TTDL-ZABTER-03-GA-042: Difference between revisions

From Dudjom Wiki
TTDL-ZABTER-03-GA-042
m (Text replacement - "༴" to "༴ ")
m (Text replacement - "ཧྲཱི༔" to "ཧྲཱིཿ")
 
Line 43: Line 43:




ཐྂ༎༔  ({{TibChung|བརྡ་ཡིག་}})  ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བླ་མ་ཞི་ཁྲོ་འདུས་པ་ཡི༔ སྒྲུབ་པ་ཐར་ལམ་ཤིང་རྟ་འདི༔ ལག་ཏུ་ལེན་པའི་རིམ་པ་ནི༔ དཀྱིལ་འཁོར་བཀོད་ལེགས་མཛེས་ལྡན་ལ༔ ཚོམ་བུ་རས་བྲིས་གང་རུང་ངམ༔ ཡང་ན་སྒྲུབ་གཏོར་ཙམ་ལ་བརྟེན༔ སྒྲུབ་པ་ཟབ་མོ་འདིར་བརྩོན་མཛོད༔ ས་མ་ཡ༔ དཀར་ཕྱོགས་སྐྱོང་ལ་དཀར་གཏོར་དང་༔ ནག་ཕྱོགས་དམར་གྱི་གཏོར་མས་མཆོད༔ ལན་ཆགས་བགེགས་ལ་ཆངས་གླུད་འཇལ༔ འདི་ནི་སྔོན་འགྲོའི་ཆོ་གའོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ ཕྱི་ནང་གསང་བའི་དཀོན་མཆོག་གསུམ༔ ཡོངས་འདུས་བདག་ཉིད་བླ་མ་ལ༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ རྣམ་གསུམ་དད་པས་སྐྱབས་སུ་མཆི༔ ལན་གསུམ་བརྗོད་ཅིང་སེམས་བསྐྱེད་ནི༔  ཧོཿ  བླ་མེད་བླ་མའི་གསང་ཆེན་པོ༔ སྐུ་གསུམ་ཞི་ཁྲོའི་སྒོར་ཞུགས་ནས༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་བསྒྲལ་བར་སེམས་བསྐྱེད་དོ༔ ལན་གསུམ་དེ་ནས་བཀའ་བསྒོ་བ་ནི༔ ཧཱུྃ༔ འཁོར་འདས་དག་མཉམ་ཆེན་པོ་ལ༔ བགེགས་དང་གནོད་བྱེད་མིང་ཡང་མེད༔ མ་རིག་གཟུང་འཛིན་རྣམ་རྟོག་གི༔ རྒྱུ་རྐྱེན་བག་ཆགས་འཐས་པའི་བགེགས༔ བདག་མེད་ཆོས་ཉིད་ཆེན་པོར་བསྐྲད༔ ཡེ་ཤེས་མཚོན་ཐུན་དྲྭ་བ་འཁྲིགས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་མཚམས་གཅོད་པ་ནི༔ ཧཱུྃ༔ འཁོར་འདས་བརྡལ་བ་ཡུམ་གྱི་མཁའ༔ གཉིས་མེད་རོལ་པར་རྫོགས་སངས་རྒྱས༔ སྲུང་དང་བསྲུང་བྱའི་ཡུལ་ལས་འདས༔ ངང་གནས་ཡེ་ཤེས་སྲུང་བ་མཆོག༔ བཛྲ་རཀྵ་རཀྵ་ཧཱུྃ་བྷྲུྃ༔ དེ་ནས་བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ༔ ཨཱཿརིག་པ་ཡེ་ཤེས་རང་གསལ་སྒོ༔ བདག་རྟོག་སྒྲིབ་པས་བསྒྲིབས་པ་ཕྱེས༔ གཞི་དབྱིངས་དོན་གྱི་སངས་རྒྱས་ལ༔ རང་ཞལ་མཇལ་ཕྱིར་ཕྱག་འཚལ་ལོ༔ པྲ་ཝེ་ཤ་ཡ་ཕཊ༔ ན་མོ་ན་མ་ ཧོཿ  དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ ཀ་དག་སྤྲོས་པ་བྲལ་བའི་དབྱིངས༔ བླ་མ་ཆོས་སྐུས་བྱིན་ཆེན་ཕོབ༔ ལྷུན་གྲུབ་བདེ་བ་ཆེན་པོའི་དབྱིངས༔ བླ་མ་ལོངས་སྐུས་བྱིན་ཆེན་ཕོབ༔ ཐུགས་རྗེ་ཕྱོགས་མཐའ་ཡས་པའི་དབྱིངས༔ བླ་མ་སྤྲུལ་སྐུས་བྱིན་ཆེན་ཕོབ༔ སྣ་ཚོགས་ཐབས་ཀྱི་སྒྱུ་འཕྲུལ་ངོམས༔ རྒྱལ་བ་ཞི་ཁྲོས་བྱིན་ཆེན་ཕོབ༔ བཛྲ་ས་མ་ཡ་ཛ་ཛ་ཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ ཀུན་བཏགས་སྣང་བ་ཡངས་པའི་མཁར༔ ཆོས་སྐུའི་འདོད་ཡོན་རྒྱན་དུ་ཤར༔ མཆོད་སྤྲིན་མི་ཟད་ནམ་མཁའི་མཛོད༔ གདོད་ནས་ཡེ་ཤེས་བདུད་རྩིར་གནས༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་གུ་ཧྱ་པཱུ་ཛ་ཧོཿ དེ་ནས་ཏིང་འཛིན་རྣམ་གསུམ་ནི༔ ཨཱཿཆོས་ཉིད་བརྡལ་ཁྱབ་དེ་བཞིན་ཉིད༔ ཡེ་གནས་ཡེ་ཤེས་ཐུགས་རྗེ་ཆེ༔ ཐབས་མཆོག་རྒྱུ་ཉིད་རྩལ་དུ་ཤར༔ ཧཱུྃ་ཡིག་མཐིང་ནག་རང་བྱུང་བ༔ དེ་ནས་དཀྱིལ་འཁོར་ལྷ་བསྐྱེད་ནི༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང་༔ སྲུང་བའི་འཁོར་ལོ་རིམ་ལྔའི་དབུས༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ རྒྱན་དང་བཀོད་པ་ལྷུན་གྱིས་གྲུབ༔ དེ་དབུས་སྣ་ཚོགས་པདྨ་དང་༔ ཐབས་ཤེས་ཉི་ཟླ་བརྩེགས་པའི་སྟེང་༔ རང་ཉིད་རིགས་འདུས་བླ་མའི་སྐུ༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ ཞལ་གཅིག་ཕྱག་གཉིས་མཚན་དཔེས་སྤྲས༔ ཕྱག་གཡས་གསེར་གྱི་རྡོ་རྗེ་གཟིར༔ གཡོན་པས་བྷནྡྷ་ཚེ་བུམ་བསྣམས༔ རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས༔ པད་ཞྭ་བེར་མཐིང་ཕོད་ཁ་དང་༔ ཆོས་གོས་ཐང་ཤམ་སག་ལྷྭམ་གསོལ༔ གསང་བ་ཡུམ་གྱི་ཁ་ཊྭཱྃ་བརྟེན༔ ཡེ་ཤེས་འཇའ་ཐིག་ཀློང་དུ་བསྐྱེད༔ ཐུགས་ཀར་རྩ་འདབ་བརྒྱད་ཀྱི་དབུས༔ པདྨ་ཟླ་རྒྱས་གདན་སྟེང་དུ༔ ཀུན་བཟང་ཡབ་ཡུམ་འཁྲིལ་སྦྱོར་རོལ༔ དབུས་ན་རྣམ་སྣང་ཡབ་ཡུམ་དཀར༔ བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན༔ ཤར་དུ་རྡོར་སེམས་ཡབ་ཡུམ་མཐིང་༔ ས་གནོན་མཉམ་བཞག་ཕྱག་རྒྱ་ཅན༔ གཡས་སུ་ས་སྙིང་མྱུ་གུ་དཀར༔ གཡོན་དུ་བྱམས་པ་ཀླུ་ཤིང་དཀར༔ མདུན་དུ་ལཱ་སྱེ་མེ་ལོང་དཀར༔ རྒྱབ་ཏུ་པུཥྤེ་མེ་ཏོག་དཀར༔ ལྷོ་རུ་རིན་འབྱུང་ཡབ་ཡུམ་སེར༔ མཆོག་སྦྱིན་མཉམ་བཞག་ཕྱག་རྒྱ་ཅན༔ གཡས་སུ་ཀུན་བཟང་སྙེ་མ་སེར༔ གཡོན་དུ་ནམ་སྙིང་རལ་གྲི་སེར༔ མཱ་ལེ་སེར་མོ་ཕྲེང་ཐོགས་མདུན༔ དྷུ་པེ་སེར་མོ་སྤོས་འབུལ་རྒྱབ༔ ནུབ་ན་སྣང་མཐའ་ཡབ་ཡུམ་དམར༔ ཕྱག་གཉིས་མཉམ་བཞག་ཕྱག་རྒྱ་ཅན༔ གཡས་སུ་སྤྱན་གཟིགས་པདྨ་དམར༔ གཡོན་དུ་འཇམ་དཔལ་རལ་གྲི་དམར༔ མདུན་དུ་གྷིརྟི་པི་ཝཾ་དམར༔ རྒྱབ་ཏུ་ཨཱ་ལོ་མར་མེ་དམར༔ བྱང་ན་དོན་གྲུབ་ཡབ་ཡུམ་ལྗང་༔ སྐྱབས་སྦྱིན་མཉམ་བཞག་ཕྱག་རྒྱ་ཅན༔ གཡས་སུ་སྒྲིབ་སེལ་པོ་ཏི་ལྗང་༔ གཡོན་དུ་ཕྱག་རྡོར་དྲིལ་འཛིན་ལྗང་༔ མདུན་དུ་གནྡྷེ་དུང་ཕོར་ལྗང་༔ རྒྱབ་ཏུ་ནིརྟི་ཞལ་ཟས་ལྗང་༔ ཞི་བའི་ལྷ་ཚོགས་དེ་རྣམས་ནི༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན༔ འཇའ་འོད་ཐིག་ལེའི་ཀློང་དུ་གསལ༔ སྟེང་དུ་ལྷ་ཡི་ཐུབ་པ་དཀར༔ ཤར་ལྷོ་ལྷ་མིན་ཐུབ་པ་ལྗང་༔ ལྷོ་ནུབ་མི་ཡི་ཐུབ་པ་སེར༔ ནུབ་བྱང་བྱོལ་སོང་ཐུབ་པ་མཐིང་༔ བྱང་ཤར་ཡི་དྭགས་ཐུབ་པ་དམར༔ འོག་དུ་དམྱལ་བའི་ཐུབ་པ་ནག༔ ཀུན་ཀྱང་སྤྲུལ་སྐུའི་ཆ་ལུགས་ཅན༔ བཞེངས་པའི་སྟབས་ཀྱིས་པདྨར་བརྫིས༔ ཤར་དུ་རྣམ་རྒྱལ་ཡབ་ཡུམ་དཀར༔ ལྷོ་རུ་གཤིན་རྗེ་ཡབ་ཡུམ་སེར༔ ནུབ་ཏུ་རྟ་མགྲིན་ཡབ་ཡུམ་དམར༔ བྱང་དུ་བདུད་རྩི་ཡབ་ཡུམ་ལྗང་༔ ཁྲོ་བོ་མི་བཟད་འཇིགས་པའི་སྐུ༔ ཡེ་ཤེས་མེ་དཔུང་ཀློང་དུ་བསྐྱེད༔ ཞི་བའི་ལྷ་ཚོགས་དེ་རྣམས་ཀྱང་༔ གང་འདུལ་ཐུགས་རྗེའི་རང་གཟུགས་ལས༔ རྒྱན་དང་ཕྱག་མཚན་མ་ངེས་ཤར༔ འཁོར་བ་ཡོངས་སྒྲོལ་དཔལ་དུ་བསྐྱེད༔ མགྲིན་པར་པདྨ་འདབ་བཞིའི་དབུས༔ རིག་འཛིན་རྒྱལ་པོ་བདེ་ཆེན་དཔལ༔ རྣལ་འབྱོར་དམར་མོ་ཞི་མ་ཁྲོ༔ ཞལ་གཅིག་ཕྱག་གཉིས་དོར་སྟབས་འགྱིང་༔ ཤར་དུ་རྣམ་སྨིན་རིག་འཛིན་དཀར༔ ལྷོ་རུ་ཕྱག་རྒྱའི་རིག་འཛིན་སེར༔ ནུབ་ཏུ་ཚེ་དབང་རིག་འཛིན་དམར༔ བྱང་དུ་ལྷུན་གྲུབ་རིག་འཛིན་ལྗང་༔ ཀུན་ཀྱང་གསལ་འཚེར་ལྷུན་སྡུག་ཅིང་༔ ཡེ་ཤེས་འཇའ་ཐིག་ཀློང་དུ་བསྐྱེད༔ སྤྱི་བོ་བདེ་ཆེན་འཁོར་ལོ་རུ༔ ཞི་བའི་སྒྱུ་འཕྲུལ་ཁྲོ་བོར་ཤར༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་རུ༔ བྱོལ་སོང་བརྒྱད་ཀྱིས་བཏེགས་པའི་ཁྲིར༔ པདྨ་ཉི་ཟླ་བམ་ཆེན་སྟེང་༔ སྤྱི་དཔལ་ཆེ་མཆོག་ཡབ་ཡུམ་སྨུག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ བུདྡྷ་ཧེ་རུ་ཡབ་ཡུམ་དབུས༔ དཀར་སྨུག་ཞལ་གསུམ་ཕྱག་དྲུག་པ༔ བཛྲ་ཀྲོ་དྷ་ཡབ་ཡུམ་ཤར༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ རཏྣ་ཀྲོ་དྷ་ཡབ་ཡུམ་ལྷོ༔ སེར་ནག་ཞལ་གསུམ་ཕྱག་དྲུག་པ༔ པདྨ་ཀྲོ་དྷ་ཡབ་ཡུམ་ནུབ༔ དམར་ནག་ཞལ་གསུམ་ཕྱག་དྲུག་པ༔ ཀརྨ་ཀྲོ་དྷ་ཡབ་ཡུམ་བྱང་༔ ལྗང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཀུན་ཀྱང་ཁྲོ་གཏུམ་རྔམས་བརྗིད་འབར༔ དུར་ཁྲོད་ཆས་ལྡན་གཤོག་པ་བརྒྱང་༔ དུག་ལྔ་དབྱིངས་སྒྲོལ་ཕྱག་མཚན་གདེངས༔ ཞབས་བཞིས་ལོག་རྟོག་རཱུ་དྲ་གནོན༔ དཔལ་གྱི་ཆས་ལྡན་གར་དགུའི་ཉམས༔ རབ་རྫོགས་དྲག་པོ་དཀྱིལ་འཁོར་ཀུན༔ ཡོངས་འདུས་བདག་ཉིད་ཆེན་པོར་བསྐྱེད༔ དེ་ཡི་ཕྱི་རིམ་ཕྱོགས་བཞི་རུ༔ ཀཽ་རི་དཀར་མོས་ཞིང་དབྱུག་ཐོགས༔ ཙོའུ་རི་སེར་མོས་མདའ་གཞུ་འགེངས༔ པྲ་མོ་ཆུ་སྲིན་རྒྱལ་མཚན་ཕྱར༔ བཻ་ཏ་ལྗང་མོས་དུང་ཁྲག་འཐུང་༔ མཚམས་བཞིར་ཞིང་རྐྱང་གདན་སྟེང་དུ༔ པུསྐ་སེར་མོས་རྒྱུ་མ་འདྲེན༔ གསྨ་ལྗང་ནག་བྷན་དམར་ཐོགས༔ ཙནྡྷ་སེར་སྐྱས་རྒྱུ་མ་ཟ༔ སྨེ་ཤ་མཐིང་ནག་མི་རོ་གསོལ༔ མ་མོ་ཆེན་མོ་དེ་རྣམས་ཀྱང་༔ རབ་ཁྲོས་སྟག་གི་ཤམ་སྨད་དཀྲིས༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ དེ་ཡི་ཕྱི་རིམ་ཕྱོགས་བཞི་རུ༔ སེང་གདོང་སྨུག་ནག་བམ་ཆེན་གསོལ༔ སྟག་གདོང་དམར་སྐྱས་ལག་གཉིས་བསྣོལ༔ ཝ་གདོང་ནག་མོས་སྤུ་གྲི་ཐོགས༔ སྤྱང་གདོང་སྔོན་མོས་མི་རོ་ཐོགས༔ མཚམས་བཞིར་རོ་ཡི་གདན་སྟེང་དུ༔ ཀྲྀ་ཏ་སེར་སྐྱས་རྒྱུ་མ་འདྲེན༔ ཀངྐ་དམར་ནག་ཞིང་ཕྲག་བསྣམས༔ ཁ་ཁ་ནག་མོས་བྷན་གྲི་ཐོགས༔ ཧུ་ལུ་མཐིང་སྐྱས་ལྕགས་ཀྱུ་བསྣམས༔ གསོད་ཅིང་ཟ་བྱེད་ཕྲ་མེན་བརྒྱད༔ གཟིག་ཤམ་གསོལ་ཞིང་འགྱིང་ཚུལ་ལྡན༔ ཕྱོགས་བཞི་ཞིང་གི་གདན་སྟེང་དུ༔ རྟ་གདོང་དཀར་མོས་ལྕགས་ཀྱུ་འཛིན༔ ཕག་གདོང་ནག་མོས་ཞགས་པ་ཐོགས༔ སེང་གདོང་དམར་མོས་ལྕགས་སྒྲོག་བསྣམས༔ སྦྲུལ་གདོང་ལྗང་མོས་དྲིལ་བུ་འཁྲོལ༔ དཀྱིལ་འཁོར་ཕྱི་རིམ་ཁོར་ཡུག་ཏུ༔ དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད༔ སྲིན་མོ་ཁྲོས་པའི་ཆ་ལུགས་ཅན༔ མགོ་བརྙན་རྣམ་འགྱུར་མ་ངེས་སྟོན༔ བཀོད་པ་ལུས་ཀྱི་གཞལ་ཡས་སུ༔ བརྟེན་པ་རྩ་རླུང་ཐིག་ལེའི་ཁམས༔ གནས་དག་རྒྱལ་བའི་དཀྱིལ་འཁོར་ཀུན༔ ཡེ་ཤེས་གསང་ཆེན་སྒྱུ་འཕྲུལ་དུ༔ མ་འདྲེས་ཡོངས་རྫོགས་ཆེན་པོར་བསྐྱེད༔ ཤར་དུ་མཚོ་སྐྱེས་རྡོ་རྗེ་མཐིང་༔ ཡབ་ཡུམ་རྡོར་དྲིལ་བསྣོལསྟབས་སྦྱོར༔ ལྷོ་རུ་ཉི་མ་འོད་ཟེར་སེར༔ ཕྱག་གཡས་ཁ་ཊྭཱྃ་གཡོན་ཉི་ཟེར༔ ནུབ་ཏུ་པདྨ་རྒྱལ་པོ་དམར༔ ཕྱག་གཡས་ཌཱ་རུ་གཡོན་མེ་ལོང་༔ བྱང་དུ་སེང་གེ་སྒྲ་སྒྲོག་མཐིང་༔ ཕྱག་གཡས་རྡོ་རྗེ་གཡོན་སྡིགས་མཛུབ༔ ཤར་ལྷོ་པདྨ་སཾ་བྷ་དཀར༔ ཕྱག་གཡས་པད་ཕོར་གཡོན་སྐྱབས་སྦྱིན༔ ལྷོ་ནུབ་ཤཱཀྱ་སེང་གེ་སེར༔ ཕྱག་གཡས་རྡོ་རྗེ་གཡོན་ལྷུང་བཟེད༔ ནུབ་བྱང་བློ་ལྡན་མཆོག་སྲེད་དམར༔ ཕྱག་གཡས་ཌཱ་རུ་གཡོན་བྷནྡྷ༔ བྱང་ཤར་རྡོ་རྗེ་ཁྲོ་ལོད་སྨུག༔ ཕྱག་གཡས་རྡོ་རྗེ་གཡོན་ལྕགས་ཕུར༔ དེ་ཡི་ཕྱི་རིམ་འདབ་བརྒྱད་སྟེང་༔ གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད༔ རྗེ་འབངས་ཉེར་ལྔ་ལ་སོགས་པའི༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ རིག་འཛིན་མཁའ་འགྲོའི་དཀྱིལ་འཁོར་ལྷ༔ ཏིལ་གོང་ཁ་ཕྱེས་བཞིན་དུ་གསལ༔ སྒོ་བཞིར་གིང་ཆེན་སྡེ་བཞི་བསྐྱེད༔ གསང་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་འོག་མིན་ཆོས་དབྱིངས་དང་༔ པདྨ་འོད་ཀྱི་ཞིང་ཁམས་ནས༔ ཡེ་ཤེས་པ་རྣམས་སྤྱན་དྲངས་བསྟིམ༔ སྤོས་བསྲེགས་རོལ་མོའི་སྒྲ་དབྱངས་ཀྱིས༔ སྤྱན་འདྲེན་རིམ་པ་འདི་ལྟ་སྟེ༔ ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧྲཱིཿབརྡལ་ཁྱབ་ཆོས་སྐུའི་ཕོ་བྲང་ནས༔ ལྷུན་གྲུབ་སྒྱུ་འཕྲུལ་ཞི་ཁྲོའི་ཚོགས༔ སྣ་ཚོགས་ཐབས་ཀྱི་སྐུར་བཞེངས་ལ༔ གང་འདུལ་མཛད་ཕྱིར་གཤེགས་སུ་གསོལ༔ ཆོས་ཉིད་གཡོ་བ་མེད་པ་ལས༔ གདུལ་བྱའི་མོས་ངོར་ཐུགས་རྗེའི་འཕྲུལ༔ རིག་འཛིན་བླ་མ་གཤེགས་སུ་གསོལ༔ དོན་ལ་གཤེགས་བཞུད་མི་མངའ་ཡང་༔ བརྒྱུད་འཛིན་རྗེས་སུ་བཟུང་བའི་ཕྱིར༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ཤིག༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ་ཛཿཕེཾ་ཕེཾ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿགདོད་ནས་རྩ་རླུང་ཐིག་ལེའི་ཁམས༔ བཀོད་པ་རྒྱལ་བའི་དཀྱིལ་འཁོར་དུ༔ རང་བྱུང་རང་ཤར་དོན་གྱི་ལྷ༔ གཉིས་མེད་ཡེ་རྫོགས་ཆེན་པོར་བཞུགས༔ བཛྲ་ས་མ་ཡ་ཛྙཱ་ན་ཏིཥྛ་ལྷན༔ ས་མ་ཡ་ཏི་སྟྭཾ༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ ཡེ་རིག་ཆོས་སྐུའི་བླ་མ་ཉིད༔ རང་གདངས་ལྷུན་གྲུབ་ཞི་ཁྲོའི་དལ༔ ཐུགས་རྗེའི་རྩལ་ཤུགས་རོལ་པའི་འཁོར༔ ཡོངས་གྲུབ་ཆེན་པོར་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་མཆོད་འབུལ་རིམ་པ་ལ༔ ཉེར་སྤྱོད་བདུན་གྱི་མཆོད་པ་ནི༔ ཧཱུྃ༔ ཕྱི་ལྟར་སྣང་བ་སྣོད་བཅུད་ཀྱི༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་དཔལ༔ གདོད་ནས་ཉེར་སྤྱོད་རོལ་པ་ཡི༔ རང་བྱུང་རང་ཤར་མཆོད་པའི་སྤྲིན༔ བླ་མ་ཞི་ཁྲོ་འདུས་པ་ཡི༔ དཀྱིལ་འཁོར་ལྷ་ལ་འབུལ་གྱི་བཞེས༔ འགྲོ་ཀུན་ཚོགས་རྫོགས་སྒྲིབ་སྦྱངས་ནས༔ ཐར་པ་ཆེན་པོའི་ས་ལ་དྲོངས༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧོཿ འདོད་ཡོན་ལྔ་ཡི་མཆོད་པ་ནི༔ ཧཱུྃ༔ དབང་པོའི་ཡུལ་དྲུག་སྣང་བའི་ཆོས༔ འདོད་ཡོན་ལྔ་ཡི་རྒྱན་དུ་ཆེ༔ རང་བྱུང་མཆོད་པའི་མཆོག་ཆེན་པོ༔ མི་ཟད་རྒྱན་གྱི་འཁོར་ལོ་འདི༔ བླ་མ་ཞི་ཁྲོ་འདུས་པ་ཡི༔ དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ༔ འགྲོ་ཀུན་ཚོགས་གཉིས་རབ་རྫོགས་ནས༔ དམ་པ་སྐུ་གཉིས་ཐོབ་པར་ཤོག༔ ཨོཾ་ཨཱཿརཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ བདུད་རྩི་སྨན་གྱི་མཆོད་པ་ནི༔ ཧཱུྃ༔ འབྲུ་ལྔའི་སྙིང་པོ་ཡེ་ཤེས་བཅུད༔ དུག་ལྔའི་ནད་སེལ་སྨན་ཆེན་པོ༔ བླ་མ་ཞི་ཁྲོ་ཡོངས་རྫོགས་ཀྱི༔ དཀྱིལ་འཁོར་ལྷ་ལ་འབུལ་གྱིས་བཞེས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ རཀྟ་དམར་གྱི་མཆོད་པ་ནི༔ ཧཱུྃ༔ ཁམས་གསུམ་འཁོར་བ་གཞི་རུ་བསྒྲལ༔ རྒྱུ་རྐྱེན་བཅོམ་པའི་དམར་ཆེན་ཁྲག༔ བླ་མ་ཞི་ཁྲོ་ཡོངས་རྫོགས་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་ཕྱིར་འབུལ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ གཏོར་མའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣང་བ་སྣོད་ཀྱི་གཞོང་པ་རུ༔ སྲིད་པ་བཅུད་ཀྱི་གཏོར་མས་གཏམས༔ བླ་མ་ཞི་ཁྲོའི་ཚོགས་ལ་འབུལ༔ འཁོར་བ་མྱང་འདས་དབྱིངས་སུ་བསྒྲལ༔ མ་ཧཱ་བ་ལིངྟ་སརྦ་པཱུ་ཛ་ཁཱ་ཧི༔ དེ་ནས་གསང་བའི་མཆོད་པ་ནི༔ ཧཱུྃ༔ ཤེས་རབ་སྟོང་ཆེན་ཡུམ་གྱི་འཕྲུལ༔ གསང་བ་བདེ་སྟོང་རིག་མ་འབུམ༔ དགྱེས་ཆགས་དགའ་བདེའི་རྣམ་འགྱུར་རྩེ༔ བླ་མ་ཞི་ཁྲོ་དགྱེས་ཕྱིར་འབུལ༔ མ་ཧཱ་མུ་དྲ་སརྦ་པཱུ་ཛ་ ཧོཿ  དེ་ནས་སྦྱོར་བའི་མཆོད་པ་ནི༔ ཧཱུྃ༔ སྣང་བ་ཐབས་མཆོག་རྒྱལ་པོ་ཉིད༔ སྟོང་ཆེན་ཤེས་རབ་བྷ་གར་རོལ༔ འདུ་འབྲལ་མེད་པའི་བྱང་ཆུབ་སེམས༔ བདེ་ཆེན་བཅུད་ཀྱི་མཆོད་པ་འབུལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ ཧོཿ  དེ་ནས་སྒྲོལ་བའི་མཆོད་པ་ནི༔ ཧཱུྃ༔ བདག་རྟོག་མ་ཏྲཾ་མ་རཱུ་དྲ༔ བདག་མེད་སྟོང་ཉིད་ཡུམ་མཁར་བསྡུས༔ ཐབས་མཆོག་རིག་པའི་རྡོ་རྗེས་བརྡུང༔ ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས༔ བླ་མ་ཞི་ཁྲོའི་ཚོགས་ལ་འབུལ༔ རྣམ་གྲོལ་འབྲས་བུ་ཐོབ་པར་ཤོག༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་པཱུ་ཛ་ཧོཿ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ ཀ་དག་སྐྱེ་མེད་ཆོས་སྐུ་སྤྲོས་མཐའ་བྲལ༔ རང་བཞིན་རྣམ་དག་བདེ་ཆེན་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་རང་རྩལ་འགྲོ་འདུལ་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་མཆོག་ལ་ཕྱག་འཚལ་བསྟོད༔ གཞི་དབྱིངས་སྐྱེ་མེད་ཆོས་ཉིད་ནམ་མཁའ་ཆེ༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་༔ དང་པོའི་སངས་རྒྱས་འོད་མི་འགྱུར་བའི་སྐུ༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ སྐུ་ལྔ་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས༔ ཐབས་ཤེས་འདུ་འབྲལ་མེད་པའི་སྐུར་སྣང་བ༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་རྒྱུ༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད༔ ཡེ་རིག་མཐའ་བྲལ་ཆོས་ཉིད་རོལ་པའི་རྩལ༔ ཡེ་ཤེས་གསལ་བའི་མདངས་དང་གདངས་ཀྱི་ངང་༔ ཉོན་མོངས་ཕྱོགས་ལས་རྣམ་རྒྱལ་དཔའ་བོ་ཆེ༔ སེམས་དཔའ་སེམས་མ་རྣམས༴ རྒྱུ་དྲུག་འཁོར་བ་དབྱིངས་སྒྲོལ་ཐུགས་རྗེའི་ཤུགས༔ གདུལ་དཀའ་འདུལ་མཛད་སྤྲུལ་པའི་སྐུ་རུ་ཤར༔ སྣ་ཚོགས་ཐབས་ཀྱི་སེམས་ཅན་བདེ་ལ་བཀོད༔ བཅོམ་ལྡན་ཐུབ་པ་དྲུག་ལ༴ མཚན་མ་ཚིག་དང་བྲལ་བའི་ཡེ་ཤེས་ལ༔ ཉོན་མོངས་སྒོ་འཕར་གཅོད་པའི་ཆོས་ཉིད་ཤར༔ ཚད་མེད་རྣམ་བཞིའི་ཕྲིན་ལས་མངའ་དབང་བསྒྱུར༔ སྒོ་བ་ཡབ་ཡུམ་བརྒྱད་ལ༴ རང་སྣང་རྣམ་དག་ཡེ་ཤེས་དཀྱིལ་འཁོར་ལ༔ དབང་བསྒྱུར་བདེ་བ་ཆེན་པོའི་ས་ལ་གཤེགས༔ མ་རིག་ལས་འདས་བདེ་གཤེགས་རིག་པ་འཛིན༔ བླ་མ་རིག་འཛིན་ཚོགས་ལ༴ ཧཱུྃ༔ རིག་པའི་རྒྱལ་པོས་མ་རིག་གཞོམ༔ སྤྱི་དཔལ་གཙོ་ལ་ཕྱག་འཚལ་བསྟོད༔ ཤེས་རབ་ཆེན་པོས་མུན་པ་སེལ༔ སྐུ་མཆོག་དཔལ་ལ༴ ཞེ་སྡང་རྡོ་རྗེས་ཞེ་སྡང་འཇོམས༔ ཐུགས་མཆོག་དཔལ་ལ༴ ང་རྒྱལ་དབང་པོས་ང་རྒྱལ་འཇོམས༔ ཡོན་ཏན་དཔལ་ལ༴ འདོད་པའི་རྒྱལ་པོས་འདོད་ཆགས་འཇོམས༔ གསུང་མཆོག་དཔལ་ལ༴ ཕྲག་དོག་རྒྱལ་པོས་ཕྲག་དོག་འཇོམས༔ ཕྲིན་ལས་དཔལ་ལ༴ འབྱུང་བའི་དབང་ཕྱུག་བདག་རྟོག་གཞིག༔ ཀྲོ་དྷི་ཡུམ་ལ༴ གནས་ཀྱི་མ་མོས་ཀུན་རྟོག་གཞོམ༔ ཀོའུ་རི་བརྒྱད་ལ༴ ཡུལ་གྱི་བདག་མོས་གཉིས་སྣང་འཇོམས༔ སེང་ཧ་བརྒྱད་ལ༴ སྐྱེ་རྒྱུད་བདག་མོས་སྐྱེ་སྒོ་ཁེག༔ སྒོ་མ་བཞི་ལ༴ སྣ་ཚོགས་ཐབས་ཀྱི་ལོག་རྟོག་འཇོམས༔ དབང་ཕྱུག་ཚོགས་ལ༴ སྲིད་པ་ལེགས་ཉེས་བྱེད་པ་མོ༔ མ་མོའི་ཚོགས༴ ཧཱུྃ༔ རང་སྣང་སྐུ་དང་ཡེ་ཤེས་ཀྱི༔ བཀོད་པ་རྒྱལ་བའི་དཀྱིལ་འཁོར་འདིར༔ སྒྱུ་འཕྲུལ་རོལ་པའི་ལྷར་སྣང་བཀོད༔ དབྱིངས་སུ་ཐ་དད་མ་གྲུབ་ཀྱང་༔ གང་འདུལ་ཐབས་ཀྱི་གཟུགས་སྐུར་ཤར༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བསྟོད༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿ བླ་མ་སྒྱུ་འཕྲུལ་ཞི་ཁྲོ་དགོངས༔ བདག་ནི་མ་རིགས་དབང་གྱུར་ཏེ༔ གཟུང་འཛིན་ལམ་དུ་འཁྲུལ་པའི་ལས༔ ལོག་པར་རྟོག་དང་དམ་ཉམས་སྒྲིབ༔ ད་ནི་རང་རིག་ཡེ་ཤེས་ཀྱིས༔ དག་མཉམ་ཆེན་པོར་བཤགས་བགྱིའོ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་སཏྭ་ཨ༔ འདི་ནི་ཡང་གསང་ཟབ་རྒྱའི་བཅུད༔ གང་གིས་ཉམས་སུ་བླངས་པའི་མི༔ བསྐྱེད་དང་བསྒོམ་པའི་གནད་ལྡན་ན༔ མི་ལོ་གསུམ་གྱིས་གྲུབ་པ་ཐོབ༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་འགྲུབ༔ འདི་ནི་དུས་གསུམ་རྒྱལ་བ་ཀུན༔ གཅིག་དྲིལ་སྒྲུབ་པ་བླ་ན་མེད༔ མཐོང་ཐོས་དྲན་རེག་རྣམ་པར་གྲོལ༔ ས་སྟེང་འགྲན་ཟླ་བྲལ་བ་ཡིན༔ བྱིན་རླབས་རྣོ་ནུས་དཔག་ཏུ་མེད༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ སྔགས་སྲུང་ཨེ་ཀ་ཙ་ཏིས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ཉམས་སུ་ལེན་པའི་བུ་སློབ་སྐྱོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་འོད་གསལ་རྫོགས་པ་ཆེན་པོ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}}
ཐྂ༎༔  ({{TibChung|བརྡ་ཡིག་}})  ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བླ་མ་ཞི་ཁྲོ་འདུས་པ་ཡི༔ སྒྲུབ་པ་ཐར་ལམ་ཤིང་རྟ་འདི༔ ལག་ཏུ་ལེན་པའི་རིམ་པ་ནི༔ དཀྱིལ་འཁོར་བཀོད་ལེགས་མཛེས་ལྡན་ལ༔ ཚོམ་བུ་རས་བྲིས་གང་རུང་ངམ༔ ཡང་ན་སྒྲུབ་གཏོར་ཙམ་ལ་བརྟེན༔ སྒྲུབ་པ་ཟབ་མོ་འདིར་བརྩོན་མཛོད༔ ས་མ་ཡ༔ དཀར་ཕྱོགས་སྐྱོང་ལ་དཀར་གཏོར་དང་༔ ནག་ཕྱོགས་དམར་གྱི་གཏོར་མས་མཆོད༔ ལན་ཆགས་བགེགས་ལ་ཆངས་གླུད་འཇལ༔ འདི་ནི་སྔོན་འགྲོའི་ཆོ་གའོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ ཕྱི་ནང་གསང་བའི་དཀོན་མཆོག་གསུམ༔ ཡོངས་འདུས་བདག་ཉིད་བླ་མ་ལ༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ རྣམ་གསུམ་དད་པས་སྐྱབས་སུ་མཆི༔ ལན་གསུམ་བརྗོད་ཅིང་སེམས་བསྐྱེད་ནི༔  ཧོཿ  བླ་མེད་བླ་མའི་གསང་ཆེན་པོ༔ སྐུ་གསུམ་ཞི་ཁྲོའི་སྒོར་ཞུགས་ནས༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་བསྒྲལ་བར་སེམས་བསྐྱེད་དོ༔ ལན་གསུམ་དེ་ནས་བཀའ་བསྒོ་བ་ནི༔ ཧཱུྃ༔ འཁོར་འདས་དག་མཉམ་ཆེན་པོ་ལ༔ བགེགས་དང་གནོད་བྱེད་མིང་ཡང་མེད༔ མ་རིག་གཟུང་འཛིན་རྣམ་རྟོག་གི༔ རྒྱུ་རྐྱེན་བག་ཆགས་འཐས་པའི་བགེགས༔ བདག་མེད་ཆོས་ཉིད་ཆེན་པོར་བསྐྲད༔ ཡེ་ཤེས་མཚོན་ཐུན་དྲྭ་བ་འཁྲིགས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་མཚམས་གཅོད་པ་ནི༔ ཧཱུྃ༔ འཁོར་འདས་བརྡལ་བ་ཡུམ་གྱི་མཁའ༔ གཉིས་མེད་རོལ་པར་རྫོགས་སངས་རྒྱས༔ སྲུང་དང་བསྲུང་བྱའི་ཡུལ་ལས་འདས༔ ངང་གནས་ཡེ་ཤེས་སྲུང་བ་མཆོག༔ བཛྲ་རཀྵ་རཀྵ་ཧཱུྃ་བྷྲུྃ༔ དེ་ནས་བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ༔ ཨཱཿརིག་པ་ཡེ་ཤེས་རང་གསལ་སྒོ༔ བདག་རྟོག་སྒྲིབ་པས་བསྒྲིབས་པ་ཕྱེས༔ གཞི་དབྱིངས་དོན་གྱི་སངས་རྒྱས་ལ༔ རང་ཞལ་མཇལ་ཕྱིར་ཕྱག་འཚལ་ལོ༔ པྲ་ཝེ་ཤ་ཡ་ཕཊ༔ ན་མོ་ན་མ་ ཧོཿ  དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ ཀ་དག་སྤྲོས་པ་བྲལ་བའི་དབྱིངས༔ བླ་མ་ཆོས་སྐུས་བྱིན་ཆེན་ཕོབ༔ ལྷུན་གྲུབ་བདེ་བ་ཆེན་པོའི་དབྱིངས༔ བླ་མ་ལོངས་སྐུས་བྱིན་ཆེན་ཕོབ༔ ཐུགས་རྗེ་ཕྱོགས་མཐའ་ཡས་པའི་དབྱིངས༔ བླ་མ་སྤྲུལ་སྐུས་བྱིན་ཆེན་ཕོབ༔ སྣ་ཚོགས་ཐབས་ཀྱི་སྒྱུ་འཕྲུལ་ངོམས༔ རྒྱལ་བ་ཞི་ཁྲོས་བྱིན་ཆེན་ཕོབ༔ བཛྲ་ས་མ་ཡ་ཛ་ཛ་ཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ ཀུན་བཏགས་སྣང་བ་ཡངས་པའི་མཁར༔ ཆོས་སྐུའི་འདོད་ཡོན་རྒྱན་དུ་ཤར༔ མཆོད་སྤྲིན་མི་ཟད་ནམ་མཁའི་མཛོད༔ གདོད་ནས་ཡེ་ཤེས་བདུད་རྩིར་གནས༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་གུ་ཧྱ་པཱུ་ཛ་ཧོཿ དེ་ནས་ཏིང་འཛིན་རྣམ་གསུམ་ནི༔ ཨཱཿཆོས་ཉིད་བརྡལ་ཁྱབ་དེ་བཞིན་ཉིད༔ ཡེ་གནས་ཡེ་ཤེས་ཐུགས་རྗེ་ཆེ༔ ཐབས་མཆོག་རྒྱུ་ཉིད་རྩལ་དུ་ཤར༔ ཧཱུྃ་ཡིག་མཐིང་ནག་རང་བྱུང་བ༔ དེ་ནས་དཀྱིལ་འཁོར་ལྷ་བསྐྱེད་ནི༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང་༔ སྲུང་བའི་འཁོར་ལོ་རིམ་ལྔའི་དབུས༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ རྒྱན་དང་བཀོད་པ་ལྷུན་གྱིས་གྲུབ༔ དེ་དབུས་སྣ་ཚོགས་པདྨ་དང་༔ ཐབས་ཤེས་ཉི་ཟླ་བརྩེགས་པའི་སྟེང་༔ རང་ཉིད་རིགས་འདུས་བླ་མའི་སྐུ༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ ཞལ་གཅིག་ཕྱག་གཉིས་མཚན་དཔེས་སྤྲས༔ ཕྱག་གཡས་གསེར་གྱི་རྡོ་རྗེ་གཟིར༔ གཡོན་པས་བྷནྡྷ་ཚེ་བུམ་བསྣམས༔ རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས༔ པད་ཞྭ་བེར་མཐིང་ཕོད་ཁ་དང་༔ ཆོས་གོས་ཐང་ཤམ་སག་ལྷྭམ་གསོལ༔ གསང་བ་ཡུམ་གྱི་ཁ་ཊྭཱྃ་བརྟེན༔ ཡེ་ཤེས་འཇའ་ཐིག་ཀློང་དུ་བསྐྱེད༔ ཐུགས་ཀར་རྩ་འདབ་བརྒྱད་ཀྱི་དབུས༔ པདྨ་ཟླ་རྒྱས་གདན་སྟེང་དུ༔ ཀུན་བཟང་ཡབ་ཡུམ་འཁྲིལ་སྦྱོར་རོལ༔ དབུས་ན་རྣམ་སྣང་ཡབ་ཡུམ་དཀར༔ བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན༔ ཤར་དུ་རྡོར་སེམས་ཡབ་ཡུམ་མཐིང་༔ ས་གནོན་མཉམ་བཞག་ཕྱག་རྒྱ་ཅན༔ གཡས་སུ་ས་སྙིང་མྱུ་གུ་དཀར༔ གཡོན་དུ་བྱམས་པ་ཀླུ་ཤིང་དཀར༔ མདུན་དུ་ལཱ་སྱེ་མེ་ལོང་དཀར༔ རྒྱབ་ཏུ་པུཥྤེ་མེ་ཏོག་དཀར༔ ལྷོ་རུ་རིན་འབྱུང་ཡབ་ཡུམ་སེར༔ མཆོག་སྦྱིན་མཉམ་བཞག་ཕྱག་རྒྱ་ཅན༔ གཡས་སུ་ཀུན་བཟང་སྙེ་མ་སེར༔ གཡོན་དུ་ནམ་སྙིང་རལ་གྲི་སེར༔ མཱ་ལེ་སེར་མོ་ཕྲེང་ཐོགས་མདུན༔ དྷུ་པེ་སེར་མོ་སྤོས་འབུལ་རྒྱབ༔ ནུབ་ན་སྣང་མཐའ་ཡབ་ཡུམ་དམར༔ ཕྱག་གཉིས་མཉམ་བཞག་ཕྱག་རྒྱ་ཅན༔ གཡས་སུ་སྤྱན་གཟིགས་པདྨ་དམར༔ གཡོན་དུ་འཇམ་དཔལ་རལ་གྲི་དམར༔ མདུན་དུ་གྷིརྟི་པི་ཝཾ་དམར༔ རྒྱབ་ཏུ་ཨཱ་ལོ་མར་མེ་དམར༔ བྱང་ན་དོན་གྲུབ་ཡབ་ཡུམ་ལྗང་༔ སྐྱབས་སྦྱིན་མཉམ་བཞག་ཕྱག་རྒྱ་ཅན༔ གཡས་སུ་སྒྲིབ་སེལ་པོ་ཏི་ལྗང་༔ གཡོན་དུ་ཕྱག་རྡོར་དྲིལ་འཛིན་ལྗང་༔ མདུན་དུ་གནྡྷེ་དུང་ཕོར་ལྗང་༔ རྒྱབ་ཏུ་ནིརྟི་ཞལ་ཟས་ལྗང་༔ ཞི་བའི་ལྷ་ཚོགས་དེ་རྣམས་ནི༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན༔ འཇའ་འོད་ཐིག་ལེའི་ཀློང་དུ་གསལ༔ སྟེང་དུ་ལྷ་ཡི་ཐུབ་པ་དཀར༔ ཤར་ལྷོ་ལྷ་མིན་ཐུབ་པ་ལྗང་༔ ལྷོ་ནུབ་མི་ཡི་ཐུབ་པ་སེར༔ ནུབ་བྱང་བྱོལ་སོང་ཐུབ་པ་མཐིང་༔ བྱང་ཤར་ཡི་དྭགས་ཐུབ་པ་དམར༔ འོག་དུ་དམྱལ་བའི་ཐུབ་པ་ནག༔ ཀུན་ཀྱང་སྤྲུལ་སྐུའི་ཆ་ལུགས་ཅན༔ བཞེངས་པའི་སྟབས་ཀྱིས་པདྨར་བརྫིས༔ ཤར་དུ་རྣམ་རྒྱལ་ཡབ་ཡུམ་དཀར༔ ལྷོ་རུ་གཤིན་རྗེ་ཡབ་ཡུམ་སེར༔ ནུབ་ཏུ་རྟ་མགྲིན་ཡབ་ཡུམ་དམར༔ བྱང་དུ་བདུད་རྩི་ཡབ་ཡུམ་ལྗང་༔ ཁྲོ་བོ་མི་བཟད་འཇིགས་པའི་སྐུ༔ ཡེ་ཤེས་མེ་དཔུང་ཀློང་དུ་བསྐྱེད༔ ཞི་བའི་ལྷ་ཚོགས་དེ་རྣམས་ཀྱང་༔ གང་འདུལ་ཐུགས་རྗེའི་རང་གཟུགས་ལས༔ རྒྱན་དང་ཕྱག་མཚན་མ་ངེས་ཤར༔ འཁོར་བ་ཡོངས་སྒྲོལ་དཔལ་དུ་བསྐྱེད༔ མགྲིན་པར་པདྨ་འདབ་བཞིའི་དབུས༔ རིག་འཛིན་རྒྱལ་པོ་བདེ་ཆེན་དཔལ༔ རྣལ་འབྱོར་དམར་མོ་ཞི་མ་ཁྲོ༔ ཞལ་གཅིག་ཕྱག་གཉིས་དོར་སྟབས་འགྱིང་༔ ཤར་དུ་རྣམ་སྨིན་རིག་འཛིན་དཀར༔ ལྷོ་རུ་ཕྱག་རྒྱའི་རིག་འཛིན་སེར༔ ནུབ་ཏུ་ཚེ་དབང་རིག་འཛིན་དམར༔ བྱང་དུ་ལྷུན་གྲུབ་རིག་འཛིན་ལྗང་༔ ཀུན་ཀྱང་གསལ་འཚེར་ལྷུན་སྡུག་ཅིང་༔ ཡེ་ཤེས་འཇའ་ཐིག་ཀློང་དུ་བསྐྱེད༔ སྤྱི་བོ་བདེ་ཆེན་འཁོར་ལོ་རུ༔ ཞི་བའི་སྒྱུ་འཕྲུལ་ཁྲོ་བོར་ཤར༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་རུ༔ བྱོལ་སོང་བརྒྱད་ཀྱིས་བཏེགས་པའི་ཁྲིར༔ པདྨ་ཉི་ཟླ་བམ་ཆེན་སྟེང་༔ སྤྱི་དཔལ་ཆེ་མཆོག་ཡབ་ཡུམ་སྨུག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ བུདྡྷ་ཧེ་རུ་ཡབ་ཡུམ་དབུས༔ དཀར་སྨུག་ཞལ་གསུམ་ཕྱག་དྲུག་པ༔ བཛྲ་ཀྲོ་དྷ་ཡབ་ཡུམ་ཤར༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ རཏྣ་ཀྲོ་དྷ་ཡབ་ཡུམ་ལྷོ༔ སེར་ནག་ཞལ་གསུམ་ཕྱག་དྲུག་པ༔ པདྨ་ཀྲོ་དྷ་ཡབ་ཡུམ་ནུབ༔ དམར་ནག་ཞལ་གསུམ་ཕྱག་དྲུག་པ༔ ཀརྨ་ཀྲོ་དྷ་ཡབ་ཡུམ་བྱང་༔ ལྗང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཀུན་ཀྱང་ཁྲོ་གཏུམ་རྔམས་བརྗིད་འབར༔ དུར་ཁྲོད་ཆས་ལྡན་གཤོག་པ་བརྒྱང་༔ དུག་ལྔ་དབྱིངས་སྒྲོལ་ཕྱག་མཚན་གདེངས༔ ཞབས་བཞིས་ལོག་རྟོག་རཱུ་དྲ་གནོན༔ དཔལ་གྱི་ཆས་ལྡན་གར་དགུའི་ཉམས༔ རབ་རྫོགས་དྲག་པོ་དཀྱིལ་འཁོར་ཀུན༔ ཡོངས་འདུས་བདག་ཉིད་ཆེན་པོར་བསྐྱེད༔ དེ་ཡི་ཕྱི་རིམ་ཕྱོགས་བཞི་རུ༔ ཀཽ་རི་དཀར་མོས་ཞིང་དབྱུག་ཐོགས༔ ཙོའུ་རི་སེར་མོས་མདའ་གཞུ་འགེངས༔ པྲ་མོ་ཆུ་སྲིན་རྒྱལ་མཚན་ཕྱར༔ བཻ་ཏ་ལྗང་མོས་དུང་ཁྲག་འཐུང་༔ མཚམས་བཞིར་ཞིང་རྐྱང་གདན་སྟེང་དུ༔ པུསྐ་སེར་མོས་རྒྱུ་མ་འདྲེན༔ གསྨ་ལྗང་ནག་བྷན་དམར་ཐོགས༔ ཙནྡྷ་སེར་སྐྱས་རྒྱུ་མ་ཟ༔ སྨེ་ཤ་མཐིང་ནག་མི་རོ་གསོལ༔ མ་མོ་ཆེན་མོ་དེ་རྣམས་ཀྱང་༔ རབ་ཁྲོས་སྟག་གི་ཤམ་སྨད་དཀྲིས༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ དེ་ཡི་ཕྱི་རིམ་ཕྱོགས་བཞི་རུ༔ སེང་གདོང་སྨུག་ནག་བམ་ཆེན་གསོལ༔ སྟག་གདོང་དམར་སྐྱས་ལག་གཉིས་བསྣོལ༔ ཝ་གདོང་ནག་མོས་སྤུ་གྲི་ཐོགས༔ སྤྱང་གདོང་སྔོན་མོས་མི་རོ་ཐོགས༔ མཚམས་བཞིར་རོ་ཡི་གདན་སྟེང་དུ༔ ཀྲྀ་ཏ་སེར་སྐྱས་རྒྱུ་མ་འདྲེན༔ ཀངྐ་དམར་ནག་ཞིང་ཕྲག་བསྣམས༔ ཁ་ཁ་ནག་མོས་བྷན་གྲི་ཐོགས༔ ཧུ་ལུ་མཐིང་སྐྱས་ལྕགས་ཀྱུ་བསྣམས༔ གསོད་ཅིང་ཟ་བྱེད་ཕྲ་མེན་བརྒྱད༔ གཟིག་ཤམ་གསོལ་ཞིང་འགྱིང་ཚུལ་ལྡན༔ ཕྱོགས་བཞི་ཞིང་གི་གདན་སྟེང་དུ༔ རྟ་གདོང་དཀར་མོས་ལྕགས་ཀྱུ་འཛིན༔ ཕག་གདོང་ནག་མོས་ཞགས་པ་ཐོགས༔ སེང་གདོང་དམར་མོས་ལྕགས་སྒྲོག་བསྣམས༔ སྦྲུལ་གདོང་ལྗང་མོས་དྲིལ་བུ་འཁྲོལ༔ དཀྱིལ་འཁོར་ཕྱི་རིམ་ཁོར་ཡུག་ཏུ༔ དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད༔ སྲིན་མོ་ཁྲོས་པའི་ཆ་ལུགས་ཅན༔ མགོ་བརྙན་རྣམ་འགྱུར་མ་ངེས་སྟོན༔ བཀོད་པ་ལུས་ཀྱི་གཞལ་ཡས་སུ༔ བརྟེན་པ་རྩ་རླུང་ཐིག་ལེའི་ཁམས༔ གནས་དག་རྒྱལ་བའི་དཀྱིལ་འཁོར་ཀུན༔ ཡེ་ཤེས་གསང་ཆེན་སྒྱུ་འཕྲུལ་དུ༔ མ་འདྲེས་ཡོངས་རྫོགས་ཆེན་པོར་བསྐྱེད༔ ཤར་དུ་མཚོ་སྐྱེས་རྡོ་རྗེ་མཐིང་༔ ཡབ་ཡུམ་རྡོར་དྲིལ་བསྣོལསྟབས་སྦྱོར༔ ལྷོ་རུ་ཉི་མ་འོད་ཟེར་སེར༔ ཕྱག་གཡས་ཁ་ཊྭཱྃ་གཡོན་ཉི་ཟེར༔ ནུབ་ཏུ་པདྨ་རྒྱལ་པོ་དམར༔ ཕྱག་གཡས་ཌཱ་རུ་གཡོན་མེ་ལོང་༔ བྱང་དུ་སེང་གེ་སྒྲ་སྒྲོག་མཐིང་༔ ཕྱག་གཡས་རྡོ་རྗེ་གཡོན་སྡིགས་མཛུབ༔ ཤར་ལྷོ་པདྨ་སཾ་བྷ་དཀར༔ ཕྱག་གཡས་པད་ཕོར་གཡོན་སྐྱབས་སྦྱིན༔ ལྷོ་ནུབ་ཤཱཀྱ་སེང་གེ་སེར༔ ཕྱག་གཡས་རྡོ་རྗེ་གཡོན་ལྷུང་བཟེད༔ ནུབ་བྱང་བློ་ལྡན་མཆོག་སྲེད་དམར༔ ཕྱག་གཡས་ཌཱ་རུ་གཡོན་བྷནྡྷ༔ བྱང་ཤར་རྡོ་རྗེ་ཁྲོ་ལོད་སྨུག༔ ཕྱག་གཡས་རྡོ་རྗེ་གཡོན་ལྕགས་ཕུར༔ དེ་ཡི་ཕྱི་རིམ་འདབ་བརྒྱད་སྟེང་༔ གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད༔ རྗེ་འབངས་ཉེར་ལྔ་ལ་སོགས་པའི༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ རིག་འཛིན་མཁའ་འགྲོའི་དཀྱིལ་འཁོར་ལྷ༔ ཏིལ་གོང་ཁ་ཕྱེས་བཞིན་དུ་གསལ༔ སྒོ་བཞིར་གིང་ཆེན་སྡེ་བཞི་བསྐྱེད༔ གསང་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་འོག་མིན་ཆོས་དབྱིངས་དང་༔ པདྨ་འོད་ཀྱི་ཞིང་ཁམས་ནས༔ ཡེ་ཤེས་པ་རྣམས་སྤྱན་དྲངས་བསྟིམ༔ སྤོས་བསྲེགས་རོལ་མོའི་སྒྲ་དབྱངས་ཀྱིས༔ སྤྱན་འདྲེན་རིམ་པ་འདི་ལྟ་སྟེ༔ ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧྲཱིཿབརྡལ་ཁྱབ་ཆོས་སྐུའི་ཕོ་བྲང་ནས༔ ལྷུན་གྲུབ་སྒྱུ་འཕྲུལ་ཞི་ཁྲོའི་ཚོགས༔ སྣ་ཚོགས་ཐབས་ཀྱི་སྐུར་བཞེངས་ལ༔ གང་འདུལ་མཛད་ཕྱིར་གཤེགས་སུ་གསོལ༔ ཆོས་ཉིད་གཡོ་བ་མེད་པ་ལས༔ གདུལ་བྱའི་མོས་ངོར་ཐུགས་རྗེའི་འཕྲུལ༔ རིག་འཛིན་བླ་མ་གཤེགས་སུ་གསོལ༔ དོན་ལ་གཤེགས་བཞུད་མི་མངའ་ཡང་༔ བརྒྱུད་འཛིན་རྗེས་སུ་བཟུང་བའི་ཕྱིར༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ཤིག༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ་ཛཿཕེཾ་ཕེཾ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿགདོད་ནས་རྩ་རླུང་ཐིག་ལེའི་ཁམས༔ བཀོད་པ་རྒྱལ་བའི་དཀྱིལ་འཁོར་དུ༔ རང་བྱུང་རང་ཤར་དོན་གྱི་ལྷ༔ གཉིས་མེད་ཡེ་རྫོགས་ཆེན་པོར་བཞུགས༔ བཛྲ་ས་མ་ཡ་ཛྙཱ་ན་ཏིཥྛ་ལྷན༔ ས་མ་ཡ་ཏི་སྟྭཾ༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ ཡེ་རིག་ཆོས་སྐུའི་བླ་མ་ཉིད༔ རང་གདངས་ལྷུན་གྲུབ་ཞི་ཁྲོའི་དལ༔ ཐུགས་རྗེའི་རྩལ་ཤུགས་རོལ་པའི་འཁོར༔ ཡོངས་གྲུབ་ཆེན་པོར་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་མཆོད་འབུལ་རིམ་པ་ལ༔ ཉེར་སྤྱོད་བདུན་གྱི་མཆོད་པ་ནི༔ ཧཱུྃ༔ ཕྱི་ལྟར་སྣང་བ་སྣོད་བཅུད་ཀྱི༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་དཔལ༔ གདོད་ནས་ཉེར་སྤྱོད་རོལ་པ་ཡི༔ རང་བྱུང་རང་ཤར་མཆོད་པའི་སྤྲིན༔ བླ་མ་ཞི་ཁྲོ་འདུས་པ་ཡི༔ དཀྱིལ་འཁོར་ལྷ་ལ་འབུལ་གྱི་བཞེས༔ འགྲོ་ཀུན་ཚོགས་རྫོགས་སྒྲིབ་སྦྱངས་ནས༔ ཐར་པ་ཆེན་པོའི་ས་ལ་དྲོངས༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧོཿ འདོད་ཡོན་ལྔ་ཡི་མཆོད་པ་ནི༔ ཧཱུྃ༔ དབང་པོའི་ཡུལ་དྲུག་སྣང་བའི་ཆོས༔ འདོད་ཡོན་ལྔ་ཡི་རྒྱན་དུ་ཆེ༔ རང་བྱུང་མཆོད་པའི་མཆོག་ཆེན་པོ༔ མི་ཟད་རྒྱན་གྱི་འཁོར་ལོ་འདི༔ བླ་མ་ཞི་ཁྲོ་འདུས་པ་ཡི༔ དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ༔ འགྲོ་ཀུན་ཚོགས་གཉིས་རབ་རྫོགས་ནས༔ དམ་པ་སྐུ་གཉིས་ཐོབ་པར་ཤོག༔ ཨོཾ་ཨཱཿརཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ བདུད་རྩི་སྨན་གྱི་མཆོད་པ་ནི༔ ཧཱུྃ༔ འབྲུ་ལྔའི་སྙིང་པོ་ཡེ་ཤེས་བཅུད༔ དུག་ལྔའི་ནད་སེལ་སྨན་ཆེན་པོ༔ བླ་མ་ཞི་ཁྲོ་ཡོངས་རྫོགས་ཀྱི༔ དཀྱིལ་འཁོར་ལྷ་ལ་འབུལ་གྱིས་བཞེས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ རཀྟ་དམར་གྱི་མཆོད་པ་ནི༔ ཧཱུྃ༔ ཁམས་གསུམ་འཁོར་བ་གཞི་རུ་བསྒྲལ༔ རྒྱུ་རྐྱེན་བཅོམ་པའི་དམར་ཆེན་ཁྲག༔ བླ་མ་ཞི་ཁྲོ་ཡོངས་རྫོགས་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་ཕྱིར་འབུལ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ གཏོར་མའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣང་བ་སྣོད་ཀྱི་གཞོང་པ་རུ༔ སྲིད་པ་བཅུད་ཀྱི་གཏོར་མས་གཏམས༔ བླ་མ་ཞི་ཁྲོའི་ཚོགས་ལ་འབུལ༔ འཁོར་བ་མྱང་འདས་དབྱིངས་སུ་བསྒྲལ༔ མ་ཧཱ་བ་ལིངྟ་སརྦ་པཱུ་ཛ་ཁཱ་ཧི༔ དེ་ནས་གསང་བའི་མཆོད་པ་ནི༔ ཧཱུྃ༔ ཤེས་རབ་སྟོང་ཆེན་ཡུམ་གྱི་འཕྲུལ༔ གསང་བ་བདེ་སྟོང་རིག་མ་འབུམ༔ དགྱེས་ཆགས་དགའ་བདེའི་རྣམ་འགྱུར་རྩེ༔ བླ་མ་ཞི་ཁྲོ་དགྱེས་ཕྱིར་འབུལ༔ མ་ཧཱ་མུ་དྲ་སརྦ་པཱུ་ཛ་ ཧོཿ  དེ་ནས་སྦྱོར་བའི་མཆོད་པ་ནི༔ ཧཱུྃ༔ སྣང་བ་ཐབས་མཆོག་རྒྱལ་པོ་ཉིད༔ སྟོང་ཆེན་ཤེས་རབ་བྷ་གར་རོལ༔ འདུ་འབྲལ་མེད་པའི་བྱང་ཆུབ་སེམས༔ བདེ་ཆེན་བཅུད་ཀྱི་མཆོད་པ་འབུལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ ཧོཿ  དེ་ནས་སྒྲོལ་བའི་མཆོད་པ་ནི༔ ཧཱུྃ༔ བདག་རྟོག་མ་ཏྲཾ་མ་རཱུ་དྲ༔ བདག་མེད་སྟོང་ཉིད་ཡུམ་མཁར་བསྡུས༔ ཐབས་མཆོག་རིག་པའི་རྡོ་རྗེས་བརྡུང༔ ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས༔ བླ་མ་ཞི་ཁྲོའི་ཚོགས་ལ་འབུལ༔ རྣམ་གྲོལ་འབྲས་བུ་ཐོབ་པར་ཤོག༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་པཱུ་ཛ་ཧོཿ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ ཀ་དག་སྐྱེ་མེད་ཆོས་སྐུ་སྤྲོས་མཐའ་བྲལ༔ རང་བཞིན་རྣམ་དག་བདེ་ཆེན་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་རང་རྩལ་འགྲོ་འདུལ་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་མཆོག་ལ་ཕྱག་འཚལ་བསྟོད༔ གཞི་དབྱིངས་སྐྱེ་མེད་ཆོས་ཉིད་ནམ་མཁའ་ཆེ༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་༔ དང་པོའི་སངས་རྒྱས་འོད་མི་འགྱུར་བའི་སྐུ༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ སྐུ་ལྔ་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས༔ ཐབས་ཤེས་འདུ་འབྲལ་མེད་པའི་སྐུར་སྣང་བ༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་རྒྱུ༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད༔ ཡེ་རིག་མཐའ་བྲལ་ཆོས་ཉིད་རོལ་པའི་རྩལ༔ ཡེ་ཤེས་གསལ་བའི་མདངས་དང་གདངས་ཀྱི་ངང་༔ ཉོན་མོངས་ཕྱོགས་ལས་རྣམ་རྒྱལ་དཔའ་བོ་ཆེ༔ སེམས་དཔའ་སེམས་མ་རྣམས༴ རྒྱུ་དྲུག་འཁོར་བ་དབྱིངས་སྒྲོལ་ཐུགས་རྗེའི་ཤུགས༔ གདུལ་དཀའ་འདུལ་མཛད་སྤྲུལ་པའི་སྐུ་རུ་ཤར༔ སྣ་ཚོགས་ཐབས་ཀྱི་སེམས་ཅན་བདེ་ལ་བཀོད༔ བཅོམ་ལྡན་ཐུབ་པ་དྲུག་ལ༴ མཚན་མ་ཚིག་དང་བྲལ་བའི་ཡེ་ཤེས་ལ༔ ཉོན་མོངས་སྒོ་འཕར་གཅོད་པའི་ཆོས་ཉིད་ཤར༔ ཚད་མེད་རྣམ་བཞིའི་ཕྲིན་ལས་མངའ་དབང་བསྒྱུར༔ སྒོ་བ་ཡབ་ཡུམ་བརྒྱད་ལ༴ རང་སྣང་རྣམ་དག་ཡེ་ཤེས་དཀྱིལ་འཁོར་ལ༔ དབང་བསྒྱུར་བདེ་བ་ཆེན་པོའི་ས་ལ་གཤེགས༔ མ་རིག་ལས་འདས་བདེ་གཤེགས་རིག་པ་འཛིན༔ བླ་མ་རིག་འཛིན་ཚོགས་ལ༴ ཧཱུྃ༔ རིག་པའི་རྒྱལ་པོས་མ་རིག་གཞོམ༔ སྤྱི་དཔལ་གཙོ་ལ་ཕྱག་འཚལ་བསྟོད༔ ཤེས་རབ་ཆེན་པོས་མུན་པ་སེལ༔ སྐུ་མཆོག་དཔལ་ལ༴ ཞེ་སྡང་རྡོ་རྗེས་ཞེ་སྡང་འཇོམས༔ ཐུགས་མཆོག་དཔལ་ལ༴ ང་རྒྱལ་དབང་པོས་ང་རྒྱལ་འཇོམས༔ ཡོན་ཏན་དཔལ་ལ༴ འདོད་པའི་རྒྱལ་པོས་འདོད་ཆགས་འཇོམས༔ གསུང་མཆོག་དཔལ་ལ༴ ཕྲག་དོག་རྒྱལ་པོས་ཕྲག་དོག་འཇོམས༔ ཕྲིན་ལས་དཔལ་ལ༴ འབྱུང་བའི་དབང་ཕྱུག་བདག་རྟོག་གཞིག༔ ཀྲོ་དྷི་ཡུམ་ལ༴ གནས་ཀྱི་མ་མོས་ཀུན་རྟོག་གཞོམ༔ ཀོའུ་རི་བརྒྱད་ལ༴ ཡུལ་གྱི་བདག་མོས་གཉིས་སྣང་འཇོམས༔ སེང་ཧ་བརྒྱད་ལ༴ སྐྱེ་རྒྱུད་བདག་མོས་སྐྱེ་སྒོ་ཁེག༔ སྒོ་མ་བཞི་ལ༴ སྣ་ཚོགས་ཐབས་ཀྱི་ལོག་རྟོག་འཇོམས༔ དབང་ཕྱུག་ཚོགས་ལ༴ སྲིད་པ་ལེགས་ཉེས་བྱེད་པ་མོ༔ མ་མོའི་ཚོགས༴ ཧཱུྃ༔ རང་སྣང་སྐུ་དང་ཡེ་ཤེས་ཀྱི༔ བཀོད་པ་རྒྱལ་བའི་དཀྱིལ་འཁོར་འདིར༔ སྒྱུ་འཕྲུལ་རོལ་པའི་ལྷར་སྣང་བཀོད༔ དབྱིངས་སུ་ཐ་དད་མ་གྲུབ་ཀྱང་༔ གང་འདུལ་ཐབས་ཀྱི་གཟུགས་སྐུར་ཤར༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བསྟོད༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿ བླ་མ་སྒྱུ་འཕྲུལ་ཞི་ཁྲོ་དགོངས༔ བདག་ནི་མ་རིགས་དབང་གྱུར་ཏེ༔ གཟུང་འཛིན་ལམ་དུ་འཁྲུལ་པའི་ལས༔ ལོག་པར་རྟོག་དང་དམ་ཉམས་སྒྲིབ༔ ད་ནི་རང་རིག་ཡེ་ཤེས་ཀྱིས༔ དག་མཉམ་ཆེན་པོར་བཤགས་བགྱིའོ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་སཏྭ་ཨ༔ འདི་ནི་ཡང་གསང་ཟབ་རྒྱའི་བཅུད༔ གང་གིས་ཉམས་སུ་བླངས་པའི་མི༔ བསྐྱེད་དང་བསྒོམ་པའི་གནད་ལྡན་ན༔ མི་ལོ་གསུམ་གྱིས་གྲུབ་པ་ཐོབ༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་འགྲུབ༔ འདི་ནི་དུས་གསུམ་རྒྱལ་བ་ཀུན༔ གཅིག་དྲིལ་སྒྲུབ་པ་བླ་ན་མེད༔ མཐོང་ཐོས་དྲན་རེག་རྣམ་པར་གྲོལ༔ ས་སྟེང་འགྲན་ཟླ་བྲལ་བ་ཡིན༔ བྱིན་རླབས་རྣོ་ནུས་དཔག་ཏུ་མེད༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ སྔགས་སྲུང་ཨེ་ཀ་ཙ་ཏིས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ཉམས་སུ་ལེན་པའི་བུ་སློབ་སྐྱོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་འོད་གསལ་རྫོགས་པ་ཆེན་པོ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 16:01, 4 September 2025

Wylie title zab gsang mkha' 'gro'i snying thig las: bla ma zhi khro 'dus pa'i sgrub pa thar lam shing rta: TTDL-ZABTER-03-GA-042.pdf
Location bdud 'joms gling pa zab gter
Volume 3, Text 42, Pages 403-419 (Folios 1a1 to 9a3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bla ma zhi khro 'dus pa'i sgrub pa thar lam shing rta. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 403-419. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las byang   Verso: bdud 'joms bla ma zhi khro
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Manual - las byang
Cycle བླ་མ་ཞི་ཁྲོ་འདུས་པ་ (bla ma zhi khro 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity zhi khro
Colophon

ཞེས་པ་འདི་ནི་འོད་གསལ་རྫོགས་པ་ཆེན་པོ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di ni 'od gsal rdzogs pa chen po ye shes sgyu ma'i rnal 'byor bdud 'joms rdo rjes gter nas bton te mi lo nyi shu'i bar du bka' rgya byas mthar smar mdo bkra shis dga' 'khyil du dag par phab pa'i yi ge pa ni phun tshogs bkra shis so/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་ཞི་ཁྲོ་འདུས་པའི་སྒྲུབ་པ་ཐར་ལམ་ཤིང་རྟ་བཞུགས་སོ༔


ཐྂ༎༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བླ་མ་ཞི་ཁྲོ་འདུས་པ་ཡི༔ སྒྲུབ་པ་ཐར་ལམ་ཤིང་རྟ་འདི༔ ལག་ཏུ་ལེན་པའི་རིམ་པ་ནི༔ དཀྱིལ་འཁོར་བཀོད་ལེགས་མཛེས་ལྡན་ལ༔ ཚོམ་བུ་རས་བྲིས་གང་རུང་ངམ༔ ཡང་ན་སྒྲུབ་གཏོར་ཙམ་ལ་བརྟེན༔ སྒྲུབ་པ་ཟབ་མོ་འདིར་བརྩོན་མཛོད༔ ས་མ་ཡ༔ དཀར་ཕྱོགས་སྐྱོང་ལ་དཀར་གཏོར་དང་༔ ནག་ཕྱོགས་དམར་གྱི་གཏོར་མས་མཆོད༔ ལན་ཆགས་བགེགས་ལ་ཆངས་གླུད་འཇལ༔ འདི་ནི་སྔོན་འགྲོའི་ཆོ་གའོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ ཕྱི་ནང་གསང་བའི་དཀོན་མཆོག་གསུམ༔ ཡོངས་འདུས་བདག་ཉིད་བླ་མ་ལ༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ རྣམ་གསུམ་དད་པས་སྐྱབས་སུ་མཆི༔ ལན་གསུམ་བརྗོད་ཅིང་སེམས་བསྐྱེད་ནི༔ ཧོཿ བླ་མེད་བླ་མའི་གསང་ཆེན་པོ༔ སྐུ་གསུམ་ཞི་ཁྲོའི་སྒོར་ཞུགས་ནས༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དྲུག་བསྒྲལ་བར་སེམས་བསྐྱེད་དོ༔ ལན་གསུམ་དེ་ནས་བཀའ་བསྒོ་བ་ནི༔ ཧཱུྃ༔ འཁོར་འདས་དག་མཉམ་ཆེན་པོ་ལ༔ བགེགས་དང་གནོད་བྱེད་མིང་ཡང་མེད༔ མ་རིག་གཟུང་འཛིན་རྣམ་རྟོག་གི༔ རྒྱུ་རྐྱེན་བག་ཆགས་འཐས་པའི་བགེགས༔ བདག་མེད་ཆོས་ཉིད་ཆེན་པོར་བསྐྲད༔ ཡེ་ཤེས་མཚོན་ཐུན་དྲྭ་བ་འཁྲིགས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ དེ་ནས་མཚམས་གཅོད་པ་ནི༔ ཧཱུྃ༔ འཁོར་འདས་བརྡལ་བ་ཡུམ་གྱི་མཁའ༔ གཉིས་མེད་རོལ་པར་རྫོགས་སངས་རྒྱས༔ སྲུང་དང་བསྲུང་བྱའི་ཡུལ་ལས་འདས༔ ངང་གནས་ཡེ་ཤེས་སྲུང་བ་མཆོག༔ བཛྲ་རཀྵ་རཀྵ་ཧཱུྃ་བྷྲུྃ༔ དེ་ནས་བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ༔ ཨཱཿརིག་པ་ཡེ་ཤེས་རང་གསལ་སྒོ༔ བདག་རྟོག་སྒྲིབ་པས་བསྒྲིབས་པ་ཕྱེས༔ གཞི་དབྱིངས་དོན་གྱི་སངས་རྒྱས་ལ༔ རང་ཞལ་མཇལ་ཕྱིར་ཕྱག་འཚལ་ལོ༔ པྲ་ཝེ་ཤ་ཡ་ཕཊ༔ ན་མོ་ན་མ་ ཧོཿ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ ཀ་དག་སྤྲོས་པ་བྲལ་བའི་དབྱིངས༔ བླ་མ་ཆོས་སྐུས་བྱིན་ཆེན་ཕོབ༔ ལྷུན་གྲུབ་བདེ་བ་ཆེན་པོའི་དབྱིངས༔ བླ་མ་ལོངས་སྐུས་བྱིན་ཆེན་ཕོབ༔ ཐུགས་རྗེ་ཕྱོགས་མཐའ་ཡས་པའི་དབྱིངས༔ བླ་མ་སྤྲུལ་སྐུས་བྱིན་ཆེན་ཕོབ༔ སྣ་ཚོགས་ཐབས་ཀྱི་སྒྱུ་འཕྲུལ་ངོམས༔ རྒྱལ་བ་ཞི་ཁྲོས་བྱིན་ཆེན་ཕོབ༔ བཛྲ་ས་མ་ཡ་ཛ་ཛ་ཨ་ཝེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ ཀུན་བཏགས་སྣང་བ་ཡངས་པའི་མཁར༔ ཆོས་སྐུའི་འདོད་ཡོན་རྒྱན་དུ་ཤར༔ མཆོད་སྤྲིན་མི་ཟད་ནམ་མཁའི་མཛོད༔ གདོད་ནས་ཡེ་ཤེས་བདུད་རྩིར་གནས༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་གུ་ཧྱ་པཱུ་ཛ་ཧོཿ དེ་ནས་ཏིང་འཛིན་རྣམ་གསུམ་ནི༔ ཨཱཿཆོས་ཉིད་བརྡལ་ཁྱབ་དེ་བཞིན་ཉིད༔ ཡེ་གནས་ཡེ་ཤེས་ཐུགས་རྗེ་ཆེ༔ ཐབས་མཆོག་རྒྱུ་ཉིད་རྩལ་དུ་ཤར༔ ཧཱུྃ་ཡིག་མཐིང་ནག་རང་བྱུང་བ༔ དེ་ནས་དཀྱིལ་འཁོར་ལྷ་བསྐྱེད་ནི༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང་༔ སྲུང་བའི་འཁོར་ལོ་རིམ་ལྔའི་དབུས༔ ཡེ་ཤེས་ལྔ་ལྡན་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ རྒྱན་དང་བཀོད་པ་ལྷུན་གྱིས་གྲུབ༔ དེ་དབུས་སྣ་ཚོགས་པདྨ་དང་༔ ཐབས་ཤེས་ཉི་ཟླ་བརྩེགས་པའི་སྟེང་༔ རང་ཉིད་རིགས་འདུས་བླ་མའི་སྐུ༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔ དཀར་དམར་མདངས་ལྡན་ཞི་མ་ཁྲོ༔ ཞལ་གཅིག་ཕྱག་གཉིས་མཚན་དཔེས་སྤྲས༔ ཕྱག་གཡས་གསེར་གྱི་རྡོ་རྗེ་གཟིར༔ གཡོན་པས་བྷནྡྷ་ཚེ་བུམ་བསྣམས༔ རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས༔ པད་ཞྭ་བེར་མཐིང་ཕོད་ཁ་དང་༔ ཆོས་གོས་ཐང་ཤམ་སག་ལྷྭམ་གསོལ༔ གསང་བ་ཡུམ་གྱི་ཁ་ཊྭཱྃ་བརྟེན༔ ཡེ་ཤེས་འཇའ་ཐིག་ཀློང་དུ་བསྐྱེད༔ ཐུགས་ཀར་རྩ་འདབ་བརྒྱད་ཀྱི་དབུས༔ པདྨ་ཟླ་རྒྱས་གདན་སྟེང་དུ༔ ཀུན་བཟང་ཡབ་ཡུམ་འཁྲིལ་སྦྱོར་རོལ༔ དབུས་ན་རྣམ་སྣང་ཡབ་ཡུམ་དཀར༔ བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན༔ ཤར་དུ་རྡོར་སེམས་ཡབ་ཡུམ་མཐིང་༔ ས་གནོན་མཉམ་བཞག་ཕྱག་རྒྱ་ཅན༔ གཡས་སུ་ས་སྙིང་མྱུ་གུ་དཀར༔ གཡོན་དུ་བྱམས་པ་ཀླུ་ཤིང་དཀར༔ མདུན་དུ་ལཱ་སྱེ་མེ་ལོང་དཀར༔ རྒྱབ་ཏུ་པུཥྤེ་མེ་ཏོག་དཀར༔ ལྷོ་རུ་རིན་འབྱུང་ཡབ་ཡུམ་སེར༔ མཆོག་སྦྱིན་མཉམ་བཞག་ཕྱག་རྒྱ་ཅན༔ གཡས་སུ་ཀུན་བཟང་སྙེ་མ་སེར༔ གཡོན་དུ་ནམ་སྙིང་རལ་གྲི་སེར༔ མཱ་ལེ་སེར་མོ་ཕྲེང་ཐོགས་མདུན༔ དྷུ་པེ་སེར་མོ་སྤོས་འབུལ་རྒྱབ༔ ནུབ་ན་སྣང་མཐའ་ཡབ་ཡུམ་དམར༔ ཕྱག་གཉིས་མཉམ་བཞག་ཕྱག་རྒྱ་ཅན༔ གཡས་སུ་སྤྱན་གཟིགས་པདྨ་དམར༔ གཡོན་དུ་འཇམ་དཔལ་རལ་གྲི་དམར༔ མདུན་དུ་གྷིརྟི་པི་ཝཾ་དམར༔ རྒྱབ་ཏུ་ཨཱ་ལོ་མར་མེ་དམར༔ བྱང་ན་དོན་གྲུབ་ཡབ་ཡུམ་ལྗང་༔ སྐྱབས་སྦྱིན་མཉམ་བཞག་ཕྱག་རྒྱ་ཅན༔ གཡས་སུ་སྒྲིབ་སེལ་པོ་ཏི་ལྗང་༔ གཡོན་དུ་ཕྱག་རྡོར་དྲིལ་འཛིན་ལྗང་༔ མདུན་དུ་གནྡྷེ་དུང་ཕོར་ལྗང་༔ རྒྱབ་ཏུ་ནིརྟི་ཞལ་ཟས་ལྗང་༔ ཞི་བའི་ལྷ་ཚོགས་དེ་རྣམས་ནི༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན༔ འཇའ་འོད་ཐིག་ལེའི་ཀློང་དུ་གསལ༔ སྟེང་དུ་ལྷ་ཡི་ཐུབ་པ་དཀར༔ ཤར་ལྷོ་ལྷ་མིན་ཐུབ་པ་ལྗང་༔ ལྷོ་ནུབ་མི་ཡི་ཐུབ་པ་སེར༔ ནུབ་བྱང་བྱོལ་སོང་ཐུབ་པ་མཐིང་༔ བྱང་ཤར་ཡི་དྭགས་ཐུབ་པ་དམར༔ འོག་དུ་དམྱལ་བའི་ཐུབ་པ་ནག༔ ཀུན་ཀྱང་སྤྲུལ་སྐུའི་ཆ་ལུགས་ཅན༔ བཞེངས་པའི་སྟབས་ཀྱིས་པདྨར་བརྫིས༔ ཤར་དུ་རྣམ་རྒྱལ་ཡབ་ཡུམ་དཀར༔ ལྷོ་རུ་གཤིན་རྗེ་ཡབ་ཡུམ་སེར༔ ནུབ་ཏུ་རྟ་མགྲིན་ཡབ་ཡུམ་དམར༔ བྱང་དུ་བདུད་རྩི་ཡབ་ཡུམ་ལྗང་༔ ཁྲོ་བོ་མི་བཟད་འཇིགས་པའི་སྐུ༔ ཡེ་ཤེས་མེ་དཔུང་ཀློང་དུ་བསྐྱེད༔ ཞི་བའི་ལྷ་ཚོགས་དེ་རྣམས་ཀྱང་༔ གང་འདུལ་ཐུགས་རྗེའི་རང་གཟུགས་ལས༔ རྒྱན་དང་ཕྱག་མཚན་མ་ངེས་ཤར༔ འཁོར་བ་ཡོངས་སྒྲོལ་དཔལ་དུ་བསྐྱེད༔ མགྲིན་པར་པདྨ་འདབ་བཞིའི་དབུས༔ རིག་འཛིན་རྒྱལ་པོ་བདེ་ཆེན་དཔལ༔ རྣལ་འབྱོར་དམར་མོ་ཞི་མ་ཁྲོ༔ ཞལ་གཅིག་ཕྱག་གཉིས་དོར་སྟབས་འགྱིང་༔ ཤར་དུ་རྣམ་སྨིན་རིག་འཛིན་དཀར༔ ལྷོ་རུ་ཕྱག་རྒྱའི་རིག་འཛིན་སེར༔ ནུབ་ཏུ་ཚེ་དབང་རིག་འཛིན་དམར༔ བྱང་དུ་ལྷུན་གྲུབ་རིག་འཛིན་ལྗང་༔ ཀུན་ཀྱང་གསལ་འཚེར་ལྷུན་སྡུག་ཅིང་༔ ཡེ་ཤེས་འཇའ་ཐིག་ཀློང་དུ་བསྐྱེད༔ སྤྱི་བོ་བདེ་ཆེན་འཁོར་ལོ་རུ༔ ཞི་བའི་སྒྱུ་འཕྲུལ་ཁྲོ་བོར་ཤར༔ འཁོར་ལོ་རྩིབས་བཞིའི་ལྟེ་བ་རུ༔ བྱོལ་སོང་བརྒྱད་ཀྱིས་བཏེགས་པའི་ཁྲིར༔ པདྨ་ཉི་ཟླ་བམ་ཆེན་སྟེང་༔ སྤྱི་དཔལ་ཆེ་མཆོག་ཡབ་ཡུམ་སྨུག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ བུདྡྷ་ཧེ་རུ་ཡབ་ཡུམ་དབུས༔ དཀར་སྨུག་ཞལ་གསུམ་ཕྱག་དྲུག་པ༔ བཛྲ་ཀྲོ་དྷ་ཡབ་ཡུམ་ཤར༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ རཏྣ་ཀྲོ་དྷ་ཡབ་ཡུམ་ལྷོ༔ སེར་ནག་ཞལ་གསུམ་ཕྱག་དྲུག་པ༔ པདྨ་ཀྲོ་དྷ་ཡབ་ཡུམ་ནུབ༔ དམར་ནག་ཞལ་གསུམ་ཕྱག་དྲུག་པ༔ ཀརྨ་ཀྲོ་དྷ་ཡབ་ཡུམ་བྱང་༔ ལྗང་ནག་ཞལ་གསུམ་ཕྱག་དྲུག་པ༔ ཀུན་ཀྱང་ཁྲོ་གཏུམ་རྔམས་བརྗིད་འབར༔ དུར་ཁྲོད་ཆས་ལྡན་གཤོག་པ་བརྒྱང་༔ དུག་ལྔ་དབྱིངས་སྒྲོལ་ཕྱག་མཚན་གདེངས༔ ཞབས་བཞིས་ལོག་རྟོག་རཱུ་དྲ་གནོན༔ དཔལ་གྱི་ཆས་ལྡན་གར་དགུའི་ཉམས༔ རབ་རྫོགས་དྲག་པོ་དཀྱིལ་འཁོར་ཀུན༔ ཡོངས་འདུས་བདག་ཉིད་ཆེན་པོར་བསྐྱེད༔ དེ་ཡི་ཕྱི་རིམ་ཕྱོགས་བཞི་རུ༔ ཀཽ་རི་དཀར་མོས་ཞིང་དབྱུག་ཐོགས༔ ཙོའུ་རི་སེར་མོས་མདའ་གཞུ་འགེངས༔ པྲ་མོ་ཆུ་སྲིན་རྒྱལ་མཚན་ཕྱར༔ བཻ་ཏ་ལྗང་མོས་དུང་ཁྲག་འཐུང་༔ མཚམས་བཞིར་ཞིང་རྐྱང་གདན་སྟེང་དུ༔ པུསྐ་སེར་མོས་རྒྱུ་མ་འདྲེན༔ གསྨ་ལྗང་ནག་བྷན་དམར་ཐོགས༔ ཙནྡྷ་སེར་སྐྱས་རྒྱུ་མ་ཟ༔ སྨེ་ཤ་མཐིང་ནག་མི་རོ་གསོལ༔ མ་མོ་ཆེན་མོ་དེ་རྣམས་ཀྱང་༔ རབ་ཁྲོས་སྟག་གི་ཤམ་སྨད་དཀྲིས༔ དབུ་སྐྲ་དམར་སེར་གྱེན་དུ་བརྫེས༔ དེ་ཡི་ཕྱི་རིམ་ཕྱོགས་བཞི་རུ༔ སེང་གདོང་སྨུག་ནག་བམ་ཆེན་གསོལ༔ སྟག་གདོང་དམར་སྐྱས་ལག་གཉིས་བསྣོལ༔ ཝ་གདོང་ནག་མོས་སྤུ་གྲི་ཐོགས༔ སྤྱང་གདོང་སྔོན་མོས་མི་རོ་ཐོགས༔ མཚམས་བཞིར་རོ་ཡི་གདན་སྟེང་དུ༔ ཀྲྀ་ཏ་སེར་སྐྱས་རྒྱུ་མ་འདྲེན༔ ཀངྐ་དམར་ནག་ཞིང་ཕྲག་བསྣམས༔ ཁ་ཁ་ནག་མོས་བྷན་གྲི་ཐོགས༔ ཧུ་ལུ་མཐིང་སྐྱས་ལྕགས་ཀྱུ་བསྣམས༔ གསོད་ཅིང་ཟ་བྱེད་ཕྲ་མེན་བརྒྱད༔ གཟིག་ཤམ་གསོལ་ཞིང་འགྱིང་ཚུལ་ལྡན༔ ཕྱོགས་བཞི་ཞིང་གི་གདན་སྟེང་དུ༔ རྟ་གདོང་དཀར་མོས་ལྕགས་ཀྱུ་འཛིན༔ ཕག་གདོང་ནག་མོས་ཞགས་པ་ཐོགས༔ སེང་གདོང་དམར་མོས་ལྕགས་སྒྲོག་བསྣམས༔ སྦྲུལ་གདོང་ལྗང་མོས་དྲིལ་བུ་འཁྲོལ༔ དཀྱིལ་འཁོར་ཕྱི་རིམ་ཁོར་ཡུག་ཏུ༔ དབང་ཕྱུག་ཆེན་མོ་ཉི་ཤུ་བརྒྱད༔ སྲིན་མོ་ཁྲོས་པའི་ཆ་ལུགས་ཅན༔ མགོ་བརྙན་རྣམ་འགྱུར་མ་ངེས་སྟོན༔ བཀོད་པ་ལུས་ཀྱི་གཞལ་ཡས་སུ༔ བརྟེན་པ་རྩ་རླུང་ཐིག་ལེའི་ཁམས༔ གནས་དག་རྒྱལ་བའི་དཀྱིལ་འཁོར་ཀུན༔ ཡེ་ཤེས་གསང་ཆེན་སྒྱུ་འཕྲུལ་དུ༔ མ་འདྲེས་ཡོངས་རྫོགས་ཆེན་པོར་བསྐྱེད༔ ཤར་དུ་མཚོ་སྐྱེས་རྡོ་རྗེ་མཐིང་༔ ཡབ་ཡུམ་རྡོར་དྲིལ་བསྣོལསྟབས་སྦྱོར༔ ལྷོ་རུ་ཉི་མ་འོད་ཟེར་སེར༔ ཕྱག་གཡས་ཁ་ཊྭཱྃ་གཡོན་ཉི་ཟེར༔ ནུབ་ཏུ་པདྨ་རྒྱལ་པོ་དམར༔ ཕྱག་གཡས་ཌཱ་རུ་གཡོན་མེ་ལོང་༔ བྱང་དུ་སེང་གེ་སྒྲ་སྒྲོག་མཐིང་༔ ཕྱག་གཡས་རྡོ་རྗེ་གཡོན་སྡིགས་མཛུབ༔ ཤར་ལྷོ་པདྨ་སཾ་བྷ་དཀར༔ ཕྱག་གཡས་པད་ཕོར་གཡོན་སྐྱབས་སྦྱིན༔ ལྷོ་ནུབ་ཤཱཀྱ་སེང་གེ་སེར༔ ཕྱག་གཡས་རྡོ་རྗེ་གཡོན་ལྷུང་བཟེད༔ ནུབ་བྱང་བློ་ལྡན་མཆོག་སྲེད་དམར༔ ཕྱག་གཡས་ཌཱ་རུ་གཡོན་བྷནྡྷ༔ བྱང་ཤར་རྡོ་རྗེ་ཁྲོ་ལོད་སྨུག༔ ཕྱག་གཡས་རྡོ་རྗེ་གཡོན་ལྕགས་ཕུར༔ དེ་ཡི་ཕྱི་རིམ་འདབ་བརྒྱད་སྟེང་༔ གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད༔ རྗེ་འབངས་ཉེར་ལྔ་ལ་སོགས་པའི༔ དཔའ་བོ་དང་ནི་རྣལ་འབྱོར་མ༔ རིག་འཛིན་མཁའ་འགྲོའི་དཀྱིལ་འཁོར་ལྷ༔ ཏིལ་གོང་ཁ་ཕྱེས་བཞིན་དུ་གསལ༔ སྒོ་བཞིར་གིང་ཆེན་སྡེ་བཞི་བསྐྱེད༔ གསང་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་འོག་མིན་ཆོས་དབྱིངས་དང་༔ པདྨ་འོད་ཀྱི་ཞིང་ཁམས་ནས༔ ཡེ་ཤེས་པ་རྣམས་སྤྱན་དྲངས་བསྟིམ༔ སྤོས་བསྲེགས་རོལ་མོའི་སྒྲ་དབྱངས་ཀྱིས༔ སྤྱན་འདྲེན་རིམ་པ་འདི་ལྟ་སྟེ༔ ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧཱུྃ་ཧྲཱིཿབརྡལ་ཁྱབ་ཆོས་སྐུའི་ཕོ་བྲང་ནས༔ ལྷུན་གྲུབ་སྒྱུ་འཕྲུལ་ཞི་ཁྲོའི་ཚོགས༔ སྣ་ཚོགས་ཐབས་ཀྱི་སྐུར་བཞེངས་ལ༔ གང་འདུལ་མཛད་ཕྱིར་གཤེགས་སུ་གསོལ༔ ཆོས་ཉིད་གཡོ་བ་མེད་པ་ལས༔ གདུལ་བྱའི་མོས་ངོར་ཐུགས་རྗེའི་འཕྲུལ༔ རིག་འཛིན་བླ་མ་གཤེགས་སུ་གསོལ༔ དོན་ལ་གཤེགས་བཞུད་མི་མངའ་ཡང་༔ བརྒྱུད་འཛིན་རྗེས་སུ་བཟུང་བའི་ཕྱིར༔ ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ཤིག༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛ་ཛཿཕེཾ་ཕེཾ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿགདོད་ནས་རྩ་རླུང་ཐིག་ལེའི་ཁམས༔ བཀོད་པ་རྒྱལ་བའི་དཀྱིལ་འཁོར་དུ༔ རང་བྱུང་རང་ཤར་དོན་གྱི་ལྷ༔ གཉིས་མེད་ཡེ་རྫོགས་ཆེན་པོར་བཞུགས༔ བཛྲ་ས་མ་ཡ་ཛྙཱ་ན་ཏིཥྛ་ལྷན༔ ས་མ་ཡ་ཏི་སྟྭཾ༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ ཡེ་རིག་ཆོས་སྐུའི་བླ་མ་ཉིད༔ རང་གདངས་ལྷུན་གྲུབ་ཞི་ཁྲོའི་དལ༔ ཐུགས་རྗེའི་རྩལ་ཤུགས་རོལ་པའི་འཁོར༔ ཡོངས་གྲུབ་ཆེན་པོར་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་མཆོད་འབུལ་རིམ་པ་ལ༔ ཉེར་སྤྱོད་བདུན་གྱི་མཆོད་པ་ནི༔ ཧཱུྃ༔ ཕྱི་ལྟར་སྣང་བ་སྣོད་བཅུད་ཀྱི༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་དཔལ༔ གདོད་ནས་ཉེར་སྤྱོད་རོལ་པ་ཡི༔ རང་བྱུང་རང་ཤར་མཆོད་པའི་སྤྲིན༔ བླ་མ་ཞི་ཁྲོ་འདུས་པ་ཡི༔ དཀྱིལ་འཁོར་ལྷ་ལ་འབུལ་གྱི་བཞེས༔ འགྲོ་ཀུན་ཚོགས་རྫོགས་སྒྲིབ་སྦྱངས་ནས༔ ཐར་པ་ཆེན་པོའི་ས་ལ་དྲོངས༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧོཿ འདོད་ཡོན་ལྔ་ཡི་མཆོད་པ་ནི༔ ཧཱུྃ༔ དབང་པོའི་ཡུལ་དྲུག་སྣང་བའི་ཆོས༔ འདོད་ཡོན་ལྔ་ཡི་རྒྱན་དུ་ཆེ༔ རང་བྱུང་མཆོད་པའི་མཆོག་ཆེན་པོ༔ མི་ཟད་རྒྱན་གྱི་འཁོར་ལོ་འདི༔ བླ་མ་ཞི་ཁྲོ་འདུས་པ་ཡི༔ དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ༔ འགྲོ་ཀུན་ཚོགས་གཉིས་རབ་རྫོགས་ནས༔ དམ་པ་སྐུ་གཉིས་ཐོབ་པར་ཤོག༔ ཨོཾ་ཨཱཿརཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ བདུད་རྩི་སྨན་གྱི་མཆོད་པ་ནི༔ ཧཱུྃ༔ འབྲུ་ལྔའི་སྙིང་པོ་ཡེ་ཤེས་བཅུད༔ དུག་ལྔའི་ནད་སེལ་སྨན་ཆེན་པོ༔ བླ་མ་ཞི་ཁྲོ་ཡོངས་རྫོགས་ཀྱི༔ དཀྱིལ་འཁོར་ལྷ་ལ་འབུལ་གྱིས་བཞེས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ རཀྟ་དམར་གྱི་མཆོད་པ་ནི༔ ཧཱུྃ༔ ཁམས་གསུམ་འཁོར་བ་གཞི་རུ་བསྒྲལ༔ རྒྱུ་རྐྱེན་བཅོམ་པའི་དམར་ཆེན་ཁྲག༔ བླ་མ་ཞི་ཁྲོ་ཡོངས་རྫོགས་ཀྱི༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་ཕྱིར་འབུལ༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ གཏོར་མའི་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྣང་བ་སྣོད་ཀྱི་གཞོང་པ་རུ༔ སྲིད་པ་བཅུད་ཀྱི་གཏོར་མས་གཏམས༔ བླ་མ་ཞི་ཁྲོའི་ཚོགས་ལ་འབུལ༔ འཁོར་བ་མྱང་འདས་དབྱིངས་སུ་བསྒྲལ༔ མ་ཧཱ་བ་ལིངྟ་སརྦ་པཱུ་ཛ་ཁཱ་ཧི༔ དེ་ནས་གསང་བའི་མཆོད་པ་ནི༔ ཧཱུྃ༔ ཤེས་རབ་སྟོང་ཆེན་ཡུམ་གྱི་འཕྲུལ༔ གསང་བ་བདེ་སྟོང་རིག་མ་འབུམ༔ དགྱེས་ཆགས་དགའ་བདེའི་རྣམ་འགྱུར་རྩེ༔ བླ་མ་ཞི་ཁྲོ་དགྱེས་ཕྱིར་འབུལ༔ མ་ཧཱ་མུ་དྲ་སརྦ་པཱུ་ཛ་ ཧོཿ དེ་ནས་སྦྱོར་བའི་མཆོད་པ་ནི༔ ཧཱུྃ༔ སྣང་བ་ཐབས་མཆོག་རྒྱལ་པོ་ཉིད༔ སྟོང་ཆེན་ཤེས་རབ་བྷ་གར་རོལ༔ འདུ་འབྲལ་མེད་པའི་བྱང་ཆུབ་སེམས༔ བདེ་ཆེན་བཅུད་ཀྱི་མཆོད་པ་འབུལ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་པཱུ་ཛ་ ཧོཿ དེ་ནས་སྒྲོལ་བའི་མཆོད་པ་ནི༔ ཧཱུྃ༔ བདག་རྟོག་མ་ཏྲཾ་མ་རཱུ་དྲ༔ བདག་མེད་སྟོང་ཉིད་ཡུམ་མཁར་བསྡུས༔ ཐབས་མཆོག་རིག་པའི་རྡོ་རྗེས་བརྡུང༔ ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས༔ བླ་མ་ཞི་ཁྲོའི་ཚོགས་ལ་འབུལ༔ རྣམ་གྲོལ་འབྲས་བུ་ཐོབ་པར་ཤོག༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་པཱུ་ཛ་ཧོཿ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ ཀ་དག་སྐྱེ་མེད་ཆོས་སྐུ་སྤྲོས་མཐའ་བྲལ༔ རང་བཞིན་རྣམ་དག་བདེ་ཆེན་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་རང་རྩལ་འགྲོ་འདུལ་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་མཆོག་ལ་ཕྱག་འཚལ་བསྟོད༔ གཞི་དབྱིངས་སྐྱེ་མེད་ཆོས་ཉིད་ནམ་མཁའ་ཆེ༔ དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་༔ དང་པོའི་སངས་རྒྱས་འོད་མི་འགྱུར་བའི་སྐུ༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ སྐུ་ལྔ་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས༔ ཐབས་ཤེས་འདུ་འབྲལ་མེད་པའི་སྐུར་སྣང་བ༔ དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་རྒྱུ༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད༔ ཡེ་རིག་མཐའ་བྲལ་ཆོས་ཉིད་རོལ་པའི་རྩལ༔ ཡེ་ཤེས་གསལ་བའི་མདངས་དང་གདངས་ཀྱི་ངང་༔ ཉོན་མོངས་ཕྱོགས་ལས་རྣམ་རྒྱལ་དཔའ་བོ་ཆེ༔ སེམས་དཔའ་སེམས་མ་རྣམས༴ རྒྱུ་དྲུག་འཁོར་བ་དབྱིངས་སྒྲོལ་ཐུགས་རྗེའི་ཤུགས༔ གདུལ་དཀའ་འདུལ་མཛད་སྤྲུལ་པའི་སྐུ་རུ་ཤར༔ སྣ་ཚོགས་ཐབས་ཀྱི་སེམས་ཅན་བདེ་ལ་བཀོད༔ བཅོམ་ལྡན་ཐུབ་པ་དྲུག་ལ༴ མཚན་མ་ཚིག་དང་བྲལ་བའི་ཡེ་ཤེས་ལ༔ ཉོན་མོངས་སྒོ་འཕར་གཅོད་པའི་ཆོས་ཉིད་ཤར༔ ཚད་མེད་རྣམ་བཞིའི་ཕྲིན་ལས་མངའ་དབང་བསྒྱུར༔ སྒོ་བ་ཡབ་ཡུམ་བརྒྱད་ལ༴ རང་སྣང་རྣམ་དག་ཡེ་ཤེས་དཀྱིལ་འཁོར་ལ༔ དབང་བསྒྱུར་བདེ་བ་ཆེན་པོའི་ས་ལ་གཤེགས༔ མ་རིག་ལས་འདས་བདེ་གཤེགས་རིག་པ་འཛིན༔ བླ་མ་རིག་འཛིན་ཚོགས་ལ༴ ཧཱུྃ༔ རིག་པའི་རྒྱལ་པོས་མ་རིག་གཞོམ༔ སྤྱི་དཔལ་གཙོ་ལ་ཕྱག་འཚལ་བསྟོད༔ ཤེས་རབ་ཆེན་པོས་མུན་པ་སེལ༔ སྐུ་མཆོག་དཔལ་ལ༴ ཞེ་སྡང་རྡོ་རྗེས་ཞེ་སྡང་འཇོམས༔ ཐུགས་མཆོག་དཔལ་ལ༴ ང་རྒྱལ་དབང་པོས་ང་རྒྱལ་འཇོམས༔ ཡོན་ཏན་དཔལ་ལ༴ འདོད་པའི་རྒྱལ་པོས་འདོད་ཆགས་འཇོམས༔ གསུང་མཆོག་དཔལ་ལ༴ ཕྲག་དོག་རྒྱལ་པོས་ཕྲག་དོག་འཇོམས༔ ཕྲིན་ལས་དཔལ་ལ༴ འབྱུང་བའི་དབང་ཕྱུག་བདག་རྟོག་གཞིག༔ ཀྲོ་དྷི་ཡུམ་ལ༴ གནས་ཀྱི་མ་མོས་ཀུན་རྟོག་གཞོམ༔ ཀོའུ་རི་བརྒྱད་ལ༴ ཡུལ་གྱི་བདག་མོས་གཉིས་སྣང་འཇོམས༔ སེང་ཧ་བརྒྱད་ལ༴ སྐྱེ་རྒྱུད་བདག་མོས་སྐྱེ་སྒོ་ཁེག༔ སྒོ་མ་བཞི་ལ༴ སྣ་ཚོགས་ཐབས་ཀྱི་ལོག་རྟོག་འཇོམས༔ དབང་ཕྱུག་ཚོགས་ལ༴ སྲིད་པ་ལེགས་ཉེས་བྱེད་པ་མོ༔ མ་མོའི་ཚོགས༴ ཧཱུྃ༔ རང་སྣང་སྐུ་དང་ཡེ་ཤེས་ཀྱི༔ བཀོད་པ་རྒྱལ་བའི་དཀྱིལ་འཁོར་འདིར༔ སྒྱུ་འཕྲུལ་རོལ་པའི་ལྷར་སྣང་བཀོད༔ དབྱིངས་སུ་ཐ་དད་མ་གྲུབ་ཀྱང་༔ གང་འདུལ་ཐབས་ཀྱི་གཟུགས་སྐུར་ཤར༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བསྟོད༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿ བླ་མ་སྒྱུ་འཕྲུལ་ཞི་ཁྲོ་དགོངས༔ བདག་ནི་མ་རིགས་དབང་གྱུར་ཏེ༔ གཟུང་འཛིན་ལམ་དུ་འཁྲུལ་པའི་ལས༔ ལོག་པར་རྟོག་དང་དམ་ཉམས་སྒྲིབ༔ ད་ནི་རང་རིག་ཡེ་ཤེས་ཀྱིས༔ དག་མཉམ་ཆེན་པོར་བཤགས་བགྱིའོ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་སཏྭ་ཨ༔ འདི་ནི་ཡང་གསང་ཟབ་རྒྱའི་བཅུད༔ གང་གིས་ཉམས་སུ་བླངས་པའི་མི༔ བསྐྱེད་དང་བསྒོམ་པའི་གནད་ལྡན་ན༔ མི་ལོ་གསུམ་གྱིས་གྲུབ་པ་ཐོབ༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་འགྲུབ༔ འདི་ནི་དུས་གསུམ་རྒྱལ་བ་ཀུན༔ གཅིག་དྲིལ་སྒྲུབ་པ་བླ་ན་མེད༔ མཐོང་ཐོས་དྲན་རེག་རྣམ་པར་གྲོལ༔ ས་སྟེང་འགྲན་ཟླ་བྲལ་བ་ཡིན༔ བྱིན་རླབས་རྣོ་ནུས་དཔག་ཏུ་མེད༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ སྔགས་སྲུང་ཨེ་ཀ་ཙ་ཏིས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ཉམས་སུ་ལེན་པའི་བུ་སློབ་སྐྱོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་འོད་གསལ་རྫོགས་པ་ཆེན་པོ་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།