TTDL-ZABTER-11-DA-003: Difference between revisions

From Dudjom Wiki
TTDL-ZABTER-11-DA-003
m (Text replacement - "ཧོཿ" to "ཧོཿ ")
No edit summary
 
Line 12: Line 12:
|terma=Yes
|terma=Yes
|deity=khros ma nag mo
|deity=khros ma nag mo
|cycle=chos nyid nam mkha'i klong mdzod
|cycle=bdud 'joms khros ma
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|cycletib=བདུད་འཇོམས་ཁྲོས་མ་
|parentcycle=chos nyid nam mkha'i klong mdzod
|parentcycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|language=Tibetan
|language=Tibetan
|volumenumber=11
|volumenumber=11

Latest revision as of 01:30, 9 October 2025

Wylie title chos nyid nam mkha'i klong mdzod las: thod sgrub yid bzhin gter mdzod: TTDL-ZABTER-11-DA-003.pdf
Location bdud 'joms gling pa zab gter
Volume 11, Text 3, Pages 9-12 (Folios 1a1 to 2b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las thod sgrub yid bzhin gter mdzod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 11: 9-12. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: thod sgrub   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Kapala Consecration - thod sgrub
Cycle བདུད་འཇོམས་ཁྲོས་མ་ (bdud 'joms khros ma)
Parent Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
Colophon

ཞེས་པ་འདི་ཡང་བླ་མ་ཆོས་གསལ་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།

zhes pa 'di yang bla ma chos gsal gyis bskul ngor bdud 'joms rdo rjes chos nyid nam mkha'i mdzod las bsgyur ba'o/

[edit]
ངྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཐོད་སྒྲུབ་ཡིད་བཞིན་གཏེར་མཛོད་བཞུགས་སོ༔ ངྡྂ།༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བདག་ཉིད་པདྨ་འབྱུང་གནས་ཀྱིས༔ བརྒྱུད་འཛིན་སྐལ་ལྡན་བུ་སློབ་ཀྱི༔ དབུལ་ཕོངས་འབྱོར་རྒུད་སེལ་བའི་ཕྱིར༔ ཐོད་སྒྲུབ་ཡིད་བཞིན་གཏེར་མཛོད་བསྟན༔ མཚན་ལྡན་ཐོད་པ་ཆེ་ཟབ་ཏུ༔ བྲེགས་ཏེ་རིན་ཆེན་ཕྱེ་མ་དང་༔ བདུད་རྩི་ཆོས་སྨན་གྱིས་བྱུགས་ཤིང་༔ ཧ་རི་ནི་སའི་ཡི་གེ་ནི༔ གསེར་རམ་མཚལ་གྱིས་ལེགས་པར་བྲིས༔ དེ་ནང་གནས་ཆེན་བྱིན་ལྡན་གྱི༔ ས་སྣ་ཤིང་སྣ་སྣ་ཚོགས་དང་༔ གཞན་ཡང་བཙན་ཕྱུག་འཕན་གསུམ་གྱི༔ ཞིང་ས་དང་ནི་ཐབ་ཁའི་དྲེག༔ ཕྱུག་པོ་མང་པོའི་རྟ་ལུག་དང་༔ གནག་ཕྱུགས་ཚོགས་ཀྱི་སྤུ་སྣ་དང་༔ གཅན་གཟན་ཆེན་པོའི་ལྤགས་རས་ཚོགས༔ བུ་བདུན་ཕ་མའི་གོས་རས་དང་༔ ཚོང་འདུས་ཆེན་པོའི་ས་སྣ་རྣམས༔ ཟ་འོག་ཁུག་མར་བསྩལ་ཏེ་བཞག༔ འབྲུ་སྣ་རྣམ་པ་སྣ་ཚོགས་དང་༔ རིན་ཆེན་རིགས་དང་སྨན་སྣ་དང་༔ སྙིང་པོ་ལྔ་དང་དྲི་ལྔ་དང་༔ སྒྲུབ་རྫས་རིལ་བུ་བྱིན་ལྡན་སོགས༔ དར་ཚོན་སྣ་ལྔའི་ཐུམ་པོར་བླུག༔ དར་མཐིང་ངོས་ལ་འདི་ལྟར་བྲིས༔ ཨོཾ་ཨཱཿཧཱུྃ་བྃ་ཌཱ་ཀི་ནཱི་ཤུ་མ་ཧེ་མ་ཧ་རི་ནི་ས་སརྦ་རཏྣ་བ་སུ་ཁ་དྷེ་འདུས་འདུས་སརྦ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿཁམས་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་ཟས་ནོར་ལོངས་སྤྱོད་འདོད་རྒུའི་ཡིད་བཞིན་གྱི་བྱེ་བྲག་ཐམས་ཅད་འཆང་བ་པོའི་དབང་དུ་འདུ་བར་གྱུར་ཅིག༔ མངའ་འོག་ཏུ་འདུས་ཤིང་མངའ་དབང་འབྱོར་བར་ཤོག་ཅིག༔ ནུབ་པ་མེད་པར་རབ་ཏུ་རྒྱས་ཤིང་བརྟན་པར་གྱུར་ཅིག༔ ཨ་ཡུ་པུཎྱེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲིས་ཏེ་སྦ་དཀར་ལ་དྲིལ་ནས་ཐོད་པའི་དབུས་སུ་གཞུག༔ ཡང་དར་དཀར་ལ༔ ཧ་བཛྲ་ཌཱཀི་ནཱི་བཛྲ་ཨཾ་ཀུ་ཤ་ཛཿས་མ་ཡ་ཛ་ཛ་སྟྭཾ༔ ཤར་ཕྱོགས་སྲིད་པའི་སྐྱེ་འགྲོ་ཟས་ནོར་ལོངས་སྤྱོད་འདོད་རྒུ་ཡིད་བཞིན་གྱི་བྱེ་བྲག་ཐམས་ཅད་འཆང་བ་པོའི་དབང་དུ་འདུ་བར་གྱུར་ཅིག༔ ཨ་ནྲྀ་ན་ཏྲི་ཨ་ཀཪྴ་ཡ་ཛ་ཛ༔ སརྦ་བ་སུ་རཏྣ་ཁ་དྷེ་འདུས་འདུས་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཞི་བའི་ཤིང་ལ་དྲིལ་ཏེ་དཔྲལ་བའི་ཕྱོགས་སུ་གཞུག༔ དར་སེར་པོ་ལ༔ རི་རཏྣ་ཌཱ་ཀི་ནཱི་བཛྲ་པཱ་ཤ་ཧཱུྃ༔ ས་མ་ཡ་ཛ་ཛ་སྟྭཾ༔ ལྷོ་ཕྱོགས་སྲིད་སོགས་ནས་ སྭཱ་ཧཱའི་བར་གོང་ལྟར་བྲིས་ལ་རྒྱས་པའི་ཤིང་ལ་དྲིལ་ཏེ་གཡས་སུ་གཞུག༔ དར་དམར་པོ་ལ༔ ནི་པདྨ་ཌཱ་ཀི་ནཱི་པདྨ་སྥོ་ཊ་བཾ༔ ས་མ་ཡ་ཛ་ཛ་སྟྭཾ༔ ནུབ་ཕྱོགས་སྲིད་སོགས་ སྭཱ་ཧཱ༔ ཞེས་དབང་གི་ཤིང་ལ་དྲིལ་ཏེ་ལྟག་པར་གཞུག༔ དར་ལྗང་གུ་ལ༔ སཿཀརྨ་ཌཱཀི་ནཱི་ཀརྨ་གྷཎྜེ་ཧོཿ ས་མ་ཡ་ཛ་ཛ་སྟྭཾ༔ བྱང་ཕྱོགས་སོགས་ སྭཱ་ཧཱ༔ ཞེས་དྲག་ཤིང་ཚེར་མ་ཅན་ལ་དྲིལ་ཏེ་གཡོན་ཕྱོགས་སུ་གཞུག༔ བྱ་དེ་མོའི་ཁྲག་གིས་དེ་ཕོའི་སྙིང་ཤུན་ལ༔ བྃ་ཧ་རི་ནི་ས་ཧྲཱིཾ་ཧྲཱིཾ་ཛ་ཛཿ ཞེས་བྲིས་ཏེ་མཚམས་བཞིར་བཞག༔ རྨ་བྱའི་སྒྲོ་ཆེ་ཆུང་གིས་ཁ་ཁེབས་པར་བྱས་ཏེ་དར་རམ་རས་ཁ་དོག་སྣ་ལྔས་དམ་དུ་དཀྲིས་ཤིང་ནང་གི་ཡི་གེ་རྣམས་གཡོ་འགུལ་མི་འགྲོ་བར་བྱ་བ་གནད་དོ༔ རྩ་བ་བཞི་དང་དབང་ལག་བག་ཕྱེ་རྣམས་བསྲེས་ཏེ་ཁ་ཁེབ་ལ་ནན་དུ་བྱུག་ནས་ཤིང་ལྟར་སྲ་བར་བྱའོ༔ དེ་ལ་ཁྲུས་གསོལ་ནན་དུ་བྱ་ཞིང་བསང་སྦྱངས་བགེགས་བསྐྲད་བསེ་རག་བཀར༔ མ་མོ་མཁའ་འགྲོའི་ཚོགས་བསྐང་མང་དུ་བཏང་ཞིང་དཀྱིལ་འཁོར་གྱི་དབུས་སུ་གཞུག་སྟེ་བསྐྱེད་རིམ་གནད་དང་ལྡན་པས་རང་གཞུང་བསྲང་ནས་ཛཔ་སྔགས་བཟླ་བ་ལ༔ བྃ་བཛྲ་ཤུ་མ་ཧོ་མ་ཧ་རི་ནི་ས་ས་མ་ཡ་ཨ་ནྲྀ་ཏྲི་ཨ་ཀཪྴ་ཡ་ཛ་ཛཿསརྦ་རཏྣ་བ་སུ་ཁ་དྷེ་སིདྡྷི་སྡུས་སྡུས་ཝཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་མི་ཚིག་གིས་བར་མ་ཆོད་པར་སྔགས་བཟླ་བ་དང་༔ སྟན་གྱི་དྲོད་མི་ཡལ་བ་དང་གནས་མི་སྤོ་ཞིང་ཤེས་པ་གཞན་དུ་མི་གཡེང་བར་ལྷའི་གསལ་སྣང་དང་མི་འབྲལ་བར་བྱས་ཏེ་རྩེ་གཅིག་ཏུ་བརྩོན་ནུས་ན་དངོས་གྲུབ་ཆར་ལྟར་འབེབ་པར་འགྱུར་རོ༔ དང་པོ་མཁའ་འགྲོའི་སྒྲུབ་པ་ལ་ཞུགས་ནས་འགྲུབ་པའི་ལྟས་མཚན་ལེགས་པར་བྱུང་མཐར༔ གནས་ཤིན་ཏུ་དབེན་ཅིང་ཉམས་དགའ་ཡིད་དུ་འོང་བའི་ས་རུ་ཕྱིན་ཏེ་ནོར་སྒྲུབ་འདི་བཞིན་བྱ༔ བུད་མེད་མང་པོའི་ཚོགས་འདུ་བ་དང་༔ རང་ལ་བཀུར་སྟི་བྱེད་ཅིང་ལོངས་སྤྱོད་འབུལ་བ༔ ཉམས་དགའ་ཞིང་ཡིད་སྤྲོ་བ་སོགས་བྱུང་ཚེ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བཏང་༔ གཞན་ཡང་མཆོད་པ་ཅི་མང་གིས་ཚོགས་བསགས་ཅི་ནུས་ལ་འབད༔ བྱ་དང་བྱིའུ་སོགས་ལ་སྦྱིན་པ་ཕྱོགས་མེད་དུ་བཏང་བས་རྣམ་ཐོས་ཀྱི་བུ་ལྟར་ཕྱུག་ཅིང་དགེ་བར་འགྱུར་རོ༔ ལོ་བཞིན་བསྒྲུབ་ཁ་གསོ་བ་གནད་དུ་ཤེས༔ ཟླ་བ་རེ་བཞིན་མཁའ་འགྲོའི་ཚོགས་འཁོར་བསྐོར༔ གནད་དེས་རྐྱེན་བཟློག་ལོངས་སྤྱོད་འབྱོར་པ་རྒྱས༔ བཀའ་སྲུང་ཁྱབ་འཇུག་ཆེན་པོ་ཁྱོད་ལ་གཉེར༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་བླ་མ་ཆོས་གསལ་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ། །དགེའོ།། །།