TTDL-ZABTER-13-PA-124: Difference between revisions

From Dudjom Wiki
TTDL-ZABTER-13-PA-124
No edit summary
No edit summary
Line 4: Line 4:
|fulltitletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བསྟན་སྲུང་རྨ་རྒྱལ་སྤོམ་རའི་ཕྱག་རྒྱ་ནོར་གྱི་ཆར་འབེབས༔
|fulltitletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བསྟན་སྲུང་རྨ་རྒྱལ་སྤོམ་རའི་ཕྱག་རྒྱ་ནོར་གྱི་ཆར་འབེབས༔
|fulltitle=chos nyid nam mkha'i klong mdzod las: bstan srung rma rgyal spom ra'i phyag rgya nor gyi char 'bebs:
|fulltitle=chos nyid nam mkha'i klong mdzod las: bstan srung rma rgyal spom ra'i phyag rgya nor gyi char 'bebs:
|citation=Khrag 'thung [[Bdud 'joms gling pa]]. ''Chos nyid nam mkha'i klong mdzod las bstan srung rma rgyal sbom ra'i phyag rgya nor gyi char 'bebs''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: 437-439. Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Chos nyid nam mkha'i klong mdzod las bstan srung rma rgyal spom ra'i phyag rgya nor gyi char 'bebs''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: 437-439. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitle=bdud 'joms gling pa zab gter
|collectiontitle=bdud 'joms gling pa zab gter
Line 11: Line 11:
|tibgenre=Sadhanas - Evocation Ritual - sgrub thabs
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|terma=Yes
|deity=rma rgyal sbom ra
|deity=rma rgyal spom ra
|cycle=chos nyid nam mkha'i klong mdzod
|cycle=chos nyid nam mkha'i klong mdzod
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་
|cycletib=ཆོས་ཉིད་ནམ་མཁའི་ཀློང་མཛོད་

Revision as of 00:28, 24 October 2025

Wylie title chos nyid nam mkha'i klong mdzod las: bstan srung rma rgyal spom ra'i phyag rgya nor gyi char 'bebs: TTDL-ZABTER-13-PA-124.pdf
Location bdud 'joms gling pa zab gter
Volume 13, Text 124, Pages 437-439 (Folios 1a1 to 2a5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las bstan srung rma rgyal spom ra'i phyag rgya nor gyi char 'bebs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 437-439. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: phyag rgya   Verso: bdud 'joms rma rgyal spom ra
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity rma rgyal spom ra
Colophon

ཞེས་པ་འདི་རྣལ་འབྱོར་པ་མཁྱེན་རབ་རྒྱ་མཚོས་ནན་དུ་བསྐུལ་ངོར༔ བདུད་འཇོམས་རྡོ་རྗེ་ནམ་མཁའི་མཛོད་ལས་བསྒྱུར་བ་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ།།

zhes pa 'di rnal 'byor pa mkhyen rab rgya mtshos nan du bskul ngor:_bdud 'joms rdo rje nam mkha'i mdzod las bsgyur ba thog mtha' bar gsum kun tu dge bar gyur cig_/dge'o//

[edit]
དྡྂ།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བསྟན་སྲུང་རྨ་རྒྱལ་སྤོམ་རའི་ཕྱག་རྒྱ་ནོར་གྱི་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མཆོད་རྫས་དཀར་གཏོར་སྐྱེམས་ཕུད་དང་༔ འབྲུ་སྣ་ཤ་དུམ་ལ་སོགས་པ༔ འབྱོར་ཚོགས་མཆོད་པའི་རྫས་སུ་བཤམས༔ སྭ་བྷཱ་ཝ་ཡིས་སྦྱངས་ནས་སུ༔ ཨ་ཀཱ་རོ་ཡིས་བྱིན་གྱིས་བརླབས༔ མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤེལ༔ རང་ཉིད་ཨོ་རྒྱན་ཆེན་པོ་བསྒོམ༔ ཧཱུྃ༔ རང་ཉིད་པདྨ་འབྱུང་གནས་ཀྱི༔ མདུན་དུ་རང་སྣང་ལས་གྲུབ་པའི༔ རིན་ཆེན་སྣ་ཚོགས་གཞལ་ཡས་སུ༔ འཇའ་ཚོན་འོད་ལྔའི་གུར་ཁང་ཀློང་༔ རྟ་མཆོག་ངང་པ་འཕུར་ཤེས་སྟེང་༔ ལྷ་སྲས་རྨ་ཆེན་སྤོམ་ར་ནི༔ དམར་གསལ་མཛེས་ལྡན་གཞོན་ནུའི་ཚུལ༔ ཞལ་འཛུམ་ཆགས་པའི་ཉམས་དང་ལྡན༔ སྤྱན་གཉིས་སྣང་སྲིད་ས་ལེར་གཟིགས༔ ལེ་བརྒན་དམར་པོའི་ལྭ་ཐོད་དང་༔ བེར་དམར་བགོས་ཤིང་གཟི་འོད་འབར༔ ཕྱག་གཡས་ལྕགས་ཀྱུས་སྣང་སྲིད་འགུགས༔ གཡོན་པས་གཏེར་གྱི་བུམ་པ་བསྣམས༔ ཞབས་གཉིས་རོལ་པའི་སྟབས་སུ་བཞུགས༔ གཡོན་དུ་རྡོ་རྗེ་དྲག་མོ་རྒྱལ༔ དམར་མོ་ཆིབས་སུ་ཟངས་རྟ་བཅིབས༔ ལེ་བརྒན་དར་གྱི་ལྭ་བ་གསོལ༔ ཕྱག་གཡས་ལྕགས་ཀྱུ་གཡོན་ནོར་བུ༔ མཛེས་སྡུག་བལྟ་བས་ཆོག་མི་ཤེས༔ ཡབ་ཡུམ་དགྱེས་ཆགས་བདེ་ཉམས་ལྡན༔ མཐའ་བསྐོར་སྲས་ཀྱི་དམ་པ་ནི༔ རྨ་སྡེ་རོལ་པ་དགུ་དང་ནི༔ རྨ་འཁོར་སུམ་བརྒྱ་དྲུག་ཅུས་བསྐོར༔ ཀུན་ཀྱང་བདག་གི་བཀའ་ཉན་ཅིང་༔ ཕྲིན་ལས་བསྒྲུབ་ལ་དགྱེས་དགོངས་གྱུར༔ དེ་ལྟར་བདག་དང་མདུན་བསྐྱེད་ཀྱི༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ རྨ་ཆེན་སྦོམ་ར་འཁོར་བཅས་ཀྱི༔ ཐུགས་ཀར་ཕོག་པས་རྒྱུད་བསྐུལ་ཏེ༔ ཐུགས་ཀྱི་དགོངས་ཤིང་གཡོ་ཙམ་གྱི༔ བསྐྱེད་པའི་ལྷ་ལ་ཐིམ་པར་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ བསྭོ་བསྭོ༔ བན་དང་བོན་གྱི་ཐ་ཚིག་གིས༔ ལྷ་སྲས་རྨ་ཆེན་སྤོམ་ར་འབོད༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ ཀུ་མ་རི་ཕུ་ཏྲི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ དེ་ནས་བཞུགས་གསོལ་མཆོད་འབུལ་བསྟོད་པ་ནི༔ ཧཱུྃ༔ སྒྱུ་མ་འཕྲུལ་གྱི་གཞལ་ཡས་འདིར༔ རང་རང་དགྱེས་པའི་གདན་ལ་བཞུགས༔ ཕྱི་ནང་གསང་མཆོད་དཔག་མེད་པ༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ མཆོད་དོ་འབུལ་ལོ་ཐུགས་དམ་བསྐང་༔ དབེན་གནས་རི་ཁྲོད་འགྲིམ་པ་དང་༔ སྙིང་པོའི་བསྒྲུབ་ལ་བརྩོན་པའི་ཚེ༔ རྣལ་འབྱོར་བདག་གི་འདོད་དོན་སྒྲུབས༔ སྐྱེ་འགྲོ་ཕོ་མོའི་བློ་ཡིད་སེམས༔ ཁབ་ལེན་རྡོ་དང་ལྕགས་འཕྲད་བཞིན༔ རང་དབང་མེད་པར་དབང་དུ་བསྡུས༔ ཟས་ནོར་ལོངས་སྤྱོད་ཆར་དུ་ཕོབས༔ དུས་རྣམས་རྟག་ཏུ་ཁ་འཛིན་མཛོད༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ལྷ་ཡང་རུང་སྟེ་བདུད་ཀྱང་རུང་༔ མ་ལུས་ཐལ་བའི་རྡུལ་དུ་རློགས༔ ཁྱོད་ནི་འཇིག་རྟེན་འདི་ན་འཕགས༔ འདོད་འབྱུང་ཡིད་བཞིན་དབང་རྒྱལ་ལྟར༔ བསྟན་འགྲོའི་དོན་ལ་ཆེར་བརྩོན་ཅིང་༔ ཆབ་སྲིད་མངའ་ཐང་སྤེལ་བའི་ལྷ༔ དད་མོས་ངོ་མཚར་ཆེན་པོས་བསྟོད༔ བསྭོ་བསྭོ༔ ཀི་ལི་མིལ་མིན་ཏ་ས་མ་ཡ་ཛ་ཛཿཕེཾ་ཕེཾ༔ ཞེས་བརྗོད་མཐར་གསོལ་མཆོད་སྐབས་དང་བསྟུན་ཏེ་བྱ༔ དེ་ཡིས་འདོད་ཡོན་འབད་མེད་འགྲུབ༔ ཕྱི་ནང་བར་ཆད་གེགས་གྲོལ་ཞིང་༔ བཀྲ་ཤིས་དཔལ་འབར་ཡོན་ཏན་འབྱུང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་རྣལ་འབྱོར་པ་མཁྱེན་རབ་རྒྱ་མཚོས་ནན་དུ་བསྐུལ་ངོར༔ བདུད་འཇོམས་རྡོ་རྗེ་ནམ་མཁའི་མཛོད་ལས་བསྒྱུར་བ་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ།། །།