསོལ་འདེབས་ནི།}}  {{TibChung|[2b]}} ན་མོ།  ཀུན་བཟང་རྡོ་རྗེ་འཆང་དང་རྡོ་རྗེ་སེམས།  །དགའ་རབ་ཤྲཱི་སེང་པྲ་བྷ་ཧསྟི་ལ།  །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས།  །ཡེ་ཤེས་ཕུར་པ་འགྲུབ་པར་བྱིན་གྱིས་རློབས།  །པདྨ་འབྱུང་གནས་མཁར་ཆེན་མཚོ་རྒྱལ་དང་།  །ཁྲི་སྲོང་ལྡེའུ་བཙན་འབྲོག་བན་ལོ་ཙཱ་ལ།  །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས།  །ཡེ་ཤེས་ཕུར་པ་འགྲུབ་པར་བྱིན་གྱིས་རློབས།  །ཟབ་གཏེར་སྒོ་འབྱེད་རིག་འཛིན་བདུད་འཇོམས་གླིང་།  །བཀའ་བབས་ཆོས་བདག་རྩ་བརྒྱུད་བླ་མ་ལ།  །གསོལ་བ་འདེབས་སོ་བདག་རྒྱུན་སྨིན་གྲོལ་ནས།  །ཡེ་ཤེས་ཕུར་པ་འགྲུབ་པར་བྱིན་གྱིས་རློབས།  །དཔལ་ཆེན་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་དང་།  །དམ་ཅན་ཆོས་སྐྱོང་དཀྱིལ་འཁོར་ལྷ་ཚོགས་ལ།  །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས།  །ཡེ་ཤེས་ཕུར་པ་འགྲུབ་པར་བྱིན་གྱི་རློབས།  །ཡེ་ཤེས་གཅིག་ཆར་འགྲུབ་པར་བྱིན་གྱིས་རློབས།  །ས་ལམ་གཅིག་རྫོགས་གཞོན་ནུ་བུམ་པའི་སྐུ།  །འཇའ་ལུས་འཕོ་བ་ཆེན་པོར་སངས་རྒྱས་ཤོག༔  {{TibChung|གཉིས་པ་སྐྱབས་སེམས་ཚོགས་བསགས་ནི།}}  ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་རྣམ་པར་རོལ་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ{{TibChung|ས་སད་པར་མོས་ལ།}}  ཧོཿ  {{TibChung|[3a]}} བདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ༔    ལྷུན་གྲུབ་ལོངས་སྤྱོད་ཡོན་ཏན་རྫོགས༔    མ་བཅོས་རང་གྲོལ་སྤྲུལ་པའི་སྐུ༔    འདུ་འབྲལ་མེད་པར་སྐྱབས་སུ་མཆི༔  {{TibChung|ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ།}}  ཧོཿ འཁོར་འདས་དག་མཉམ་ཆེན་པོའི་དབྱིངས༔    གཉིས་མེད་རོལ་པ་བྱང་ཆུབ་སེམས༔    རང་བྱུང་ཡེ་ཤེས་ཆེན་པོས་བརྡལ༔    བསྐྱེད་དུ་མེད་དེ་ཡེ་ཡིན་ངང་༔  {{TibChung|ཞེས་ལན་གསུམ་གྱིས་སེམས་བསྐྱེད།}}  ཧོཿ རང་རིག་དཔལ་ཆེན་ལྷ་ཚོགས་ལ།  །གཉུག་མའི་རང་ཞལ་མཇལ་བས་འདུད།  །སྣང་སྲིད་གཞིར་བཞེངས་ཕྱག་རྒྱས་མཆོད།  །ཉམས་ཆག་དམིགས་མཐའ་བྲལ་བར་བཤགས།  །ཡོན་ཏན་ལྷུན་རྫོགས་རྗེས་ཡི་རང་།  །ཕྲིན་ལས་རོལ་པའི་ཆོས་འཁོར་བསྐོར།  །བདག་རྟོག་འདུལ་ཕྱིར་མི་འདར་བཞུགས།  །དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔  {{TibChung|ཞེས་ཚོགས་བསགས་ཏེ།}}  ཛཿཧཱུྃ་བཾ་ཧོཿ {{TibChung|ས།}}  ཚོགས་ཞིང་རྣམས་རང་ལ་ཐིམ་པར་{{TibChung|མོས།  གསུམ་པ་བགེགས་བསྐྲད་པ་ནི།}}  རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་ཡུམ་དང་བཅས་པའི་སྐུར་གྱུར་{{TibChung|པར་བསམ་ལ།  བགེགས་གཏོར།}}  རཾ་ཡཾ་ཁཾ་{{TibChung|གིས་བསངས་སྦྱང་།}}  སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ {{TibChung|[3b]}} ཕུན་སུམ་ཚོགས་པར་{{TibChung|བལྟས་ལ།}}  ཨོཾ་ཨཱཿཧཱུྃ་ཧོཿ {{TibChung|ས་བྱིན་གྱིས་བརླབ།  མགྲོན་རྣམས།}}  སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛཿ{{TibChung|ས་བཀུག་པ་ལ།}}  སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་{{TibChung|སོགས་སྔགས་དང་ཕྱག་རྒྱ་ལན་གསུམ་གྱིས་གཏོར་མ་བསྔོས་ཏེ།  བཀའ་བསྒོ་བ་ནི།}}  ཧཱུྃ༔    ང་ནི་མ་བཅོས་ངང་གིས་ཁྲོས༔    ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ཤུགས༔    རྟོག་གཉིས་རུ་ཏྲའི་གཤེད་དུ་ཆེ༔    བདག་མེད་ཆེན་པོར་དེངས་ཤིག་ཕཊ༔  {{TibChung|ཅེས་དང་ཧཱུྃ་བཞིའི་དྲག་སྔགས་བརྗོད་པས་བགེགས་བསྐྲད།  བཞི་པ་མཚམས་གཅོད་པ་ནི།}}  ཧཱུྃ༔    ཕྱོགས་དང་དབུས་མཐའ་བྲལ་བ་ཡི༔    ཀུན་ནས་ཟླུམ་པ་ཐིག་ལེའི་མཁའ༔    གཞོམ་བྲལ་མི་ཤིགས་རྡོ་རྗེ་སྟེ༔    སྲུང་དང་བསྲུང་བྱ་ཡེ་སངས་རྒྱས༔    དྷརྨ་དྷཱ་ཏུ་རཀྵ་རཀྵ༔  {{TibChung|ལྔ་པ་བརྡ་སྒོ་དབྱེ་ཞིང་ཕྱག་འཚལ་བ་ནི།}}  ཧཱུྃ༔    སྣོད་བཅུད་དག་པ་ཁྲོ་བོའི་ཞིང་།  །སྐུ་དང་ཡེ་ཤེས་དབྱེར་མེད་ཀྱང་།  །མ་རིག་སྒྲིབ་པས་ཆོད་པ་རྣམས།  །རང་གསལ་ལྷུན་གྲུབ་ངང་དུ་དབྱེ།  །བཛྲ་པྲ་བེ་ཤ་ཡ་ཕཊ༔    ཧཱུྃ༔    སྟོང་གསལ་མ་བཅོས་གཉུག་མའི་དབྱིངས༔    རང་རིག་དོན་གྱི་དཔལ་ཆེན་པོ།  །མཉམ་ཉིད་བལྟ་བས་མཇལ་བའི་ཕྱག  །དམིགས་བསམ་བརྗོད་བྲལ་ཀློང་དུ་འཚལ།  །ན་མོ་ན་མ་མི།  {{TibChung|དྲུག་པ་དམ་བཅའ་བཟུང་བ་ནི།}}  ཧཱུྃ།  དོན་དམ་འགྱུར་མེད་རིག་པའི་གཤིས།  །ཐབས་ {{TibChung|[4a]}} ཀྱི་སྤྱོད་པས་སྐུར་སྣང་བ།  །དཔལ་ཆེན་ཁྲག་འཐུང་གསང་བ་གསུམ།  །སྲོག་ཕྱིར་མི་གཏོང་བཟུང་བར་བགྱི།  །ས་མ་ཡ་ཙིཏྟ་བཛྲ་ཧཱུྃ༔  {{TibChung|བདུན་པ་བྱིན་དབབ་པ་ནི།  སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་ལ།}}  ཧཱུྃ༔    ཁྱབ་བདག་རྡོ་རྗེ་མི་གཡོ༔    རང་གསལ་གཞོན་ནུ་བསྒྲེས་རྒུད་བྲལ༔    ཡེ་གྲོལ་ཐོགས་མེད་ཕུར་པ་ཡིས༔    མཉམ་ཉིད་རོལ་པར་བྱིན་ཆེན་ཕོབ༔    བཛྲ་ཨཱ་བེ་ཤ་ཡ་ཨ༔    བརྒྱད་པ་མཆོད་རྫས་བརླབ་པ་ནི༔    ཧཱུྃ༔    དབང་པོ་ཡུལ་གྱི་གསལ་སྒོ་རུ༔    འདོད་ཡོན་སྣང་བ་རྒྱན་དུ་ཤར༔    ཚོགས་བརྒྱད་དག་པའི་རླབས་ཀྱིས་བརླབས༔    མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔    ཨོཾ་ཨཱཿཧཱུྃ་མ་ཧཱ་ཛྙཱ་ན་སརྦ་པཱུ་ཛ་ཧཱུྃ༔  ཧ་ཧོ་ཧྲཱིཿ{{TibChung|ཞེས་སྤེལ་ལོ།  གཉིས་པ་དངོས་གཞི་ལ་བདུན་ལས།  དང་པོ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་ནི།}}  ཨ༔  ཐིག་ལེ་ཆེན་པོ་ཆོས་ཀྱི་དབྱིངས༔    ཁྱབ་བྱེད་ཡེ་ཤེས་རང་ཞལ་གཟིགས༔    མ་འགགས་རྒྱུ་ཡི་ས་བོན་ཉིད༔    སྟོང་ཆེན་ཡུམ་གྱི་མཁའ་ལས་བཙས༔    ཐབས་ཤེས་སྙིང་པོ་ས་བོན་ཧཱུྃ༔    ཆོས་དབྱིངས་མཁའ་ཀློང་ཡངས་པར་ཤར༔    ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལས༔    འབྱུང་བའི་ལྷ་མོ་བཞི་རིམ་མཁར༔    སྟོང་གཟུགས་འདོད་པའི་དབང་ཕྱུག་མོ༔    རུས་པའི་རི་རབ་ {{TibChung|[4b]}} ལ་བརྫུས་སྟེང༔    ཡུལ་བརྒྱད་དག་པའི་དུར་ཁྲོད་དུ༔    ཚོགས་བརྒྱད་དག་པའི་དཔའ་བོ་བརྒྱད༔    སྟོང་ཆེན་དཔའ་མོའི་བྷ་གར་རོལ༔    ཕྲ་ཡུལ་བྲག་ཤིང་མེ་མཚོ་རླུང་༔    ཕྲ་རྟོག་གཅན་གཟན་འདྲེ་རུ་བརྫུས༔    དེ་དབུས་ལྷུན་གྲུབ་གཞལ་ཡས་ཁང་༔    མ་དག་རྟོག་གཉིས་སྒོ་འགགས་ཕྱིར༔    ཕྱི་ནང་ཐབས་ཤེས་རིམ་པར་ཤར༔    ཡེ་ཤེས་བཞི་ཡི་ངོ་བོ་ལ༔    རྒྱུ་དང་ཁ་དོག་བཞིས་ཕྱོགས་མཛེས༔    ཚད་མེད་བཞི་ཡི་འཆར་སྒོ་རུ༔    ཕྲིན་ལས་བཞི་ཡི་དབྱིབས་དང་ལྡན༔    ཐབས་ཤེས་ཉི་ཟླའི་གསེང་དཀར་ཧར༔    རྒྱུ་བརྒྱད་སེམས་ཀྱི་ཀ་གདན་བཏིང་༔    ཐེག་པ་བརྒྱད་ཀྱི་ཀ་བ་ལ༔    འབྲས་བུ་བརྒྱད་ཀྱི་གདུང་མ་བཀལ༔    ཆོས་ཕུང་བརྒྱད་ཁྲིའི་དྲལ་ཁེབས་བྱས༔    ཆོས་དབྱིངས་ཡེ་ཤེས་ཡ་ཕུབ་སྟེང་༔    བདེ་སྟོང་མི་འགྱུར་བུམ་པ་བྲེ༔    ས་ལམ་གཅིག་རྫོགས་ཆོས་འཁོར་གདུགས༔    ཨ་ཏི་སྡེ་གསུམ་མཚོན་པའི་ཏོག༔    ཆོས་ཉིད་སྒྱུ་མར་རོལ་པའི་འཕྲུལ༔    སྒོ་གྲུ་རྟ་བབ་དྲྭ་ཕྱེད་འཕན༔    རྟོག་ཚོགས་གནས་དག་མཆོད་རྟེན་དང་༔    རི་དྭགས་ཆོས་ཉན་རྒྱལ་མཚན་གདུགས༔    རྒྱན་དང་ཁོར་ཡུག་མཚན་ཉིད་རྫོགས༔    རྒྱུད་དྲུག་འཁོར་བ་གཞིག་པའི་ཕྱིར༔    བསྐལ་པའི་མེ་རླུང་རབ་ {{TibChung|[5a]}} ཏུ་འབར༔    འཁྲུལ་པའི་འཁོར་ལོ་གཞོམ་པའི་ཕྱིར༔    ཕོ་ཉ་མཚོན་ཐུན་བུ་ཡུག་འཚུབས༔    ཡེ་ནས་རང་བྱུང་ཆེན་པོར་བསྒོམ༔    ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔    འཁོར་འདས་མཁར་སྡུད་མཉམ་སྦྱོར་རོལ༔    གནམ་ལྕགས་འཁོར་ལོའི་རྩིབས་བརྒྱད་སྟེང་༔    བྱོལ་སོང་གཙོ་བརྒྱད་ཀྱིས་བཏེགས་པའི༔    རིན་ཆེན་ཁྲི་སྟེང་པད་ཟླ་དང་༔    ཉི་སྟེང་བདུད་ཆེན་བསྣོལ་བའི་ཁྲིར༔    རྒྱུ་ཡི་ས་བོན་བབས་པ་ལས༔    རང་བྱུང་དོན་བྱེད་ཧེ་རུ་ཀ༔    འཕྲོ་འདུའི་འོད་ཀྱི་རླབས་ཆེན་གཡོས༔    འཁོར་བ་དོང་སྤྲུགས་རྒྱལ་ཀུན་མཆོད༔    ཚུར་འདུས་སྣང་སྟོང་གཉིས་མེད་ངང་༔    མཉམ་སྦྱོར་འབྲས་བུའི་ཧེ་རུ་ཀ༔    དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔    མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔    གཡས་དཀར་གཡོན་དམར་ཁྲོ་གཏུམ་རྔམས༔    ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔    སྤྱན་དགུ་སྡང་མིག་གཡོ་ཞིང་འཁྲུགས༔    སྨ་ར་སྨིན་མར་མེ་སྟག་འཕྲོ༔    ཁམ་ནག་དབུ་སྐྲ་གྱེན་དུ་བརྫེས༔    ཐོད་སྐམ་དབུ་རྒྱན་ཅོད་པན་མཛེས༔    ཕྱག་དྲུག་གཡས་གཉིས་གསེར་རྡོ་རྗེ༔    རྩེ་དགུ་དང་ནི་རྩེ་ལྔ་འཕྱར༔    གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་བསྣམས༔    ཐ་གཉིས་རི་རབ་ཕུར་བུ་འདྲིལ༔    རྡོ་ {{TibChung|[5b]}} རྗེ་རིན་ཆེན་གཤོགས་པ་གདེངས༔    ཞབས་བཞི་གྱད་ཀྱི་འདོར་སྟབས་བགྲད༔    དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔    སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་འཁྲིལ༔    མཐིང་སྐྱ་ཁ་ཊྭཱཾ་ཐོད་ཁྲག་སྟོབ༔    ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྱུད༔    གཡས་པས་འཁོར་བའི་སྒོ་འཕར་གནོན༔    གཡང་གཞི་གཟིག་ཤམ་རུས་རྒྱན་གསོལ༔    ཞལ་སྦྱོར་དྲག་པོའི་གད་རྒྱང་སྒྲོགས༔    གཡོན་དུ་སྒྲོལ་ཡུམ་ཨེ་ཀ་ཛ༔    མཐིང་ནག་སྤྱན་དང་མཆེ་བ་གཅིག༔    རལ་གཅིག་གྱེན་བརྫེས་ཁྲག་ཆར་འཕྲོ༔    ཕྱག་གཡས་དགྲ་སྙིང་གཡོན་ལྕགས་སྤྱང་༔    ཞབས་གཉིས་བསྟན་དགྲ་ཕོ་མོ་གནོན༔    གཙོ་བོའི་སྤྱི་བོར་བྱ་ཁྱུང་གི༔    རྭ་བར་ཀུན་བཟང་ཡབ་ཡུམ་ཤར༔    གཡས་སུ་སྐུ་སྲས་འཁོར་ལོ་ཅན༔    མཐིང་དཀར་དམར་བའི་ཞལ་གུམ་པ༔    ཤར་དུ་ཐུགས་སྲས་རྡོ་རྗེ་ཅན༔    དཀར་སྔོ་དམར་བའི་ཞལ་གསུམ་པ༔    ལྷོ་རུ་ཡོན་ཏན་རིན་ཆེན་ཅན༔    སེར་དཀར་དམར་བའི་ཞལ་གསུམ་པ༔    ནུབ་ཏུ་གསུངསྲས་པདྨ་ཅན༔    དམར་དཀར་སྔོ་བའི་ཞལ་གསུམ་པ༔    བྱང་དུ་ཕྲིན་ལས་རྒྱ་གྲམ་ཅན༔    ལྗང་དཀར་དམར་བའི་ཞལ་གསུམ་པ༔    ཀུན་ཀྱང་གཡས་གཉིས་རྡོ་རྗེ་དང་༔    གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་བསྣམས༔    ཐ་མས་ {{TibChung|[6a]}} རིན་ཆེན་ཕུར་པ་འདྲིལ༔    སྐུ་སྨད་ཕྱོགས་མདོག་ཕུར་དབལ་ཅན༔    རྡོ་རྗེའི་གཤོག་གདེངས་མེ་དཔུང་འབར༔    རང་འདྲའི་སྤྲུལ་པ་སྐར་ལྟར་འཁྲིགས༔    བདག་ལྟའི་རུ་ཏྲ་དབྱིངས་སུ་འབིགས༔    སྟེང་ཕྱོགས་ཁྲོ་བོ་ཧཱུྃ་ཀཱ་ར༔    སྔོ་དཀར་དམར་བའི་ཞལ་གསུམ་པ༔    ཕྱག་དྲུག་བར་པས་མདའ་གཞུ་འགེངས༔    རྡོ་རྗེ་སྒྲ་འབྱིན་ཡུམ་དང་འཁྲིལ༔    སྤྲུལ་པ་ཕག་དང་སྨིག་བུའི་གདོང་༔    ཤར་དུ་རྣམ་རྒྱལ་མདའ་སྙེམས་དཀར༔    གཡས་སྔོ་གཡོན་དམར་བར་ཕྱག་གཉིས༔    ཏྲི་ཤུལ་གཡས་ལ་འཁོར་ལོ་གཡོན༔    སྤྲུལ་པ་སྟག་དང་བྱ་རྒོད་གདོང་༔    ཤར་ལྷོ་དབྱུག་སྔོན་སྡེར་མོ་སྔོ༔    གཡས་དཀར་གཡོན་དམར་བར་ཕྱག་གཉིས༔    དབྱུག་ཏོ་མེ་དཔུང་མཁའ་ལ་གདེངས༔    སྤྲུལ་པ་གཡག་དང་བྱ་རོག་གདོང་༔    ཕྱོགས་གཤིན་རྗེ་དུར་ཁྲོད་བདག༔    དབུས་སེར་གཡས་སྔོ་གཡོན་ནག་པོ༔    བར་ཕྱག་བེ་ཅོན་དབྱུག་ཏོ་ཐོགས༔    སྤྲུལ་པ་ཤ་བ་འུག་པའི་མགོ༔    ལྷོ་ནུབ་མི་གཡོ་གཏུན་ཁུང་དམར༔    གཡས་སྔོ་གཡོན་མཐིང་བར་ཕྱག་གཉིས༔    སྤུ་གྲི་དང་ནི་ཞགས་པ་བསྣམས༔    སྤྲུལ་པ་གཟིག་དང་ཁྭ་ཏའི་གདོང་༔    ནུབ་ཏུ་རྟ་མགྲིན་རྡོ་རྗེ་གཏུམ༔    དམར་གསལ་གཡས་ {{TibChung|[6b]}} དཀར་གཡོན་སྔོ་ཞལ༔    བར་ཕྱག་རལ་གྲི་སྦྲུལ་ཞགས་བསྣམས༔    སྤྲུལ་པ་བྱི་ལ་པུ་ཤུད་གདོང་༔    ནུབ་བྱང་འདོད་རྒྱལ་སྙེམས་མ་དམར༔    གཡས་སེར་གཡོན་ལྗང་བར་ཕྱག་ན༔    བ་དན་དང་ནི་རྔ་ཡབ་བསྣམས༔    སྤྲུལ་པ་སྤྱང་ཀུ་ཁྲ་ཡི་གདོང་༔    བྱང་དུ་བདུད་རྩི་རླུང་འབྱིན་ལྗང་༔    གཡས་ཞལ་དུད་ཀ་གཡོན་སེར་ནག༔    བར་ཕྱག་རྒྱ་གྲམ་དྲིལ་བུ་བསྣམས༔    སྤྲུལ་པ་སེང་གེ་ཕ་ཝཾ་གདོང་༔    བྱང་ཤར་ཁམས་གསུམ་གསོད་བྱེད་སྐྱ༔    གཡས་ལྗང་གཡོན་སེར་བར་ཕྱག་གཉིས༔    རྡོ་རྗེ་དང་ནི་ཁ་ཊྭཱཾ་འཛིན༔    སྤྲུལ་པ་དྲེད་དང་སྲེ་མོང་གདོང་༔    འོག་ཕྱོགས་སྟོབས་ཆེན་བསྐུལ་བྱེད་མ༔    དུད་ཁ་གཡས་ལྗང་གཡོན་སེར་ཞལ༔    བར་ཕྱག་ཐོ་བ་གཏུན་ཤིང་གདེངས༔    སྤྲུལ་པ་དོམ་དང་བྱི་བའི་གདོང་༔    ཀུན་ཀྱང་རྡོ་རྗེས་དུང་དམར་དཀྲུག༔    མཐའ་གཉིས་གདབ་པའི་ཕུར་བུ་འདྲིལ༔    རྡོ་རྗེའི་གཤོག་བརྐྱང་མེད་དཔུང་འབར༔    དུར་ཁྲོད་ཆས་རྫོགས་ཁྲོ་གཏུམ་རྔམས༔    ཞབས་བཞིས་ཕྱོགས་སྐྱོང་ཕོ་མོ་གནོན༔    ཡུམ་རྣམས་དྲིལ་བུ་བྷན་དམར་བསྣམས༔    གཡང་གཞི་གཟིག་ཤམ་ཐོད་སྦྲུལ་བརྒྱན༔    སྤྲུལ་པ་ཟ་གསོད་ཕོ་མོ་རྣམས༔    ཁ་དོག་ཡབ་ཡུམ་ཆ་འཛིན་ཅིང་༔    གཤོག་པས་བར་སྣང་རླབས་ཀྱིས་ {{TibChung|[7a]}} གཅོད༔    འགུགས་དང་གསོད་པའི་མཚོན་ཆ་བསྣམས༔    རང་འདྲའི་སྤྲུལ་པ་ཁྲ་ཐབས་འགྱེད༔    ཤར་སྒོར་སྒོ་མ་པུ་ཤུད་གདོང་༔    དཀར་མོ་ལྕགས་ཀྱུ་ཕུར་བུ་འདྲིལ༔    ལྷོ་སྒོར་སྒོ་མ་ཀང་ཀའི་གདོང་༔    སེར་མོ་ཞགས་པ་ཕུར་བུ་འདྲིལ༔    ནུབ་སྒོར་སྒོ་མ་སྲིན་བྱའི་གདོང་༔    དམར་མོ་ལྕགས་སྒྲོགས་ཕུར་བུ་འདྲིལ༔    བྱང་སྒོར་སྒོ་མ་ཁྲ་ཡི་གདོང་༔    ལྗང་ནག་དྲིལ་བུ་ཕུར་བུ་འདྲིལ༔    དཀྱིལ་འཁོར་ཕྱི་ཁྱམས་ཁོར་ཡུག་ཏུ༔    ཤྭ་ན་མ་བཞི་རེ་ཏཱི་བཞི༔    བསེ་མོ་མཆེད་བཞི་སྐྱེས་བུ་བཞི༔    འབར་མ་མིང་སྲིང་གིང་ལངྐ༔    དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་༔    ཕུར་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔    ཉི་མ་དང་ནི་འོད་ཟེར་བཞིན༔    མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ༔    ངོ་བོ་གཙོ་ལ་རང་རྩལ་འཁོར༔    ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ༔    དུས་གསུམ་འདུ་འབྲལ་མེད་པའི་ངང་༔    འཁོར་བ་ཡོངས་སྒྲོལ་དཔལ་དུ་ཤར༔  {{TibChung|ཞེས་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ༔    དབང་བསྐུར་ཞིང་རྒྱས་གདབ་པ་ནི།}}  ཧཱུྃ།  ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ།  །བྱམས་དང་སྙིང་རྗེས་གང་འདུལ་བ།  སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས༔    དབང་དང་བྱིན་རླབས་བདག་སྩོལ་ཅིག༔    ཨོཾ་ཨཱཿཧཱུྃ།  ཨོཾ་ཧཱུྃ་ {{TibChung|[7b]}} སྭཱ་ཨཱཿ་ཧཱ།  ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ།  གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་པ་ནི།  རང་གི་སྙིང་གའི་འོད་ཀྱིས་བསྐུལ་བས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་{{TibChung|བསམ་ལ།}}  ཧཱུྃ།  ཆོས་དབྱིངས་སྐྱེ་མེད་གཞལ་ཡས་ནས༔    རིག་སྟོང་རྡོ་རྗེ་གཞོན་ནུ་ཆེ།  ཐུགས་རྗེ་རང་རྩལ་འཁོར་དང་བཅས༔    དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔    བཛྲ་ས་མ་ཡ་ཛ༔  {{TibChung|ཞེས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟར་བྱོན་པར་བསམ།  གསུམ་པ་བཞུགས་སུ་གསོལ་བ་ནི།}}  ཧཱུྃ།  ཕུང་ཁམས་གཤེགས་པ་གཤེགས་མའི་གདན༔    དབང་ཡུལ་སེམས་དཔའ་སེམས་མའི་གདན༔    ཡན་ལག་སྒོ་སྐྱོང་ཕོ་མོའི་གདན༔    གདོད་ནས་ཡོངས་གྲུབ་ཆེན་པོར་བཞུགས༔    བཛྲ་ས་མ་ཡ་ཏིཥྛ་ལྷན༔  {{TibChung|ཞེས་པས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་དཀྱིལ་འཁོར་དང་དབྱེར་མེད་དུ་བཞུགས་པར་མོས།  བཞི་པ་ཕྱག་འཚལ་བ་ནི།}} ན་མོ༔    རང་བྱུང་ཡེ་ཤེས་བྱང་ཆུབ་སེམས༔    མཐའ་དང་ཕྱོགས་ལས་རྣམ་པར་རྒྱལ༔    མི་ཤིག་རྡོ་རྗེ་སྲིན་པོའི་གར༔    རང་ངོར་རིག་པས་ཕྱག་འཚལ་ལོ༔    ན་མོ་པུ་རུ་ཤ་ཡ་ ཧོཿ  {{TibChung|ལྔ་པ་མཆོད་པ་ནི།}}  ཧཱུྃ༔    བདག་རྟོག་རཱུ་ཏྲ་བསྒྲལ་བ་ལས༔    དབང་ཡུལ་ཕུང་ཁམས་སྐྱེ་མཆེད་དང་༔    སྣ་ཚོགས་སྣང་བའི་ {{TibChung|[8a]}} ལོངས་སྤྱོད་དཔལ༔    རྡོ་རྗེ་ཕུར་པའི་ལྷ་ལ་འབུལ༔    བདག་མེད་ཆེན་པོར་བཞེས་ནས་ཀྱང་༔    འཁོར་འདས་དག་མཉམ་ངང་དུ་རོལ༔    ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་{{TibChung|ནས་}} ཤཔྟ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ ཧོཿ  {{TibChung|དྲུག་པ་བསྟོད་པ་ནི།}}  ཧཱུྃ༔    གདོད་ནས་མ་བཅོས་སྤྲོས་མཐའ་བྲལ༔    བརྡལ་ཁྱབ་རྡོ་རྗེ་སྲིན་པོར་བསྟོད།  མཁྱེན་གཟིགས་ཡེ་ཤེས་ཡོན་ཏན་རྫོགས༔    ལྷུན་གྲུབ་གཞོན་ནུ་བུམ་སྐུར་བསྟོད།  ཁམས་གསུམ་སྐུ་གསུམ་ཀློང་དུ་རོལ༔    ཐོགས་མེད་རྡོ་རྗེ་ཕུར་པར་བསྟོད༔    སྒེག་ཅིང་དཔའ་བ་འཇིགས་སུ་རུང་༔    རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔    དགོད་དང་གཤེ་དང་དྲག་ཤུལ་ལྡན༔    རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔    སྙིང་རྗེ་རྔམས་དང་ཞི་ཚུལ་ལྤན༔    རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔    དཔལ་ཆེན་ཁྲོ་རྒྱལ་གསང་གསུམ་དང་༔    གཉིས་མེད་གཉིས་སུ་སྣང་བའི་ཚུལ༔    སྤྲུལ་འཁོར་མི་ཟད་རྒྱན་གྱི་ལྷར༔    ཟུང་འཇུག་ཆེན་པོར་ཕྱག་འཚལ་བསྟོད༔  {{TibChung|བདུན་པ་ཛཔྲ་བཟླ་བ་ནི།}}  ཧཱུྃ།  འོད་གསལ་ཡེ་ཤེས་ལྷུན་རྫོགས་ལས།  རིག་རྩལ་མ་འགགས་ཀཱི་ལ་ཡའི།  །གྲགས་སྟོང་ཛཔྲ་སྒྲ་དེང་བསྐུལ་ན།  །སྲིད་པ་ཕུར་ {{TibChung|[8b]}} བུ་མྱུར་འགྲུབ་མཛོད།  །ས་མ་ཡ་ཝཱ་ཀ་བཛྲ་ཨཏྨ་ཀོ྅་ཧཾ།  {{TibChung|ཞེས་བསྐུལ་ཏེ།}}  ཧཱུྃ།  གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་༔    ཡེ་ཤེས་སེམས་དཔའ་ཞི་འཛུམ་མཛེས༔    རྒྱན་མེད་གཅེར་བུ་འོད་ཕུང་འབར༔    ཐུགས་ཀར་ཉི་སྟེང་གནམ་ལྕགས་ཀྱི༔    རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔    ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔    ཧཱུྃ༔    མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔    དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔    གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔    སྙིང་པོའི་སྔགས་རྣམས་གཅིག་དྲིལ་བའི༔  ངོ་བོ་ཉིད་དུ་སྔགས་སྒྲ་སྒྲོགས༔  {{TibChung|ཞེས་ཏིང་ངེ་འཛིན་རྩེ་གཅིག་ཏུ་གསལ་བཏབ་ལ།  རྩ་བའི་སྔགས་ནི།}} ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔    ཛཿཧཱུྃ་ཨཱཿ{{TibChung|གཞི་སྙིང་གཅིག་ཏུ་དྲིལ་བ་ནི།}}  ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཛཿཧཱུྃ་བཾ་ཧོཿ  ཀ་ཏཾ་ཀ་ཡེ༔    ཛ་ཡེ་བི་ཛ་ཡེ།  ཨ་ཛི་ཏི་ཨ་པ་རཱ་ཛི་ཏེ༔    མཱ་ར་སེ་ན་པྲ་མརྔྷ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔  {{TibChung|ལས་སྦྱོར་སྤུ་གྲིའི་འཕྲུལ་འཁོར་ནི།}}  མ་རཀྨོ་ཡཀྨོ་ཀ་ལ་རཱུ་པ།  སྙིང་རྩ་ལ་ཡཾ་ཡཾ༔  སྲོག་རྩ་ལ་ཡཾ་ཡཾ༔  སྙིང་རྩ་ལ་ཕྲིལ་ཕྲིལ༔    སྲོག་རྩ་ལ་ཆུཾ་ཆུཾ༔    ཙིཏྟ་སྲོག་ལ་དུང་དུང་༔    སྙིང་ཁྲག་སྲོག་ལ་ཤད་ཛ༔    ཐུཾ་རི་ལི་ལི༔    སྙིང་ཙེག་ཙེག༔    འུར་འུར༔    ཤིག་ཤིག༔    གུལ་གུལ༔  མྱག་མྱག༔    སོད་སོད༔    དྷ་ཏི་མ་མ་ཀརྨ་ཤཱིགྷཱཾ་ཀ་ར་ཡེ༔  {{TibChung|[9a]}}  མཱ་ར་སེ་ན་པྲ་མརྔྷ་ན་ཡེ་ཧཱུྃ་ཕཊ༔  {{TibChung|ཅེས་བཟླས་པའི་སྐྱོན་སྤང་ལ་ཆུ་བོའི་རྒྱུན་ བཞིན་དུ་བཟླ་ཞིང་༔    དགོངས་པ་ཁྱད་པར་ཅན་གྱི་དམེགས་པའི་འཕྲུལ་འཁོར་རྣམས་ནི་མན་ངག་ལས་ཤེས་པར་བྱའོ།  ཐུན་མཚམས་སུ་སྟོང་ཚིགས་ཀྱིས་མཆོད་པ་ནི།}}  ཧཱུྃ།  དཔལ་ཆེན་ཕུར་བུའི་ལྷ་ཚོགས་གཤེགས།  །ཕྱི་ནང་གསང་བའི་མཆོད་པ་འབུལ།  །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད།  །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས།  །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་བསྩོལ༔  {{TibChung|ཅེས་འདོད་དོན་གསོལ་ལོ།  །གསུམ་པ་རྗེས་ཀྱི་བྱ་བ་ལ་བཅུ་ལས།  །དང་པོ་ཚོགས་ཀྱི་མཆོད་པ་ནི།  དམ་རྫས་སུ་འོས་པའི་བཟའ་བཏུང་གི་དངོས་པོ་ཕུན་སུམ་ཚོགས་པར་བཤམ་ལ།  བདུད་རྩིས་བསངས་ཏེ།}}  ཨོཾ་སརྦ་དྲ་བྱཾ་བི་ཤྭ་དྷ་ནི་ཧཱུྃ་ཕཊ།  ཨཿཀུན་གཞི་ཡངས་པའི་མཁའ་ཀློང་དུ༔    ཀུན་རྟོག་ལྷ་མོའི་རྣམ་རོལ་རྩེ༔    ཀུན་སྣང་འདོད་ཡོན་རྒྱན་དུ་ཆེ༔    ཀུན་བཟང་མཆོད་སྤྲིན་བླ་ན་མེད༔    ཨོཾ་ཨཱཿཧཱུྃ༔  {{TibChung|ལན་གསུམ་གྱིས་བརླབ་ཚོགས་ཞིང་སྤྱན་འདྲེན་པ་ནི།}}  ཧཱུྃ༔    ཀུན་ཁྱབ་ཐིག་ལེའི་མཁའ་ཀློང་ནས༔    ལྷུན་གྲུབ་རྡོ་རྗེ་གཞོན་ནུ་ཆེ༔    སྒྱུ་འཕྲུལ་རོལ་པ་འཁོར་བཀའ་སྡོད༔    ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔    ཤྲཱི་ཧེ་རུ་ཀ་ས་མ་ཡ་ཧྲིཾ་ཕེཾ་ཛཿཛཿ{{TibChung|ཞེས་སྤྱན་དྲངས་ལ།  ཚོགས་ཕུད་ཆ་གསུམ་ {{TibChung|[9b]}} དུ་སྤྲོས་པའི་དང་པོ་མཆོད་པ་ནི།}}  ཧཱུྃ༔    ཁམས་གསུམ་འཁོར་བའི་ཆོས་རྣམས་ཀུན༔    འབྲུ་གསུམ་ནུས་པས་སྦྱངས་སྤེལ་གྱུར།  བདེ་སྟོང་ཡེ་ཤེས་བདུད་རྩི་ཆེ༔    སྐུ་གསུམ་དབྱིངས་སུ་དག་མཉམ་རོལ༔    མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི༔  {{TibChung|བར་པ་བསྐང་བཤགས་ནི།  འདོད་ཡོན་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་བལྟས་ལ།}}  ཧཱུྃ༔    དུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔    གཉིས་སུ་མེད་པའི་ཀློང་ཆེན་པོ༔    ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་༔    མ་བཅོས་བདེ་བ་ཆེན་པོའི་གདངས༔    རིགས་ལྔའི་སངས་རྒྱས་ཐུགས༴    རང་སྣང་དོན་གྱི་སྟོན་པ་མཆོག༔    དྲིན་ཆེན་བླ་མའི་ཐུགས༴    སྣང་སྲིད་ཕུར་བུས་གདབ་པའི་ཕྱིར༔    རྡོ་རྗེ་གཞོན་ནུའི་ཐུགས༴    འཁོར་འདས་དག་མཉམ་རྒྱས་འདེབས་ཕྱིར༔    འཁོར་ལོ་རྒྱས་འདེབས་ཐུགས༴    དུག་ལྔ་དབྱིངས་སུ་གཞོམ་པའི་ཕྱིར༔    ཀཱི་ལ་རིགས་ལྔའི་ཐུགས༴    མི་དགེ་བཅུ་པོ་གནས་དག་ཕྱིར༔    ཁྲོ་བོ་ཕ་བཅུའི་ཐུགས༴    དགེ་བཅུའི་ཆོས་ཉིད་ཆེར་གཞིག་ཕྱིར༔    ཁྲོ་མོ་མ་བཅུའི་ཐུགས༴    ཡུལ་རྟོག་རོ་ལ་ཟ་བའི་ཕྱིར༔    ཟ་བྱེད་ཕ་བཅུའི་ཐུགས༴    བདག་རྟོག་དབུ་མར་གསོད་པའི་ཕྱིར༔    གསོད་བྱེད་མ་བཅུའི་ཐུགས༴    རྣམ་པར་རྟོག་གསུམ་གཞིག་པའི་སྟོབས༴    ཁྲ་ཐབས་ཉེར་གཅིག་ {{TibChung|[10a]}} ཐུགས༴    མཐའ་བཞིའི་རྟོག་པ་གཞིག་པའི་ཕྱིར༔    སྒོ་སྐྱོང་མ་བཞིའི་ཐུགས༴    སྒྱུ་འཕྲུལ་རོལ་པའི་གར་མཁན་མཆོག༔  ཕུར་སྲུང་རྒྱ་མཚོའི་ཐུགས༴    བསྐང་ངོ་ཐུགས་དམ་གཉན་པོ་བསྐང་༔    ཉམས་ཆག་འགལ་འཁྲུལ་བཟོད་པར་བཞེས༔    མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔    མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔  {{TibChung|ཅེས་དང་།}}    ཧཱུྃ༔    གདོད་ནས་སྐུ་གསུམ་ལྷུན་གྲུབ་ཀྱི༔    གནས་ལུགས་རྡོ་རྗེ་ཐེག་པའི་ཞལ༔    མ་རིག་གཉིས་འཛིན་སྒྲིབ་པའི་བག༔    རིག་པ་ཡེ་ཤེས་ཆེན་པོར་བཤགས༔    ཨོཾ་ག་ཎ་ཙཀྲ་ས་ཏྭ་ས་མ་ཡ་{{TibChung|སོགས་ཡི་གེ་བརྒྱ་པ་བཟླའོ།  །ཐ་མ་བསྒྲལ་མཆོད་ནི།  ཚོགས་ཟན་དེ་ཉིད་དག་བགེགས་དངོས་སུ་མོས་ལ།  སྤྲོ་ན་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས།}}  ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུྃ་བཾ་ཧོཿ  ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ༔  {{TibChung|ཅེས་བཀུག་ལ་ཕུར་བུས་གཟིར་ཞིང་།}}  ཧཱུྃ༔    ཁྱབ་བདག་རྡོ་རྗེ་གཞོན་ནུ་ཡི༔    མཁྱེན་གཉིས་ཡེ་ཤེས་རྩལ་གྱི་མཚོན༔    བདག་ལྟའི་རུ་ཏྲའི་སྲོག་ལ་གདབ༔    ཁམས་གསུམ་འཁོར་བའི་འཆིང་རྒྱ་བཅད༔    རུ་ཏྲ་པྲ་ཝེ་ཤ་ཡ་ཕཊ༔  {{TibChung|ཅེས་དྭངས་མ་དབྱིངས་སུ་བསྒྲལ་བའི་སྙིགས་མ་བདུད་རྩིར་སྤར་ཏེ།}}  ཧཱུྃ༔    གཟུང་འཛིན་རུ་ཏྲ་བསྒྲལ་བ་ལས༔    ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས༔    རྡོ་རྗེ་སྲིན་པོའི་ཞལ་དུ་བསྟབ༔    {{TibChung|[10b]}} གཉིས་མེད་རོལ་པར་རྫོགས་སངས་རྒྱས༔    རུ་ཏྲ་ཨ་མུ་ཀ་མཱ་ར་ཡ་ཁཱ་ཧི༔  {{TibChung|ཞེས་བསྟབ་པས་དགྱེས་པར་བསམ།  དེ་ནས་བརྡ་དང་བརྡའི་འབུལ་ལན་དང་བཅས་ཚོགས་ཀྱི་དམ་རྫས་ནང་གི་བསྲེག་བླུག་ཏུ་རོལ།  ལྷག་མའི་ཆོ་ག་ནི།  ཕུད་ལྷག་བསྲེས་ལ་བདུད་རྩིའི་ཁ་ཕྲུས་བྲན་ཅིང་།}}  ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱི༔   {{TibChung|འདོད་ཡོན་གྱི་ཕུང་པོར་སྤེལ་ཏེ།}}  ཧཱུྃ༔    ཀུན་བྱེད་རྒྱལ་པོ་ཧེ་རུ་ཀའི༔    བཀའ་ཉན་རང་རྩལ་ལྷག་སྡུད་མ༔    གཤེགས་བྱོན་མེད་དེ་ཡེ་ནས་རྫོགས༔    འཁོར་བ་མྱང་འདས་ཆེན་པོར་རོལ༔    ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧོ།  {{TibChung|ཞེས་ཕྱི་རོལ་དུ་བསྐྱལ་ལོ།  །གཉིས་པ་ཐུགས་དམ་བསྐུལ་བ་ནི།}}  ཨོཾ༔    མི་འགྱུར་རྡོ་རྗེ་སྐུ་ཡི་དབྱིངས༔    ཨཱཿམ་འགགས་གསང་ཆེན་གསུང་གི་དབྱིངས༔    ཧཱུྃ༔    སྤྲོས་པ་བྲལ་བ་ཐུགས་ཀྱི་དབྱིངས༔    ཛ༔    བསྐུལ་ལོ་ཀུན་ཟླུམ་ནམ་མཁའ་ཆེ༔    ཕེཾ༔    ཆོས་ཉིད་སྒྱུ་མའི་འཕྲུལ་བཞེངས་ཤིག༔    ཕཊ༔    བདག་རྟོག་མ་ཏྲཾ་རུ་ཏྲ་སྒྲོལ༔    བྷྱོ༔    འཁོར་བ་མྱང་འདས་ཆེན་པོར་བཟློག༔    ཨཿཨེ་ཝཾ་ཟུང་འཇུག་ཆེན་པོར་ཆོམས༔  {{TibChung|གསུམ་པ་ཆད་མདོ་བཏང་བ་ནི།  གཏོར་མ་སྨན་རཀ་བྲན་ཅིང་།}}  ཧཱུྃ༔    དང་པོ་མཉམ་པ་ཉིད་ཀྱི་དུས༔    གནས་ལུགས་རྡོ་རྗེ་གཞོན་ནུ་ཡིས༔    ཁམས་གསུམ་ཁྲག་ཏུ་རོལ་པའི་ཚེ༔    ཆོས་ཀུན་ཆོས་ཉིད་དམ་རྒྱར་བཅིངས༔    བར་དུ་གདུལ་བྱའི་དཔལ་མཚོ་རུ༔    གང་ {{TibChung|[11a]}} འདུལ་སྒྱུ་འཕྲུལ་ཆུ་ཟླའི་གར༔    སྟོན་དང་བསྟན་པར་ཤར་བའི་ཚེ༔    རྟེན་འབྲེལ་སྲིད་པ་སྟོང་རྒྱས་བཏབ༔    ཐ་མ་དོན་གྱི་འོག་མིན་མཁར༔    ཡེ་ཤེས་སྒྱུ་མའི་རྣལ་འབྱོར་གྱིས༔    འཁོར་འདས་དག་མཉམ་རོལ་པའི་ཚེ༔    སེམས་སྣང་བདག་མེད་ཀློང་རྒྱས་བཏབ༔    ད་ལྟ་གསང་ཆེན་དཀྱིལ་འཁོར་འདིར༔    ཐབས་ཤེས་སྒྱུ་འཕྲུལ་ལྷར་སྣང་བཀོད༔    འདོད་ཡོན་རྣམ་དག་གཏོར་མ་ལ༔    རྟོག་ཚོགས་གནས་དག་སྲུང་མས་རོལ༔  {{TibChung|ཅེས་ཕྱི་རོལ་དུ་འབུལ་ལོ།  །བཞི་པ་བརྟན་མ་བསྐྱང་བ་ནི།  བཤལ་ཆུའི་གཏོར་མ་ཕུལ།}}  ཧཱུྃ༔    སྲིད་པའི་རྟེན་འབྲེལ་ལུགས་འབྱུང་ལ༔    སྟོང་པའི་རྒྱས་འདེབས་བརྟན་མ་སྐྱོང་༔    བདེ་སྟོང་ཡེ་ཤེས་གཏོར་མའི་རོ༔    རོལ་ལ་འཁོར་བའི་བག་ཆགས་གཏོར༔    སརྦ་དྷཱ་ཀི་ནཱི་མ་ཧཱ་པཱུ་ཛ་ཁཱ་ཧི༔  {{TibChung|ལྔ་པ་བྲོ་མནན་ནི།  གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་དམ་སྲི་རྣམས་བཀུག་ནས་མནན་པར་བསམ་ཞིང་རྡོ་རྗེའི་རྒྱས་བཏབ་ལ།}}  ཧཱུྃ༔    རང་བཞིན་རྣམ་དག་ཨེ་ཡི་མཁར༔    ལོག་རྟོག་མི་སྲུན་རུ་ཏྲ་བྲུབ༔    ཐབས་ཤེས་རྔམས་པའི་རྟ་བྲོ་བརྡུང་༔    ཡེ་ཤེས་རོལ་པའི་སྟོབས་ཀྱིས་མནན༔    སྟམྦྷ་ཡ་ནན་ཧཱུྃ་ཧཱུྃ་ཧཱུྃ༔  {{TibChung|དྲུག་པ་དངོས་གྲུབ་བླང་བ་ནི།}}  ཧཱུྃ༔    གདོད་མ་གཞི་ཡི་ཧེ་རུ་ཀའི༔    མི་གནས་ཡེ་ཤེས་གསང་བ་མཆོག༔    རྡོ་རྗེ་གསུམ་གྱི་དབང་དངོས་ {{TibChung|[11b]}} གྲུབ༔    སྒོ་གསུམ་བུམ་པའི་སྣོད་དུ་བསྐྱིལ༔    ཀཱ་ཡ་སིདྡྷི་ཨོཾ༔    ཝཱ་ཀ་སིདྡྷི་ཨཱཿ{{TibChung|ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ།  །དངོས་གྲུབ་བླང་ངོ་།  །དེ་ནས་གཏང་རག་གི་དོན་དུ།}}  ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ཅིང་།  ཧཱུྃ༔    མི་འགྱུར་རྡོ་རྗེས་སྒྲིབ་གཉིས་བཅོམ༔    དག་གྲོལ་རོལ་པའི་ཧེ་རུ་ཀ༔    རྟོག་གཉིས་རུ་ཏྲའི་སྙིང་ཁྲག་འབྱིན༔    མི་སྲུན་རྡོ་རྗེ་སྲིན་པོར་བསྟོད༔  {{TibChung|ཅེས་བསྟོད།  བདུན་པ་ནོངས་བཤགས་ནི།}}  ཧོཿ    རང་བྱུང་ཡེ་ཤེས་ཡེ་སངས་རྒྱས༔    བསྲུང་དུ་མེད་དེ་ཉམས་དང་བྲལ༔    བཤགས་བྱ་བཤགས་བྱའི་ཡུལ་ལས་འདས༔    མཚན་འཛིན་མཚན་མ་བྲལ་བར་བཤགས༔  {{TibChung|ཞེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ།  །བརྒྱད་པ་ཉེར་བསྡུ་ནི།  མདུན་དཀྱིལ་དང་འབྲེལ་བའི་ཚེ་དེའི་ཡེ་ཤེས་པ་རྟེན་ལ་བརྟན་པར་གསོལ།  ཏིང་འཛིན་གྱི་དཀྱིལ་འཁོར།}}  སྣང་སྟོང་རྡོ་རྗེ་ནམ་མཁའི་ངང་༔    སྤྲོས་མཐའ་བྲལ་བའི་དབྱིངས་སུ་ཨ༔    ཧཱུྃ་ཧཱུྃ་ཧཱུྃ༔  {{TibChung|ཞེས་བརྗོད་པས།}}    སྣང་སྲིད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ།  གཞལ་ཡས་ཁང་འཁོར་གྱི་ལྷ་རྣམས་ལ།  འཁོར་རྣམས་རིམ་གྱིས་གཙོ་བོ་ལ།  གཙོ་བོ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ།  ཡེ་ཤེས་སེམས་དཔའ་ཏིང་འཛིན་སེམས་དཔའ་ལ།  ཏིང་འཛིན་སེམས་དཔའ་ཧཱུྃ་ལ།  ཧཱུྃ་ {{TibChung|[12a]}} ཡང་ན་དཱའི་བར་དུ་རིམ་གྱིས་ཡལ་ནས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་{{TibChung|མཉམ་པར་བཞག་པས་རྟག་པའི་མཐའ་བསལ་ལོ།  །}}ཐབས་དང་ཤེས་རབ་གཉིས་སུ་མེད༔    །མ་བསྐྱེད་མ་བསྒོམ་ཡེ་ཡིན་ལྷ༔    ཕཊ་ཕཊ་ཕཊ༔  {{TibChung|ཅེས་པས།}}  སླར་ཡང་སྐད་ཅིག་གིས་རང་ཉིད་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་{{TibChung|ལངས་ཏེ་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་སྦྱར་བས་ཆད་པའི་མཐའ་བསལ་ལོ།  དགུ་པ་སྨོན་ལམ་ནི།}}  ཧོཿ  དུས་གསུམ་བསགས་པའི་རྣམ་དཀར་དགེ༔    འཁོར་གསུམ་དམིགས་མེད་དབྱིངས་སུ་བསྔོ༔    ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔    རྣམ་གྲོལ་སྐུ་གསུམ་ས་ཐོབ་ཤོག༔  {{TibChung|བཅུ་པ་ཤིས་བརྗོད་ནི།}}  ཧཱུྃ༔    འཁོར་འདས་དག་མཉམ་ལྟ་བའི་ཀློང་༔    མ་བཅོས་རང་གྲོལ་སྒོམ་པའི་ཀློང་༔    བྱ་རྩོལ་བྲལ་བ་སྤྱོད་པའི་ཀློང་༔    ལྷུན་གྲུབ་འབྲས་བུའི་བཀྲ་ཤིས་ཤོག{{TibChung|ཅེས་སོགས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་རྒྱ་ཆེར་སྒྲོགས་ཤིང་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་བྱའོ།  །དྲན་པ་ཙམ་གྱིས་བར་ཆད་གེགས་ཞི་ཞིང་།  །བརྟེན་པས་མཆོག་དངོས་བདེ་བླག་སྩོལ་མཛད་པ།  །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་བསྒྲུབ་པའི་ཐབས།  །མཚོ་སྐྱེས་བླ་མའི་ཐུགས་བཅུད་འདི་ཁོ་ན།  །ཟབ་གཏེར་རྡོ་རྗེའི་གཞུང་བཟང་ཉིན་བྱེད་དབང་།  ཁྲིགས་བསྡེབས་ཀུན་གསལ་ལམ་དུ་དྲངས་པ་ལས།  །ཐོབ་པའི་བསོད་ནམས་སྣང་ {{TibChung|[12b]}} པ་འོད་པོ་ཆེས།  །མ་དག་སྲིད་པའི་མུན་པ་ཡོངས་བཅོམ་ཤོག  །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོའི་ལས་བྱང་བདུད་བཞིའི་གཡུལ་ལས་རྒྱལ་བའི་དགའ་སྟོན་ཞེས་བྱ་བ་འདི་ནི།  དོན་དུ་གཉེར་བ་ཅན་དུ་མའི་གསུང་གིས་ནན་ཏན་ཆེན་པོས་བསྐུལ་བའི་ངོར།  དགེ་བསྙེན་རྣལ་འབྱོར་སྤྱོད་པའི་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་རྩ་བའི་དགོངས་པ་མན་ངག་གིས་གསལ་བར་བྱས་ཏེ་རང་ལོ་ཉེར་གཉིས་པ་ཁྲོ་བོའི་ལོ་རྒྱལ་གྱི་ཉ་བའི་ཤེས་རབ་ཀྱི་ཕྱོགས་ལ་བདེ་ཆེན་ཆོས་འཁོར་གླིང་གི་བསྟི་གནས་སུ་སྦྱར་བ་སྟེ།  འདིས་ཀྱང་སྣང་སྲིད་ཐམས་ཅད་རྡོ་རྗེ་ཕུར་བུ་འགྲུབ་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།།  །།}}  }}
༄༅།  །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོའི་ལས་བྱང་བདུད་བཞིའི་གཡུལ་ལས་རྒྱལ་བའི་དགའ་སྟོན་ཞེས་བྱ་བ།  བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ།  །མི་ཤིགས་རྡོ་རྗེ་ཁྲོས་པའི་མཚོན་ཆེན་གྱིས།  །གཉིས་རྟོག་རཱུ་ཏྲའི་སྡེ་དཔུང་མཐར་མཛད་མགོན།  །བླ་མ་དཔལ་ཆེན་བཛྲ་ཀཱི་ལ་ཡ།  །རང་རིག་བྱང་ཆུབ་སེམས་སུ་ངེས་པས་འདུད།  །རིག་མཆོག་འབུམ་སྡེའི་བཅུད་ཐིག་སྙིང་པོའི་ཕུལ།  །གྲུབ་གཉིས་འདོད་རྒུར་འཇོ་བའི་ཟབ་ཁྱད་ཅན།  །ཡང་གསང་བདེ་གཤེགས་སྙིང་པོའི་ {{TibChung|[2a]}} ཆོ་གའི་ཁྲིགས།  །བདུད་བཞིའི་གཡུལ་ལས་རྒྱལ་བའི་དགའ་སྟོན་སྤྲོ།  །{{TibChung|དེ་ཡང་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་རྣལ་འབྱོར་པ་དག་གིས་དད་བརྩོན་ལྷག་པའི་བསམ་པ་བརྟན་པོས་དཔལ་ཆེན་པོའི་རྣལ་འབྱོར་ལ་འཇུག་པར་བྱ་སྟེ།  དེའི་ཚུལ་ལ་གསུམ།  སྦྱོར་བ།  དངོས་གཞི།  རྗེས་ཀྱི་རིམ་པའོ།  །དང་པོ་ལའང་གཉིས།  བྱ་བའི་སྦྱོར་བ་དང་།  ཆོ་གའི་སྦྱོར་བའོ།  དང་པོ་ནི།  ཡིད་དང་མཐུན་པའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་དང་སྤྱན་གཟིགས་སྣ་ཚོགས་མཛེས་པར་བཀྲམ།  མཆོད་རྫས་སྨན་རཀ་གཏོར་མ་སོགས་ཕྱི་ནང་གསང་བའི་དམ་ཚིག་གི་ཡོ་བྱད་ཕུན་སུམ་ཚོགས་པར་བཤམ་མོ།  །གཉིས་པ་ཆོ་གའི་སྦྱོར་བ་ལ་བདུན་ལས།  དང་པོ་བརྒྱུད་པའི་གསོལ་འདེབས་ནི།}}  {{TibChung|[2b]}} ན་མོ།  ཀུན་བཟང་རྡོ་རྗེ་འཆང་དང་རྡོ་རྗེ་སེམས།  །དགའ་རབ་ཤྲཱི་སེང་པྲ་བྷ་ཧསྟི་ལ།  །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས།  །ཡེ་ཤེས་ཕུར་པ་འགྲུབ་པར་བྱིན་གྱིས་རློབས།  །པདྨ་འབྱུང་གནས་མཁར་ཆེན་མཚོ་རྒྱལ་དང་།  །ཁྲི་སྲོང་ལྡེའུ་བཙན་འབྲོག་བན་ལོ་ཙཱ་ལ།  །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས།  །ཡེ་ཤེས་ཕུར་པ་འགྲུབ་པར་བྱིན་གྱིས་རློབས།  །ཟབ་གཏེར་སྒོ་འབྱེད་རིག་འཛིན་བདུད་འཇོམས་གླིང་།  །བཀའ་བབས་ཆོས་བདག་རྩ་བརྒྱུད་བླ་མ་ལ།  །གསོལ་བ་འདེབས་སོ་བདག་རྒྱུན་སྨིན་གྲོལ་ནས།  །ཡེ་ཤེས་ཕུར་པ་འགྲུབ་པར་བྱིན་གྱིས་རློབས།  །དཔལ་ཆེན་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་དང་།  །དམ་ཅན་ཆོས་སྐྱོང་དཀྱིལ་འཁོར་ལྷ་ཚོགས་ལ།  །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས།  །ཡེ་ཤེས་ཕུར་པ་འགྲུབ་པར་བྱིན་གྱི་རློབས།  །ཡེ་ཤེས་གཅིག་ཆར་འགྲུབ་པར་བྱིན་གྱིས་རློབས།  །ས་ལམ་གཅིག་རྫོགས་གཞོན་ནུ་བུམ་པའི་སྐུ།  །འཇའ་ལུས་འཕོ་བ་ཆེན་པོར་སངས་རྒྱས་ཤོག༔  {{TibChung|གཉིས་པ་སྐྱབས་སེམས་ཚོགས་བསགས་ནི།}}  ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་རྣམ་པར་རོལ་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ{{TibChung|ས་སད་པར་མོས་ལ།}}  ཧོཿ  {{TibChung|[3a]}} བདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ༔    ལྷུན་གྲུབ་ལོངས་སྤྱོད་ཡོན་ཏན་རྫོགས༔    མ་བཅོས་རང་གྲོལ་སྤྲུལ་པའི་སྐུ༔    འདུ་འབྲལ་མེད་པར་སྐྱབས་སུ་མཆི༔  {{TibChung|ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ།}}  ཧོཿ འཁོར་འདས་དག་མཉམ་ཆེན་པོའི་དབྱིངས༔    གཉིས་མེད་རོལ་པ་བྱང་ཆུབ་སེམས༔    རང་བྱུང་ཡེ་ཤེས་ཆེན་པོས་བརྡལ༔    བསྐྱེད་དུ་མེད་དེ་ཡེ་ཡིན་ངང་༔  {{TibChung|ཞེས་ལན་གསུམ་གྱིས་སེམས་བསྐྱེད།}}  ཧོཿ རང་རིག་དཔལ་ཆེན་ལྷ་ཚོགས་ལ།  །གཉུག་མའི་རང་ཞལ་མཇལ་བས་འདུད།  །སྣང་སྲིད་གཞིར་བཞེངས་ཕྱག་རྒྱས་མཆོད།  །ཉམས་ཆག་དམིགས་མཐའ་བྲལ་བར་བཤགས།  །ཡོན་ཏན་ལྷུན་རྫོགས་རྗེས་ཡི་རང་།  །ཕྲིན་ལས་རོལ་པའི་ཆོས་འཁོར་བསྐོར།  །བདག་རྟོག་འདུལ་ཕྱིར་མི་འདར་བཞུགས།  །དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔  {{TibChung|ཞེས་ཚོགས་བསགས་ཏེ།}}  ཛཿཧཱུྃ་བཾ་ཧོཿ {{TibChung|ས།}}  ཚོགས་ཞིང་རྣམས་རང་ལ་ཐིམ་པར་{{TibChung|མོས།  གསུམ་པ་བགེགས་བསྐྲད་པ་ནི།}}  རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་ཡུམ་དང་བཅས་པའི་སྐུར་གྱུར་{{TibChung|པར་བསམ་ལ།  བགེགས་གཏོར།}}  རཾ་ཡཾ་ཁཾ་{{TibChung|གིས་བསངས་སྦྱང་།}}  སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ {{TibChung|[3b]}} ཕུན་སུམ་ཚོགས་པར་{{TibChung|བལྟས་ལ།}}  ཨོཾ་ཨཱཿཧཱུྃ་ཧོཿ {{TibChung|ས་བྱིན་གྱིས་བརླབ།  མགྲོན་རྣམས།}}  སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛཿ{{TibChung|ས་བཀུག་པ་ལ།}}  སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་{{TibChung|སོགས་སྔགས་དང་ཕྱག་རྒྱ་ལན་གསུམ་གྱིས་གཏོར་མ་བསྔོས་ཏེ།  བཀའ་བསྒོ་བ་ནི།}}  ཧཱུྃ༔    ང་ནི་མ་བཅོས་ངང་གིས་ཁྲོས༔    ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ཤུགས༔    རྟོག་གཉིས་རུ་ཏྲའི་གཤེད་དུ་ཆེ༔    བདག་མེད་ཆེན་པོར་དེངས་ཤིག་ཕཊ༔  {{TibChung|ཅེས་དང་ཧཱུྃ་བཞིའི་དྲག་སྔགས་བརྗོད་པས་བགེགས་བསྐྲད།  བཞི་པ་མཚམས་གཅོད་པ་ནི།}}  ཧཱུྃ༔    ཕྱོགས་དང་དབུས་མཐའ་བྲལ་བ་ཡི༔    ཀུན་ནས་ཟླུམ་པ་ཐིག་ལེའི་མཁའ༔    གཞོམ་བྲལ་མི་ཤིགས་རྡོ་རྗེ་སྟེ༔    སྲུང་དང་བསྲུང་བྱ་ཡེ་སངས་རྒྱས༔    དྷརྨ་དྷཱ་ཏུ་རཀྵ་རཀྵ༔  {{TibChung|ལྔ་པ་བརྡ་སྒོ་དབྱེ་ཞིང་ཕྱག་འཚལ་བ་ནི།}}  ཧཱུྃ༔    སྣོད་བཅུད་དག་པ་ཁྲོ་བོའི་ཞིང་།  །སྐུ་དང་ཡེ་ཤེས་དབྱེར་མེད་ཀྱང་།  །མ་རིག་སྒྲིབ་པས་ཆོད་པ་རྣམས།  །རང་གསལ་ལྷུན་གྲུབ་ངང་དུ་དབྱེ།  །བཛྲ་པྲ་བེ་ཤ་ཡ་ཕཊ༔    ཧཱུྃ༔    སྟོང་གསལ་མ་བཅོས་གཉུག་མའི་དབྱིངས༔    རང་རིག་དོན་གྱི་དཔལ་ཆེན་པོ།  །མཉམ་ཉིད་བལྟ་བས་མཇལ་བའི་ཕྱག  །དམིགས་བསམ་བརྗོད་བྲལ་ཀློང་དུ་འཚལ།  །ན་མོ་ན་མ་མི།  {{TibChung|དྲུག་པ་དམ་བཅའ་བཟུང་བ་ནི།}}  ཧཱུྃ།  དོན་དམ་འགྱུར་མེད་རིག་པའི་གཤིས།  །ཐབས་ {{TibChung|[4a]}} ཀྱི་སྤྱོད་པས་སྐུར་སྣང་བ།  །དཔལ་ཆེན་ཁྲག་འཐུང་གསང་བ་གསུམ།  །སྲོག་ཕྱིར་མི་གཏོང་བཟུང་བར་བགྱི།  །ས་མ་ཡ་ཙིཏྟ་བཛྲ་ཧཱུྃ༔  {{TibChung|བདུན་པ་བྱིན་དབབ་པ་ནི།  སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་ལ།}}  ཧཱུྃ༔    ཁྱབ་བདག་རྡོ་རྗེ་མི་གཡོ༔    རང་གསལ་གཞོན་ནུ་བསྒྲེས་རྒུད་བྲལ༔    ཡེ་གྲོལ་ཐོགས་མེད་ཕུར་པ་ཡིས༔    མཉམ་ཉིད་རོལ་པར་བྱིན་ཆེན་ཕོབ༔    བཛྲ་ཨཱ་བེ་ཤ་ཡ་ཨ༔    བརྒྱད་པ་མཆོད་རྫས་བརླབ་པ་ནི༔    ཧཱུྃ༔    དབང་པོ་ཡུལ་གྱི་གསལ་སྒོ་རུ༔    འདོད་ཡོན་སྣང་བ་རྒྱན་དུ་ཤར༔    ཚོགས་བརྒྱད་དག་པའི་རླབས་ཀྱིས་བརླབས༔    མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔    ཨོཾ་ཨཱཿཧཱུྃ་མ་ཧཱ་ཛྙཱ་ན་སརྦ་པཱུ་ཛ་ཧཱུྃ༔  ཧ་ཧོ་ཧྲཱིཿ{{TibChung|ཞེས་སྤེལ་ལོ།  གཉིས་པ་དངོས་གཞི་ལ་བདུན་ལས།  དང་པོ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་ནི།}}  ཨ༔  ཐིག་ལེ་ཆེན་པོ་ཆོས་ཀྱི་དབྱིངས༔    ཁྱབ་བྱེད་ཡེ་ཤེས་རང་ཞལ་གཟིགས༔    མ་འགགས་རྒྱུ་ཡི་ས་བོན་ཉིད༔    སྟོང་ཆེན་ཡུམ་གྱི་མཁའ་ལས་བཙས༔    ཐབས་ཤེས་སྙིང་པོ་ས་བོན་ཧཱུྃ༔    ཆོས་དབྱིངས་མཁའ་ཀློང་ཡངས་པར་ཤར༔    ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལས༔    འབྱུང་བའི་ལྷ་མོ་བཞི་རིམ་མཁར༔    སྟོང་གཟུགས་འདོད་པའི་དབང་ཕྱུག་མོ༔    རུས་པའི་རི་རབ་ {{TibChung|[4b]}} ལ་བརྫུས་སྟེང༔    ཡུལ་བརྒྱད་དག་པའི་དུར་ཁྲོད་དུ༔    ཚོགས་བརྒྱད་དག་པའི་དཔའ་བོ་བརྒྱད༔    སྟོང་ཆེན་དཔའ་མོའི་བྷ་གར་རོལ༔    ཕྲ་ཡུལ་བྲག་ཤིང་མེ་མཚོ་རླུང་༔    ཕྲ་རྟོག་གཅན་གཟན་འདྲེ་རུ་བརྫུས༔    དེ་དབུས་ལྷུན་གྲུབ་གཞལ་ཡས་ཁང་༔    མ་དག་རྟོག་གཉིས་སྒོ་འགགས་ཕྱིར༔    ཕྱི་ནང་ཐབས་ཤེས་རིམ་པར་ཤར༔    ཡེ་ཤེས་བཞི་ཡི་ངོ་བོ་ལ༔    རྒྱུ་དང་ཁ་དོག་བཞིས་ཕྱོགས་མཛེས༔    ཚད་མེད་བཞི་ཡི་འཆར་སྒོ་རུ༔    ཕྲིན་ལས་བཞི་ཡི་དབྱིབས་དང་ལྡན༔    ཐབས་ཤེས་ཉི་ཟླའི་གསེང་དཀར་ཧར༔    རྒྱུ་བརྒྱད་སེམས་ཀྱི་ཀ་གདན་བཏིང་༔    ཐེག་པ་བརྒྱད་ཀྱི་ཀ་བ་ལ༔    འབྲས་བུ་བརྒྱད་ཀྱི་གདུང་མ་བཀལ༔    ཆོས་ཕུང་བརྒྱད་ཁྲིའི་དྲལ་ཁེབས་བྱས༔    ཆོས་དབྱིངས་ཡེ་ཤེས་ཡ་ཕུབ་སྟེང་༔    བདེ་སྟོང་མི་འགྱུར་བུམ་པ་བྲེ༔    ས་ལམ་གཅིག་རྫོགས་ཆོས་འཁོར་གདུགས༔    ཨ་ཏི་སྡེ་གསུམ་མཚོན་པའི་ཏོག༔    ཆོས་ཉིད་སྒྱུ་མར་རོལ་པའི་འཕྲུལ༔    སྒོ་གྲུ་རྟ་བབ་དྲྭ་ཕྱེད་འཕན༔    རྟོག་ཚོགས་གནས་དག་མཆོད་རྟེན་དང་༔    རི་དྭགས་ཆོས་ཉན་རྒྱལ་མཚན་གདུགས༔    རྒྱན་དང་ཁོར་ཡུག་མཚན་ཉིད་རྫོགས༔    རྒྱུད་དྲུག་འཁོར་བ་གཞིག་པའི་ཕྱིར༔    བསྐལ་པའི་མེ་རླུང་རབ་ {{TibChung|[5a]}} ཏུ་འབར༔    འཁྲུལ་པའི་འཁོར་ལོ་གཞོམ་པའི་ཕྱིར༔    ཕོ་ཉ་མཚོན་ཐུན་བུ་ཡུག་འཚུབས༔    ཡེ་ནས་རང་བྱུང་ཆེན་པོར་བསྒོམ༔    ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔    འཁོར་འདས་མཁར་སྡུད་མཉམ་སྦྱོར་རོལ༔    གནམ་ལྕགས་འཁོར་ལོའི་རྩིབས་བརྒྱད་སྟེང་༔    བྱོལ་སོང་གཙོ་བརྒྱད་ཀྱིས་བཏེགས་པའི༔    རིན་ཆེན་ཁྲི་སྟེང་པད་ཟླ་དང་༔    ཉི་སྟེང་བདུད་ཆེན་བསྣོལ་བའི་ཁྲིར༔    རྒྱུ་ཡི་ས་བོན་བབས་པ་ལས༔    རང་བྱུང་དོན་བྱེད་ཧེ་རུ་ཀ༔    འཕྲོ་འདུའི་འོད་ཀྱི་རླབས་ཆེན་གཡོས༔    འཁོར་བ་དོང་སྤྲུགས་རྒྱལ་ཀུན་མཆོད༔    ཚུར་འདུས་སྣང་སྟོང་གཉིས་མེད་ངང་༔    མཉམ་སྦྱོར་འབྲས་བུའི་ཧེ་རུ་ཀ༔    དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔    མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔    གཡས་དཀར་གཡོན་དམར་ཁྲོ་གཏུམ་རྔམས༔    ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔    སྤྱན་དགུ་སྡང་མིག་གཡོ་ཞིང་འཁྲུགས༔    སྨ་ར་སྨིན་མར་མེ་སྟག་འཕྲོ༔    ཁམ་ནག་དབུ་སྐྲ་གྱེན་དུ་བརྫེས༔    ཐོད་སྐམ་དབུ་རྒྱན་ཅོད་པན་མཛེས༔    ཕྱག་དྲུག་གཡས་གཉིས་གསེར་རྡོ་རྗེ༔    རྩེ་དགུ་དང་ནི་རྩེ་ལྔ་འཕྱར༔    གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་བསྣམས༔    ཐ་གཉིས་རི་རབ་ཕུར་བུ་འདྲིལ༔    རྡོ་ {{TibChung|[5b]}} རྗེ་རིན་ཆེན་གཤོགས་པ་གདེངས༔    ཞབས་བཞི་གྱད་ཀྱི་འདོར་སྟབས་བགྲད༔    དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔    སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་འཁྲིལ༔    མཐིང་སྐྱ་ཁ་ཊྭཱཾ་ཐོད་ཁྲག་སྟོབ༔    ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྱུད༔    གཡས་པས་འཁོར་བའི་སྒོ་འཕར་གནོན༔    གཡང་གཞི་གཟིག་ཤམ་རུས་རྒྱན་གསོལ༔    ཞལ་སྦྱོར་དྲག་པོའི་གད་རྒྱང་སྒྲོགས༔    གཡོན་དུ་སྒྲོལ་ཡུམ་ཨེ་ཀ་ཛ༔    མཐིང་ནག་སྤྱན་དང་མཆེ་བ་གཅིག༔    རལ་གཅིག་གྱེན་བརྫེས་ཁྲག་ཆར་འཕྲོ༔    ཕྱག་གཡས་དགྲ་སྙིང་གཡོན་ལྕགས་སྤྱང་༔    ཞབས་གཉིས་བསྟན་དགྲ་ཕོ་མོ་གནོན༔    གཙོ་བོའི་སྤྱི་བོར་བྱ་ཁྱུང་གི༔    རྭ་བར་ཀུན་བཟང་ཡབ་ཡུམ་ཤར༔    གཡས་སུ་སྐུ་སྲས་འཁོར་ལོ་ཅན༔    མཐིང་དཀར་དམར་བའི་ཞལ་གུམ་པ༔    ཤར་དུ་ཐུགས་སྲས་རྡོ་རྗེ་ཅན༔    དཀར་སྔོ་དམར་བའི་ཞལ་གསུམ་པ༔    ལྷོ་རུ་ཡོན་ཏན་རིན་ཆེན་ཅན༔    སེར་དཀར་དམར་བའི་ཞལ་གསུམ་པ༔    ནུབ་ཏུ་གསུངསྲས་པདྨ་ཅན༔    དམར་དཀར་སྔོ་བའི་ཞལ་གསུམ་པ༔    བྱང་དུ་ཕྲིན་ལས་རྒྱ་གྲམ་ཅན༔    ལྗང་དཀར་དམར་བའི་ཞལ་གསུམ་པ༔    ཀུན་ཀྱང་གཡས་གཉིས་རྡོ་རྗེ་དང་༔    གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་བསྣམས༔    ཐ་མས་ {{TibChung|[6a]}} རིན་ཆེན་ཕུར་པ་འདྲིལ༔    སྐུ་སྨད་ཕྱོགས་མདོག་ཕུར་དབལ་ཅན༔    རྡོ་རྗེའི་གཤོག་གདེངས་མེ་དཔུང་འབར༔    རང་འདྲའི་སྤྲུལ་པ་སྐར་ལྟར་འཁྲིགས༔    བདག་ལྟའི་རུ་ཏྲ་དབྱིངས་སུ་འབིགས༔    སྟེང་ཕྱོགས་ཁྲོ་བོ་ཧཱུྃ་ཀཱ་ར༔    སྔོ་དཀར་དམར་བའི་ཞལ་གསུམ་པ༔    ཕྱག་དྲུག་བར་པས་མདའ་གཞུ་འགེངས༔    རྡོ་རྗེ་སྒྲ་འབྱིན་ཡུམ་དང་འཁྲིལ༔    སྤྲུལ་པ་ཕག་དང་སྨིག་བུའི་གདོང་༔    ཤར་དུ་རྣམ་རྒྱལ་མདའ་སྙེམས་དཀར༔    གཡས་སྔོ་གཡོན་དམར་བར་ཕྱག་གཉིས༔    ཏྲི་ཤུལ་གཡས་ལ་འཁོར་ལོ་གཡོན༔    སྤྲུལ་པ་སྟག་དང་བྱ་རྒོད་གདོང་༔    ཤར་ལྷོ་དབྱུག་སྔོན་སྡེར་མོ་སྔོ༔    གཡས་དཀར་གཡོན་དམར་བར་ཕྱག་གཉིས༔    དབྱུག་ཏོ་མེ་དཔུང་མཁའ་ལ་གདེངས༔    སྤྲུལ་པ་གཡག་དང་བྱ་རོག་གདོང་༔    ཕྱོགས་གཤིན་རྗེ་དུར་ཁྲོད་བདག༔    དབུས་སེར་གཡས་སྔོ་གཡོན་ནག་པོ༔    བར་ཕྱག་བེ་ཅོན་དབྱུག་ཏོ་ཐོགས༔    སྤྲུལ་པ་ཤ་བ་འུག་པའི་མགོ༔    ལྷོ་ནུབ་མི་གཡོ་གཏུན་ཁུང་དམར༔    གཡས་སྔོ་གཡོན་མཐིང་བར་ཕྱག་གཉིས༔    སྤུ་གྲི་དང་ནི་ཞགས་པ་བསྣམས༔    སྤྲུལ་པ་གཟིག་དང་ཁྭ་ཏའི་གདོང་༔    ནུབ་ཏུ་རྟ་མགྲིན་རྡོ་རྗེ་གཏུམ༔    དམར་གསལ་གཡས་ {{TibChung|[6b]}} དཀར་གཡོན་སྔོ་ཞལ༔    བར་ཕྱག་རལ་གྲི་སྦྲུལ་ཞགས་བསྣམས༔    སྤྲུལ་པ་བྱི་ལ་པུ་ཤུད་གདོང་༔    ནུབ་བྱང་འདོད་རྒྱལ་སྙེམས་མ་དམར༔    གཡས་སེར་གཡོན་ལྗང་བར་ཕྱག་ན༔    བ་དན་དང་ནི་རྔ་ཡབ་བསྣམས༔    སྤྲུལ་པ་སྤྱང་ཀུ་ཁྲ་ཡི་གདོང་༔    བྱང་དུ་བདུད་རྩི་རླུང་འབྱིན་ལྗང་༔    གཡས་ཞལ་དུད་ཀ་གཡོན་སེར་ནག༔    བར་ཕྱག་རྒྱ་གྲམ་དྲིལ་བུ་བསྣམས༔    སྤྲུལ་པ་སེང་གེ་ཕ་ཝཾ་གདོང་༔    བྱང་ཤར་ཁམས་གསུམ་གསོད་བྱེད་སྐྱ༔    གཡས་ལྗང་གཡོན་སེར་བར་ཕྱག་གཉིས༔    རྡོ་རྗེ་དང་ནི་ཁ་ཊྭཱཾ་འཛིན༔    སྤྲུལ་པ་དྲེད་དང་སྲེ་མོང་གདོང་༔    འོག་ཕྱོགས་སྟོབས་ཆེན་བསྐུལ་བྱེད་མ༔    དུད་ཁ་གཡས་ལྗང་གཡོན་སེར་ཞལ༔    བར་ཕྱག་ཐོ་བ་གཏུན་ཤིང་གདེངས༔    སྤྲུལ་པ་དོམ་དང་བྱི་བའི་གདོང་༔    ཀུན་ཀྱང་རྡོ་རྗེས་དུང་དམར་དཀྲུག༔    མཐའ་གཉིས་གདབ་པའི་ཕུར་བུ་འདྲིལ༔    རྡོ་རྗེའི་གཤོག་བརྐྱང་མེད་དཔུང་འབར༔    དུར་ཁྲོད་ཆས་རྫོགས་ཁྲོ་གཏུམ་རྔམས༔    ཞབས་བཞིས་ཕྱོགས་སྐྱོང་ཕོ་མོ་གནོན༔    ཡུམ་རྣམས་དྲིལ་བུ་བྷན་དམར་བསྣམས༔    གཡང་གཞི་གཟིག་ཤམ་ཐོད་སྦྲུལ་བརྒྱན༔    སྤྲུལ་པ་ཟ་གསོད་ཕོ་མོ་རྣམས༔    ཁ་དོག་ཡབ་ཡུམ་ཆ་འཛིན་ཅིང་༔    གཤོག་པས་བར་སྣང་རླབས་ཀྱིས་ {{TibChung|[7a]}} གཅོད༔    འགུགས་དང་གསོད་པའི་མཚོན་ཆ་བསྣམས༔    རང་འདྲའི་སྤྲུལ་པ་ཁྲ་ཐབས་འགྱེད༔    ཤར་སྒོར་སྒོ་མ་པུ་ཤུད་གདོང་༔    དཀར་མོ་ལྕགས་ཀྱུ་ཕུར་བུ་འདྲིལ༔    ལྷོ་སྒོར་སྒོ་མ་ཀང་ཀའི་གདོང་༔    སེར་མོ་ཞགས་པ་ཕུར་བུ་འདྲིལ༔    ནུབ་སྒོར་སྒོ་མ་སྲིན་བྱའི་གདོང་༔    དམར་མོ་ལྕགས་སྒྲོགས་ཕུར་བུ་འདྲིལ༔    བྱང་སྒོར་སྒོ་མ་ཁྲ་ཡི་གདོང་༔    ལྗང་ནག་དྲིལ་བུ་ཕུར་བུ་འདྲིལ༔    དཀྱིལ་འཁོར་ཕྱི་ཁྱམས་ཁོར་ཡུག་ཏུ༔    ཤྭ་ན་མ་བཞི་རེ་ཏཱི་བཞི༔    བསེ་མོ་མཆེད་བཞི་སྐྱེས་བུ་བཞི༔    འབར་མ་མིང་སྲིང་གིང་ལངྐ༔    དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་༔    ཕུར་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔    ཉི་མ་དང་ནི་འོད་ཟེར་བཞིན༔    མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ༔    ངོ་བོ་གཙོ་ལ་རང་རྩལ་འཁོར༔    ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ༔    དུས་གསུམ་འདུ་འབྲལ་མེད་པའི་ངང་༔    འཁོར་བ་ཡོངས་སྒྲོལ་དཔལ་དུ་ཤར༔  {{TibChung|ཞེས་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ༔    དབང་བསྐུར་ཞིང་རྒྱས་གདབ་པ་ནི།}}  ཧཱུྃ།  ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ།  །བྱམས་དང་སྙིང་རྗེས་གང་འདུལ་བ།  སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས༔    དབང་དང་བྱིན་རླབས་བདག་སྩོལ་ཅིག༔    ཨོཾ་ཨཱཿཧཱུྃ།  ཨོཾ་ཧཱུྃ་ {{TibChung|[7b]}} སྭཱ་ཨཱཿ་ཧཱ།  ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ།  གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་པ་ནི།  རང་གི་སྙིང་གའི་འོད་ཀྱིས་བསྐུལ་བས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་{{TibChung|བསམ་ལ།}}  ཧཱུྃ།  ཆོས་དབྱིངས་སྐྱེ་མེད་གཞལ་ཡས་ནས༔    རིག་སྟོང་རྡོ་རྗེ་གཞོན་ནུ་ཆེ།  ཐུགས་རྗེ་རང་རྩལ་འཁོར་དང་བཅས༔    དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔    བཛྲ་ས་མ་ཡ་ཛ༔  {{TibChung|ཞེས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟར་བྱོན་པར་བསམ།  གསུམ་པ་བཞུགས་སུ་གསོལ་བ་ནི།}}  ཧཱུྃ།  ཕུང་ཁམས་གཤེགས་པ་གཤེགས་མའི་གདན༔    དབང་ཡུལ་སེམས་དཔའ་སེམས་མའི་གདན༔    ཡན་ལག་སྒོ་སྐྱོང་ཕོ་མོའི་གདན༔    གདོད་ནས་ཡོངས་གྲུབ་ཆེན་པོར་བཞུགས༔    བཛྲ་ས་མ་ཡ་ཏིཥྛ་ལྷན༔  {{TibChung|ཞེས་པས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་དཀྱིལ་འཁོར་དང་དབྱེར་མེད་དུ་བཞུགས་པར་མོས།  བཞི་པ་ཕྱག་འཚལ་བ་ནི།}} ན་མོ༔    རང་བྱུང་ཡེ་ཤེས་བྱང་ཆུབ་སེམས༔    མཐའ་དང་ཕྱོགས་ལས་རྣམ་པར་རྒྱལ༔    མི་ཤིག་རྡོ་རྗེ་སྲིན་པོའི་གར༔    རང་ངོར་རིག་པས་ཕྱག་འཚལ་ལོ༔    ན་མོ་པུ་རུ་ཤ་ཡ་ ཧོཿ  {{TibChung|ལྔ་པ་མཆོད་པ་ནི།}}  ཧཱུྃ༔    བདག་རྟོག་རཱུ་ཏྲ་བསྒྲལ་བ་ལས༔    དབང་ཡུལ་ཕུང་ཁམས་སྐྱེ་མཆེད་དང་༔    སྣ་ཚོགས་སྣང་བའི་ {{TibChung|[8a]}} ལོངས་སྤྱོད་དཔལ༔    རྡོ་རྗེ་ཕུར་པའི་ལྷ་ལ་འབུལ༔    བདག་མེད་ཆེན་པོར་བཞེས་ནས་ཀྱང་༔    འཁོར་འདས་དག་མཉམ་ངང་དུ་རོལ༔    ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་{{TibChung|ནས་}} ཤཔྟ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ ཧོཿ  {{TibChung|དྲུག་པ་བསྟོད་པ་ནི།}}  ཧཱུྃ༔    གདོད་ནས་མ་བཅོས་སྤྲོས་མཐའ་བྲལ༔    བརྡལ་ཁྱབ་རྡོ་རྗེ་སྲིན་པོར་བསྟོད།  མཁྱེན་གཟིགས་ཡེ་ཤེས་ཡོན་ཏན་རྫོགས༔    ལྷུན་གྲུབ་གཞོན་ནུ་བུམ་སྐུར་བསྟོད།  ཁམས་གསུམ་སྐུ་གསུམ་ཀློང་དུ་རོལ༔    ཐོགས་མེད་རྡོ་རྗེ་ཕུར་པར་བསྟོད༔    སྒེག་ཅིང་དཔའ་བ་འཇིགས་སུ་རུང་༔    རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔    དགོད་དང་གཤེ་དང་དྲག་ཤུལ་ལྡན༔    རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔    སྙིང་རྗེ་རྔམས་དང་ཞི་ཚུལ་ལྤན༔    རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔    དཔལ་ཆེན་ཁྲོ་རྒྱལ་གསང་གསུམ་དང་༔    གཉིས་མེད་གཉིས་སུ་སྣང་བའི་ཚུལ༔    སྤྲུལ་འཁོར་མི་ཟད་རྒྱན་གྱི་ལྷར༔    ཟུང་འཇུག་ཆེན་པོར་ཕྱག་འཚལ་བསྟོད༔  {{TibChung|བདུན་པ་ཛཔྲ་བཟླ་བ་ནི།}}  ཧཱུྃ།  འོད་གསལ་ཡེ་ཤེས་ལྷུན་རྫོགས་ལས།  རིག་རྩལ་མ་འགགས་ཀཱི་ལ་ཡའི།  །གྲགས་སྟོང་ཛཔྲ་སྒྲ་དེང་བསྐུལ་ན།  །སྲིད་པ་ཕུར་ {{TibChung|[8b]}} བུ་མྱུར་འགྲུབ་མཛོད།  །ས་མ་ཡ་ཝཱ་ཀ་བཛྲ་ཨཏྨ་ཀོ྅་ཧཾ།  {{TibChung|ཞེས་བསྐུལ་ཏེ།}}  ཧཱུྃ།  གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་༔    ཡེ་ཤེས་སེམས་དཔའ་ཞི་འཛུམ་མཛེས༔    རྒྱན་མེད་གཅེར་བུ་འོད་ཕུང་འབར༔    ཐུགས་ཀར་ཉི་སྟེང་གནམ་ལྕགས་ཀྱི༔    རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔    ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔    ཧཱུྃ༔    མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔    དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔    གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔    སྙིང་པོའི་སྔགས་རྣམས་གཅིག་དྲིལ་བའི༔  ངོ་བོ་ཉིད་དུ་སྔགས་སྒྲ་སྒྲོགས༔  {{TibChung|ཞེས་ཏིང་ངེ་འཛིན་རྩེ་གཅིག་ཏུ་གསལ་བཏབ་ལ།  རྩ་བའི་སྔགས་ནི།}} ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔    ཛཿཧཱུྃ་ཨཱཿ{{TibChung|གཞི་སྙིང་གཅིག་ཏུ་དྲིལ་བ་ནི།}}  ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཛཿཧཱུྃ་བཾ་ཧོཿ  ཀ་ཏཾ་ཀ་ཡེ༔    ཛ་ཡེ་བི་ཛ་ཡེ།  ཨ་ཛི་ཏི་ཨ་པ་རཱ་ཛི་ཏེ༔    མཱ་ར་སེ་ན་པྲ་མརྔྷ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔  {{TibChung|ལས་སྦྱོར་སྤུ་གྲིའི་འཕྲུལ་འཁོར་ནི།}}  མ་རཀྨོ་ཡཀྨོ་ཀ་ལ་རཱུ་པ།  སྙིང་རྩ་ལ་ཡཾ་ཡཾ༔  སྲོག་རྩ་ལ་ཡཾ་ཡཾ༔  སྙིང་རྩ་ལ་ཕྲིལ་ཕྲིལ༔    སྲོག་རྩ་ལ་ཆུཾ་ཆུཾ༔    ཙིཏྟ་སྲོག་ལ་དུང་དུང་༔    སྙིང་ཁྲག་སྲོག་ལ་ཤད་ཛ༔    ཐུཾ་རི་ལི་ལི༔    སྙིང་ཙེག་ཙེག༔    འུར་འུར༔    ཤིག་ཤིག༔    གུལ་གུལ༔  མྱག་མྱག༔    སོད་སོད༔    དྷ་ཏི་མ་མ་ཀརྨ་ཤཱིགྷཱཾ་ཀ་ར་ཡེ༔  {{TibChung|[9a]}}  མཱ་ར་སེ་ན་པྲ་མརྔྷ་ན་ཡེ་ཧཱུྃ་ཕཊ༔  {{TibChung|ཅེས་བཟླས་པའི་སྐྱོན་སྤང་ལ་ཆུ་བོའི་རྒྱུན་ བཞིན་དུ་བཟླ་ཞིང་༔    དགོངས་པ་ཁྱད་པར་ཅན་གྱི་དམེགས་པའི་འཕྲུལ་འཁོར་རྣམས་ནི་མན་ངག་ལས་ཤེས་པར་བྱའོ།  ཐུན་མཚམས་སུ་སྟོང་ཚིགས་ཀྱིས་མཆོད་པ་ནི།}}  ཧཱུྃ།  དཔལ་ཆེན་ཕུར་བུའི་ལྷ་ཚོགས་གཤེགས།  །ཕྱི་ནང་གསང་བའི་མཆོད་པ་འབུལ།  །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད།  །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས།  །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་བསྩོལ༔  {{TibChung|ཅེས་འདོད་དོན་གསོལ་ལོ།  །གསུམ་པ་རྗེས་ཀྱི་བྱ་བ་ལ་བཅུ་ལས།  །དང་པོ་ཚོགས་ཀྱི་མཆོད་པ་ནི།  དམ་རྫས་སུ་འོས་པའི་བཟའ་བཏུང་གི་དངོས་པོ་ཕུན་སུམ་ཚོགས་པར་བཤམ་ལ།  བདུད་རྩིས་བསངས་ཏེ།}}  ཨོཾ་སརྦ་དྲ་བྱཾ་བི་ཤྭ་དྷ་ནི་ཧཱུྃ་ཕཊ།  ཨཿཀུན་གཞི་ཡངས་པའི་མཁའ་ཀློང་དུ༔    ཀུན་རྟོག་ལྷ་མོའི་རྣམ་རོལ་རྩེ༔    ཀུན་སྣང་འདོད་ཡོན་རྒྱན་དུ་ཆེ༔    ཀུན་བཟང་མཆོད་སྤྲིན་བླ་ན་མེད༔    ཨོཾ་ཨཱཿཧཱུྃ༔  {{TibChung|ལན་གསུམ་གྱིས་བརླབ་ཚོགས་ཞིང་སྤྱན་འདྲེན་པ་ནི།}}  ཧཱུྃ༔    ཀུན་ཁྱབ་ཐིག་ལེའི་མཁའ་ཀློང་ནས༔    ལྷུན་གྲུབ་རྡོ་རྗེ་གཞོན་ནུ་ཆེ༔    སྒྱུ་འཕྲུལ་རོལ་པ་འཁོར་བཀའ་སྡོད༔    ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔    ཤྲཱི་ཧེ་རུ་ཀ་ས་མ་ཡ་ཧྲིཾ་ཕེཾ་ཛཿཛཿ{{TibChung|ཞེས་སྤྱན་དྲངས་ལ།  ཚོགས་ཕུད་ཆ་གསུམ་ {{TibChung|[9b]}} དུ་སྤྲོས་པའི་དང་པོ་མཆོད་པ་ནི།}}  ཧཱུྃ༔    ཁམས་གསུམ་འཁོར་བའི་ཆོས་རྣམས་ཀུན༔    འབྲུ་གསུམ་ནུས་པས་སྦྱངས་སྤེལ་གྱུར།  བདེ་སྟོང་ཡེ་ཤེས་བདུད་རྩི་ཆེ༔    སྐུ་གསུམ་དབྱིངས་སུ་དག་མཉམ་རོལ༔    མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི༔  {{TibChung|བར་པ་བསྐང་བཤགས་ནི།  འདོད་ཡོན་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་བལྟས་ལ།}}  ཧཱུྃ༔    དུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔    གཉིས་སུ་མེད་པའི་ཀློང་ཆེན་པོ༔    ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་༔    མ་བཅོས་བདེ་བ་ཆེན་པོའི་གདངས༔    རིགས་ལྔའི་སངས་རྒྱས་ཐུགས༴    རང་སྣང་དོན་གྱི་སྟོན་པ་མཆོག༔    དྲིན་ཆེན་བླ་མའི་ཐུགས༴    སྣང་སྲིད་ཕུར་བུས་གདབ་པའི་ཕྱིར༔    རྡོ་རྗེ་གཞོན་ནུའི་ཐུགས༴    འཁོར་འདས་དག་མཉམ་རྒྱས་འདེབས་ཕྱིར༔    འཁོར་ལོ་རྒྱས་འདེབས་ཐུགས༴    དུག་ལྔ་དབྱིངས་སུ་གཞོམ་པའི་ཕྱིར༔    ཀཱི་ལ་རིགས་ལྔའི་ཐུགས༴    མི་དགེ་བཅུ་པོ་གནས་དག་ཕྱིར༔    ཁྲོ་བོ་ཕ་བཅུའི་ཐུགས༴    དགེ་བཅུའི་ཆོས་ཉིད་ཆེར་གཞིག་ཕྱིར༔    ཁྲོ་མོ་མ་བཅུའི་ཐུགས༴    ཡུལ་རྟོག་རོ་ལ་ཟ་བའི་ཕྱིར༔    ཟ་བྱེད་ཕ་བཅུའི་ཐུགས༴    བདག་རྟོག་དབུ་མར་གསོད་པའི་ཕྱིར༔    གསོད་བྱེད་མ་བཅུའི་ཐུགས༴    རྣམ་པར་རྟོག་གསུམ་གཞིག་པའི་སྟོབས༴    ཁྲ་ཐབས་ཉེར་གཅིག་ {{TibChung|[10a]}} ཐུགས༴    མཐའ་བཞིའི་རྟོག་པ་གཞིག་པའི་ཕྱིར༔    སྒོ་སྐྱོང་མ་བཞིའི་ཐུགས༴    སྒྱུ་འཕྲུལ་རོལ་པའི་གར་མཁན་མཆོག༔  ཕུར་སྲུང་རྒྱ་མཚོའི་ཐུགས༴    བསྐང་ངོ་ཐུགས་དམ་གཉན་པོ་བསྐང་༔    ཉམས་ཆག་འགལ་འཁྲུལ་བཟོད་པར་བཞེས༔    མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔    མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔  {{TibChung|ཅེས་དང་།}}    ཧཱུྃ༔    གདོད་ནས་སྐུ་གསུམ་ལྷུན་གྲུབ་ཀྱི༔    གནས་ལུགས་རྡོ་རྗེ་ཐེག་པའི་ཞལ༔    མ་རིག་གཉིས་འཛིན་སྒྲིབ་པའི་བག༔    རིག་པ་ཡེ་ཤེས་ཆེན་པོར་བཤགས༔    ཨོཾ་ག་ཎ་ཙཀྲ་ས་ཏྭ་ས་མ་ཡ་{{TibChung|སོགས་ཡི་གེ་བརྒྱ་པ་བཟླའོ།  །ཐ་མ་བསྒྲལ་མཆོད་ནི།  ཚོགས་ཟན་དེ་ཉིད་དག་བགེགས་དངོས་སུ་མོས་ལ།  སྤྲོ་ན་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས།}}  ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུྃ་བཾ་ཧོཿ  ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ༔  {{TibChung|ཅེས་བཀུག་ལ་ཕུར་བུས་གཟིར་ཞིང་།}}  ཧཱུྃ༔    ཁྱབ་བདག་རྡོ་རྗེ་གཞོན་ནུ་ཡི༔    མཁྱེན་གཉིས་ཡེ་ཤེས་རྩལ་གྱི་མཚོན༔    བདག་ལྟའི་རུ་ཏྲའི་སྲོག་ལ་གདབ༔    ཁམས་གསུམ་འཁོར་བའི་འཆིང་རྒྱ་བཅད༔    རུ་ཏྲ་པྲ་ཝེ་ཤ་ཡ་ཕཊ༔  {{TibChung|ཅེས་དྭངས་མ་དབྱིངས་སུ་བསྒྲལ་བའི་སྙིགས་མ་བདུད་རྩིར་སྤར་ཏེ།}}  ཧཱུྃ༔    གཟུང་འཛིན་རུ་ཏྲ་བསྒྲལ་བ་ལས༔    ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས༔    རྡོ་རྗེ་སྲིན་པོའི་ཞལ་དུ་བསྟབ༔    {{TibChung|[10b]}} གཉིས་མེད་རོལ་པར་རྫོགས་སངས་རྒྱས༔    རུ་ཏྲ་ཨ་མུ་ཀ་མཱ་ར་ཡ་ཁཱ་ཧི༔  {{TibChung|ཞེས་བསྟབ་པས་དགྱེས་པར་བསམ།  དེ་ནས་བརྡ་དང་བརྡའི་འབུལ་ལན་དང་བཅས་ཚོགས་ཀྱི་དམ་རྫས་ནང་གི་བསྲེག་བླུག་ཏུ་རོལ།  ལྷག་མའི་ཆོ་ག་ནི།  ཕུད་ལྷག་བསྲེས་ལ་བདུད་རྩིའི་ཁ་ཕྲུས་བྲན་ཅིང་།}}  ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿ   {{TibChung|འདོད་ཡོན་གྱི་ཕུང་པོར་སྤེལ་ཏེ།}}  ཧཱུྃ༔    ཀུན་བྱེད་རྒྱལ་པོ་ཧེ་རུ་ཀའི༔    བཀའ་ཉན་རང་རྩལ་ལྷག་སྡུད་མ༔    གཤེགས་བྱོན་མེད་དེ་ཡེ་ནས་རྫོགས༔    འཁོར་བ་མྱང་འདས་ཆེན་པོར་རོལ༔    ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧོ།  {{TibChung|ཞེས་ཕྱི་རོལ་དུ་བསྐྱལ་ལོ།  །གཉིས་པ་ཐུགས་དམ་བསྐུལ་བ་ནི།}}  ཨོཾ༔    མི་འགྱུར་རྡོ་རྗེ་སྐུ་ཡི་དབྱིངས༔    ཨཱཿམ་འགགས་གསང་ཆེན་གསུང་གི་དབྱིངས༔    ཧཱུྃ༔    སྤྲོས་པ་བྲལ་བ་ཐུགས་ཀྱི་དབྱིངས༔    ཛ༔    བསྐུལ་ལོ་ཀུན་ཟླུམ་ནམ་མཁའ་ཆེ༔    ཕེཾ༔    ཆོས་ཉིད་སྒྱུ་མའི་འཕྲུལ་བཞེངས་ཤིག༔    ཕཊ༔    བདག་རྟོག་མ་ཏྲཾ་རུ་ཏྲ་སྒྲོལ༔    བྷྱོ༔    འཁོར་བ་མྱང་འདས་ཆེན་པོར་བཟློག༔    ཨཿཨེ་ཝཾ་ཟུང་འཇུག་ཆེན་པོར་ཆོམས༔  {{TibChung|གསུམ་པ་ཆད་མདོ་བཏང་བ་ནི།  གཏོར་མ་སྨན་རཀ་བྲན་ཅིང་།}}  ཧཱུྃ༔    དང་པོ་མཉམ་པ་ཉིད་ཀྱི་དུས༔    གནས་ལུགས་རྡོ་རྗེ་གཞོན་ནུ་ཡིས༔    ཁམས་གསུམ་ཁྲག་ཏུ་རོལ་པའི་ཚེ༔    ཆོས་ཀུན་ཆོས་ཉིད་དམ་རྒྱར་བཅིངས༔    བར་དུ་གདུལ་བྱའི་དཔལ་མཚོ་རུ༔    གང་ {{TibChung|[11a]}} འདུལ་སྒྱུ་འཕྲུལ་ཆུ་ཟླའི་གར༔    སྟོན་དང་བསྟན་པར་ཤར་བའི་ཚེ༔    རྟེན་འབྲེལ་སྲིད་པ་སྟོང་རྒྱས་བཏབ༔    ཐ་མ་དོན་གྱི་འོག་མིན་མཁར༔    ཡེ་ཤེས་སྒྱུ་མའི་རྣལ་འབྱོར་གྱིས༔    འཁོར་འདས་དག་མཉམ་རོལ་པའི་ཚེ༔    སེམས་སྣང་བདག་མེད་ཀློང་རྒྱས་བཏབ༔    ད་ལྟ་གསང་ཆེན་དཀྱིལ་འཁོར་འདིར༔    ཐབས་ཤེས་སྒྱུ་འཕྲུལ་ལྷར་སྣང་བཀོད༔    འདོད་ཡོན་རྣམ་དག་གཏོར་མ་ལ༔    རྟོག་ཚོགས་གནས་དག་སྲུང་མས་རོལ༔  {{TibChung|ཅེས་ཕྱི་རོལ་དུ་འབུལ་ལོ།  །བཞི་པ་བརྟན་མ་བསྐྱང་བ་ནི།  བཤལ་ཆུའི་གཏོར་མ་ཕུལ།}}  ཧཱུྃ༔    སྲིད་པའི་རྟེན་འབྲེལ་ལུགས་འབྱུང་ལ༔    སྟོང་པའི་རྒྱས་འདེབས་བརྟན་མ་སྐྱོང་༔    བདེ་སྟོང་ཡེ་ཤེས་གཏོར་མའི་རོ༔    རོལ་ལ་འཁོར་བའི་བག་ཆགས་གཏོར༔    སརྦ་དྷཱ་ཀི་ནཱི་མ་ཧཱ་པཱུ་ཛ་ཁཱ་ཧི༔  {{TibChung|ལྔ་པ་བྲོ་མནན་ནི།  གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་དམ་སྲི་རྣམས་བཀུག་ནས་མནན་པར་བསམ་ཞིང་རྡོ་རྗེའི་རྒྱས་བཏབ་ལ།}}  ཧཱུྃ༔    རང་བཞིན་རྣམ་དག་ཨེ་ཡི་མཁར༔    ལོག་རྟོག་མི་སྲུན་རུ་ཏྲ་བྲུབ༔    ཐབས་ཤེས་རྔམས་པའི་རྟ་བྲོ་བརྡུང་༔    ཡེ་ཤེས་རོལ་པའི་སྟོབས་ཀྱིས་མནན༔    སྟམྦྷ་ཡ་ནན་ཧཱུྃ་ཧཱུྃ་ཧཱུྃ༔  {{TibChung|དྲུག་པ་དངོས་གྲུབ་བླང་བ་ནི།}}  ཧཱུྃ༔    གདོད་མ་གཞི་ཡི་ཧེ་རུ་ཀའི༔    མི་གནས་ཡེ་ཤེས་གསང་བ་མཆོག༔    རྡོ་རྗེ་གསུམ་གྱི་དབང་དངོས་ {{TibChung|[11b]}} གྲུབ༔    སྒོ་གསུམ་བུམ་པའི་སྣོད་དུ་བསྐྱིལ༔    ཀཱ་ཡ་སིདྡྷི་ཨོཾ༔    ཝཱ་ཀ་སིདྡྷི་ཨཱཿ{{TibChung|ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ།  །དངོས་གྲུབ་བླང་ངོ་།  །དེ་ནས་གཏང་རག་གི་དོན་དུ།}}  ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ཅིང་།  ཧཱུྃ༔    མི་འགྱུར་རྡོ་རྗེས་སྒྲིབ་གཉིས་བཅོམ༔    དག་གྲོལ་རོལ་པའི་ཧེ་རུ་ཀ༔    རྟོག་གཉིས་རུ་ཏྲའི་སྙིང་ཁྲག་འབྱིན༔    མི་སྲུན་རྡོ་རྗེ་སྲིན་པོར་བསྟོད༔  {{TibChung|ཅེས་བསྟོད།  བདུན་པ་ནོངས་བཤགས་ནི།}}  ཧོཿ    རང་བྱུང་ཡེ་ཤེས་ཡེ་སངས་རྒྱས༔    བསྲུང་དུ་མེད་དེ་ཉམས་དང་བྲལ༔    བཤགས་བྱ་བཤགས་བྱའི་ཡུལ་ལས་འདས༔    མཚན་འཛིན་མཚན་མ་བྲལ་བར་བཤགས༔  {{TibChung|ཞེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ།  །བརྒྱད་པ་ཉེར་བསྡུ་ནི།  མདུན་དཀྱིལ་དང་འབྲེལ་བའི་ཚེ་དེའི་ཡེ་ཤེས་པ་རྟེན་ལ་བརྟན་པར་གསོལ།  ཏིང་འཛིན་གྱི་དཀྱིལ་འཁོར།}}  སྣང་སྟོང་རྡོ་རྗེ་ནམ་མཁའི་ངང་༔    སྤྲོས་མཐའ་བྲལ་བའི་དབྱིངས་སུ་ཨ༔    ཧཱུྃ་ཧཱུྃ་ཧཱུྃ༔  {{TibChung|ཞེས་བརྗོད་པས།}}    སྣང་སྲིད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ།  གཞལ་ཡས་ཁང་འཁོར་གྱི་ལྷ་རྣམས་ལ།  འཁོར་རྣམས་རིམ་གྱིས་གཙོ་བོ་ལ།  གཙོ་བོ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ།  ཡེ་ཤེས་སེམས་དཔའ་ཏིང་འཛིན་སེམས་དཔའ་ལ།  ཏིང་འཛིན་སེམས་དཔའ་ཧཱུྃ་ལ།  ཧཱུྃ་ {{TibChung|[12a]}} ཡང་ན་དཱའི་བར་དུ་རིམ་གྱིས་ཡལ་ནས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་{{TibChung|མཉམ་པར་བཞག་པས་རྟག་པའི་མཐའ་བསལ་ལོ།  །}}ཐབས་དང་ཤེས་རབ་གཉིས་སུ་མེད༔    །མ་བསྐྱེད་མ་བསྒོམ་ཡེ་ཡིན་ལྷ༔    ཕཊ་ཕཊ་ཕཊ༔  {{TibChung|ཅེས་པས།}}  སླར་ཡང་སྐད་ཅིག་གིས་རང་ཉིད་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་{{TibChung|ལངས་ཏེ་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་སྦྱར་བས་ཆད་པའི་མཐའ་བསལ་ལོ།  དགུ་པ་སྨོན་ལམ་ནི།}}  ཧོཿ  དུས་གསུམ་བསགས་པའི་རྣམ་དཀར་དགེ༔    འཁོར་གསུམ་དམིགས་མེད་དབྱིངས་སུ་བསྔོ༔    ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔    རྣམ་གྲོལ་སྐུ་གསུམ་ས་ཐོབ་ཤོག༔  {{TibChung|བཅུ་པ་ཤིས་བརྗོད་ནི།}}  ཧཱུྃ༔    འཁོར་འདས་དག་མཉམ་ལྟ་བའི་ཀློང་༔    མ་བཅོས་རང་གྲོལ་སྒོམ་པའི་ཀློང་༔    བྱ་རྩོལ་བྲལ་བ་སྤྱོད་པའི་ཀློང་༔    ལྷུན་གྲུབ་འབྲས་བུའི་བཀྲ་ཤིས་ཤོག{{TibChung|ཅེས་སོགས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་རྒྱ་ཆེར་སྒྲོགས་ཤིང་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་བྱའོ།  །དྲན་པ་ཙམ་གྱིས་བར་ཆད་གེགས་ཞི་ཞིང་།  །བརྟེན་པས་མཆོག་དངོས་བདེ་བླག་སྩོལ་མཛད་པ།  །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་བསྒྲུབ་པའི་ཐབས།  །མཚོ་སྐྱེས་བླ་མའི་ཐུགས་བཅུད་འདི་ཁོ་ན།  །ཟབ་གཏེར་རྡོ་རྗེའི་གཞུང་བཟང་ཉིན་བྱེད་དབང་།  ཁྲིགས་བསྡེབས་ཀུན་གསལ་ལམ་དུ་དྲངས་པ་ལས།  །ཐོབ་པའི་བསོད་ནམས་སྣང་ {{TibChung|[12b]}} པ་འོད་པོ་ཆེས།  །མ་དག་སྲིད་པའི་མུན་པ་ཡོངས་བཅོམ་ཤོག  །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོའི་ལས་བྱང་བདུད་བཞིའི་གཡུལ་ལས་རྒྱལ་བའི་དགའ་སྟོན་ཞེས་བྱ་བ་འདི་ནི།  དོན་དུ་གཉེར་བ་ཅན་དུ་མའི་གསུང་གིས་ནན་ཏན་ཆེན་པོས་བསྐུལ་བའི་ངོར།  དགེ་བསྙེན་རྣལ་འབྱོར་སྤྱོད་པའི་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་རྩ་བའི་དགོངས་པ་མན་ངག་གིས་གསལ་བར་བྱས་ཏེ་རང་ལོ་ཉེར་གཉིས་པ་ཁྲོ་བོའི་ལོ་རྒྱལ་གྱི་ཉ་བའི་ཤེས་རབ་ཀྱི་ཕྱོགས་ལ་བདེ་ཆེན་ཆོས་འཁོར་གླིང་གི་བསྟི་གནས་སུ་སྦྱར་བ་སྟེ།  འདིས་ཀྱང་སྣང་སྲིད་ཐམས་ཅད་རྡོ་རྗེ་ཕུར་བུ་འགྲུབ་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།།  །།}}  }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 16:00, 4 September 2025

Wylie title dpal rdo rje phur bu yang gsang bde gshegs snying po'i las byang bdud bzhi'i g.yul las rgyal ba'i dga' ston DJYD-KABUM-09-TA-021.pdf
Location bdud 'joms rin po che bka' 'bum
Volume 9, Text 21, Pages 597-620 (Folios 1a1 to 12b3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dpal rdo rje phur bu yang gsang bde gshegs snying po'i las byang bdud bzhi'i g.yul las rgyal ba'i dga' ston. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 9: 597-620. Kalimpong: Dupjung Lama, 1979-1985.
Side notes Recto: las byang   Verso: bdud 'joms phur pa
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche, Bdud 'joms gling pa)
Genre Activity Manual - las byang
Cycle དཔལ་རྡོ་རྗེ་ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོ་ (dpal rdo rje phur bu yang gsang bde gshegs snying po)
Deity rdo rje phur pa
Colophon

།དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོའི་ལས་བྱང་བདུད་བཞིའི་གཡུལ་ལས་རྒྱལ་བའི་དགའ་སྟོན་ཞེས་བྱ་བ་འདི་ནི། དོན་དུ་གཉེར་བ་ཅན་དུ་མའི་གསུང་གིས་ནན་ཏན་ཆེན་པོས་བསྐུལ་བའི་ངོར། དགེ་བསྙེན་རྣལ་འབྱོར་སྤྱོད་པའི་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་རྩ་བའི་དགོངས་པ་མན་ངག་གིས་གསལ་བར་བྱས་ཏེ་རང་ལོ་ཉེར་གཉིས་པ་ཁྲོ་བོའི་ལོ་རྒྱལ་གྱི་ཉ་བའི་ཤེས་རབ་ཀྱི་ཕྱོགས་ལ་བདེ་ཆེན་ཆོས་འཁོར་གླིང་གི་བསྟི་གནས་སུ་སྦྱར་བ་སྟེ། འདིས་ཀྱང་སྣང་སྲིད་ཐམས་ཅད་རྡོ་རྗེ་ཕུར་བུ་འགྲུབ་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།།

de ltar dpal rdo rje phur bu yang gsang bde gshegs snying po'i las byang bdud bzhi'i g.yul las rgyal ba'i dga' ston zhes bya ba 'di ni/___don du gnyer ba can du ma'i gsung gis nan tan chen pos bskul ba'i ngor/___dge bsnyen rnal 'byor spyod pa'i 'jigs bral ye shes rdo rjes gter gzhung rtsa ba'i dgongs pa man ngag gis gsal bar byas te rang lo nyer gnyis pa khro bo'i lo rgyal gyi nya ba'i shes rab kyi phyogs la bde chen chos 'khor gling gi bsti gnas su sbyar ba ste/___'dis kyang snang srid thams cad rdo rje phur bu 'grub pa'i rgyur gyur cig_sarba mang+ga laM//

[edit]
༄༅། །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོའི་ལས་བྱང་བདུད་བཞིའི་གཡུལ་ལས་རྒྱལ་བའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །


༄༅། །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོའི་ལས་བྱང་བདུད་བཞིའི་གཡུལ་ལས་རྒྱལ་བའི་དགའ་སྟོན་ཞེས་བྱ་བ། བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མི་ཤིགས་རྡོ་རྗེ་ཁྲོས་པའི་མཚོན་ཆེན་གྱིས། །གཉིས་རྟོག་རཱུ་ཏྲའི་སྡེ་དཔུང་མཐར་མཛད་མགོན། །བླ་མ་དཔལ་ཆེན་བཛྲ་ཀཱི་ལ་ཡ། །རང་རིག་བྱང་ཆུབ་སེམས་སུ་ངེས་པས་འདུད། །རིག་མཆོག་འབུམ་སྡེའི་བཅུད་ཐིག་སྙིང་པོའི་ཕུལ། །གྲུབ་གཉིས་འདོད་རྒུར་འཇོ་བའི་ཟབ་ཁྱད་ཅན། །ཡང་གསང་བདེ་གཤེགས་སྙིང་པོའི་ [2a] ཆོ་གའི་ཁྲིགས། །བདུད་བཞིའི་གཡུལ་ལས་རྒྱལ་བའི་དགའ་སྟོན་སྤྲོ། །དེ་ཡང་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་རྣལ་འབྱོར་པ་དག་གིས་དད་བརྩོན་ལྷག་པའི་བསམ་པ་བརྟན་པོས་དཔལ་ཆེན་པོའི་རྣལ་འབྱོར་ལ་འཇུག་པར་བྱ་སྟེ། དེའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལའང་གཉིས། བྱ་བའི་སྦྱོར་བ་དང་། ཆོ་གའི་སྦྱོར་བའོ། དང་པོ་ནི། ཡིད་དང་མཐུན་པའི་གནས་སུ་སྐུ་གསུང་ཐུགས་ཀྱི་རྟེན་དང་སྤྱན་གཟིགས་སྣ་ཚོགས་མཛེས་པར་བཀྲམ། མཆོད་རྫས་སྨན་རཀ་གཏོར་མ་སོགས་ཕྱི་ནང་གསང་བའི་དམ་ཚིག་གི་ཡོ་བྱད་ཕུན་སུམ་ཚོགས་པར་བཤམ་མོ། །གཉིས་པ་ཆོ་གའི་སྦྱོར་བ་ལ་བདུན་ལས། དང་པོ་བརྒྱུད་པའི་གསོལ་འདེབས་ནི། [2b] ན་མོ། ཀུན་བཟང་རྡོ་རྗེ་འཆང་དང་རྡོ་རྗེ་སེམས། །དགའ་རབ་ཤྲཱི་སེང་པྲ་བྷ་ཧསྟི་ལ། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས། །ཡེ་ཤེས་ཕུར་པ་འགྲུབ་པར་བྱིན་གྱིས་རློབས། །པདྨ་འབྱུང་གནས་མཁར་ཆེན་མཚོ་རྒྱལ་དང་། །ཁྲི་སྲོང་ལྡེའུ་བཙན་འབྲོག་བན་ལོ་ཙཱ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས། །ཡེ་ཤེས་ཕུར་པ་འགྲུབ་པར་བྱིན་གྱིས་རློབས། །ཟབ་གཏེར་སྒོ་འབྱེད་རིག་འཛིན་བདུད་འཇོམས་གླིང་། །བཀའ་བབས་ཆོས་བདག་རྩ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུན་སྨིན་གྲོལ་ནས། །ཡེ་ཤེས་ཕུར་པ་འགྲུབ་པར་བྱིན་གྱིས་རློབས། །དཔལ་ཆེན་ཡབ་ཡུམ་ཁྲོ་བཅུ་ཁྲ་ཐབས་དང་། །དམ་ཅན་ཆོས་སྐྱོང་དཀྱིལ་འཁོར་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་གྲོལ་ནས། །ཡེ་ཤེས་ཕུར་པ་འགྲུབ་པར་བྱིན་གྱི་རློབས། །ཡེ་ཤེས་གཅིག་ཆར་འགྲུབ་པར་བྱིན་གྱིས་རློབས། །ས་ལམ་གཅིག་རྫོགས་གཞོན་ནུ་བུམ་པའི་སྐུ། །འཇའ་ལུས་འཕོ་བ་ཆེན་པོར་སངས་རྒྱས་ཤོག༔ གཉིས་པ་སྐྱབས་སེམས་ཚོགས་བསགས་ནི། ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་རྣམ་པར་རོལ་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སད་པར་མོས་ལ། ཧོཿ [3a] བདེ་གཤེགས་སྙིང་པོ་ཆོས་ཀྱི་སྐུ༔ ལྷུན་གྲུབ་ལོངས་སྤྱོད་ཡོན་ཏན་རྫོགས༔ མ་བཅོས་རང་གྲོལ་སྤྲུལ་པའི་སྐུ༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ། ཧོཿ འཁོར་འདས་དག་མཉམ་ཆེན་པོའི་དབྱིངས༔ གཉིས་མེད་རོལ་པ་བྱང་ཆུབ་སེམས༔ རང་བྱུང་ཡེ་ཤེས་ཆེན་པོས་བརྡལ༔ བསྐྱེད་དུ་མེད་དེ་ཡེ་ཡིན་ངང་༔ ཞེས་ལན་གསུམ་གྱིས་སེམས་བསྐྱེད། ཧོཿ རང་རིག་དཔལ་ཆེན་ལྷ་ཚོགས་ལ། །གཉུག་མའི་རང་ཞལ་མཇལ་བས་འདུད། །སྣང་སྲིད་གཞིར་བཞེངས་ཕྱག་རྒྱས་མཆོད། །ཉམས་ཆག་དམིགས་མཐའ་བྲལ་བར་བཤགས། །ཡོན་ཏན་ལྷུན་རྫོགས་རྗེས་ཡི་རང་། །ཕྲིན་ལས་རོལ་པའི་ཆོས་འཁོར་བསྐོར། །བདག་རྟོག་འདུལ་ཕྱིར་མི་འདར་བཞུགས། །དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་ཚོགས་བསགས་ཏེ། ཛཿཧཱུྃ་བཾ་ཧོཿ ས། ཚོགས་ཞིང་རྣམས་རང་ལ་ཐིམ་པར་མོས། གསུམ་པ་བགེགས་བསྐྲད་པ་ནི། རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམ་ལ། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསངས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ [3b] ཕུན་སུམ་ཚོགས་པར་བལྟས་ལ། ཨོཾ་ཨཱཿཧཱུྃ་ཧོཿ ས་བྱིན་གྱིས་བརླབ། མགྲོན་རྣམས། སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛཿས་བཀུག་པ་ལ། སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་སྔགས་དང་ཕྱག་རྒྱ་ལན་གསུམ་གྱིས་གཏོར་མ་བསྔོས་ཏེ། བཀའ་བསྒོ་བ་ནི། ཧཱུྃ༔ ང་ནི་མ་བཅོས་ངང་གིས་ཁྲོས༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ཤུགས༔ རྟོག་གཉིས་རུ་ཏྲའི་གཤེད་དུ་ཆེ༔ བདག་མེད་ཆེན་པོར་དེངས་ཤིག་ཕཊ༔ ཅེས་དང་ཧཱུྃ་བཞིའི་དྲག་སྔགས་བརྗོད་པས་བགེགས་བསྐྲད། བཞི་པ་མཚམས་གཅོད་པ་ནི། ཧཱུྃ༔ ཕྱོགས་དང་དབུས་མཐའ་བྲལ་བ་ཡི༔ ཀུན་ནས་ཟླུམ་པ་ཐིག་ལེའི་མཁའ༔ གཞོམ་བྲལ་མི་ཤིགས་རྡོ་རྗེ་སྟེ༔ སྲུང་དང་བསྲུང་བྱ་ཡེ་སངས་རྒྱས༔ དྷརྨ་དྷཱ་ཏུ་རཀྵ་རཀྵ༔ ལྔ་པ་བརྡ་སྒོ་དབྱེ་ཞིང་ཕྱག་འཚལ་བ་ནི། ཧཱུྃ༔ སྣོད་བཅུད་དག་པ་ཁྲོ་བོའི་ཞིང་། །སྐུ་དང་ཡེ་ཤེས་དབྱེར་མེད་ཀྱང་། །མ་རིག་སྒྲིབ་པས་ཆོད་པ་རྣམས། །རང་གསལ་ལྷུན་གྲུབ་ངང་དུ་དབྱེ། །བཛྲ་པྲ་བེ་ཤ་ཡ་ཕཊ༔ ཧཱུྃ༔ སྟོང་གསལ་མ་བཅོས་གཉུག་མའི་དབྱིངས༔ རང་རིག་དོན་གྱི་དཔལ་ཆེན་པོ། །མཉམ་ཉིད་བལྟ་བས་མཇལ་བའི་ཕྱག །དམིགས་བསམ་བརྗོད་བྲལ་ཀློང་དུ་འཚལ། །ན་མོ་ན་མ་མི། དྲུག་པ་དམ་བཅའ་བཟུང་བ་ནི། ཧཱུྃ། དོན་དམ་འགྱུར་མེད་རིག་པའི་གཤིས། །ཐབས་ [4a] ཀྱི་སྤྱོད་པས་སྐུར་སྣང་བ། །དཔལ་ཆེན་ཁྲག་འཐུང་གསང་བ་གསུམ། །སྲོག་ཕྱིར་མི་གཏོང་བཟུང་བར་བགྱི། །ས་མ་ཡ་ཙིཏྟ་བཛྲ་ཧཱུྃ༔ བདུན་པ་བྱིན་དབབ་པ་ནི། སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་ལ། ཧཱུྃ༔ ཁྱབ་བདག་རྡོ་རྗེ་མི་གཡོ༔ རང་གསལ་གཞོན་ནུ་བསྒྲེས་རྒུད་བྲལ༔ ཡེ་གྲོལ་ཐོགས་མེད་ཕུར་པ་ཡིས༔ མཉམ་ཉིད་རོལ་པར་བྱིན་ཆེན་ཕོབ༔ བཛྲ་ཨཱ་བེ་ཤ་ཡ་ཨ༔ བརྒྱད་པ་མཆོད་རྫས་བརླབ་པ་ནི༔ ཧཱུྃ༔ དབང་པོ་ཡུལ་གྱི་གསལ་སྒོ་རུ༔ འདོད་ཡོན་སྣང་བ་རྒྱན་དུ་ཤར༔ ཚོགས་བརྒྱད་དག་པའི་རླབས་ཀྱིས་བརླབས༔ མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་ཛྙཱ་ན་སརྦ་པཱུ་ཛ་ཧཱུྃ༔ ཧ་ཧོ་ཧྲཱིཿཞེས་སྤེལ་ལོ། གཉིས་པ་དངོས་གཞི་ལ་བདུན་ལས། དང་པོ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། ཨ༔ ཐིག་ལེ་ཆེན་པོ་ཆོས་ཀྱི་དབྱིངས༔ ཁྱབ་བྱེད་ཡེ་ཤེས་རང་ཞལ་གཟིགས༔ མ་འགགས་རྒྱུ་ཡི་ས་བོན་ཉིད༔ སྟོང་ཆེན་ཡུམ་གྱི་མཁའ་ལས་བཙས༔ ཐབས་ཤེས་སྙིང་པོ་ས་བོན་ཧཱུྃ༔ ཆོས་དབྱིངས་མཁའ་ཀློང་ཡངས་པར་ཤར༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལས༔ འབྱུང་བའི་ལྷ་མོ་བཞི་རིམ་མཁར༔ སྟོང་གཟུགས་འདོད་པའི་དབང་ཕྱུག་མོ༔ རུས་པའི་རི་རབ་ [4b] ལ་བརྫུས་སྟེང༔ ཡུལ་བརྒྱད་དག་པའི་དུར་ཁྲོད་དུ༔ ཚོགས་བརྒྱད་དག་པའི་དཔའ་བོ་བརྒྱད༔ སྟོང་ཆེན་དཔའ་མོའི་བྷ་གར་རོལ༔ ཕྲ་ཡུལ་བྲག་ཤིང་མེ་མཚོ་རླུང་༔ ཕྲ་རྟོག་གཅན་གཟན་འདྲེ་རུ་བརྫུས༔ དེ་དབུས་ལྷུན་གྲུབ་གཞལ་ཡས་ཁང་༔ མ་དག་རྟོག་གཉིས་སྒོ་འགགས་ཕྱིར༔ ཕྱི་ནང་ཐབས་ཤེས་རིམ་པར་ཤར༔ ཡེ་ཤེས་བཞི་ཡི་ངོ་བོ་ལ༔ རྒྱུ་དང་ཁ་དོག་བཞིས་ཕྱོགས་མཛེས༔ ཚད་མེད་བཞི་ཡི་འཆར་སྒོ་རུ༔ ཕྲིན་ལས་བཞི་ཡི་དབྱིབས་དང་ལྡན༔ ཐབས་ཤེས་ཉི་ཟླའི་གསེང་དཀར་ཧར༔ རྒྱུ་བརྒྱད་སེམས་ཀྱི་ཀ་གདན་བཏིང་༔ ཐེག་པ་བརྒྱད་ཀྱི་ཀ་བ་ལ༔ འབྲས་བུ་བརྒྱད་ཀྱི་གདུང་མ་བཀལ༔ ཆོས་ཕུང་བརྒྱད་ཁྲིའི་དྲལ་ཁེབས་བྱས༔ ཆོས་དབྱིངས་ཡེ་ཤེས་ཡ་ཕུབ་སྟེང་༔ བདེ་སྟོང་མི་འགྱུར་བུམ་པ་བྲེ༔ ས་ལམ་གཅིག་རྫོགས་ཆོས་འཁོར་གདུགས༔ ཨ་ཏི་སྡེ་གསུམ་མཚོན་པའི་ཏོག༔ ཆོས་ཉིད་སྒྱུ་མར་རོལ་པའི་འཕྲུལ༔ སྒོ་གྲུ་རྟ་བབ་དྲྭ་ཕྱེད་འཕན༔ རྟོག་ཚོགས་གནས་དག་མཆོད་རྟེན་དང་༔ རི་དྭགས་ཆོས་ཉན་རྒྱལ་མཚན་གདུགས༔ རྒྱན་དང་ཁོར་ཡུག་མཚན་ཉིད་རྫོགས༔ རྒྱུད་དྲུག་འཁོར་བ་གཞིག་པའི་ཕྱིར༔ བསྐལ་པའི་མེ་རླུང་རབ་ [5a] ཏུ་འབར༔ འཁྲུལ་པའི་འཁོར་ལོ་གཞོམ་པའི་ཕྱིར༔ ཕོ་ཉ་མཚོན་ཐུན་བུ་ཡུག་འཚུབས༔ ཡེ་ནས་རང་བྱུང་ཆེན་པོར་བསྒོམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ འཁོར་འདས་མཁར་སྡུད་མཉམ་སྦྱོར་རོལ༔ གནམ་ལྕགས་འཁོར་ལོའི་རྩིབས་བརྒྱད་སྟེང་༔ བྱོལ་སོང་གཙོ་བརྒྱད་ཀྱིས་བཏེགས་པའི༔ རིན་ཆེན་ཁྲི་སྟེང་པད་ཟླ་དང་༔ ཉི་སྟེང་བདུད་ཆེན་བསྣོལ་བའི་ཁྲིར༔ རྒྱུ་ཡི་ས་བོན་བབས་པ་ལས༔ རང་བྱུང་དོན་བྱེད་ཧེ་རུ་ཀ༔ འཕྲོ་འདུའི་འོད་ཀྱི་རླབས་ཆེན་གཡོས༔ འཁོར་བ་དོང་སྤྲུགས་རྒྱལ་ཀུན་མཆོད༔ ཚུར་འདུས་སྣང་སྟོང་གཉིས་མེད་ངང་༔ མཉམ་སྦྱོར་འབྲས་བུའི་ཧེ་རུ་ཀ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་ཁྲོ་གཏུམ་རྔམས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་དགུ་སྡང་མིག་གཡོ་ཞིང་འཁྲུགས༔ སྨ་ར་སྨིན་མར་མེ་སྟག་འཕྲོ༔ ཁམ་ནག་དབུ་སྐྲ་གྱེན་དུ་བརྫེས༔ ཐོད་སྐམ་དབུ་རྒྱན་ཅོད་པན་མཛེས༔ ཕྱག་དྲུག་གཡས་གཉིས་གསེར་རྡོ་རྗེ༔ རྩེ་དགུ་དང་ནི་རྩེ་ལྔ་འཕྱར༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་བསྣམས༔ ཐ་གཉིས་རི་རབ་ཕུར་བུ་འདྲིལ༔ རྡོ་ [5b] རྗེ་རིན་ཆེན་གཤོགས་པ་གདེངས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་བགྲད༔ དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་འཁྲིལ༔ མཐིང་སྐྱ་ཁ་ཊྭཱཾ་ཐོད་ཁྲག་སྟོབ༔ ཞབས་གཡོན་ཡབ་ཀྱི་སྐེད་ལ་འཁྱུད༔ གཡས་པས་འཁོར་བའི་སྒོ་འཕར་གནོན༔ གཡང་གཞི་གཟིག་ཤམ་རུས་རྒྱན་གསོལ༔ ཞལ་སྦྱོར་དྲག་པོའི་གད་རྒྱང་སྒྲོགས༔ གཡོན་དུ་སྒྲོལ་ཡུམ་ཨེ་ཀ་ཛ༔ མཐིང་ནག་སྤྱན་དང་མཆེ་བ་གཅིག༔ རལ་གཅིག་གྱེན་བརྫེས་ཁྲག་ཆར་འཕྲོ༔ ཕྱག་གཡས་དགྲ་སྙིང་གཡོན་ལྕགས་སྤྱང་༔ ཞབས་གཉིས་བསྟན་དགྲ་ཕོ་མོ་གནོན༔ གཙོ་བོའི་སྤྱི་བོར་བྱ་ཁྱུང་གི༔ རྭ་བར་ཀུན་བཟང་ཡབ་ཡུམ་ཤར༔ གཡས་སུ་སྐུ་སྲས་འཁོར་ལོ་ཅན༔ མཐིང་དཀར་དམར་བའི་ཞལ་གུམ་པ༔ ཤར་དུ་ཐུགས་སྲས་རྡོ་རྗེ་ཅན༔ དཀར་སྔོ་དམར་བའི་ཞལ་གསུམ་པ༔ ལྷོ་རུ་ཡོན་ཏན་རིན་ཆེན་ཅན༔ སེར་དཀར་དམར་བའི་ཞལ་གསུམ་པ༔ ནུབ་ཏུ་གསུངསྲས་པདྨ་ཅན༔ དམར་དཀར་སྔོ་བའི་ཞལ་གསུམ་པ༔ བྱང་དུ་ཕྲིན་ལས་རྒྱ་གྲམ་ཅན༔ ལྗང་དཀར་དམར་བའི་ཞལ་གསུམ་པ༔ ཀུན་ཀྱང་གཡས་གཉིས་རྡོ་རྗེ་དང་༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་བསྣམས༔ ཐ་མས་ [6a] རིན་ཆེན་ཕུར་པ་འདྲིལ༔ སྐུ་སྨད་ཕྱོགས་མདོག་ཕུར་དབལ་ཅན༔ རྡོ་རྗེའི་གཤོག་གདེངས་མེ་དཔུང་འབར༔ རང་འདྲའི་སྤྲུལ་པ་སྐར་ལྟར་འཁྲིགས༔ བདག་ལྟའི་རུ་ཏྲ་དབྱིངས་སུ་འབིགས༔ སྟེང་ཕྱོགས་ཁྲོ་བོ་ཧཱུྃ་ཀཱ་ར༔ སྔོ་དཀར་དམར་བའི་ཞལ་གསུམ་པ༔ ཕྱག་དྲུག་བར་པས་མདའ་གཞུ་འགེངས༔ རྡོ་རྗེ་སྒྲ་འབྱིན་ཡུམ་དང་འཁྲིལ༔ སྤྲུལ་པ་ཕག་དང་སྨིག་བུའི་གདོང་༔ ཤར་དུ་རྣམ་རྒྱལ་མདའ་སྙེམས་དཀར༔ གཡས་སྔོ་གཡོན་དམར་བར་ཕྱག་གཉིས༔ ཏྲི་ཤུལ་གཡས་ལ་འཁོར་ལོ་གཡོན༔ སྤྲུལ་པ་སྟག་དང་བྱ་རྒོད་གདོང་༔ ཤར་ལྷོ་དབྱུག་སྔོན་སྡེར་མོ་སྔོ༔ གཡས་དཀར་གཡོན་དམར་བར་ཕྱག་གཉིས༔ དབྱུག་ཏོ་མེ་དཔུང་མཁའ་ལ་གདེངས༔ སྤྲུལ་པ་གཡག་དང་བྱ་རོག་གདོང་༔ ཕྱོགས་གཤིན་རྗེ་དུར་ཁྲོད་བདག༔ དབུས་སེར་གཡས་སྔོ་གཡོན་ནག་པོ༔ བར་ཕྱག་བེ་ཅོན་དབྱུག་ཏོ་ཐོགས༔ སྤྲུལ་པ་ཤ་བ་འུག་པའི་མགོ༔ ལྷོ་ནུབ་མི་གཡོ་གཏུན་ཁུང་དམར༔ གཡས་སྔོ་གཡོན་མཐིང་བར་ཕྱག་གཉིས༔ སྤུ་གྲི་དང་ནི་ཞགས་པ་བསྣམས༔ སྤྲུལ་པ་གཟིག་དང་ཁྭ་ཏའི་གདོང་༔ ནུབ་ཏུ་རྟ་མགྲིན་རྡོ་རྗེ་གཏུམ༔ དམར་གསལ་གཡས་ [6b] དཀར་གཡོན་སྔོ་ཞལ༔ བར་ཕྱག་རལ་གྲི་སྦྲུལ་ཞགས་བསྣམས༔ སྤྲུལ་པ་བྱི་ལ་པུ་ཤུད་གདོང་༔ ནུབ་བྱང་འདོད་རྒྱལ་སྙེམས་མ་དམར༔ གཡས་སེར་གཡོན་ལྗང་བར་ཕྱག་ན༔ བ་དན་དང་ནི་རྔ་ཡབ་བསྣམས༔ སྤྲུལ་པ་སྤྱང་ཀུ་ཁྲ་ཡི་གདོང་༔ བྱང་དུ་བདུད་རྩི་རླུང་འབྱིན་ལྗང་༔ གཡས་ཞལ་དུད་ཀ་གཡོན་སེར་ནག༔ བར་ཕྱག་རྒྱ་གྲམ་དྲིལ་བུ་བསྣམས༔ སྤྲུལ་པ་སེང་གེ་ཕ་ཝཾ་གདོང་༔ བྱང་ཤར་ཁམས་གསུམ་གསོད་བྱེད་སྐྱ༔ གཡས་ལྗང་གཡོན་སེར་བར་ཕྱག་གཉིས༔ རྡོ་རྗེ་དང་ནི་ཁ་ཊྭཱཾ་འཛིན༔ སྤྲུལ་པ་དྲེད་དང་སྲེ་མོང་གདོང་༔ འོག་ཕྱོགས་སྟོབས་ཆེན་བསྐུལ་བྱེད་མ༔ དུད་ཁ་གཡས་ལྗང་གཡོན་སེར་ཞལ༔ བར་ཕྱག་ཐོ་བ་གཏུན་ཤིང་གདེངས༔ སྤྲུལ་པ་དོམ་དང་བྱི་བའི་གདོང་༔ ཀུན་ཀྱང་རྡོ་རྗེས་དུང་དམར་དཀྲུག༔ མཐའ་གཉིས་གདབ་པའི་ཕུར་བུ་འདྲིལ༔ རྡོ་རྗེའི་གཤོག་བརྐྱང་མེད་དཔུང་འབར༔ དུར་ཁྲོད་ཆས་རྫོགས་ཁྲོ་གཏུམ་རྔམས༔ ཞབས་བཞིས་ཕྱོགས་སྐྱོང་ཕོ་མོ་གནོན༔ ཡུམ་རྣམས་དྲིལ་བུ་བྷན་དམར་བསྣམས༔ གཡང་གཞི་གཟིག་ཤམ་ཐོད་སྦྲུལ་བརྒྱན༔ སྤྲུལ་པ་ཟ་གསོད་ཕོ་མོ་རྣམས༔ ཁ་དོག་ཡབ་ཡུམ་ཆ་འཛིན་ཅིང་༔ གཤོག་པས་བར་སྣང་རླབས་ཀྱིས་ [7a] གཅོད༔ འགུགས་དང་གསོད་པའི་མཚོན་ཆ་བསྣམས༔ རང་འདྲའི་སྤྲུལ་པ་ཁྲ་ཐབས་འགྱེད༔ ཤར་སྒོར་སྒོ་མ་པུ་ཤུད་གདོང་༔ དཀར་མོ་ལྕགས་ཀྱུ་ཕུར་བུ་འདྲིལ༔ ལྷོ་སྒོར་སྒོ་མ་ཀང་ཀའི་གདོང་༔ སེར་མོ་ཞགས་པ་ཕུར་བུ་འདྲིལ༔ ནུབ་སྒོར་སྒོ་མ་སྲིན་བྱའི་གདོང་༔ དམར་མོ་ལྕགས་སྒྲོགས་ཕུར་བུ་འདྲིལ༔ བྱང་སྒོར་སྒོ་མ་ཁྲ་ཡི་གདོང་༔ ལྗང་ནག་དྲིལ་བུ་ཕུར་བུ་འདྲིལ༔ དཀྱིལ་འཁོར་ཕྱི་ཁྱམས་ཁོར་ཡུག་ཏུ༔ ཤྭ་ན་མ་བཞི་རེ་ཏཱི་བཞི༔ བསེ་མོ་མཆེད་བཞི་སྐྱེས་བུ་བཞི༔ འབར་མ་མིང་སྲིང་གིང་ལངྐ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་༔ ཕུར་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ༔ ངོ་བོ་གཙོ་ལ་རང་རྩལ་འཁོར༔ ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ༔ དུས་གསུམ་འདུ་འབྲལ་མེད་པའི་ངང་༔ འཁོར་བ་ཡོངས་སྒྲོལ་དཔལ་དུ་ཤར༔ ཞེས་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ལ༔ དབང་བསྐུར་ཞིང་རྒྱས་གདབ་པ་ནི། ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ། །བྱམས་དང་སྙིང་རྗེས་གང་འདུལ་བ། སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས༔ དབང་དང་བྱིན་རླབས་བདག་སྩོལ་ཅིག༔ ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་ [7b] སྭཱ་ཨཱཿ་ཧཱ། ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ། གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་པ་ནི། རང་གི་སྙིང་གའི་འོད་ཀྱིས་བསྐུལ་བས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་བསམ་ལ། ཧཱུྃ། ཆོས་དབྱིངས་སྐྱེ་མེད་གཞལ་ཡས་ནས༔ རིག་སྟོང་རྡོ་རྗེ་གཞོན་ནུ་ཆེ། ཐུགས་རྗེ་རང་རྩལ་འཁོར་དང་བཅས༔ དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཞེས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟར་བྱོན་པར་བསམ། གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། ཕུང་ཁམས་གཤེགས་པ་གཤེགས་མའི་གདན༔ དབང་ཡུལ་སེམས་དཔའ་སེམས་མའི་གདན༔ ཡན་ལག་སྒོ་སྐྱོང་ཕོ་མོའི་གདན༔ གདོད་ནས་ཡོངས་གྲུབ་ཆེན་པོར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་གི་དཀྱིལ་འཁོར་དང་དབྱེར་མེད་དུ་བཞུགས་པར་མོས། བཞི་པ་ཕྱག་འཚལ་བ་ནི། ན་མོ༔ རང་བྱུང་ཡེ་ཤེས་བྱང་ཆུབ་སེམས༔ མཐའ་དང་ཕྱོགས་ལས་རྣམ་པར་རྒྱལ༔ མི་ཤིག་རྡོ་རྗེ་སྲིན་པོའི་གར༔ རང་ངོར་རིག་པས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ ཧོཿ ལྔ་པ་མཆོད་པ་ནི། ཧཱུྃ༔ བདག་རྟོག་རཱུ་ཏྲ་བསྒྲལ་བ་ལས༔ དབང་ཡུལ་ཕུང་ཁམས་སྐྱེ་མཆེད་དང་༔ སྣ་ཚོགས་སྣང་བའི་ [8a] ལོངས་སྤྱོད་དཔལ༔ རྡོ་རྗེ་ཕུར་པའི་ལྷ་ལ་འབུལ༔ བདག་མེད་ཆེན་པོར་བཞེས་ནས་ཀྱང་༔ འཁོར་འདས་དག་མཉམ་ངང་དུ་རོལ༔ ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ ཤཔྟ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་དྷརྨ་དྷཱ་ཏུ་སརྦ་པཱུ་ཛ་ ཧོཿ དྲུག་པ་བསྟོད་པ་ནི། ཧཱུྃ༔ གདོད་ནས་མ་བཅོས་སྤྲོས་མཐའ་བྲལ༔ བརྡལ་ཁྱབ་རྡོ་རྗེ་སྲིན་པོར་བསྟོད། མཁྱེན་གཟིགས་ཡེ་ཤེས་ཡོན་ཏན་རྫོགས༔ ལྷུན་གྲུབ་གཞོན་ནུ་བུམ་སྐུར་བསྟོད། ཁམས་གསུམ་སྐུ་གསུམ་ཀློང་དུ་རོལ༔ ཐོགས་མེད་རྡོ་རྗེ་ཕུར་པར་བསྟོད༔ སྒེག་ཅིང་དཔའ་བ་འཇིགས་སུ་རུང་༔ རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ དགོད་དང་གཤེ་དང་དྲག་ཤུལ་ལྡན༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ སྙིང་རྗེ་རྔམས་དང་ཞི་ཚུལ་ལྤན༔ རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ དཔལ་ཆེན་ཁྲོ་རྒྱལ་གསང་གསུམ་དང་༔ གཉིས་མེད་གཉིས་སུ་སྣང་བའི་ཚུལ༔ སྤྲུལ་འཁོར་མི་ཟད་རྒྱན་གྱི་ལྷར༔ ཟུང་འཇུག་ཆེན་པོར་ཕྱག་འཚལ་བསྟོད༔ བདུན་པ་ཛཔྲ་བཟླ་བ་ནི། ཧཱུྃ། འོད་གསལ་ཡེ་ཤེས་ལྷུན་རྫོགས་ལས། རིག་རྩལ་མ་འགགས་ཀཱི་ལ་ཡའི། །གྲགས་སྟོང་ཛཔྲ་སྒྲ་དེང་བསྐུལ་ན། །སྲིད་པ་ཕུར་ [8b] བུ་མྱུར་འགྲུབ་མཛོད། །ས་མ་ཡ་ཝཱ་ཀ་བཛྲ་ཨཏྨ་ཀོ྅་ཧཾ། ཞེས་བསྐུལ་ཏེ། ཧཱུྃ། གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་༔ ཡེ་ཤེས་སེམས་དཔའ་ཞི་འཛུམ་མཛེས༔ རྒྱན་མེད་གཅེར་བུ་འོད་ཕུང་འབར༔ ཐུགས་ཀར་ཉི་སྟེང་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་དགུའི་ལྟེ་བ་རུ༔ ཉི་ཟླའི་གྭའུ་ཁ་སྦྱོར་ནང་༔ ཧཱུྃ༔ མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོའི་སྔགས་རྣམས་གཅིག་དྲིལ་བའི༔ ངོ་བོ་ཉིད་དུ་སྔགས་སྒྲ་སྒྲོགས༔ ཞེས་ཏིང་ངེ་འཛིན་རྩེ་གཅིག་ཏུ་གསལ་བཏབ་ལ། རྩ་བའི་སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱཿགཞི་སྙིང་གཅིག་ཏུ་དྲིལ་བ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལི་ཡ་ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ། ཨ་ཛི་ཏི་ཨ་པ་རཱ་ཛི་ཏེ༔ མཱ་ར་སེ་ན་པྲ་མརྔྷ་ན་ཡེ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ལས་སྦྱོར་སྤུ་གྲིའི་འཕྲུལ་འཁོར་ནི། མ་རཀྨོ་ཡཀྨོ་ཀ་ལ་རཱུ་པ། སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་སྲོག་ལ་ཤད་ཛ༔ ཐུཾ་རི་ལི་ལི༔ སྙིང་ཙེག་ཙེག༔ འུར་འུར༔ ཤིག་ཤིག༔ གུལ་གུལ༔ མྱག་མྱག༔ སོད་སོད༔ དྷ་ཏི་མ་མ་ཀརྨ་ཤཱིགྷཱཾ་ཀ་ར་ཡེ༔ [9a] མཱ་ར་སེ་ན་པྲ་མརྔྷ་ན་ཡེ་ཧཱུྃ་ཕཊ༔ ཅེས་བཟླས་པའི་སྐྱོན་སྤང་ལ་ཆུ་བོའི་རྒྱུན་ བཞིན་དུ་བཟླ་ཞིང་༔ དགོངས་པ་ཁྱད་པར་ཅན་གྱི་དམེགས་པའི་འཕྲུལ་འཁོར་རྣམས་ནི་མན་ངག་ལས་ཤེས་པར་བྱའོ། ཐུན་མཚམས་སུ་སྟོང་ཚིགས་ཀྱིས་མཆོད་པ་ནི། ཧཱུྃ། དཔལ་ཆེན་ཕུར་བུའི་ལྷ་ཚོགས་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་བསྩོལ༔ ཅེས་འདོད་དོན་གསོལ་ལོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་བཅུ་ལས། །དང་པོ་ཚོགས་ཀྱི་མཆོད་པ་ནི། དམ་རྫས་སུ་འོས་པའི་བཟའ་བཏུང་གི་དངོས་པོ་ཕུན་སུམ་ཚོགས་པར་བཤམ་ལ། བདུད་རྩིས་བསངས་ཏེ། ཨོཾ་སརྦ་དྲ་བྱཾ་བི་ཤྭ་དྷ་ནི་ཧཱུྃ་ཕཊ། ཨཿཀུན་གཞི་ཡངས་པའི་མཁའ་ཀློང་དུ༔ ཀུན་རྟོག་ལྷ་མོའི་རྣམ་རོལ་རྩེ༔ ཀུན་སྣང་འདོད་ཡོན་རྒྱན་དུ་ཆེ༔ ཀུན་བཟང་མཆོད་སྤྲིན་བླ་ན་མེད༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་གྱིས་བརླབ་ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ ཀུན་ཁྱབ་ཐིག་ལེའི་མཁའ་ཀློང་ནས༔ ལྷུན་གྲུབ་རྡོ་རྗེ་གཞོན་ནུ་ཆེ༔ སྒྱུ་འཕྲུལ་རོལ་པ་འཁོར་བཀའ་སྡོད༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤྲཱི་ཧེ་རུ་ཀ་ས་མ་ཡ་ཧྲིཾ་ཕེཾ་ཛཿཛཿཞེས་སྤྱན་དྲངས་ལ། ཚོགས་ཕུད་ཆ་གསུམ་ [9b] དུ་སྤྲོས་པའི་དང་པོ་མཆོད་པ་ནི། ཧཱུྃ༔ ཁམས་གསུམ་འཁོར་བའི་ཆོས་རྣམས་ཀུན༔ འབྲུ་གསུམ་ནུས་པས་སྦྱངས་སྤེལ་གྱུར། བདེ་སྟོང་ཡེ་ཤེས་བདུད་རྩི་ཆེ༔ སྐུ་གསུམ་དབྱིངས་སུ་དག་མཉམ་རོལ༔ མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི༔ བར་པ་བསྐང་བཤགས་ནི། འདོད་ཡོན་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་བལྟས་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀུན༔ གཉིས་སུ་མེད་པའི་ཀློང་ཆེན་པོ༔ ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་༔ མ་བཅོས་བདེ་བ་ཆེན་པོའི་གདངས༔ རིགས་ལྔའི་སངས་རྒྱས་ཐུགས༴ རང་སྣང་དོན་གྱི་སྟོན་པ་མཆོག༔ དྲིན་ཆེན་བླ་མའི་ཐུགས༴ སྣང་སྲིད་ཕུར་བུས་གདབ་པའི་ཕྱིར༔ རྡོ་རྗེ་གཞོན་ནུའི་ཐུགས༴ འཁོར་འདས་དག་མཉམ་རྒྱས་འདེབས་ཕྱིར༔ འཁོར་ལོ་རྒྱས་འདེབས་ཐུགས༴ དུག་ལྔ་དབྱིངས་སུ་གཞོམ་པའི་ཕྱིར༔ ཀཱི་ལ་རིགས་ལྔའི་ཐུགས༴ མི་དགེ་བཅུ་པོ་གནས་དག་ཕྱིར༔ ཁྲོ་བོ་ཕ་བཅུའི་ཐུགས༴ དགེ་བཅུའི་ཆོས་ཉིད་ཆེར་གཞིག་ཕྱིར༔ ཁྲོ་མོ་མ་བཅུའི་ཐུགས༴ ཡུལ་རྟོག་རོ་ལ་ཟ་བའི་ཕྱིར༔ ཟ་བྱེད་ཕ་བཅུའི་ཐུགས༴ བདག་རྟོག་དབུ་མར་གསོད་པའི་ཕྱིར༔ གསོད་བྱེད་མ་བཅུའི་ཐུགས༴ རྣམ་པར་རྟོག་གསུམ་གཞིག་པའི་སྟོབས༴ ཁྲ་ཐབས་ཉེར་གཅིག་ [10a] ཐུགས༴ མཐའ་བཞིའི་རྟོག་པ་གཞིག་པའི་ཕྱིར༔ སྒོ་སྐྱོང་མ་བཞིའི་ཐུགས༴ སྒྱུ་འཕྲུལ་རོལ་པའི་གར་མཁན་མཆོག༔ ཕུར་སྲུང་རྒྱ་མཚོའི་ཐུགས༴ བསྐང་ངོ་ཐུགས་དམ་གཉན་པོ་བསྐང་༔ ཉམས་ཆག་འགལ་འཁྲུལ་བཟོད་པར་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཅེས་དང་། ཧཱུྃ༔ གདོད་ནས་སྐུ་གསུམ་ལྷུན་གྲུབ་ཀྱི༔ གནས་ལུགས་རྡོ་རྗེ་ཐེག་པའི་ཞལ༔ མ་རིག་གཉིས་འཛིན་སྒྲིབ་པའི་བག༔ རིག་པ་ཡེ་ཤེས་ཆེན་པོར་བཤགས༔ ཨོཾ་ག་ཎ་ཙཀྲ་ས་ཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་བཟླའོ། །ཐ་མ་བསྒྲལ་མཆོད་ནི། ཚོགས་ཟན་དེ་ཉིད་དག་བགེགས་དངོས་སུ་མོས་ལ། སྤྲོ་ན་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་གནོད་བྱེད་ཛཿཧཱུྃ་བཾ་ཧོཿ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊ༔ ཅེས་བཀུག་ལ་ཕུར་བུས་གཟིར་ཞིང་། ཧཱུྃ༔ ཁྱབ་བདག་རྡོ་རྗེ་གཞོན་ནུ་ཡི༔ མཁྱེན་གཉིས་ཡེ་ཤེས་རྩལ་གྱི་མཚོན༔ བདག་ལྟའི་རུ་ཏྲའི་སྲོག་ལ་གདབ༔ ཁམས་གསུམ་འཁོར་བའི་འཆིང་རྒྱ་བཅད༔ རུ་ཏྲ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་དྭངས་མ་དབྱིངས་སུ་བསྒྲལ་བའི་སྙིགས་མ་བདུད་རྩིར་སྤར་ཏེ། ཧཱུྃ༔ གཟུང་འཛིན་རུ་ཏྲ་བསྒྲལ་བ་ལས༔ ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས༔ རྡོ་རྗེ་སྲིན་པོའི་ཞལ་དུ་བསྟབ༔ [10b] གཉིས་མེད་རོལ་པར་རྫོགས་སངས་རྒྱས༔ རུ་ཏྲ་ཨ་མུ་ཀ་མཱ་ར་ཡ་ཁཱ་ཧི༔ ཞེས་བསྟབ་པས་དགྱེས་པར་བསམ། དེ་ནས་བརྡ་དང་བརྡའི་འབུལ་ལན་དང་བཅས་ཚོགས་ཀྱི་དམ་རྫས་ནང་གི་བསྲེག་བླུག་ཏུ་རོལ། ལྷག་མའི་ཆོ་ག་ནི། ཕུད་ལྷག་བསྲེས་ལ་བདུད་རྩིའི་ཁ་ཕྲུས་བྲན་ཅིང་། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿ འདོད་ཡོན་གྱི་ཕུང་པོར་སྤེལ་ཏེ། ཧཱུྃ༔ ཀུན་བྱེད་རྒྱལ་པོ་ཧེ་རུ་ཀའི༔ བཀའ་ཉན་རང་རྩལ་ལྷག་སྡུད་མ༔ གཤེགས་བྱོན་མེད་དེ་ཡེ་ནས་རྫོགས༔ འཁོར་བ་མྱང་འདས་ཆེན་པོར་རོལ༔ ཨུ་ཙྪིཥྚ་བ་ལིཾ་ཏ་ཁཱ་ཧོ། ཞེས་ཕྱི་རོལ་དུ་བསྐྱལ་ལོ། །གཉིས་པ་ཐུགས་དམ་བསྐུལ་བ་ནི། ཨོཾ༔ མི་འགྱུར་རྡོ་རྗེ་སྐུ་ཡི་དབྱིངས༔ ཨཱཿམ་འགགས་གསང་ཆེན་གསུང་གི་དབྱིངས༔ ཧཱུྃ༔ སྤྲོས་པ་བྲལ་བ་ཐུགས་ཀྱི་དབྱིངས༔ ཛ༔ བསྐུལ་ལོ་ཀུན་ཟླུམ་ནམ་མཁའ་ཆེ༔ ཕེཾ༔ ཆོས་ཉིད་སྒྱུ་མའི་འཕྲུལ་བཞེངས་ཤིག༔ ཕཊ༔ བདག་རྟོག་མ་ཏྲཾ་རུ་ཏྲ་སྒྲོལ༔ བྷྱོ༔ འཁོར་བ་མྱང་འདས་ཆེན་པོར་བཟློག༔ ཨཿཨེ་ཝཾ་ཟུང་འཇུག་ཆེན་པོར་ཆོམས༔ གསུམ་པ་ཆད་མདོ་བཏང་བ་ནི། གཏོར་མ་སྨན་རཀ་བྲན་ཅིང་། ཧཱུྃ༔ དང་པོ་མཉམ་པ་ཉིད་ཀྱི་དུས༔ གནས་ལུགས་རྡོ་རྗེ་གཞོན་ནུ་ཡིས༔ ཁམས་གསུམ་ཁྲག་ཏུ་རོལ་པའི་ཚེ༔ ཆོས་ཀུན་ཆོས་ཉིད་དམ་རྒྱར་བཅིངས༔ བར་དུ་གདུལ་བྱའི་དཔལ་མཚོ་རུ༔ གང་ [11a] འདུལ་སྒྱུ་འཕྲུལ་ཆུ་ཟླའི་གར༔ སྟོན་དང་བསྟན་པར་ཤར་བའི་ཚེ༔ རྟེན་འབྲེལ་སྲིད་པ་སྟོང་རྒྱས་བཏབ༔ ཐ་མ་དོན་གྱི་འོག་མིན་མཁར༔ ཡེ་ཤེས་སྒྱུ་མའི་རྣལ་འབྱོར་གྱིས༔ འཁོར་འདས་དག་མཉམ་རོལ་པའི་ཚེ༔ སེམས་སྣང་བདག་མེད་ཀློང་རྒྱས་བཏབ༔ ད་ལྟ་གསང་ཆེན་དཀྱིལ་འཁོར་འདིར༔ ཐབས་ཤེས་སྒྱུ་འཕྲུལ་ལྷར་སྣང་བཀོད༔ འདོད་ཡོན་རྣམ་དག་གཏོར་མ་ལ༔ རྟོག་ཚོགས་གནས་དག་སྲུང་མས་རོལ༔ ཅེས་ཕྱི་རོལ་དུ་འབུལ་ལོ། །བཞི་པ་བརྟན་མ་བསྐྱང་བ་ནི། བཤལ་ཆུའི་གཏོར་མ་ཕུལ། ཧཱུྃ༔ སྲིད་པའི་རྟེན་འབྲེལ་ལུགས་འབྱུང་ལ༔ སྟོང་པའི་རྒྱས་འདེབས་བརྟན་མ་སྐྱོང་༔ བདེ་སྟོང་ཡེ་ཤེས་གཏོར་མའི་རོ༔ རོལ་ལ་འཁོར་བའི་བག་ཆགས་གཏོར༔ སརྦ་དྷཱ་ཀི་ནཱི་མ་ཧཱ་པཱུ་ཛ་ཁཱ་ཧི༔ ལྔ་པ་བྲོ་མནན་ནི། གཏོར་གཞོང་ཁ་སྦུབས་པའི་འོག་ཏུ་དགྲ་བགེགས་དམ་སྲི་རྣམས་བཀུག་ནས་མནན་པར་བསམ་ཞིང་རྡོ་རྗེའི་རྒྱས་བཏབ་ལ། ཧཱུྃ༔ རང་བཞིན་རྣམ་དག་ཨེ་ཡི་མཁར༔ ལོག་རྟོག་མི་སྲུན་རུ་ཏྲ་བྲུབ༔ ཐབས་ཤེས་རྔམས་པའི་རྟ་བྲོ་བརྡུང་༔ ཡེ་ཤེས་རོལ་པའི་སྟོབས་ཀྱིས་མནན༔ སྟམྦྷ་ཡ་ནན་ཧཱུྃ་ཧཱུྃ་ཧཱུྃ༔ དྲུག་པ་དངོས་གྲུབ་བླང་བ་ནི། ཧཱུྃ༔ གདོད་མ་གཞི་ཡི་ཧེ་རུ་ཀའི༔ མི་གནས་ཡེ་ཤེས་གསང་བ་མཆོག༔ རྡོ་རྗེ་གསུམ་གྱི་དབང་དངོས་ [11b] གྲུབ༔ སྒོ་གསུམ་བུམ་པའི་སྣོད་དུ་བསྐྱིལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿཞེས་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ། །དངོས་གྲུབ་བླང་ངོ་། །དེ་ནས་གཏང་རག་གི་དོན་དུ། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ཅིང་། ཧཱུྃ༔ མི་འགྱུར་རྡོ་རྗེས་སྒྲིབ་གཉིས་བཅོམ༔ དག་གྲོལ་རོལ་པའི་ཧེ་རུ་ཀ༔ རྟོག་གཉིས་རུ་ཏྲའི་སྙིང་ཁྲག་འབྱིན༔ མི་སྲུན་རྡོ་རྗེ་སྲིན་པོར་བསྟོད༔ ཅེས་བསྟོད། བདུན་པ་ནོངས་བཤགས་ནི། ཧོཿ རང་བྱུང་ཡེ་ཤེས་ཡེ་སངས་རྒྱས༔ བསྲུང་དུ་མེད་དེ་ཉམས་དང་བྲལ༔ བཤགས་བྱ་བཤགས་བྱའི་ཡུལ་ལས་འདས༔ མཚན་འཛིན་མཚན་མ་བྲལ་བར་བཤགས༔ ཞེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ། །བརྒྱད་པ་ཉེར་བསྡུ་ནི། མདུན་དཀྱིལ་དང་འབྲེལ་བའི་ཚེ་དེའི་ཡེ་ཤེས་པ་རྟེན་ལ་བརྟན་པར་གསོལ། ཏིང་འཛིན་གྱི་དཀྱིལ་འཁོར། སྣང་སྟོང་རྡོ་རྗེ་ནམ་མཁའི་ངང་༔ སྤྲོས་མཐའ་བྲལ་བའི་དབྱིངས་སུ་ཨ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས། སྣང་སྲིད་ཐམས་ཅད་འོད་དུ་ཞུ་ནས་གཞལ་ཡས་ཁང་ལ་ཐིམ། གཞལ་ཡས་ཁང་འཁོར་གྱི་ལྷ་རྣམས་ལ། འཁོར་རྣམས་རིམ་གྱིས་གཙོ་བོ་ལ། གཙོ་བོ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ། ཡེ་ཤེས་སེམས་དཔའ་ཏིང་འཛིན་སེམས་དཔའ་ལ། ཏིང་འཛིན་སེམས་དཔའ་ཧཱུྃ་ལ། ཧཱུྃ་ [12a] ཡང་ན་དཱའི་བར་དུ་རིམ་གྱིས་ཡལ་ནས་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་མཉམ་པར་བཞག་པས་རྟག་པའི་མཐའ་བསལ་ལོ། །ཐབས་དང་ཤེས་རབ་གཉིས་སུ་མེད༔ །མ་བསྐྱེད་མ་བསྒོམ་ཡེ་ཡིན་ལྷ༔ ཕཊ་ཕཊ་ཕཊ༔ ཅེས་པས། སླར་ཡང་སྐད་ཅིག་གིས་རང་ཉིད་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་ལངས་ཏེ་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་སྦྱར་བས་ཆད་པའི་མཐའ་བསལ་ལོ། དགུ་པ་སྨོན་ལམ་ནི། ཧོཿ དུས་གསུམ་བསགས་པའི་རྣམ་དཀར་དགེ༔ འཁོར་གསུམ་དམིགས་མེད་དབྱིངས་སུ་བསྔོ༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རྣམ་གྲོལ་སྐུ་གསུམ་ས་ཐོབ་ཤོག༔ བཅུ་པ་ཤིས་བརྗོད་ནི། ཧཱུྃ༔ འཁོར་འདས་དག་མཉམ་ལྟ་བའི་ཀློང་༔ མ་བཅོས་རང་གྲོལ་སྒོམ་པའི་ཀློང་༔ བྱ་རྩོལ་བྲལ་བ་སྤྱོད་པའི་ཀློང་༔ ལྷུན་གྲུབ་འབྲས་བུའི་བཀྲ་ཤིས་ཤོགཅེས་སོགས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་རྒྱ་ཆེར་སྒྲོགས་ཤིང་དགེ་ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་བྱའོ། །དྲན་པ་ཙམ་གྱིས་བར་ཆད་གེགས་ཞི་ཞིང་། །བརྟེན་པས་མཆོག་དངོས་བདེ་བླག་སྩོལ་མཛད་པ། །རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་བསྒྲུབ་པའི་ཐབས། །མཚོ་སྐྱེས་བླ་མའི་ཐུགས་བཅུད་འདི་ཁོ་ན། །ཟབ་གཏེར་རྡོ་རྗེའི་གཞུང་བཟང་ཉིན་བྱེད་དབང་། ཁྲིགས་བསྡེབས་ཀུན་གསལ་ལམ་དུ་དྲངས་པ་ལས། །ཐོབ་པའི་བསོད་ནམས་སྣང་ [12b] པ་འོད་པོ་ཆེས། །མ་དག་སྲིད་པའི་མུན་པ་ཡོངས་བཅོམ་ཤོག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་ཡང་གསང་བདེ་གཤེགས་སྙིང་པོའི་ལས་བྱང་བདུད་བཞིའི་གཡུལ་ལས་རྒྱལ་བའི་དགའ་སྟོན་ཞེས་བྱ་བ་འདི་ནི། དོན་དུ་གཉེར་བ་ཅན་དུ་མའི་གསུང་གིས་ནན་ཏན་ཆེན་པོས་བསྐུལ་བའི་ངོར། དགེ་བསྙེན་རྣལ་འབྱོར་སྤྱོད་པའི་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་རྩ་བའི་དགོངས་པ་མན་ངག་གིས་གསལ་བར་བྱས་ཏེ་རང་ལོ་ཉེར་གཉིས་པ་ཁྲོ་བོའི་ལོ་རྒྱལ་གྱི་ཉ་བའི་ཤེས་རབ་ཀྱི་ཕྱོགས་ལ་བདེ་ཆེན་ཆོས་འཁོར་གླིང་གི་བསྟི་གནས་སུ་སྦྱར་བ་སྟེ། འདིས་ཀྱང་སྣང་སྲིད་ཐམས་ཅད་རྡོ་རྗེ་ཕུར་བུ་འགྲུབ་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།། །།