DJYD-KABUM-08-NYA-018: Difference between revisions

From Dudjom Wiki
DJYD-KABUM-08-NYA-018
m (Text replacement - "ཧྲཱི༔" to "ཧྲཱིཿ")
m (Text replacement - "༈" to " ༈ ")
 
Line 41: Line 41:




༄༅།  །བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་གྱི་ལས་བྱང་ཁྲིགས་སུ་བསྡེབས་པ་བྱིན་རླབས་རྒྱ་མཚོའི་གཏེར་མཛོད་ཅེས་བྱ་བ།  ཁྱབ་བདག་བླ་མ་ཐོད་ཕྲེང་རྩལ་གྱི་ངོ་བོར་བཞུགས་པ་ལ་ཕྱག་འཚལ་ལོ།  །རབ་འབྱམས་སྐྱབས་གནས་འདུས་པའི་ཡེ་ཤེས་སྐུ།  །དྲན་པས་ཡིད་ཀྱི་གདུང་སེལ་གུ་རུ་རྗེ།  །སྙིང་དབུས་པདྨོར་འབྲལ་མེད་རྟག་བཞུགས་ལ།  །ཕྲིན་ལས་ཁ་ལོ་བསྒྱུར་ནུས་དབུགས་དབྱུང་སྩོལ།  །དུས་ངན་གཡང་སར་ཕྱོགས་པའི་བོད་འབངས་འགྲོ།  །སྦས་ཡུལ་བདེ་བའི་གོ་སར་དབུགས་ཕྱུངས་ཏེ།  །ཀུན་དགའི་ལང་ཚོ་རྒྱས་པའི་སྐལ་བཟང་འདི།  །མགོན་ཁྱོད་ཁོ་ནའི་བཀའ་དྲིན་ལས་གཞན་ཅི།  །གང་ཕྱིར་གུས་པས་ {{TibChung|[2a]}} བསྙེན་ཅིང་སྒྲུབ་པ་ལས།  །ས་སྤྱོད་ཕན་བདེའི་དཔལ་ཡོན་རྒྱས་མཐོང་ནས།  །ལེགས་བཤད་རིན་ཆེན་འཕྲུལ་གྱི་ལྡེའུ་མིག་གིས།  །བྱིན་རླབས་རྒྱ་མཚོའི་གཏེར་མཛོད་འབྱེད་ལ་སྤྲོ།  །{{TibChung|དེའང་ཇི་སྐད་དུ།  ལུང་བྱང་གཏད་རྒྱ་ནོར་བུའི་ཕྲེང་བ་ལས།  ང་ནི་དུས་གསུམ་རྒྱལ་བའི་ཐུགས་རྗེ་འདུས༔  ཁམས་གསུམ་སེམས་ཅན་རིས་མེད་ཡོངས་ཀྱི་གཉེན༔  ཁྱད་པར་སྙིགས་མའི་དུས་ཀྱི་སྐྱབས་གཅིག་སྟེ༔  ང་དྲན་ཙམ་གྱིས་ལས་ངན་སྡིག་པ་འདག༔  ང་ཡི་མཚན་ཐོས་ཉོན་མོངས་གདུང་བ་སེལ༔  ང་བསྒོམ་ཙམ་གྱིས་འཁོར་བའི་ས་བོན་སྐེམ༔  ང་ཉིད་སྒྲུབ་པས་ཚེ་ལུས་གཅིག་ལ་གྲོལ༔  ང་ལ་གསོལ་བ་འདེབས་པ་མི་རེའི་དྲུང་༔  ང་ཉིད་པད་འབྱུང་རེ་རེ་སྒོ་ཉལ་ཡོད༔  ང་ཡི་ཐུགས་རྗེའི་འཇུག་པ་ཐོག་མཐའ་མེད༔  ང་ལ་གསོལ་བ་ཐོབ་ཅིག་བོད་འབངས་རྣམས༔  ཞེས་{{TibChung|[2b]}} དང་།  རྩ་གཞུང་ལས།  མ་འོངས་བསྐལ་པའི་ཐ་མ་ལ༔  མཐའ་དམག་གདུག་པ་དབུས་སུ་འཐིབ༔  ནད་རིམས་སྣ་ཚོགས་རླུང་ལྟར་འཚུབས༔  བོད་ཡུལ་སྐྱིད་པ་ཟད་ལ་ཐུག༔  དེ་ཚེ་ང་སྤྲུལ་ལས་ཅན་གྱིས༔  བོད་ཁམས་བདེ་ལ་བཀོད་པ་དང་༔  དད་ཅན་ཐར་ལམ་གཟུད་པའི་ཕྱིར༔  སྦས་གནས་ཆེ་ཆུང་སྒོ་འབྱེད་ཚེ༔  བར་ཆད་རྐྱེན་ངན་ཞི་བ་དང་༔  བྱིན་རླབས་མྱུར་དུ་འཇུག་པའི་ཕྱིར༔  ང་ཉིད་སྣང་སྲིད་ཟིལ་གནོན་བསྒྲུབ༔  ཅེས་གསུངས་པ་ལྟར།  སྙིགས་དུས་ཀྱི་སྐྱེ་འགྲོ་ཉམ་ཐག་གདུང་བའི་ཁྲི་མུན་ལས་ཐར་བར་འདོད་པ་སྤྱི་དང་ཁྱད་པར་ངོ་མཚར་སྦས་པའི་ཡུལ་ལྗོངས་ས་ལ་སྤྱོད་པའི་གྲོང་ཁྱེར་གྱི་འདུ་བར་དགའ་མགུར་སྤྱོད་པའི་སྐལ་བཟང་ཉམས་སུ་མྱོང་བར་སེམས་པའི་དད་མོས་ལས་འཕྲོ་དགེ་བ་ཅན་རྣམས་ཀྱི་རྩ་གསུམ་ཀུན་འདུས་གུ་རུ་སྣང་སྲིད་ཟིལ་གནོན་ཁོ་ནར་གསོལ་བ་འདེབས་ཤིང་བསྙེན་པའི་ཐབས་ལ་ནན་ཏན་དུ་འབད་པར་བྱ་སྟེ།  དེའི་ཚུལ་ལ་གསུམ།  སྦྱོར་བ།  དངོས་གཞི།  རྗེས་སོ།  །དང་པོ་ལ་གཉིས་ལས།  ཐོག་མར་བྱ་བའི་སྦྱོར་བ་ནི།  ཡར་ངོའི་ཚེས་བཅུ་སོགས་ཕུན་སུམ་ཚོགས་པའི་དུས་ཚེས་བཟང་པོར་ཡིད་དུ་འོང་བའི་གནས་ཁང་གཙང་ཞིང་མཛེས་པར་བརྒྱན།  རྩ་བ་གསུམ་གྱི་སྣང་བརྙན་སོགས་བྱིན་རླབས་ཅན་གྱི་རྟེན་བཀྲམ་པའི་མདུན་དུ་ཐུན་མོང་དང་ཁྱད་པར་གྱི་དམ་རྫས་ཕྱི་ནང་གི་མཆོད་པ་སྤྱན་གཟིགས་སོགས་བཀོད་ལེགས་སུ་བསྟར།  གཞན་ཡང་ཚོགས་དང་གཏོར་མའི་ཡོ་བྱད་རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བའི་རིགས་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ།  །གཉིས་པ་ཆོ་གའི་སྦྱོར་བ་ལ་ལྔ་ལས།  དང་པོ་ཞིང་སྐྱོང་གཞི་བདག་ལ་གཏོར་མ་གཏོང་བ་ནི།}}  རང་ཉིད་སྐད་ཅིག་ {{TibChung|[3a]}} གིས་གུ་རུ་པདྨ་ཐོད་ཕྲེང་རྩལ་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པའི་སྐུར་གྱུར་པར་{{TibChung|བསམ་ལ།  གཏོར་མ་དཀར་དམར་གཉིས།}}  ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜལ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔  {{TibChung|ཀྱིས་བསང་།}}  ཨོཾ་སྭབྷཱ་ཝང་ཤུདྡྷཿསརྦ་དྷརྨཿསྭབྷཱ་ཝ་ཤུདྡྷོ྅་ཧཾ་{{TibChung|གིས་སྦྱང་།}}  སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི༔  གཏོར་སྣོད་སྟོང་གསུམ་ཁྱོན་དང་མཉམ་པའི་ནང་༔  གཏོར་རྫས་ངོ་བོ་ཡེ་ཤེས་བདུད་རྩི་ལ༔  རྣམ་པ་མགྲོན་རིགས་སོ་སོའི་ཅི་འདོད་ཀྱི༔  ལོངས་སྤྱོད་འཛད་མེད་ནམ་མཁའི་མཛོད་དུ་གྱུར༔  ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾག་ག་ན་ཁཾ་སྭཱཧཱ།  {{TibChung|ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས།}}  བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ{{TibChung|ས་མགྲོན་རྣམས་སྤྱན་དྲངས།}}  བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཾ་ཨཏྱ་ནུཏྤ་ཏོཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱཧཱ།  {{TibChung|ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་སྟེ།  བདེན་པའི་ཚིག་གིས་བཀྲོལ་བ་ནི།}}  སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག༔  ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག༔  དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག༔  བདེན་པའི་མཆོག་གྱུར་དཀོན་མཆོག་བཀའ་ལ་ཉོན༔  སྲིད་གསུམ་རྒྱུ་ཞིང་དབང་བྱེད་ལྷ་འདྲེའི་ཚོགས༔  {{TibChung|[3b]}} ཕྱི་ནང་གསང་བ་བཏགས་ཆགས་སྡེ་བརྒྱད་དང་༔  ལྷ་ཀླུ་གཟའ་སྐར་སྤར་སྨེ་ཡང་འཁོར་དང་༔  ལོ་ཟླ་ཞག་དུས་དབང་བྱེད་ལྷ་མ་སྲིན༔  གཙང་རིས་དཔལ་མགོན་གནས་ཡུལ་སྐྱོང་བའི་ལྷ༔  ཁྱད་པར་ས་ཕྱོགས་འདིར་གནས་ལྷ་དང་ཀླུ༔  བདུད་བཙན་གཤིན་རྗེ་གཟའ་ཐེའུ་གནོད་སྦྱིན་གཉན༔  རྒྱལ་པོ་ས་བདག་རྨུ་བསེན་སྨན་མོ་གྲེ༔  གཉུག་མར་གནས་དང་གློ་བུར་ལྷག་པ་ཀུན༔  སོ་སོའི་ཅི་འདོད་གཏོར་མ་འདི་བཞེས་ལ༔  སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་སོགས༔  དཀོན་མཆོག་བདེན་པའི་བཀའ་ལས་མ་འདའ་བར༔  བདག་ཅག་དཀར་པོའི་དགེ་བ་སྒྲུབ་པ་ལ༔  གནོད་ཅིང་བར་དུ་གཅོད་པ་ཀུན་སྤངས་ནས༔  ཕན་པའི་སེམས་ཀྱིས་སྒྲུབ་པའི་མཐུན་རྐྱེན་བསྒྲུབ༔  བར་གཅོད་མི་མཐུན་ཕྱོགས་རྣམས་བསྲུང་བར་མཛོད༔  {{TibChung|ཅེས་གཏོར་མ་གཙང་སར་ཕུལ་ལ་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ།  གཉིས་པ་བགེགས་བསྐྲད་ཅིང་སྲུང་མཚམས་བཅད་པ་ནི།  བགེགས་གཏོར་བྲན་ལ།}}  ཐུགས་ལས་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔  གཏོར་མའི་ཉེས་པའི་སྐྱོན་རྣམས་བསྲེགས་སྦྱངས་གཏོར༔  ཨོཾ་ཨཱཿཧཱུྃ་འཕྲོས་ཅི་འདོད་རྫས་སུ་གྱུར༔  {{TibChung|ཅེས་བྱིན་བརླབ།}}  སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ{{TibChung|ས་མགྲོན་བཀུག  །}} སརྦ་བིགྷྣཱན་ {{TibChung|[4a]}} ན་མ༔  སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔  སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾག་ག་ན་ཁཾ་གྲྀཧྞ་དཾ་ལིནྟེ་སྭཱཧཱ།  {{TibChung|ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ལ།  བཀའ་བསྒོ་བ་ནི།}}  ཧཱུྃ༔  ང་ནི་ཡེ་ནས་པདྨ་ཐོད་ཕྲེང་རྩལ༔  དེང་འདིར་བླ་མེད་དངོས་གྲུབ་བསྒྲུབ་པ་ལ༔  བར་དུ་གཅོད་པའི་ལོག་འདྲེན་འབྱུང་པོ་རྣམས༔  སོ་སོར་ཡིད་མཐུན་གཏོར་མས་ཚིམས་གྱིས་ལ༔  རང་རང་སོ་སོའི་གནས་སུ་འགྲོ་བར་གྱིས༔  གལ་ཏེ་མི་འགྲོ་བཀའ་འདས་བར་གཅོད་ན༔  ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་དཔག་མེད་འཕྲོས༔  སྟོང་གསུམ་ཁྲོ་ཚོགས་མེ་དང་མཚོན་ཆས་བཀང་༔  ཁྱེད་རྣམས་རྡུལ་དུ་བརླག་པར་གདོན་མི་ཟ༔  དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔  ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པངྨ་ཧེ་རུ་ཀ་ཧཱུྃ་ཕཊ༔  གནོད་བྱེད་འབྱུང་པོ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔  {{TibChung|ཅེས་དྲག་སྔགས་རྫས་དུད་ཡུངས་ཐུན་རོལ་མོའི་སྦྱོར་བ་དྲག་པོ་དང་བཅས་པས་བགེགས་བསྐྲད་ལ་གཏོར་མ་ཕྱི་རོལ་དུ་དོར།}}  ཧྲཱིཿ སྣང་སྲིད་ཟིལ་གནོན་ཐུགས་ལས་འོད་འཕྲོས་པས༔  ཕྱི་སྣོད་དག་པ་ལྷ་ཡི་གཞལ་ཡས་ཁང་༔  ནང་བཅུད་སྐྱེ་འགྲོ་དཔའ་བོ་མཁའ་འགྲོ་མ༔  སྟེང་འོག་ཕྱོགས་མཚམས་འཇའ་ཚོན་འོད་གུར་འཁྱིལ༔  རྡོ་རྗེའི་ས་གཞི་ར་བ་དྲྭ་བ་དང་༔  རྡོ་རྗེའི་གུར་དང་རྡོ་རྗེའི་བླ་བྲེ་ཏོག༔  ཡེ་ཤེས་ {{TibChung|[4b]}} མེ་རི་ལྔ་དང་མཚོན་ཆ་ལྔ༔  ཁོར་ཡུག་སྲུང་བའི་འཁོར་ལོས་ཀུན་ནས་བཅིངས༔  ཨོཾ་བཛྲ་ཛྭ་ལ་རཀྵ་ཧཱུྃ༔  {{TibChung|ཞེས་སྲུང་བའི་འཁོར་ལོས་ཕྱོགས་ཀུན་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ།  །གསུམ་པ་སྐྱབས་སེམས་ཚོགས་བསགས་ཀྱི་རིམ་པ་ནི།}}  རང་མདུན་དྲི་མེད་ཀོ་ཤའི་མཚོ༔  དེ་དབུས་པད་སྡོང་རྒྱས་པ་ཡི༔  སྙིང་པོར་ཉི་ཟླའི་གདན་གྱི་སྟེང་༔  རྩ་བའི་བླ་མ་པདྨ་འབྱུང་༔  སྣང་སྲིད་ཟིལ་གནོན་དཀར་དམར་མདངས༔  ཟ་བེར་ཆོས་གོས་ཕོད་ཀ་གསོལ༔  དབུ་ལ་འདབ་ལྡན་སྙན་ཞུ་མཛེས༔  རྡོ་རྗེ་ཐོད་པ་ཚེ་བུམ་འཛིན༔  ཁ་ཊཱཾ་རྩེ་གསུམ་གཡོན་དུ་འཁྲིལ༔  ཁྲོ་འཛུམ་བརྩེ་བའི་ཉམས་ལྡན་པའི༔  དབུ་གཙུག་སྤྱན་རས་གཟིགས་དབང་ཕྱུག༔  དེ་སྟེང་མགོན་པོ་ཚེ་དཔག་མེད༔  མཐའ་སྐོར་རྒྱུད་ལུང་མན་ངག་གི༔  བླ་མ་རིག་འཛིན་ཚོགས་ཀྱིས་བསྐོར༔  གཡས་སུ་ཤཱཀྱ་ཐུབ་པ་ལ༔  བསྐལ་བཟང་སངས་རྒྱས་སྟོང་ལ་སོགས༔  བདེ་གཤེགས་རྒྱལ་བའི་ཚོགས་ཀྱིས་བསྐོར༔  རྒྱབ་ཏུ་ཡུམ་ཆེན་ཤེར་ཕྱིན་ལ༔  བཀའ་བསྟན་མན་ངག་ཚོགས་ཀྱིས་བསྐོར༔  གཡོན་དུ་བྱམས་པ་མགོན་པོ་ལ༔  གནས་བརྟན་ཆེན་པོ་བཅུ་དྲུག་སོགས༔  འཕགས་པའི་དགེ་འདུན་རྣམས་ཀྱིས་བསྐོར༔  མདུན་དུ་རྟ་ཕག་ཡབ་ {{TibChung|[5a]}} ཡུམ་ལ༔  ཡི་དམ་མཁའ་འགྲོ་རྒྱ་མཚོས་བསྐོར༔  ཕྱི་རོལ་བཀའ་སྲུང་གཏེར་བདག་སོགས༔  མ་ལུས་འཁོར་གྱིས་བསྐོར་བར་གྱུར༔  {{TibChung|ཅེས་སྐྱབས་ཡུལ་གསལ་བཏབ་ལ།  མཆོག་ཏུ་གུས་པའི་ཐལ་མོ་སྦྱར་བས་བཏུད་དེ།}}  ན་མོ༔  བདག་སོགས་མཁའ་མཉམ་འགྲོ་ཀུན་དུས་འདི་ནས༔  རྣམ་མཁྱེན་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔  དུས་གསུམ་དཀོན་མཆོག་རྩ་གསུམ་ཀུན་འདུས་པའི༔  བཀའ་དྲིན་མཉམ་མེད་རྗེ་ལ་སྐྱབས་སུ་མཆི༔  འགྲོ་ཀུན་ཐར་པ་མཆོག་ལ་འགོད་མཛད་པའི༔  དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས་སུ་མཆི༔  བྱིན་རླབས་དངོས་གྲུབ་ཆར་འབེབས་བར་ཆད་སེལ༔  རྩ་གསུམ་དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི༔  {{TibChung|ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ།  སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལྷག་པའི་བསམ་པ་བརྟན་པོས།}}  འགྲོ་ཀུན་བདེ་གཤེགས་སྙིང་པོར་ལྷུན་གྲུབ་ཀྱང་༔  དེ་ཉིད་མ་རྟོགས་འཁོར་བར་འཁྱམས་པའི་འགྲོ༔  མ་ལུས་བྱང་ཆེན་མཆོག་ལ་འགོད་བྱའི་ཕྱིར༔  སྨོན་འཇུག་དོན་དམ་བྱང་ཆུབ་སེམས་བསྐྱེད་དོ༔  {{TibChung|ཞེས་ལན་གསུམ་གྱིས་སེམས་བསྐྱེད།  སྐྱབས་ཡུལ་དུ་སད་པ་ཉིད་ཚོགས་ཞིང་དུ་བྱས་ནས།}}  ཨོཾ་ཨཱཿཧཱུྃ༔  བླ་མེད་དཀོན་མཆོག་རྩ་གསུམ་ {{TibChung|[5b]}} རྒྱ་མཚོ་ལ༔  ཀུན་ནས་ཡིད་རབ་དྭངས་བས་ཕྱག་འཚལ་ལོ༔  དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོས་མཆོད༔  དུས་གསུམ་མཉམ་ཉིད་མ་ཤེས་མཐོལ་ལོ་བཤགས༔  མ་ཆགས་ཐབས་ཀྱི་སྤྱོད་པར་རྗེས་ཡི་རང་༔  བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔  འགྲོ་ཀུན་ཕན་བདེའི་ལམ་ལ་འཇུག་པའི་ཕྱིར༔  མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔  བདག་གཞན་དུས་གསུམ་དགེ་བ་ཅི་བསགས་པ༔  བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བ་བྱ༔  {{TibChung|ཞེས་ཡན་ལག་བདུན་གྱི་སྒོ་ནས་ཚོགས་བསགས་པའི་མཐར།}}  ཛཿཧཱུྃ་བཾ་ཧོཿ  མདུན་གྱི་སྐྱབས་ཡུལ་ལྷ་ཚོགས་རྣམས།  །ཡིག་འབྲུ་གསུམ་གྱི་རྣམ་པ་རུ།  །འོད་དུ་ཞུ་ནས་རང་ལ་ཐིམ།  །དབྱེར་མེད་བྱིན་གྱིས་བརླབས་པར་གྱུར།  །{{TibChung|ཅེས་སྐྱབས་ཡུལ་རྣམས་རང་ལ་བསྡུའོ།  །བཞི་པ་བྱིན་དབབ་པ་ནི།}}  རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས་བླ་མ་རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ཏེ་བདག་གནས་ཡོ་བྱད་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པར་མོས་ལ།  སྤོས་དང་རོལ་མོ་གདུང་བའི་ཤུགས་ཀྱིས་བསྐུལ་ཏེ།  ཧྲཱིཿ རང་བཞིན་ཆོས་དབྱིངས་སྤྲོས་བྲལ་ཀློང་༔  རང་སྣང་རྔ་ཡབ་སྤྲུལ་པའི་ཞིང་༔  {{TibChung|[6a]}} ཟངས་མདོག་རིན་ཆེན་དཔལ་གྱི་རི༔  པདྨ་འོད་ཀྱི་ཕོ་བྲང་ནས༔  དུས་གསུམ་སངས་རྒྱས་ཀུན་འདུས་པ༔  རྗེ་བཙུན་མ་ཧཱ་གུ་རུ་རྗེ༔  རིག་འཛིན་མཁའ་འགྲོའི་ཚོགས་དང་བརྩས༔  བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔  རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔  མོས་པའི་བུ་ལ་བྱིན་བརླབ་ཕྱིར༔  ཐུགས་རྗེའི་དབང་གིས་བྱོན་པའི་ཚེ༔  སྐུ་མཆོག་གཟི་བརྗིད་ལམས་སེ་ལམ༔  གསུང་གི་ང་རོ་དི་རི་རི༔  ཐུགས་རྗེ་བྱིན་རླབས་ཐིབས་སེ་ཐིབ༔  དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔  དར་གྱི་ན་བཟའ་པུ་རུ་རུ༔  རིན་ཆེན་རྒྱན་ཆ་སི་ལི་ལི༔  རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔  རྔ་རྡུང་རོལ་མོ་འུ་རུ་རུ༔  ཐོད་པའི་རྔ་ཆུང་ཁྲོ་ལོ་ལོ༔  མི་རྐང་གླིང་བུ་ཙེ་རེ་རེ༔  དཔའ་བོས་གླུ་ལེན་ཀྱུ་རུ་རུ༔  མཁའ་འགྲོའི་སྤྲིན་ཕུང་ཐིབས་སེ་ཐིབ༔  ཆོས་སྐྱོང་ལས་བྱེད་ཤ་ར་ར༔  དྲི་ཞིམ་སྤོས་ངད་ཐུ་ལུ་ལུ༔  ཚིལ་ཆེན་དུད་སྤྲིན་ཆི་ལི་ལི༔  ཧཱུྃ་གི་རྒྱུན་དབྱངས་དི་རི་རི༔  ཕཊ་ཀྱི་སྒྲ་སྐད་བྲེངས་སེ་བྲེང་༔  སྔོན་གྱི་ཐུགས་དམ་མ་གཡེལ་བར༔  སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ༔  དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ༔  ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ {{TibChung|[6b]}} ཨཱཿབཛྲ་གུ་རུ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ{{TibChung|ཞེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བྱིན་དབབ་བོ།  །ལྔ་པ་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་པ་ནི།}}  རཾ་ཡྃ་ཁྃ༔  ཨོཾ་ཨཱཿཧཱུྃ༔  བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས༔  རྃ་ལས་ཡེ་ཤེས་མེ་བྱུང་དངོས་འཛིན་བསྲེགས༔  ཡྃ་ལས་རླུང་བྱུང་བག་ཆགས་དྲི་མ་གཏོར༔  ཁཾ་ལས་ཆུ་བྱུང་མ་དག་ཉེས་པ་སྦྱངས༔  སླར་ཡང་ཨོཾ་འཕྲོས་མཆོད་སྤྲིན་རྒྱ་མཚོར་གྱུར༔  ཨཱཿའཕྲོས་ཟག་མེད་བདུད་རྩིའི་ངོ་བོར་གྱུར༔  ཧཱུྃ་འཕྲོས་རབ་འབྱམས་མཁའ་དབྱིངས་གང་བར་སྤེལ༔  ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ།  {{TibChung|དེ་བཞིན་དུ་སྦྱར་ཏེ།}}  ཤཔྡའི་{{TibChung|བར་དང་}} ཨོཾ་རཱུ་པ་ཨཱཿཧཱུྃ།  {{TibChung|སོགས་ནས།}}  དྷརྨ་དྷཱ་ཏུའི་{{TibChung|བར་བརྗོད།}}  ཧྲཱིཿ བདག་ཉིད་ཐུགས་ལས་ཡེ་ཤེས་འོད་ལྔ་འཕྲོས༔  རླུང་གཡོས་མེ་སྦར་བྷནྡྷའི་རྫས་རྣམས་ཁོལ༔  རླངས་པ་ལས་བྱུང་ཨོཾ་ཧྲྰུཾ་ཏྲཱཾ་ཧྲཱིཿཨཱཿའོད་དུ་ཞུ་ནས་རིགས་ལྔ་ཡབ་ཡུམ་རྣམས༔  གཉིས་མེད་སྦྱོར་བས་བྱང་ཆུབ་སེམས་ཀྱི་རྒྱུན༔  བབས་པས་མཚན་ལྡན་ཡེ་ཤེས་བྷནྡྷ་གང་༔  ངོ་བོ་ཟག་མེད་ཡེ་ཤེས་བདུད་རྩི་ལ༔  རྣམ་པ་སྨན་རཀ་གཏོར་མ་བླ་མེད་རྫས༔  ཟག་མེད་བདེ་ཆེན་མཆོད་པའི་སྤྲིན་དུ་གྱུར༔  མ་ཧཱ་པཉྩ་རཀྟ་བ་ལིང་ཏ་ཨོཾ་ཨཱཿཧཱུྃ༔  {{TibChung|ཞེས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་རང་ {{TibChung|[7a]}} བཞིན་དུ་སྤེལ་ལོ།  །གཉིས་པ་དངོས་གཞིའི་ལས་རིམ་ལ་རྣམ་གྲངས་བདུན་ལས།  དང་པོ་དམ་ཚིག་གི་དཀྱིལ་འཁོར་གསལ་གདབ་པ་ནི།  གནས་ལུགས་སྤྲོས་པ་དང་བྲལ་བའི་དབྱིངས་ནས་འགག་མེད་སྙིང་རྗེ་ཆེན་པོའི་རང་རྩལ་ཡེ་ཤེས་ཀྱི་སྣང་ཆ་དཀྱིལ་འཁོར་ལྷའི་འཁོར་ལོར་ལམ་གྱིས་འཆར་བར་བསམ་ཞིང་།}}  ཧྲཱིཿ ཡེ་ནས་སྤྲོས་བྲལ་ཀ་དག་དེ་བཞིན་ཉིད༔  རང་བཞིན་ལྷུན་གྲུབ་མཉམ་ཡངས་མཐའ་དབུས་བྲལ༔  ཀུན་ཁྱབ་ཆོས་སྐུ་རང་བཞིན་བརྡལ་བ་ཆེ༔  བྱ་བྱེད་གཟུང་འཛིན་སྤང་བླང་མཐའ་ལས་འདས༔  ཨོཾ་མ་ཧཱ་ཛྙཱ་ན་སྭ་བྷཱ་ཝ་ཨཱཿཧཱུྃ༔  ཧྲཱིཿ མ་བཅོས་སྤྲོས་བྲལ་ཆོས་སྐུ་དེ་བཞིན་ཉིད༔  གདངས་རྩལ་འགགས་མེད་སྙིང་རྗེ་ཆེན་པོར་སྣང་༔  ཟུང་འཇུག་རང་རྩལ་ཧཱུྃ་ཡིག་དཀར་དམར་མདངས༔  དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔  འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་དབུས༔  རིན་ཆེན་གཞལ་ཡས་མཚན་རྫོགས་ལྟེ་བ་རུ༔  པད་སྡོང་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་༔  རང་རིག་ཧཱུྃ་ལས་སྣང་སྲིད་ཟིལ་གནོན་སྐུ༔  བལྟ་བས་མི་ངོམས་ལོ་བརྒྱད་གཞོན་ནུའི་ཚུལ༔  སྐུ་མདོག་དུང་ལ་ཕོ་ཚོས་བྱུག་པ་འདྲ༔  ཞལ་གཅིག་ཕྱག་གཉིས་མཛེས་འཛུམ་རྒྱན་གྱིས་སྤྲས༔  གསང་གོས་ཕོད་ཀ་ཆོས་ {{TibChung|[7b]}} གོས་དམར་པོ་གསོལ༔  དབུ་ལ་འདབ་ལྡན་རིགས་ལྔའི་པད་ཞུ་མཛེས༔  གཡས་གཡོན་ཕྱག་ན་གསེར་གྱི་རྡོ་རྗེ་དང་༔  བདེ་ཆེན་བྷནྡྷ་འཆི་མེད་ཚེ་བུམ་འཛིན༔  ཁ་ཊཱཾ་རྩེ་གསུམ་མཆན་ཁུང་གཡོན་ན་འཆང་༔  གཡས་བརྐྱང་ཟིལ་གནོན་རོལ་པའི་སྟབས་ཀྱིས་བཞུགས༔  མཚན་དཔེ་རབ་རྒྱས་ཐུགས་རྗེས་འགྲོ་ལ་གཟིགས༔  ཞིང་ཁམས་མ་ལུས་སྐུ་ཡི་བཀོད་པས་ཁྱབ༔  སྐུ་ཉིད་ཡེ་ཤེས་དབྱིངས་ཁྱབ་བརྡལ་བའི་ཀློང༔  ཟུང་འཇུག་མི་ཟད་རྒྱན་གྱི་འཁོར་ལོར་གསལ༔  དབུ་གཙུག་འཇའ་ཟེར་པདྨ་ཉི་ཟླའི་སྟེང་༔  རིགས་ཀུན་ཁྱབ་བདག་ཆོས་སྐུ་སྣང་མཐའ་ཡས༔  དམར་གསལ་མཉམ་བཞག་བདུད་རྩིའི་ཚེ་བུམ་བསྣམས༔  ཡུམ་མཆོག་ན་བཟའ་དཀར་མོའི་ལི་ཁྲིའི་མདངས༔  ཕྱག་གཉིས་མདའ་དར་ཚེ་བུམ་འཛིན་དང་སྦྱོར༔  སྣ་ཚོགས་དར་དང་རིན་ཆེན་རྒྱན་ཆ་རྫོགས༔  མཚན་དཔེའི་གཟི་བརྗིད་འོད་འབར་ལམ་མེར་བཞུགས༔  ཧྲཱིཿ ཕྱོགས་བཞིར་པདྨ་འདབ་བཞིའི་གདན་སྟེང་དུ༔  ཤར་དུ་རྡོ་རྗེ་ཐོད་ཕྲེང་སྐུ་མདོག་དཀར༔  ཕྱག་གཉིས་རྡོ་རྗེ་བདུད་རྩིའི་བྷནྡྷ་བསྣམས༔  ལྷོ་རུ་རཏྣ་ཐོད་ཕྲེང་སྐུ་མདོག་སེར༔  གཡས་གཡོན་ཕྱག་ན་རིན་ཆེན་བྷནྡྷ་འཛིན༔  ནུབ་ཏུ་པདྨ་ {{TibChung|[8a]}} ཐོད་ཕྲེང་སྐུ་མདོག་དམར༔  གཡས་གཡོན་པདྨ་དམར་པོ་བྷནྡྷ་འཛིན༔  བྱང་དུ་ཀརྨ་ཐོད་ཕྲེང་སྐུ་མདོག་ལྗང་༔  གཡས་གཡོན་རྡོ་རྗེ་རྒྱ་གྲམ་བྷནྡྷ་འཛིན༔  གཙོ་བོ་གུ་རུ་སྣང་སྲིད་ཟིལ་གནོན་གྱི༔  ཐུགས་ཀར་བུདྡྷ་ཐོད་ཕྲེང་མཐིང་གསལ་སྐུ༔  གཡས་གཡོན་འཁོར་ལོ་བདུད་རྩིའི་བུམ་པ་འཛིན༔  ལྔ་ཀའང་དབུ་སྐྲ་ཐོར་ཚུགས་ལྡན་པ་ལ༔  རིན་ཆེན་དབུ་རྒྱན་སྙན་ཆ་མགུར་ཆུ་དང་༔  དོ་ཤལ་སྐ་རགས་ཕྱག་ཞབས་གདུབ་བུས་བརྒྱན༔  དར་གྱི་ཤམ་ཐབས་དར་དཔྱང་རུས་རྒྱན་མཛེས༔  ཞབས་གཉིས་སེམས་སྐྱིལ་བདེ་ཉམས་ལྡན་པར་བཞུགས༔  ཧྲཱིཿ ཕྱོགས་བཞི་མཚམས་བརྒྱད་པདྨའི་འདབ་མ་ལ༔  ཤར་དུ་པདྨ་འབྱུང་གནས་སྐུ་མདོག་མཐིང་༔  རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆ་ལུགས་ཅན༔  ལྷ་ལྕམ་དཀར་མོ་གཉིས་མེད་དགྱེས་པར་འཁྲིལ༔  ལྷོ་རུ་པདྨ་སམྦྷ་དགེ་སློང་ཆས༔  སྐུ་མདོག་དཀར་དམར་རྡོ་རྗེ་ཐོད་པ་འཛིན༔  ནུབ་ཏུ་པདྨ་རྒྱལ་པོ་སྐུ་མདོག་དམར༔  ཟབ་ཆེན་བེར་གསོལ་ཕྱག་གཡས་ཌཱ་མ་རུ༔  ཕྱག་གཡོན་ལྕགས་སྒྲོགས་དང་ནི་མེ་ལོང་བསྣམས༔  བྱང་དུ་ཤཱཀྱ་སེང་གེ་སྐུ་མདོག་སེར༔  ས་གནོན་མཉམ་བཞག་དབུ་ལ་གཙུག་ཏོར་ལྡན༔  ལྷུང་  {{TibChung|[8b]}} བཟེད་འཛིན་ཅིང་ཆོས་གོས་རྣམ་གསུམ་གསོལ༔  ཤར་ལྷོར་བློ་ལྡན་མཆོག་སྲེད་སྐུ་མདོག་དཀར༔  དར་དཀར་གསོལ་ཞིང་ཌཱ་རུ་པད་ཕོར་བསྣམས༔  ལྷོ་ནུབ་ཉི་མ་འོད་ཟེར་དམར་སེར་མདོག༔  ཧེ་རུ་ཀ་དཔལ་སྟག་ཤམ་རུས་རྒྱན་ཅན༔  ཕྱག་གཉིས་ཁ་ཊཱཾ་ཉི་ཟེར་ཞགས་པ་བསྣམས༔  ནུབ་བྱང་སེངྒེ་སྒྲ་སྒྲོག་སྐུ་མདོག་མཐིང༔  རྡོ་རྗེ་སྡིག་མཛུབ་སྟག་ཤམ་ཁྲོ་ཆས་བརྒྱན༔  བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག་ནས་ཁྲོས༔  རབ་བྱུང་ཆ་ལུགས་རྡོ་རྗེ་ཕུར་པ་བསྣམས༔  མགོ་ཕྲེང་གསོལ་ཞིང་སྟག་མོའི་སྟེང་ན་བཞེངས༔  སྒོ་བཞིར་སྒོ་སྐྱོང་རྒྱལ་ཆེན་སྡེ་བཞི་དང་༔  ཕྱོགས་མཚམས་ཁོར་ཡུག་དཔའ་བོ་མཁའ་འགྲོའི་ཚོགས༔  དཔག་ཏུ་མེད་པའི་འཁོར་ཚོགས་རྒྱ་མཚོས་བསྐོར༔  འཇའ་ཚོན་འོད་ལྔ་འཁྱིལ་བའི་ཀློང་དཀྱིལ་ན༔  སྣང་ལ་རང་བཞིན་མེད་པར་གསལ་བར་བསྐྱེད༔  {{TibChung|ཅེས་བསྐྱེད་པའི་རིམ་པ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་བཀྲ་ལམ་གྱིས་གསལ་བར་བསམ་མོ།  །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོར་སྤྱན་དྲང་བ་ནི།}}  དེ་ལྟར་གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔  སྐུ་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས༔  འོད་འཕྲོས་རྣམ་དག་སྤྲོས་བྲལ་ཆོས་ཀྱི་དབྱིངས༔  སྤྲུལ་པའི་ཞིང་མཆོག་པདྨ་འོད་གླིང་ནས༔  ཉི་ཟེར་རྡུལ་ {{TibChung|[9a]}} འཁྲིགས་ལྟ་བུར་བྱོན་པར་གྱུར༔  {{TibChung|ཅེས་པས་རྡོ་རྗེའི་རིག་འཛིན་གྱི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པའི་འཁོར་ལོ་དང་བཅས་པ་ནམ་མཁའ་གང་བར་སྤྱན་དྲངས་པར་བསམ་ཞིང་།  སྤྲོས་ཀྱི་དུད་སྤྲིན་ཐོད་རྔ་རོལ་མོའི་སྒྲ་དང་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ།}}  ཧྲཱིཿ  སྔོན་གྱི་བསྐལ་པའི་དང་པོ་ལ༔  ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔  པདྨ་གེ་སར་སྡོང་པོ་ལ༔  ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔  པདྨ་འབྱུང་གནས་ཞེས་སུ་གྲགས༔  འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔  ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔  བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔  བདེ་ཆེན་པདྨ་འོད་ཞིང་ནས༔  གདུལ་དཀའི་འགྲོ་བ་འདུལ་བའི་ཕྱིར༔  དབང་མཛད་སྣང་སྲིད་ཟིལ་གནོན་རྗེ༔  འགྲོ་བ་འདུལ་ཕྱིར་གཤེགས་སུ་གསོལ༔  ལས་བཞི་ལྷུན་གྲུབ་ཕོ་བྲང་ནས༔  བཛྲ་རཏྣ་པདྨ་དང་༔  ཀརྨ་བུདྡྷ་ཐོད་ཕྲེང་ལྔ༔  དངོས་གྲུབ་མ་ལུས་སྩོལ་ཕྱིར་གཤེགས༔  ཕྱོགས་བཞི་མཚམས་བརྒྱད་ཞིང་ཁམས་ནས༔  ཚོགས་བརྒྱད་གནས་སུ་དག་པ་ལས༔  སྤྲུལ་པའི་གུ་རུ་མཚན་བརྒྱད་རྣམས༔  བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔  གནས་ཡུལ་དུར་ཁྲོད་ཐམས་ཅད་ནས༔  རང་རྩལ་འགག་མེད་སྤྲུལ་པའི་འཁོར༔  {{TibChung|[9b]}} དཔའ་བོ་མཁའ་འགྲོ་རྒྱ་མཚོ་རྣམས༔  བར་ཆད་བསལ་ཕྱིར་གཤེགས་སུ་གསོལ༔  རྒྱལ་བ་རིག་འཛིན་རྒྱ་མཚོ་ཡི༔  ཐུགས་རྗེ་བྱིན་རླབས་གཅིག་བསྡུས་པ༔  སྣང་སྲིད་ཟིལ་གནོན་པདྨ་འབྱུང༔  ཐུགས་རྗེ་ཐུགས་དམ་མ་གཡེལ་བར༔  གནས་མཆོག་འདི་རུ་བྱིན་ཕོབ་ལ༔  སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔  བགེགས་དང་ལོག་འདྲེན་བར་ཆད་སོལ༔  མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔  ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཨོཾ་བཛྲ་གུ་རུ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ{{TibChung|ཞེས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་མོ།  །གསུམ་པ་བཞུགས་སུ་གསོལ་བ་ནི།}}  ཧྲཱིཿ  ཡེ་ནས་རང་བྱུང་རང་ཤར་བའི༔  ཡེ་ཤེས་ལྔ་ལྡན་ཕོ་བྲང་འདིར༔  པདྨ་ཉི་ཟླའི་གདན་སྟེང་དུ༔  དགྱེས་ཤིང་བརྩེ་བས་བཞུགས་སུ་གསོལ༔  ས་མ་ཡ་ཏིཥྛ་ལྷན༔  {{TibChung|ཅེས་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་དམ་ཚིག་གི་འཁོར་ལོ་དང་རོ་གཅིག་ཏུ་བཞུགས་པར་བསམ་མོ། བཞི་པ་ཕྱག་འཚལ་བ་ནི།  ཡེ་ནས་ལྷ་བདག་དབྱེར་མེད་དུ་རྟོགས་པ་ལས་གནས་སྐབས་ཡོན་ཏན་ཁྱད་པར་ཅན་ལ་གུས་པའི་སྒོ་ནས།}}  ན་མོ༔  མ་སྐྱེས་མི་འགྱུར་ཆོས་དབྱིངས་ལས༔  འགག་མེད་ལྷུན་གྲུབ་ཕྲིན་ལས་རྫོགས༔  ཐབས་མཁས་ཐུགས་རྗེས་ {{TibChung|[10a]}} འགྲོ་བ་འདུལ༔  གུ་རུ་སྣང་སྲིད་ཟིལ་གནོན་རྗེ༔  སྤྲུལ་འཁོར་བཅས་ལ་ཕྱག་འཚལ་ལོ༔  ཨ་ཏི་པུ་ཧོཿ  པྲ་ཏཱི་ཙྪ་ ཧོཿ    {{TibChung|ཞེས་ཕྱག་བྱ།  ལྔ་པ་མཆོད་པ་འབུལ་བ་ལ།  ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ལྔ་ལས། དང་པོ་ཕྱི་མཆོད་ནི།  རང་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤྲོ་བས་མངོན་པར་མཆོད་པར་མོས་ལ།}} ཨོཾ་ཨཱཿཧཱུྃ༔  དག་ཅིང་དྲི་མེད་ལྷ་ཡི་མཆོད་ཡོན་དང་༔  གཙང་སྦྱར་མེ་ཏོག་སྦྱར་བའི་ཞབས་བསིལ་རྒྱུན༔  ལྷ་མིའི་མེ་ཏོག་སྣ་ཚོགས་ཀུན་ནས་མཛེས༔  ཙནྡན་ཨ་ག་རུ་སོགས་དྲི་ཞིམ་སྤོས༔  འབྲུ་མར་རྩི་མར་ལས་བྱུང་སྣང་གསལ་དང་༔  ག་བུར་ལ་སོགས་སྦྱར་བའི་དྲི་བཟང་ཆབ༔  རོ་ནུས་ཕུན་ཚོགས་ལྷ་ཡི་ཞལ་ཟས་ཚོགས༔  རྔ་གླིང་སིལ་སྙན་རོལ་མོའི་སྒྲ་དབྱངས་སོགས༔  སྣང་སྲིད་ཟིལ་གནོན་སྤྲུལ་འཁོར་བཅས་ལ་འབུལ༔  ཨོཾ་བཛྲ་ཨརྒྷཾ༔  པཱ་དྱཾ༔  པུཥྤེ༔  དྷུ་པེ༔  ཨཱ་ལོ་ཀེ༔  གནྡྷེ༔  ནཻ་ཝི་དྱ༔  ཤཔྡ་པྲ་ཏཱི་ཙྪ་ཨཱཿཧཱུཾ༔  {{TibChung|གཉིས་པ་ནང་མཆོད་ནི།  རང་བྱུང་འདོད་ཡོན་ལྔའི་ལོངས་སྤྱོད་ཆེན་པོས་མཉེས་པར་བསམ་ཞིང་།}}  ཨོཾ་ཨཱཿཧཱུྃ༔  ཡིད་འོད་ཁ་དོག་དབྱིབས་ལེགས་ལྡན་པའི་གཟུགས༔  རྣར་སྙན་ཡིད་རབ་འཕྲོག་པའི་སྒྲ་དབྱངས་ཚོགས༔  སྟོང་གསུམ་ཀུན་ཏུ་ཁྱབ་པའི་དྲི་བཟང་ངད༔  རོ་བཅུད་ {{TibChung|[10b]}} ནུས་པར་ལྡན་པའི་ཞལ་ཟས་ཚོགས༔  མཉེན་འཇམ་འཁྲིལ་ཆགས་ལྷ་ཡི་ན་བཟར་བཅས༔  སྣང་སྲིད་ཟིལ་གནོན་སྤྲུལ་འཁོར་བཅས་ལ་འབུལ༔  བདག་ཅག་ཚོགས་ཆེན་རྫོགས་ཕྱིར་བཞེས་སུ་གསོལ༔  ཨོཾ་བཛྲ་རཱུ་པ༔  ཤཔྡ༔  གནྡྷེ༔  རས༔  སྤརྴེ་པྲ་ཏཱིཙྪ་ཨཱཿཧཱུྃ༔  {{TibChung|གསུམ་པ་གསང་མཆོད་ལ་སྨན་གཏོར་རཀྟ་གསུམ་གྱི།  སྨན་མཆོད་ནི།  སྨན་འཆི་མེད་བདུད་རྩིའི་རྒྱ་མཚོ་ཕུལ་བས་ཟག་པ་མེད་པའི་རོས་ཚིམ་པར་བསམ་ཞིང་།}}  ཨོཾ་ཨཱཿཧཱུྃ༔  རྒྱུ་རྐྱེན་རྣམ་དག་རང་བྱུང་རྫས་ཀྱི་མཆོག༔  རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་ཆེན་པོ༔  ཐབས་ཤེས་དབྱེར་མེད་རྨད་བྱུང་མཆོད་པའི་རྫས༔  སྣང་སྲིད་ཟིལ་གནོན་སྤྲུལ་འཁོར་བཅས་ལ་འབུལ༔  ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔  {{TibChung|ཞེས་དང་།}}  ཀུན་བཟང་སྣང་མཐའ་འཕགས་མཆོག་འཇིག་རྟེན་དབང་།  །སྣང་སྲིད་ཟིལ་གནོན་དབྱིངས་ཕྱུག་མཚོ་རྒྱལ་མ།  །གཡུ་སྒྲ་སྙིང་པོ་རྗེ་འབངས་ཚོགས་རྣམས་ལ།  །སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ།  །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི།  གཏེར་ཆེན་རིག་འཛིན་རྡོ་རྗེ་ཐོགས་མེད་རྩལ།  །ཟླ་འོད་དབང་མོ་ཟིལ་གནོན་མཆོག་རབ་རྩལ།  །པདྨ་བསྟན་དར་པདྨ་དབང་རྒྱལ་ལ།  །སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ།  ། {{TibChung|[11a]}} སརྦ༴  དཀྱིལ་འཁོར་ཀུན་གཙོ་སྣང་སྲིད་ཟིལ་གྱིས་གནོན།  །རྩ་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས།  །སྣང་སྲིད་གཞིར་བཞེངས་རྡོ་རྗེའི་མ ཎྜ་ལར།  །སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ།  །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི།  {{TibChung|ཞེས་ཕུལ་ལ།}}  ཨ་མྲྀ་ཏ་སིདྡྷི་ཧོཿ {{TibChung|ས་དངོས་གྲུབ་བླང་ངོ་།  །རཀྟ་འབུལ་བ་ནི།  འཁོར་བ་ཁྲག་གི་རྒྱ་མཚོ་ཕུལ་བས་ཆགས་མེད་བདེ་ཆེན་གྱི་ངོ་བོར་རོལ་པར་བསམ་ཞིང་།}}  ཧྲཱིཿ བདེ་ཆེན་པདྨ་ཡངས་པའི་སྣོད་མཆོག་ཏུ༔  ཆགས་ཆེན་མ་ཧཱ་རཀྟ་རྦ་རླབས་གཡོ༔  ཟུང་འཇུག་བདེ་ཆེན་རཀྟའི་མཆོད་པ་འདི༔  སྣང་སྲིད་ཟིལ་གནོན་སྤྲུལ་འཁོར་བཅས་པ་འབུལ༔  ཨོཾ་མ་ཧཱ་རཀྟ་ཛྭ་ལ་ཁ་རཾ་ཁཱ་ཧི༔  {{TibChung|གཏོར་མ་འབུལ་བ་ནི།  ཆོས་དབྱིངས་རང་བཞིན་སྣོད་ཀྱི་གཏོར་གཞོང་དུ་སྲིད་བཅུད་དམ་རྫས་འདོད་ཡོན་ལོངས་སྤྱོད་ཀྱི་ཕུང་པོར་སྤེལ་བ་ཕུལ་བས་དགྱེས་པར་བསམ་ཞིང་།}} ཧྲཱིཿ སྣང་བ་ཡངས་པ་ཆེན་པོའི་གཏོར་གཞོང་དུ༔  སྲིད་བཅུད་ཐམས་ཅད་འདོད་ཡོན་གཏོར་མར་སྦྱར༔  ཆགས་ཆེན་མི་དམིགས་རང་བཞིན་མཆོད་ཆེན་པོ༔  སྣང་སྲིད་ཟིལ་གནོན་སྤྲུལ་འཁོར་བཅས་ལ་འབུལ༔  ཨོཾ་མ་ཧཱ་ལིཾ་ཏ་ཁ་རཾ་ཁཱ་ཧི༔  {{TibChung|བཞི་པ་ཡང་གསང་གི་མཆོད་པ་ནི།  ཡབ་ཡུམ་སྣང་སྟོང་ཐབས་ཤེས་ཟུང་འཇུག་གཉིས་མེད་ལྷན་སྐྱེས་བདེ་བ་ཆེན་པོར་སྦྱོར་བས་དགའ་བ་བཞིའི་རོས་ཚིམ་པར་ {{TibChung|[11b]}} བསམ་ཞིང་།}}  ཧྲཱིཿ སྣང་སྲིད་ཡེ་ནས་ཐབས་ཤེས་ཡབ་ཡུམ་དུ༔  འཁོར་འདས་གཉིས་མེད་བདེ་ཆེན་ངང་དུ་སྦྱོར༔  བདེ་སྟོང་དབྱེར་མེད་གུ་ཧྱ་མཆོད་པའི་མཆོག༔  གཉིས་མེད་བདེ་བ་ཆེན་པོའི་ཀློང་དུ་བཞེས༔  ཨ་ཧོ་པདྨ་ཡོ་གི་ནི་ས་མ་ཡ་ཧོཿ  {{TibChung|ལྔ་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི།  དོན་དམ་པར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཐམས་ཅད་མི་དམིགས་བསམ་བརྗོད་དང་བྲལ་བ་འོད་གསལ་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ལ་མཉམ་པར་བཞག་སྟེ།}}  ཧོཿ  མཆོད་ཡུལ་མཆོད་རྫས་མཆོད་པ་པོ་ལ་སོགས༔  སྣང་སྲིད་ལྷུན་རྫོགས་ཆོས་ཉིད་ཡེ་ཤེས་ལྷ༔  ཐ་དད་གཉིས་མེད་བླང་དོར་མེད་པའི་ཀློང༔  རང་ཤེས་རང་བབ་ཀུན་བཟང་ཡངས་པས་མཆོད༔  སརྦ་དྷརྨདྷཱ་ཨཱཿ{{TibChung|ཞེས་མཆོད་པའི་རིམ་པ་རྣམས་ཀྱིས་དགྱེས་ལྡན་མཆོག་གི་དམ་ཚིག་ཏུ་རོལ་པར་བསམ་མོ།  །དྲུག་པ་བསྟོད་པ་ནི།  དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཆེ་བའི་ཡོན་ཏན་ལ་རབ་ཏུ་དད་ཅིང་འདུན་པའི་སྒོ་ནས།}}  ཧྲཱིཿ རྣམ་དག་སྤྲོས་བྲལ་ཆོས་སྐུ་ནམ་མཁའི་ངང་༔  འགག་མེད་གཟུགས་སྐུ་འཇའ་ཚོན་ལྟ་བུར་གསལ༔  གང་ལ་གང་འདུལ་ཐབས་མཁས་ཐུགས་རྗེ་ཡིས༔  མཐའ་ཡས་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད༔  ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་༔  འགྲོ་བའི་དོན་ཕྱིར་ཞི་དང་ཁྲོ་ཚུལ་སྟོན༔  ཐུགས་རྗེའི་རོལ་རྩལ་ཆོ་འཕྲུལ་  {{TibChung|[12a]}} བསམ་མི་ཁྱབ༔  སངས་རྒྱས་ཀུན་འདུས་སྐུ་ལ་ཕྱག་འཚལ་བསྟོད༔  མཁའ་མཉམ་འགྲོ་བའི་སྐྱབས་མཆོག་པདྨ་འབྱུང་༔  ཁམས་གསུམ་དབང་མཛད་སྣང་སྲིད་ཟིལ་གནོན་སྐུ༔  ལོ་བརྒྱད་གཞོན་ཚུལ་ཞི་མཛེས་བརྩེ་བའི་ཉམས༔  ཁྲོ་འཛུམ་འགྲོ་བ་འདུལ་ལ་ཕྱག་འཚལ༴  སྐུ་མདོག་དུང་ལ་ཕོ་ཚོས་བྱུག་པ་འདྲ༔  པདྨ་རཱ་གའི་མདངས་ལྡན་འོད་ཟེར་འཕྲོ༔  ཉི་མ་འབུམ་ལས་ལྷག་པའི་གཟི་བརྗིད་འབར༔  ཁམས་གསུམ་དབང་དུ་སྡུད་ལ༴  ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན༔  རྡོ་རྗེ་ལྟ་བུའི་ཏིང་འཛིན་མངའ་བརྙེས་བརྡ༔  ཕྱག་གཡོན་ལྟེ་བར་མཉམ་བཞག་ཕྱག་རྒྱ་ཅན༔  ལྷན་སྐྱེས་ཡེ་ཤེས་སྟོན་ལ༴  དངོས་གྲུབ་མཆོག་སྩོལ་བདུད་རྩིའི་ཐོད་པ་འཛིན༔  བྱེ་རུའི་ཚེ་བུམ་དཔག་བསམ་ཁ་རྒྱན་ཅན༔  འཆི་མེད་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་བཀང་༔  ཚེ་ཡི་དངོས་གྲུབ་སྩོལ་ལ༴  འདོད་ཡོན་མ་སྤངས་རྒྱན་དུ་རོལ་པའི་བརྡར༔  གསང་གོས་མཐིང་ག་ཕོད་ཀ་ནམ་མཁའི་མདོག༔  ཆོས་གོས་དམར་པོ་གསེར་གྱི་པ་ཏྲ་ཅན༔  རིན་ཆེན་རྒྱན་གྱིས་བརྒྱན་ལ༴  སྐུ་ལྔའི་དབང་རྫོགས་རིགས་ལྔའི་པད་ཞུ་གསོལ༔  ཡིད་འཛིན་བདེ་ཆེན་མཚོ་རྒྱལ་ཁ་ཊྭཱཾ་ {{TibChung|[12b]}} ཚུལ༔  དུག་གསུམ་རྩད་ནས་གཅོད་པའི་རྩེ་གསུམ་ལྡན༔  མཆན་ཁུང་གཡོན་ནས་འཁྲིལ་ལ༴  སྐྱོན་གྱིས་མ་གོས་གེ་སར་པདྨའི་གདན༔  ཐབས་ཤེས་ཟུང་འཇུག་ཉི་ཟླ་བརྩེགས་པའི་སྟེང་༔  གཡས་བརྐྱང་རོལ་པའི་སྟབས་ཀྱིས་འགྱིང་ཚུལ་བཞུགས༔  བསམ་ཡས་ཡོན་ཏན་རྫོགས་ལ༴  ཞིང་ཁམས་མ་ལུས་སྐུ་ཡི་བཀོད་པས་ཁྱབ༔  སྐུ་ཉིད་ཡེ་ཤེས་དབྱིངས་ལས་གཡོ་བ་མེད༔  སྐུ་གསུམ་དག་པ་ཆེན་པོའི་ངོ་བོར་བཞུགས༔  ཟུང་འཇུག་རྒྱན་གྱིས་འཁོར་ལོར་ཕྱག་འཚལ་བསྟོད༔  ཧྲཱིཿ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔  རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔  དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔  དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔  ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔  དཀར་སེར་དམར་ལྗང་མཐིང་མདོག་ཞི་ཞིང་སྒེག༔  ཆགས་ཁྲོ་རང་རྟགས་ཕྱག་མཚན་བྷནྡྷ་བསྣམས༔  དར་དང་རིན་ཆེན་རུས་པའི་རྒྱན་གྱིས་བརྒྱན༔  སྐུ་ལྔ་ཡོངས་རྫོགས་ཐོད་ཕྲེང་སྡེ་ལྔར་བསྟོད༔  ཧྲཱིཿ འཆི་མེད་རིག་འཛིན་མཆོག་སྩོལ་པདྨ་འབྱུང་༔  ཡོན་ཏན་ཀུན་རྫོགས་པདྨ་སམྦྷ་ཝ༔  བློ་ལྡན་མཆོག་སྲེད་ཤེས་རབ་མེ་ལྟར་འབར༔  པདྨ་རྒྱལ་པོས་ཁམས་ {{TibChung|[13a]}} གསུམ་དབང་དུ་སྡུད༔  རྨོངས་པའི་མུན་སེལ་ཉི་མ་འོད་ཟེར་རྗེ༔  ཤཱཀྱ་སེང་གེས་བདུད་བཞིའི་དཔུང་ཚོགས་འཇོམས༔  མུ་སྟེགས་ལོག་ལྟ་འདུལ་མཛད་སེང་གེའི་སྒྲ༔  མ་རུང་དྲེགས་པ་ཚར་གཅོད་གྲོ་བོ་ལོད༔  ཚོགས་བརྒྱད་གནས་དག་སྤྲུལ་པའི་གུ་རུ་བརྒྱད༔  གང་འདུལ་ཆོ་འཕྲུལ་ཞི་དང་ཁྲོ་གར་བསྒྱུར༔  སྐུ་མདོག་ཕྱག་མཚན་མ་ངེས་སྣ་ཚོགས་སྟོན༔  སྤྲུལ་པའི་གུ་རུ་བརྒྱད་ལ་ཕྱག་འཚལ་བསྟོད༔  ཧྲཱིཿ སྣང་སྲིད་ཟིལ་གནོན་སྐུ་གསུང་ཐུགས་ཡོན་ཕྲིན༔  རོལ་རྩལ་འགག་མེད་རང་ཤར་རང་བྱུང་བ༔  ལྷ་དང་མཁའ་འགྲོ་དམ་ཅན་གཡར་དམ་ཅན༔  རང་རྩལ་འཁོར་ཚོགས་རྒྱ་མཚོར་ཕྱག་འཚལ་བསྟོད༔  ཀུན་ཁྱབ་བཟོ་མེད་མཉམ་པ་ཉིད་ཀྱི་ངང་༔  མཆོད་དང་བསྟོད་པར་བྱ་བ་མི་དམིགས་ཀྱང༔  མ་རིག་གཉིས་འཛིན་རྣམ་རྟོག་སེལ་ཕྱིར་དུ༔  གཉིས་མེད་རང་རིག་ངང་དུ་ཕྱག་འཚལ་བསྟོད༔  {{TibChung|ཅེས་ཆེ་བའི་ཡོན་ཏན་ཁྱད་པར་ཅན་རྗེས་སུ་དྲན་པའི་སྒོ་ནས་མངོན་པར་བསྟོད་དོ།  །བདུན་པ་བཟླས་པའི་རྣལ་འབྱོར་ནི།}}  ཐུགས་ཀར་པདྨ་ཟླ་བའི་སྟེང་༔  བུདྡྷ་ཐོད་ཕྲེང་ཐུགས་ཀ་རུ༔  ཉི་ཟླའི་གྭའུའི་ཁ་སྦྱོར་དབུས༔  གསེར་གྱི་རྡོ་རྗེ་རྩེ་ལྔ་པ༔  ནས་འབྲུ་ཙམ་ཞིག་གསལ་བ་ཡི༔  ལྟེ་བར་ {{TibChung|[13b]}}  ཧཱུྃ་ཡིག་དཀར་དམར་མདངས༔  དེ་མཐར་སྔགས་ཀྱི་ཕྲེང་བ་ནི༔  དཀར་ལ་དམར་མདངས་ལྡན་པས་བསྐོར༔  དེ་ལས་འོད་འཕྲོས་རྒྱལ་ཀུན་མཆོད༔  སེམས་ཅན་ཀུན་གྱི་ལས་སྒྲིབ་སྦྱངས༔  དྲེགས་པའི་ལྷ་སྲིན་གདུག་རྩུབ་ཞི༔  སྣང་སྲིད་པདྨའི་སྐུ་རུ་གྱུར༔  སླར་ཡང་འོད་ཟེར་ཟེར་ཐག་སྦྲེང་༔  རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐུལ༔  བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས༔  ཚུར་འདུས་ཐུགས་སྲོག་དག་ལ་ཐིམ༔  མཆོག་ཐུན་དངོས་གྲུབ་སྩལ་ཐོབ་གྱུར༔  {{TibChung|དེ་ལྟར་ཏིང་ངེ་འཛིན་ལ་ཡིད་རྩེ་གཅིག་ཏུ་གནས་པའི་སྒོ་ནས།}}  ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔  {{TibChung|ཞེས་བསྙེན་སྒྲུབ་ཆིག་དྲིལ་ཡང་སྙིང་འབྲུ་བཅུ་གཉིས་པ་ཉིད་བཟླས་པའི་སྐྱོན་ཐམས་ཅད་སྤང་ལ་ཆུ་བོའི་རྒྱུན་བཞིན་དུ་བཟླའོ།  །ལས་སྦྱོར་ནི།}}  ཐོད་ཕྲེང་རིགས་ལྔའི་ཐུགས་ཀ་ནས༔  ལས་མཐུན་འོད་ཟེར་མཁའ་ཁྱབ་འཕྲོས༔  གང་འདུལ་ཞི་རྒྱས་དབང་དྲག་གི༔  ཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར༔  ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཤཱནྟིཾ་བུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ༔  {{TibChung|ཅེས་པའང་བསྙེན་སྒྲུབ་ཀྱི་འགྲོས་དང་སྦྱར་ཏེ་བཟླ་ཞིང་།  མཚན་མ་མཐོང་བའི་གང་ཟག་གིས་སྣང་སྲིད་དབང་དུ་སྡུད་པའི་ལས་སྦྱོར་གྱི་དམིགས་པའི་འཕྲུལ་འཁོར་ཁྱད་པར་བརྩམས་པར་འདོད་ན་རྩ་གཞུང་ལས་ {{TibChung|[14a]}} ཤེས་པར་བྱའོ།  །ཐུན་མཐར་དབྱངས་གསལ་རྟེན་སྙིང་ལན་གསུམ་རེས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པར་བརྟན་པར་བྱས་ལ།  ཛཔྲ་ཀྱི་མཆོད་བསྟོད་ཕུལ་ནས་ནོངས་པ་བཤགས་ཤིང་འདོད་པའི་དོན་ལ་གསོལ་བ་ནན་ཏན་དུ་གདབ་བོ།  །གསུམ་པ་རྗེས་ཀྱི་ལས་རིམ་ལ་ལྔ་ལས།  དང་པོ་ཚོགས་ཀྱི་ལས་རིམ་ལ་ལྔ་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི།  མཱཾས་དང་ཛ་གད་ཀྱིས་མཚོན་དམ་རྫས་སུ་འོས་པའི་རི་བཟའ་བཏུང་གི་དངོས་པོ་ཅི་འབྱོར་པ་གཙང་ཞིང་གྱ་ནོན་པར་བཤམ་ལ།  བདུད་རྩིས་བྲན་ཅིང་།}}  ཨོཾ་སརྦ་དྲ་བྱཾ་བི་ཤྭ་དྷ་ན་ཧཱུྃ་ཕཊ༔  {{TibChung|ཅེས་བསང་།}}  ཧྲཱིཿ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔  རྃ་འཕྲོས་དངོས་འཛིན་རྣམ་རྟོག་བསྲེག༔  ཡྃ་འཕྲོས་བག་ཆགས་དྲི་མ་གཏོར༔  ཁྃ་འཕྲོས་ཉེས་པའི་སྐྱོན་རྣམས་སྦྱངས༔  སླར་ཡང་ཨོཾ་ཨཱཿཧཱུྃ་འཕྲོས་པས༔  ཟག་མེད་ད་ལྟ་རྫས་བདུད་རྩིའི་མཆོག༔    ལོངས་སྤྱོད་འདོད་པའི་ཡོན་ཏན་གྱིས༔    མཁའ་དབྱིངས་མ་ལུས་ཁྱབ་པར་སྤེལ༔      ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ    {{TibChung|ཞེས་བྱིན་གྱིས་བརླབས་ཏེ།  ཚོགས་ཞིང་གི་འཁོར་ལོ་སྤྱན་དྲང་བ་ནི།}}  ཧྲཱིཿ རང་བཞིན་བདེ་ཆེན་ཆོས་ཀྱི་དབྱིངས༔  པདྨ་འོད་ཀྱི་གཞལ་ཡས་ནས༔  ཨོ་རྒྱན་སྣང་སྲིད་ཟིལ་གནོན་ལ༔  བླ་མ་ཡི་དམ་མཁའ་འགྲོ་དང་༔  ཆོས་སྐྱོང་གཏེར་བདག་ཚོགས་ཀྱིས་བསྐོར༔  ཚོགས་ལ་ {{TibChung|[14b]}} སྤྱན་འདྲེན་གཤེགས་སུ་གསོལ༔  གུ་རུ་སྣང་སྲིད་ཟིལ་གནོན་ལ༔  རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་དང་༔  གནས་ཡུལ་དུར་ཁྲོད་རྩ་ཁམས་ཀྱི༔  དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་༔  དམ་ཅན་གཏེར་བདག་རྒྱ་མཚོས་བསྐོར༔  དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔  རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔  དར་གྱི་ཅོད་པན་པུ་རུ་རུ༔  རིན་ཆེན་རྒྱན་ཆ་སི་ལི་ལི༔  དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔  དཔའ་མོས་གར་བྱེད་ཁྱུགས་སེ་ཁྱུག༔  རོལ་མོ་སྣ་ཚོགས་འུ་རུ་རུ༔  ཆོས་སྐྱོང་ལས་བྱེད་ཤ་ར་ར༔  གནས་མཆོག་གཞལ་ཡས་ཚོགས་ཁང་ལ༔  བཀྲ་ཤིས་བག་དྲོ་བྱིན་ཆེན་ཕོབ༔  འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་རྣམས༔  ཟག་མེད་བདུད་རྩིར་བྱིན་གྱིས་རློབས༔  ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནི་མ་ཧཱ་ག་ཎ་ཙ་ཀྲ་ས་མ་ཡ་ཨེ་ཨཱ་རལླི་ཧྲིཾ་ཕེཾ་ཛཿ {{TibChung|ཞེས་སྤྱན་དྲངས་ལ།  ཚོགས་ཀྱི་ཡོ་བྱད་འདོད་ཡོན་གྱི་ཕུང་པོར་སྤེལ་བའི་ཆ་དང་པོ་མཆོད་པའི་ཚུལ་དུ་འབུལ་བ་ནི།}}  ཧྲཱིཿ རྩ་གསུམ་རྒྱལ་བ་ཞི་ཁྲོ་དང༔  སྐྱབས་གནས་མཆོད་འོས་ཐམས་ཅད་ལ༔  འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔  སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔  མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔  {{TibChung|ཞེས་དང་།  གཞན་ཡང་ཐུགས་དམ་བསྐང་བའི་རིམ་པ་  {{TibChung|[15a]}} རྒྱ་ཆེར་བྱའོ།  །ཆ་བར་པ་ཉམས་ཆག་བཤགས་པའི་ཆེད་དུ་འབུལ་བ་ནི།}}  ཧོཿ  བདག་ཅག་མ་རིག་རྨོངས་པ་ཡིས༔  སྒོ་གསུམ་བག་མེད་དབང་གྱུར་ཏེ༔  རྩ་བ་སྐུ་གསུང་ཐུགས་དང་ནི༔  སྤྱད་དང་མི་སྤང་དམ་ཚིག་སོགས༔  ཡན་ལག་དམ་ལས་འགལ་བ་ཀུན༔  ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔  ཆོས་ཉིད་ཡངས་པ་ཆེན་པོའི་ཀློང༔  བཟོད་པ་དམ་པ་ཡར་བཞེས་ལ༔  མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ༔  {{TibChung|ཅེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ།  །ཚོགས་ཟན་ཆ་གསུམ་པ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་གིས་རང་ལ་བསྡུས་ཏེ་བསྒྲལ་མཆོད་བྱ་བ་ནི།}}  ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་ནི།  །ཐར་མེད་སྲིད་པའི་བྲུབ་ཁུང་ནང་།  །ནྲྀ་དང་ཏྲི་ལས་དགྲ་བགེགས་ཀུན།  །སྐྱབས་བྲལ་ཉམ་ཐག་ཚུལ་དུ་གྱུར།  །{{TibChung|ཅེས་དམིགས་བྱ་དངོས་སུ་གསལ་བཏབ་ལ།}}  བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔  འཕྲོས་པའི་ལས་མཁན་ཕོ་ཉའི་ཚོགས༔  གནམ་ས་བར་སྣང་ཁྱོན་ཀུན་འགེངས༔  བསྟན་དགྲ་བར་ཆད་འབྱུང་པོ་རྣམས་༔  རང་དབང་མེད་པར་ཁུག་ལ་ཤོག༔  ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔  སྡོམས་ཤིག་བཛྲ་སྥོ་ཊ་བཾ༔  མྱོས་ཆུག་བཛྲ་གཎྜེ་ཧོཿ  ཕྱེས་ཤིག་པྲ་བེ་ཤ་ཡ་ཕཊ༔  བསྟིམས་ཤིག་ཨཱ་བེ་ཤ་ཡ་ {{TibChung|[15b]}} ཨ༔  {{TibChung|ཞེས་འགུག་འཆིང་སྡོམ་མྱོས་དབྱེ་འབེབས་ཀྱི་ལས་བསྐུལ་ནས།  ལས་ཕུར་གྱིས་གཟིར་ཞིང་།}}  ཧཱུྃཿ དཔལ་ལྡན་རྡོ་རྗེ་ཕུར་པ་ཆེ༔  མེ་དང་མཚོན་ཆའི་ཚྭ་ཚྭ་འཕྲོ༔  གང་ལ་བཏབ་ཀྱང་ཐོགས་པ་མེད༔  གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔  ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔  {{TibChung|ཅེས་ཚེ་ཁྲུས་ཀྱི་དགོངས་པས་དྭངས་མ་དབྱིངས་སུ་བསྒྲལ་བའི་སྙིགས་མ་བདུད་རྩིའི་རང་བཞིན་དུ་སྤར་ལ།}}  ཧཱུྃ༔  རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གྱི༔  ལྷ་ཚོགས་སྤྲུལ་འཁོར་བཅས་པ་ལ༔  གནོད་བྱེད་དགྲ་བགེགས་བསྒྲལ་བ་ཡི༔  དུག་གསུམ་ཤ་ཁྲག་རུས་པ་འབུལ༔  ལྷག་མ་མེད་པར་བཞེས་ཤིག་རོལ༔  དགྲ་བགེགས་ཀྱི་མཱཾ་སཙིཏྟ་རཀྟ་གོ་རོ་ཙ་ན་བ་སུ་ཏ་ཁཱ་ཧི༔  {{TibChung|ཞེས་བསྟབ་པས་ལྷ་ཚོགས་རྣམས་ཀྱི་ཐུགས་བདེ་སྟོང་གི་རོས་ཚིམས་པར་བསམ་མོ།  །དེ་ནས་ཚོགས་ལ་རོལ་པ་ནི།  ཐ་མལ་གྱི་རྟོག་པའི་འཆིང་བ་དགྲོལ་ཕྱིར་ལས་ཀྱི་རྡོ་རྗེས་འཁོར་ལོའི་འདུས་པའི་གཙོ་བོ་ལ་ཕྱག་བཅས་ཐབས་ཤེས་ཀྱི་དམ་རྫས་བསྣོལ་མར་སྟོབ་ཅིང་།}}  ཧོཿ  གཟིགས་ཤིག་རྨད་དུ་བྱུང་བའི་དམ་པའི་ཆོས༔  འདི་ལ་ཐེ་ཚོམ་བྱ་མི་རུང་༔  བྲམ་ཟེ་ཁྱི་དང་གདོལ་པ་གསུམ༔  རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔  རྨད་བྱུང་གསང་བ་མཆོག་གི་རྫས༔  གཙང་དམེའི་རྟོག་པས་མ་བཅིངས་པར༔  ཟག་མེད་བདེ་བའི་ཀློང་རོལ་ན༔  བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ་༔  {{TibChung|[16a]}}  {{TibChung|ཅེས་འབུལ།  དེས་ཀྱང་པདྨའི་ཕྱག་རྒྱ་བསྐོར་ཞིང་།}}  ཨེ་མ་ཧོཿ  ཆགས་སོགས་དྲི་མ་དང་བྲལ་ཏེ༔  རིན་ཐང་མེད་ལས་ལེགས་འོངས་པ༔  གཟུང་དང་འཛིན་པ་རྣམ་པར་སྤངས༔  དེ་ཁོ་ན་ཉིད་དུ་ཨ་ལ་ལ༔  {{TibChung|ཞེས་རྩེ་གསུམ་པའི་ཕྱག་རྒྱས་བླངས།  འདུས་པ་ཐམས་ཅད་ལའང་བྲིམས་ཏེ་ལུས་དཀྱིལ་གྱི་ལྷ་རྣམས་མཆོད་པའི་དོན་དུ་ནང་གི་སྲེག་བླུགས་ཀྱིས་ཚིམས་པར་ལོངས་སྤྱད་པའི་མཐར།}}  ཕྱི་ནང་གཞན་གསུམ་རྡོ་རྗེའི་གྲོང་ཁྱེར་དུ།  །བདེ་ཆེན་ཚོགས་ཀྱི་འདུ་བས་མཉེས་བྱས་མཐུས།  །བདག་གཞན་འགྲོ་ཀུན་རྩ་གསུམ་ལྷ་ཚོགས་དང་།  །དབྱེར་མེད་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག  །{{TibChung|ཅེས་སྨོན་ལམ་གདབ་བོ།  དེ་ནས་ལྷག་མ་གཏོང་བ་ནི།}}  ཧཱུྃ༔  དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔  རྩ་གསུམ་དཀྱིལ་འཁོར་ཕུད་ལ་དགྱེས༔  བར་དུ་ལྷག་མས་མི་མཆོད་རྒྱུ༔  མཁའ་འགྲོ་དམ་ཅན་ལྷག་ལ་དགྱེས༔  ལྷག་མ་ཁ་ཆུས་མི་བྲན་རྒྱུ༔  ཁྱོད་དང་བདག་ཅག་གཡར་དམ་གཅིག༔  ཐ་མ་གཅིག་ཏུ་མི་བསྲེ་རྒྱུ༔  འཁོར་བ་མྱང་འདས་ཆོས་རྣམས་ཀུན༔  ཡེ་ནས་སེམས་ཉིད་ཀློང་དུ་གཅིག༔  རྡོ་རྗེ་གསང་བའི་ལོངས་སྤྱོད་ལ༔  དབང་བའི་ལྷག་སྡུད་མཁའ་འགྲོའི་ཚོགས༔  འདིར་གཤེགས་ལྷག་མའི་དམ་ལ་འདུས༔  {{TibChung|ཞེས་དམ་ཚིག་བདར་ཞིང་སྙན་གསན་དབབ།  ལྷག་མ་བསྡུས་པའི་སྟེང་དུ་དཀྱིལ་ {{TibChung|[16b]}} འཁོར་གྱི་ལྷག་མའང་བསྣན་ཏེ་སློབ་དཔོན་གྱིས་དམ་ཚིག་བདུད་རྩིའི་ཞལ་ཆབ་སྦྲེང་ཞིང་།}}  ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའི་ཁམས་གང་བར་{{TibChung|བསམ་ལ།}}  མ་མ་དྷཱ་ཀི་ནཱི་་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ{{TibChung|ས་ལྷག་སྡུད་ཀྱི་ཕོ་ཉ་རྣམས་སྤྱན་དྲངས་ནས།}}  ཧཱུྃ༔  དཔལ་གྱི་བཀའ་ཉན་ལྷག་མའི་བདག༔  ལས་བཞིའི་མཁའ་འགྲོ་ཤུགས་འགྲོ་དང་༔  དཀྱིལ་འཁོར་ཁོར་ཡུག་མུ་རན་སྐྱོང་༔  དམ་ཚིག་ཅན་གྱི་གྲོགས་བྱེད་ཅིང་༔  དམ་ཉམས་རྣམས་ལ་བཀའ་ཆད་འབེབས༔  གནས་ནི་དུར་ཁྲོད་ཚོགས་ཁང་ཉུལ༔  ཟས་སུ་ཉམས་པའི་ཤ་ཁྲག་ཟ༔  ལས་སུ་སངས་རྒྱས་བསྟན་པ་སྐྱོང་༔  དམ་ཅན་སྲུང་མ་དྲེགས་པའི་ཚོགས༔  དམ་ཚིག་དབང་གིས་གནས་འདིར་གཤེགས༔  ལྷག་མའི་གཏོར་མ་འདི་བཞེས་ལ༔  ཞི་རྒྱས་དབང་དང་མངོན་སྤྱོད་ལས༔  ཐོགས་པ་མེད་པར་འགྲུབ་པར་མཛོད༔  སརྦ་དྷཱ་ཀི་ནཱི་དྷརྨ་པཱ་ལ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔  {{TibChung|ཞེས་ལྷག་གཏོར་ཕྱི་རོལ་དུ་འབུལ་ཞིང་མགྲོན་རྣམས་ཚིམས་ཏེ་རང་གནས་སུ་གཤེགས་པར་བསམ་མོ།  །གཉིས་པ་གཏོར་མ་བསྐྱང་བ་ལ།  རྡོ་རྗེའི་སྲུང་མ་རྣམས་ལ་བཀའི་ཆད་མདོ་བསྒྲགས་པ་ནི།  གཏེར་སྲུང་གི་གཏོར་མ་སོགས་གཏོར་གྲལ་ནས་ཕབ་པ་རྡོ་རྗེའི་འགྲོས་ཀྱིས་ཕྱིར་བསྣུར་དུ་བཞག་སྟེ།  སྨན་རཀ་བྲན་  {{TibChung|[17a]}} ཅིང་བདུད་རྩིར་སྤེལ་ལ།}}  ཧཱུྃ་ཧྲཱིཿ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔  འོག་མིན་བདེ་བ་ཆེན་པོའི་ཞིང་ཁམས་སུ༔  ཀུན་བཟང་སྣང་མཐའ་ཚེ་དཔག་མེད་མགོན་གྱིས༔  གསང་སྔགས་ཟབ་མོའི་རྒྱུད་རྣམས་གསུངས་པའི་ཚེ༔  རིགས་ལྔའི་མཁའ་འགྲོ་མ་སྲིང་རྒྱ་མཚོ་ཡིས༔  སོ་སོའི་ཁས་བླངས་དམ་བཅས་ཇི་བཞིན་དུ༔  མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔  དེ་འོག་བར་གྱི་བསྐལ་པ་གཉིས་པ་ལ༔  བསམ་ཡས་ཧས་པོ་རི་ཡི་རྩེ་མོ་རུ༔  སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔  བོད་ཁམས་ལྷ་འདྲེ་དམ་ལ་བཏགས་པའི་ཚེ༔  དྲེགས་པ་དམ་ཅན་སྲུང་མ་རྒྱ་མཚོ་ཡིས༔  སོ་སོའི་ཁས་བླངས་དམ་བཅས་ཇི་བཞིན་དུ༔  མཆོད་གཏོར་བཞེས་ལ་འཕྲིན་ལས་འགྲུབ་པར་མཛོད༔  དེ་འོག་བར་གྱི་དུས་ཚིག་གསུམ་པ་ལ༔  བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ༔  སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔  མངའ་བདག་རྗེ་འབངས་གྲོགས་དང་བཅས་པ་ཡིས༔  འཆི་མེད་རྩ་གསུམ་དཀྱིལ་འཁོར་ཞལ་ཕྱེས་ཚེ༔  དཔལ་ལྡན་མགོན་པོ་རེ་ཏཱི་འཁོར་བཅས་ཀྱིས༔  སོ་སོའི་ཁས་བླངས་དམ་བཅས་ཇི་བཞིན་དུ༔  མཆོད་གཏོར་བཞེས་ {{TibChung|[17b]}} ལ་ཕྲིན་ལས་འགྲུབ་པར་མཛོད༔  དེ་འོག་བར་གྱི་དུས་ཚིག་བཞི་པ་ལ༔  ཨོ་རྒྱན་པདྨ་ཐོད་ཕྲེང་ཡབ་ཡུམ་དང་༔  རྒྱལ་མོ་གཡུ་སྒྲ་སྙིང་པོ་རྣམ་གསུམ་གྱིས༔  འཆི་མེད་ཆོས་ཟབ་གཏེར་དུ་གཏམས་པའི་ཚེ༔  པེ་ཧར་བཙན་རྒོད་སྡེ་བརྒྱད་དཔུང་བཅས་ཀྱིས༔  སོ་སོའི་ཁས་བླངས་དམ་བཅས་ཇི་བཞིན་དུ༔  མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔  དེ་འོག་སྙིགས་མའི་མཐའ་ལ་བབས་པའི་ཚེ༔  རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས༔  པདྨ་ཐོད་ཕྲེང་སྣང་སྲིད་ཟིལ་གནོན་གྱིས༔  སྨོན་ལམ་ལས་སད་གར་དབང་ཚེ་མཆོག་ལ༔  གདུང་གསོབ་དབང་བསྐུར་བསྟན་པ་གཏད་པའི་ཚེ༔  ཕྱི་ནང་གཏེར་སྲུང་དམ་ཅན་རྒྱ་མཚོ་ཡིས༔  སོ་སོའི་ཁས་བླངས་དམ་བཅས་ཇི་བཞིན་དུ༔  མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔  {{TibChung|ཅེས་ཆད་མདོའི་གཏོར་མ་གཙང་སར་ཕུལ་བའི་གཏོར་སྣོད་བཤལ་ཆུའི་བདུད་རྩི་བརྟན་གཏོར་ལ་སྦྲེང་ཞིང་།}}  ཨོཾ་ཨཱཿཧཱུྃ་{{TibChung|གིས་བརླབས་ནས།}}  ཧཱུྃ་བྷྱོ༔  སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གི༔  བཀའ་ཉན་བོད་སྐྱོང་མ་མོ་བརྟན་མའི་ཚོགས༔  སྣ་ཚོགས་གཟུགས་བསྒྱུར་སྨན་ཕྲན་འབུམ་དང་བཅས༔  ལྷ་གོས་དར་གྱི་ན་བཟའ་ལྷུབས་སེ་ལྷུབ༔  དར་ཚོན་ཅོད་པན་དར་དཔྱང་པུ་རུ་རུ༔  {{TibChung|[18a]}} ནོར་བུ་རིན་ཆེན་རྒྱན་ཆ་སི་ལི་ལི༔  སིལ་སྙན་རོལ་མོ་མང་པོའི་སྒྲ་དང་བཅས༔  འདིར་གཤེགས་བཤལ་ཆུའི་གཏོར་མ་འདི་བཞེས་ལ༔  སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་༔  བོད་ཁམས་གངས་ཅན་སྦས་པའི་ཡུལ་རྣམས་སུ༔  མཐའ་དམག་ནད་མུག་འཁྲུག་རྩོད་ཞི་བ་དང་༔  བཀྲ་ཤིས་ལོ་ལེགས་མི་ནོར་ཕྱུགས་རྣམས་འཕེལ༔  ཀུན་ཀྱང་དཀར་པོའི་ཆོས་ལ་འགོད་པར་མཛོད༔  ཁྱད་པར་སྦས་ཡུལ་འགྲིམས་པའི་འགལ་རྐྱེན་ཞི༔  མཐུན་རྐྱེན་མ་ལུས་ལྷུན་གྱིས་འགྲུབ་པ་དང་༔  རྩ་གསུམ་ཞི་ཁྲོའི་སྨིན་གྲོལ་ཟབ་མོའི་བསྟན༔  དར་རྒྱས་ཡུན་དུ་གནས་པའི་ཕྲིན་ལས་མཛོད༔  མ་མ་དྷཱ་ཀི་ནཱི་བ་ལིཾཏ་ཁཱཧི༔  {{TibChung|ཞེས་བརྟན་མ་བསྐྱངས་ཏེ་གཏོར་གཞོང་ཁ་སྦུབས་ལ།}} ཨེ་ནྲྀ་ཏྲི་ཛཿཧཱུྃ་བྃ་ཧོཿ  {{TibChung|ཞེས་པས་དགྲ་བགེགས་དམ་སྲི་རྣམས་གཏོར་སྣོད་རི་རབ་འབར་བར་གསལ་བའི་འོག་ཏུ་དགུག་ཅིང་མནན་པར་བསམ་ཞིང་།  རྟ་བྲོས་རྒྱས་གདབ་པ་ནི།}}  ཧཱུྃ༔  བདུད་བགེགས་བར་ཆད་སེལ་བའི་ལྷ༔  དབང་ཆེན་རྔམས་པའི་རྟ་བྲོ་བརྡུང་༔  དམ་སྲི་འབྱུང་པོའི་ཚོགས་རྣམས་ཀུན༔  རྡོ་རྗེ་ལྷུན་པོའི་འོག་ཏུ་མནན༔  ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ལཾ་ནན༔  {{TibChung|རྗེས་དྲག་ཤུལ་གྱི་ལས་མཇུག་ཤིས་པས་བསྡུ་བའི་དོན་དུ་གཏོར་གཞོང་བཟེད་པར་མེ་ཏོག་འཐོར་ལ།}}  {{TibChung|[18b]}} བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་སྙན་གྲགས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་རྒྱས་པར་གྱུར་ཅིག༔  པུཥྚིཾ་ཀུ་རུ་ཨོཾ༔  {{TibChung|ཞེས་བདེ་ལེགས་སུ་བྱའོ།  །གསུམ་པ་དངོས་གྲུབ་བླང་བ་ནི།  སྒྲུབ་རྟེན་ལྷར་གསལ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བདག་ལ་སྩལ་བར་བསམ་ཞིང་མོས་གུས་གདུང་ཤུགས་དྲག་པོས།}}  ཨོཾ་ཨཱཿཧཱུྃ༔  ཀུན་བཟང་སྣང་མཐའ་པདྨ་ཐོད་ཕྲེང་རྩལ༔  རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དབྱིངས་ནས་དགོངས༔  བདག་ཅག་རྗེས་འཇུག་སྐལ་ལྡན་ཕོ་མོ་རྣམས༔  སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་ཀུན་སྦྱངས་ནས༔  ཚེ་བསོད་སྙན་གྲགས་འདོད་རྒུའི་དཔལ་འབྱོར་དང་༔  ཞི་རྒྱས་དབང་དྲག་ཕྲིན་ལས་མངའ་དབང་འབྱོར༔  ཚེ་འདིར་རིག་འཛིན་བླ་མེད་ས་ཐོབ་ཅིང་༔  བྱིན་རླབས་ནུས་རྩལ་གཟི་བརྗིད་མཐུ་དབང་ལྡན༔  མཁའ་མཉམ་འགྲོ་ཀུན་སྨིན་ཅིང་གྲོལ་བ་ཡི༔  སྐུ་གསུམ་ཐུགས་ཡོན་ཕྲིན་ལས་དངོས་གྲུབ་སྩོལ༔  སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿ {{TibChung|ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་ཏེ་དངོས་གྲུབ་བླང་ངོ་།  །བཞི་པ་དཀྱིལ་འཁོར་བསྡུ་བ་ནི།  གཏང་རག་གི་དོན་དུ་སླར་ཡང་མཆོད་ཅིང་བསྟོད་ནས།}}  ཧོཿ  དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དགོངས་སུ་གསོལ༔  བདག་ཅག་མ་རིག་འཁྲུལ་པའི་དབང་གྱུར་ཏེ༔  ཆོ་ག་ལྷག་ཆད་  {{TibChung|[19a]}} ཚིག་དོན་འཁྲུལ་པ་སོགས༔  ཉེས་ལྟུང་དྲི་མའི་ཚོགས་རྣམས་མཐོལ་ལོ་བཤགས༔  ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔  {{TibChung|ཞེས་དང་ཡི་གེ་བརྒྱ་པས་ཆོ་གའི་ཡན་ལག་མ་ཚང་བ་སོགས་ནོངས་པ་རྣམས་བཟོད་པར་གསོལ།  མདུན་བསྐྱེད་ཚོགས་མགྲོན་རྣམས་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་སུ་གསོལ།  ཏིང་འཛིན་གྱི་དཀྱིལ་འཁོར།}}  ཧཱུྃ༔  སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔  སྔགས་ཕྲེང་ཐུགས་སྲོག་དག་ལ་བསྡུ༔  དེ་ཡང་རིམ་བཞིན་གྱེན་རྫོགས་སུ༔  དམིགས་མེད་རྒྱ་ཡན་ལྷུག་པའི་ངང་༔  ཀུན་བཟང་གདོད་མའི་ཀློང་དུ་བཞག༔  {{TibChung|ཅེས་སྤྲོས་པ་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་བསྡུས་ཏེ་རྟག་མཐའ་བསལ།  སླར་ཡང་།}}  གཟུགས་སྣང་སྣང་སྟོང་ལྷ་ཡི་སྐུ༔  གྲགས་ཚད་བརྗོད་བྲལ་རྡོ་རྗེའི་སྒྲ༔  དྲན་རྟོག་རང་བཞིན་ངོས་འཛིན་བྲལ༔  དམིགས་མེད་ཀུན་ཁྱབ་ཆེན་པོར་ཧོཿ  {{TibChung|ཞེས་ཐུན་མཚམས་ཀྱི་ལྷར་ལྡངས་ཏེ་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ལམ་དུ་ཁྱེར་བས་ཆད་མཐའ་བསལ་ལོ།  །ལྔ་པ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པ་ནི།}}  ན་མོ༔  བླ་མེད་བསྐྱེད་རྫོགས་བསྒྲུབས་པའི་དགེ་བ་འདི༔  མ་གྱུར་འགྲོ་བ་རིགས་དྲུག་སེམས་ཅན་རྣམས༔  ས་བཅུད་ལམ་ལྔ་གཅིག་ཆར་རྫོགས་ནས་སུ༔  བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་བསྔོའོ༔  {{TibChung|[19b]}}  {{TibChung|ཞེས་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་།}}  ན་མོ༔  བདག་གིས་གསང་སྔགས་བླ་མེད་དཀྱིལ་འཁོར་ཆེ༔  བསྒྲུབས་པའི་མཐུ་ཡིས་ཁམས་གསུམ་སེམས་ཅན་རྣམས༔  བླ་མེད་གསང་མཆོག་ལམ་ལ་རབ་བཞུགས་ཏེ༔  ཀུན་བཟང་བླ་ན་མེད་པའི་ས་ཐོབ་ཤོག༔  {{TibChung|ཅེས་ཐབས་ཁྱད་པར་ཅན་གྱི་སྨོན་ལམ་ཟབ་མོའི་རྒྱས་གདབ།  བཀྲ་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་ལ།}}  ཨེ་མ་ཧོཿ  ཀུན་བཟང་ཚེ་བདག་སྣང་མཐའི་འོད་ཟེར་མཆོག༔  སྐུ་ལྔ་ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔  མཚོ་སྐྱེས་གུ་རུ་པདྨ་ཐོད་ཕྲེང་རྩལ༔  རྩ་གསུམ་གཅིག་བསྡུས་བླ་མའི་བཀྲ་ཤིས་ཤོག༔  སྙིང་རྗེ་ཆེན་པོས་འགྲོ་ལ་རྗེས་ཆགས་པས༔  མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་འབེབས༔  པདྨའི་རིགས་མཆོག་པདྨ་དབང་གི་རྒྱལ༔  ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔  དབྱངས་ཅན་ལྷ་མོ་དུས་གསུམ་རྒྱལ་བའི་ཡུམ༔  བདེ་ཆེན་དཀར་མོ་པདྨའི་བཀའ་རྣམས་བསྡུ༔  ལོག་འདྲེན་དབྱིངས་སྒྲོལ་སེང་ཧ་མུ་ཁ་མ༔  གནས་གསུམ་མཁའ་འགྲོའི་གཙོ་མོའི་བཀྲ་ཤིས་ཤོག༔  གནས་མཆོག་བཀྲ་ཤིས་མཆིམས་ཕུའི་ཀེའུ་ཚང་༔  དུས་ཀྱི་བཀྲ་ཤིས་མུན་གླིང་ཉི་མ་ཤར༔  སྟོན་པ་བཀྲ་ཤིས་འཆི་མེད་པདྨ་འབྱུང་༔  གནས་དུས་སྟོན་ {{TibChung|[20a]}} པ་ཕུན་ཚོགས་བཀྲ་ཤིས་ཤོག༔  འཁོར་ཚོགས་བཀྲ་ཤིས་གཡུ་སྒྲ་སྒྲོགས་དང་བཅས༔    དམ་ཆོས་བཀྲ་ཤིས་འཆི་མེད་རྩ་གསུམ་ཆོས༔  སྨོན་ལམ་བཀྲ་ཤིས་དུས་ལས་ཡོལ་བ་མེད༔  ཕུན་ཚོགས་དཔལ་རབ་འབར་བའི་བཀྲ་ཤིས་ཤོག༔  གཏེར་གནས་བཀྲ་ཤིས་མདུང་ཆུ་སྤྲུལ་པའི་ཞིང་༔  གཏེར་སྟོན་བཀྲ་ཤིས་གར་དབང་ཆེ་མཆོག་རྩལ༔  གཏེར་སྲུང་བཀྲ་ཤིས་པེ་ཧར་བཙན་དམར་ཆེ༔  ཕྲིན་ལས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག༔  བཀའ་བབས་བཀྲ་ཤིས་སྨོན་ལམ་ལས་འཕྲོ་སད༔  འདུལ་ཞིང་བཀྲ་ཤིས་ཞིང་མཆོག་པདྨ་གླིང་༔    འགྲོ་དོན་བཀྲ་ཤིས་སྲིད་མཐར་ཉམས་པ་མེད༔  དགོས་འདོད་བསམ་རྒུ་ལྷུན་གྲུབ་བཀྲ་ཤིས་ཤོག༔  {{TibChung|ཅེས་སོགས་ཤིས་པ་བརྗོད་པའི་ཚིག་ཕྲེང་རྒྱ་ཆེར་སྤེལ་བས་ཕྱོགས་དུས་ཀུན་ཏུ་དགེ་ལེགས་ཀྱི་སྣང་བས་ཡོངས་སུ་ཁྱབ་པར་བྱའོ།  །དེ་ལྟ་བུའི་རིམ་པས་ཐེ་ཚོམ་སྙོམས་ལས་ཀྱི་དབང་དུ་མ་གྱུར་པའི་སྒོ་ནས་རྩེ་གཅིག་ཉམས་སུ་བླངས་པས་འདི་ཕྱི་བར་དོ་ཀུན་ཏུ་གུ་རུས་རྗེས་བཟུང་བྱིན་གྱིས་རློབས་ཤིང་གྲུབ་གཉིས་ཀྱི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པའི་ཚུལ།  རྩ་གཞུང་ལས།  པདྨ་བདག་གི་ཐུགས་ཀྱི་བཅུད་ཕྱུངས་པའི༔  སྒྲུབ་ཐབས་ཕྱི་ནང་གསང་བ་དེ་ཁོ་ན༔  ཚིག་ཉུང་དོན་འདྲིལ་དབང་རྣོན་ཡང་རབ་ཆོས༔  ཐེ་ཚོམ་ཡིད་གཉིས་མེད་པར་བསྒྲུབ་པ་ན༔  ཞལ་མཐོང་ཆོས་གསུངས་ལུང་བསྟན་གནང་བ་ཐོབ༔  {{TibChung|[20b]}} གལ་ཏེ་ཚེ་འདིར་ང་དང་མ་མཇལ་ཡང་༔  བར་དོར་མཇལ་ནས་འཁྲུལ་སྣང་སྡུག་བསྔལ་སེལ༔  ཁྱད་པར་སྦས་ཡུལ་འགྲིམས་པའི་སྐལ་ལྡན་རྣམས༔  སྒྱིད་ལུག་ལྟེམས་རྐྱང་མེད་པར་ཉམས་བླངས་ན༔  བྱིན་རླབས་མྱུར་འཇུག་སྦས་པའི་ཡུལ་དུ་བགྲོད༔  ཐེ་ཚོམ་ཡིད་གཉིས་མེད་ན་ཅི་བསམ་འགྲུབ༔  ཅེས་དང་།  བདག་འདྲ་ཚེ་བདག་པདྨ་འབྱུང་གནས་ཀྱིས༔  གདམས་པའི་གནད་གསང་མན་ངག་བཅུད་དུ་འདྲིལ༔  བླ་མའི་ཐུགས་སྒྲུབ་བྱིན་རླབས་གཏེར་མཛོད་འདི༔  སྐལ་ལྡན་སྐྱེས་བུ་རྣམས་ཀྱིས་ཉམས་སུ་ལོངས༔  པདྨ་འབྱུང་གནས་ཡང་སྙིང་འབྲུ་བཅུ་གཉིས༔  འབུམ་ཕྲག་བཅུ་གཉིས་འཁོར་བའི་ས་བོན་སྐེམས༔  འབུམ་ཕྲག་སོ་དྲུག་རིག་འཛིན་གྲལ་ལ་འཁོད༔  འབུམ་ཕྲག་བརྒྱ་ཡིས་པདྨ་ང་དང་མཉམ༔  རྣམ་རྟོག་དབྱིངས་ཟད་ཀ་དག་ཀློང་དུ་གྲོལ༔  ཅེས་བདེན་གསུངས་རྡོ་རྗེའི་ལུང་གིས་རྗེས་སུ་གདམས་པར་མཛད་པ་ལ་ནམ་ཡང་བསླུ་བ་མེད་པས་ན་རྗེས་འཇུག་ཀུན་གྱི་སྙིང་གི་ཐིག་ལེར་བཅང་བར་འཚལ་ལོ།  །}} ཇི་སྙེད་དཀྱིལ་འཁོར་རབ་འབུམས་མ་ལུས་པ།  །ཁྱབ་བདག་བླ་མའི་ངོ་བོར་བསྙེན་པ་ལས།  །ཆེས་འཕགས་ལམ་བཟང་གཞན་དུ་ཡོད་མིན་ན།  །འདི་ནི་སྐལ་ལྡན་འཇུག་ངོགས་གཅིག་པུ་ཡིན།  །ཨོ༵་རྒྱན༵་དངོས་སྣང་རྡོ༵་རྗེ༵་འཛིན་དབང་དེས།  །ཐུན་མིན་ཌཱ་ཀིའི་གསང་མཛོད་ཐོ༵གས་མེ༵ད་དུ།  །ཕྱེས་ལས་ངོ་མཚར་ཐུགས་སྒྲུབ་བྱེ་བའི་ཕུལ།  །ཟབ་ལམ་ཡིད་བཞིན་དབང་གི་རྒྱལ་པོ་ཕྱུངས།  །ཉེས་བཤད་ངན་སྐྱུགས་འདམ་གྱིས་ {{TibChung|[21a]}} མ་སྦགས་པའི།  །ལེགས་བཤད་གོས་བཟང་ལྷབ་ལྷུབ་གཡོ་བ་ཅན།  །བློ་གྲོས་གསེར་གྱི་ཡུ་བ་ལ་བསྟེན་ནས།  །ཁྲིགས་བསྡེབས་རྒྱལ་མཚན་རྩེ་མོར་ཁོ་བོས་བཀོད།  །ལྷག་བསམ་ཆུ་བོའི་གཏེར་ལས་ཉེར་ཐོན་པའི།  །བསོད་ནམས་འོད་སྟོང་ཅན་དེ་ཤར་ཙམ་ནས།  །ཉེས་བརྒྱའི་མུན་འཐུག་གཡུལ་ངོ་མཐར་བྱས་ཏེ།  །ཕན་བདེའི་གེ་སར་འཛུམ་ཕྲེང་ཅིས་མི་དགོད།  །མྱུར་བདེའི་ཤིང་རྟ་འདི་ལས་འབྲེལ་ཚད་འགྲོ།  །དཀའ་བ་མེད་པར་རིག་པ་འཛིན་པའི་སར།  །གཏན་གྱི་ངལ་གསོ་ཐོབ་པའི་དགེ་མཚན་གྱིས།  །སྲིད་ཁམས་དོང་སྤྲུགས་ཕྲིན་ལས་དཔལ་འབར་ཤོག  །{{TibChung|དེ་ལྟར་བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་གྱི་ལས་བྱང་ཁྲིགས་སུ་བསྡེབས་པ་བྱིན་རླབས་རྒྱ་མཚོའི་གཏེར་མཛོད་ཅེས་བྱ་བ་འདི་ནི།  གཏེར་འབྱིན་སྤྲུལ་པའི་རིག་འཛིན་ཆེན་པོ་ཉིད་ཀྱི་རྡོ་རྗེའི་ལུང་གིས་གསལ་བར་བསྟན་པ་བཞིན་མཁན་ལྗོངས་ཨེ་ཝཾ་བདེ་ཆེན་ཆོས་འཁོར་གླིང་གི་སྒྲུབ་སྡེ་ཆེན་པོ་འདི་ཉིད་ཀྱིས་མཚོན་ངོ་མཚར་ས་ལ་སྤྱོད་པའི་ཞིང་ཁམས་ཀྱི་ཁྱོན་ཀུན་ཏུ་དར་ཞིང་རྒྱས་པའི་བཙས་དམ་པར་འགྱུར་བའི་རྟེན་འབྱུང་ཕུན་སུམ་ཚོགས་པས་མཚམས་སྦྱར་ནས།  གཏེར་གཞུང་རྩ་བའི་ཚིག་ལ་མན་ངག་གི་དགོངས་པ་གབ་པ་མངོན་དུ་ཕྱུང་བས་རྣམ་པར་བརྒྱན་ཅིང་རྒྱུན་གྱི་ཉམས་ལེན་འཇུག་ལ་བདེ་བའི་དབང་དུ་བྱས་ཏེ།  ལམ་འདིའི་བཀའ་བབས་ལུང་ཐོབ་ཀྱི་སྐལ་བཟང་ཉམས་སུ་མྱོང་བ་ {{TibChung|[21b]}} རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཉེར་བདུན་དུ་སོན་པ་རབ་མྱོས་ཀྱི་ལོ་དབང་ཆེན་སྤྲེའུ་ཟླ་བའི་ཡར་ངོའི་ཚེས་བཅུ་ལ་ཡིད་འོང་བསམ་གཏན་གྱི་རི་བོའི་སྤོ་རང་བྱུང་ཀུན་ཏུ་བཟང་པོའི་ནགས་ཀླུང་ཉམས་དགའ་བའི་ཚལ་དུ་གྲུབ་པར་བགྱིས་པ་སྟེ།  འདིས་ཀྱང་རྨད་དུ་བྱུང་བའི་ཟབ་ཆོས་མཆོག་གི་ཕྲིན་ལས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།  མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདེ་བ་ཆེན་པོ་ཀུན་བཟང་པདྨ་སམྦྷ་ཝའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག  །}} ༈ །  ཨེ༵་ཝ༵ཾ་མཉམ་སྦྱོར་བདེ༵་ཆེན༵་མུ་ཁྱུད་ཟླུམ།  །མདོ་སྔགས་ཆོ༵ས་ཚུལ་གསེར་འཁོ༵ར་རྩིབས་སྟོང་བཀྲ།  །མཚུངས་མེད་རྔ་ཡབ་གླིང་པའི་རིང་ལུགས་འདི།  །སྲིད་མཐའི་བར་དུ་མི་ཉམས་འཕེལ་རྒྱས་ཤོག  །{{TibChung|ཅེས་པའང་འཇིག་བྲལ་ཡེ་ཤེས་རྡོ་རྗེས་སོ།  །སརྦ་མངྒ་ལཾ།  །}} }}
༄༅།  །བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་གྱི་ལས་བྱང་ཁྲིགས་སུ་བསྡེབས་པ་བྱིན་རླབས་རྒྱ་མཚོའི་གཏེར་མཛོད་ཅེས་བྱ་བ།  ཁྱབ་བདག་བླ་མ་ཐོད་ཕྲེང་རྩལ་གྱི་ངོ་བོར་བཞུགས་པ་ལ་ཕྱག་འཚལ་ལོ།  །རབ་འབྱམས་སྐྱབས་གནས་འདུས་པའི་ཡེ་ཤེས་སྐུ།  །དྲན་པས་ཡིད་ཀྱི་གདུང་སེལ་གུ་རུ་རྗེ།  །སྙིང་དབུས་པདྨོར་འབྲལ་མེད་རྟག་བཞུགས་ལ།  །ཕྲིན་ལས་ཁ་ལོ་བསྒྱུར་ནུས་དབུགས་དབྱུང་སྩོལ།  །དུས་ངན་གཡང་སར་ཕྱོགས་པའི་བོད་འབངས་འགྲོ།  །སྦས་ཡུལ་བདེ་བའི་གོ་སར་དབུགས་ཕྱུངས་ཏེ།  །ཀུན་དགའི་ལང་ཚོ་རྒྱས་པའི་སྐལ་བཟང་འདི།  །མགོན་ཁྱོད་ཁོ་ནའི་བཀའ་དྲིན་ལས་གཞན་ཅི།  །གང་ཕྱིར་གུས་པས་ {{TibChung|[2a]}} བསྙེན་ཅིང་སྒྲུབ་པ་ལས།  །ས་སྤྱོད་ཕན་བདེའི་དཔལ་ཡོན་རྒྱས་མཐོང་ནས།  །ལེགས་བཤད་རིན་ཆེན་འཕྲུལ་གྱི་ལྡེའུ་མིག་གིས།  །བྱིན་རླབས་རྒྱ་མཚོའི་གཏེར་མཛོད་འབྱེད་ལ་སྤྲོ།  །{{TibChung|དེའང་ཇི་སྐད་དུ།  ལུང་བྱང་གཏད་རྒྱ་ནོར་བུའི་ཕྲེང་བ་ལས།  ང་ནི་དུས་གསུམ་རྒྱལ་བའི་ཐུགས་རྗེ་འདུས༔  ཁམས་གསུམ་སེམས་ཅན་རིས་མེད་ཡོངས་ཀྱི་གཉེན༔  ཁྱད་པར་སྙིགས་མའི་དུས་ཀྱི་སྐྱབས་གཅིག་སྟེ༔  ང་དྲན་ཙམ་གྱིས་ལས་ངན་སྡིག་པ་འདག༔  ང་ཡི་མཚན་ཐོས་ཉོན་མོངས་གདུང་བ་སེལ༔  ང་བསྒོམ་ཙམ་གྱིས་འཁོར་བའི་ས་བོན་སྐེམ༔  ང་ཉིད་སྒྲུབ་པས་ཚེ་ལུས་གཅིག་ལ་གྲོལ༔  ང་ལ་གསོལ་བ་འདེབས་པ་མི་རེའི་དྲུང་༔  ང་ཉིད་པད་འབྱུང་རེ་རེ་སྒོ་ཉལ་ཡོད༔  ང་ཡི་ཐུགས་རྗེའི་འཇུག་པ་ཐོག་མཐའ་མེད༔  ང་ལ་གསོལ་བ་ཐོབ་ཅིག་བོད་འབངས་རྣམས༔  ཞེས་{{TibChung|[2b]}} དང་།  རྩ་གཞུང་ལས།  མ་འོངས་བསྐལ་པའི་ཐ་མ་ལ༔  མཐའ་དམག་གདུག་པ་དབུས་སུ་འཐིབ༔  ནད་རིམས་སྣ་ཚོགས་རླུང་ལྟར་འཚུབས༔  བོད་ཡུལ་སྐྱིད་པ་ཟད་ལ་ཐུག༔  དེ་ཚེ་ང་སྤྲུལ་ལས་ཅན་གྱིས༔  བོད་ཁམས་བདེ་ལ་བཀོད་པ་དང་༔  དད་ཅན་ཐར་ལམ་གཟུད་པའི་ཕྱིར༔  སྦས་གནས་ཆེ་ཆུང་སྒོ་འབྱེད་ཚེ༔  བར་ཆད་རྐྱེན་ངན་ཞི་བ་དང་༔  བྱིན་རླབས་མྱུར་དུ་འཇུག་པའི་ཕྱིར༔  ང་ཉིད་སྣང་སྲིད་ཟིལ་གནོན་བསྒྲུབ༔  ཅེས་གསུངས་པ་ལྟར།  སྙིགས་དུས་ཀྱི་སྐྱེ་འགྲོ་ཉམ་ཐག་གདུང་བའི་ཁྲི་མུན་ལས་ཐར་བར་འདོད་པ་སྤྱི་དང་ཁྱད་པར་ངོ་མཚར་སྦས་པའི་ཡུལ་ལྗོངས་ས་ལ་སྤྱོད་པའི་གྲོང་ཁྱེར་གྱི་འདུ་བར་དགའ་མགུར་སྤྱོད་པའི་སྐལ་བཟང་ཉམས་སུ་མྱོང་བར་སེམས་པའི་དད་མོས་ལས་འཕྲོ་དགེ་བ་ཅན་རྣམས་ཀྱི་རྩ་གསུམ་ཀུན་འདུས་གུ་རུ་སྣང་སྲིད་ཟིལ་གནོན་ཁོ་ནར་གསོལ་བ་འདེབས་ཤིང་བསྙེན་པའི་ཐབས་ལ་ནན་ཏན་དུ་འབད་པར་བྱ་སྟེ།  དེའི་ཚུལ་ལ་གསུམ།  སྦྱོར་བ།  དངོས་གཞི།  རྗེས་སོ།  །དང་པོ་ལ་གཉིས་ལས།  ཐོག་མར་བྱ་བའི་སྦྱོར་བ་ནི།  ཡར་ངོའི་ཚེས་བཅུ་སོགས་ཕུན་སུམ་ཚོགས་པའི་དུས་ཚེས་བཟང་པོར་ཡིད་དུ་འོང་བའི་གནས་ཁང་གཙང་ཞིང་མཛེས་པར་བརྒྱན།  རྩ་བ་གསུམ་གྱི་སྣང་བརྙན་སོགས་བྱིན་རླབས་ཅན་གྱི་རྟེན་བཀྲམ་པའི་མདུན་དུ་ཐུན་མོང་དང་ཁྱད་པར་གྱི་དམ་རྫས་ཕྱི་ནང་གི་མཆོད་པ་སྤྱན་གཟིགས་སོགས་བཀོད་ལེགས་སུ་བསྟར།  གཞན་ཡང་ཚོགས་དང་གཏོར་མའི་ཡོ་བྱད་རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བའི་རིགས་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ།  །གཉིས་པ་ཆོ་གའི་སྦྱོར་བ་ལ་ལྔ་ལས།  དང་པོ་ཞིང་སྐྱོང་གཞི་བདག་ལ་གཏོར་མ་གཏོང་བ་ནི།}}  རང་ཉིད་སྐད་ཅིག་ {{TibChung|[3a]}} གིས་གུ་རུ་པདྨ་ཐོད་ཕྲེང་རྩལ་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པའི་སྐུར་གྱུར་པར་{{TibChung|བསམ་ལ།  གཏོར་མ་དཀར་དམར་གཉིས།}}  ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜལ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔  {{TibChung|ཀྱིས་བསང་།}}  ཨོཾ་སྭབྷཱ་ཝང་ཤུདྡྷཿསརྦ་དྷརྨཿསྭབྷཱ་ཝ་ཤུདྡྷོ྅་ཧཾ་{{TibChung|གིས་སྦྱང་།}}  སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི༔  གཏོར་སྣོད་སྟོང་གསུམ་ཁྱོན་དང་མཉམ་པའི་ནང་༔  གཏོར་རྫས་ངོ་བོ་ཡེ་ཤེས་བདུད་རྩི་ལ༔  རྣམ་པ་མགྲོན་རིགས་སོ་སོའི་ཅི་འདོད་ཀྱི༔  ལོངས་སྤྱོད་འཛད་མེད་ནམ་མཁའི་མཛོད་དུ་གྱུར༔  ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾག་ག་ན་ཁཾ་སྭཱཧཱ།  {{TibChung|ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས།}}  བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ{{TibChung|ས་མགྲོན་རྣམས་སྤྱན་དྲངས།}}  བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཾ་ཨཏྱ་ནུཏྤ་ཏོཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱཧཱ།  {{TibChung|ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་སྟེ།  བདེན་པའི་ཚིག་གིས་བཀྲོལ་བ་ནི།}}  སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག༔  ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག༔  དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག༔  བདེན་པའི་མཆོག་གྱུར་དཀོན་མཆོག་བཀའ་ལ་ཉོན༔  སྲིད་གསུམ་རྒྱུ་ཞིང་དབང་བྱེད་ལྷ་འདྲེའི་ཚོགས༔  {{TibChung|[3b]}} ཕྱི་ནང་གསང་བ་བཏགས་ཆགས་སྡེ་བརྒྱད་དང་༔  ལྷ་ཀླུ་གཟའ་སྐར་སྤར་སྨེ་ཡང་འཁོར་དང་༔  ལོ་ཟླ་ཞག་དུས་དབང་བྱེད་ལྷ་མ་སྲིན༔  གཙང་རིས་དཔལ་མགོན་གནས་ཡུལ་སྐྱོང་བའི་ལྷ༔  ཁྱད་པར་ས་ཕྱོགས་འདིར་གནས་ལྷ་དང་ཀླུ༔  བདུད་བཙན་གཤིན་རྗེ་གཟའ་ཐེའུ་གནོད་སྦྱིན་གཉན༔  རྒྱལ་པོ་ས་བདག་རྨུ་བསེན་སྨན་མོ་གྲེ༔  གཉུག་མར་གནས་དང་གློ་བུར་ལྷག་པ་ཀུན༔  སོ་སོའི་ཅི་འདོད་གཏོར་མ་འདི་བཞེས་ལ༔  སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་སོགས༔  དཀོན་མཆོག་བདེན་པའི་བཀའ་ལས་མ་འདའ་བར༔  བདག་ཅག་དཀར་པོའི་དགེ་བ་སྒྲུབ་པ་ལ༔  གནོད་ཅིང་བར་དུ་གཅོད་པ་ཀུན་སྤངས་ནས༔  ཕན་པའི་སེམས་ཀྱིས་སྒྲུབ་པའི་མཐུན་རྐྱེན་བསྒྲུབ༔  བར་གཅོད་མི་མཐུན་ཕྱོགས་རྣམས་བསྲུང་བར་མཛོད༔  {{TibChung|ཅེས་གཏོར་མ་གཙང་སར་ཕུལ་ལ་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ།  གཉིས་པ་བགེགས་བསྐྲད་ཅིང་སྲུང་མཚམས་བཅད་པ་ནི།  བགེགས་གཏོར་བྲན་ལ།}}  ཐུགས་ལས་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔  གཏོར་མའི་ཉེས་པའི་སྐྱོན་རྣམས་བསྲེགས་སྦྱངས་གཏོར༔  ཨོཾ་ཨཱཿཧཱུྃ་འཕྲོས་ཅི་འདོད་རྫས་སུ་གྱུར༔  {{TibChung|ཅེས་བྱིན་བརླབ།}}  སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ{{TibChung|ས་མགྲོན་བཀུག  །}} སརྦ་བིགྷྣཱན་ {{TibChung|[4a]}} ན་མ༔  སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔  སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾག་ག་ན་ཁཾ་གྲྀཧྞ་དཾ་ལིནྟེ་སྭཱཧཱ།  {{TibChung|ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ལ།  བཀའ་བསྒོ་བ་ནི།}}  ཧཱུྃ༔  ང་ནི་ཡེ་ནས་པདྨ་ཐོད་ཕྲེང་རྩལ༔  དེང་འདིར་བླ་མེད་དངོས་གྲུབ་བསྒྲུབ་པ་ལ༔  བར་དུ་གཅོད་པའི་ལོག་འདྲེན་འབྱུང་པོ་རྣམས༔  སོ་སོར་ཡིད་མཐུན་གཏོར་མས་ཚིམས་གྱིས་ལ༔  རང་རང་སོ་སོའི་གནས་སུ་འགྲོ་བར་གྱིས༔  གལ་ཏེ་མི་འགྲོ་བཀའ་འདས་བར་གཅོད་ན༔  ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་དཔག་མེད་འཕྲོས༔  སྟོང་གསུམ་ཁྲོ་ཚོགས་མེ་དང་མཚོན་ཆས་བཀང་༔  ཁྱེད་རྣམས་རྡུལ་དུ་བརླག་པར་གདོན་མི་ཟ༔  དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔  ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པངྨ་ཧེ་རུ་ཀ་ཧཱུྃ་ཕཊ༔  གནོད་བྱེད་འབྱུང་པོ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔  {{TibChung|ཅེས་དྲག་སྔགས་རྫས་དུད་ཡུངས་ཐུན་རོལ་མོའི་སྦྱོར་བ་དྲག་པོ་དང་བཅས་པས་བགེགས་བསྐྲད་ལ་གཏོར་མ་ཕྱི་རོལ་དུ་དོར།}}  ཧྲཱིཿ སྣང་སྲིད་ཟིལ་གནོན་ཐུགས་ལས་འོད་འཕྲོས་པས༔  ཕྱི་སྣོད་དག་པ་ལྷ་ཡི་གཞལ་ཡས་ཁང་༔  ནང་བཅུད་སྐྱེ་འགྲོ་དཔའ་བོ་མཁའ་འགྲོ་མ༔  སྟེང་འོག་ཕྱོགས་མཚམས་འཇའ་ཚོན་འོད་གུར་འཁྱིལ༔  རྡོ་རྗེའི་ས་གཞི་ར་བ་དྲྭ་བ་དང་༔  རྡོ་རྗེའི་གུར་དང་རྡོ་རྗེའི་བླ་བྲེ་ཏོག༔  ཡེ་ཤེས་ {{TibChung|[4b]}} མེ་རི་ལྔ་དང་མཚོན་ཆ་ལྔ༔  ཁོར་ཡུག་སྲུང་བའི་འཁོར་ལོས་ཀུན་ནས་བཅིངས༔  ཨོཾ་བཛྲ་ཛྭ་ལ་རཀྵ་ཧཱུྃ༔  {{TibChung|ཞེས་སྲུང་བའི་འཁོར་ལོས་ཕྱོགས་ཀུན་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ།  །གསུམ་པ་སྐྱབས་སེམས་ཚོགས་བསགས་ཀྱི་རིམ་པ་ནི།}}  རང་མདུན་དྲི་མེད་ཀོ་ཤའི་མཚོ༔  དེ་དབུས་པད་སྡོང་རྒྱས་པ་ཡི༔  སྙིང་པོར་ཉི་ཟླའི་གདན་གྱི་སྟེང་༔  རྩ་བའི་བླ་མ་པདྨ་འབྱུང་༔  སྣང་སྲིད་ཟིལ་གནོན་དཀར་དམར་མདངས༔  ཟ་བེར་ཆོས་གོས་ཕོད་ཀ་གསོལ༔  དབུ་ལ་འདབ་ལྡན་སྙན་ཞུ་མཛེས༔  རྡོ་རྗེ་ཐོད་པ་ཚེ་བུམ་འཛིན༔  ཁ་ཊཱཾ་རྩེ་གསུམ་གཡོན་དུ་འཁྲིལ༔  ཁྲོ་འཛུམ་བརྩེ་བའི་ཉམས་ལྡན་པའི༔  དབུ་གཙུག་སྤྱན་རས་གཟིགས་དབང་ཕྱུག༔  དེ་སྟེང་མགོན་པོ་ཚེ་དཔག་མེད༔  མཐའ་སྐོར་རྒྱུད་ལུང་མན་ངག་གི༔  བླ་མ་རིག་འཛིན་ཚོགས་ཀྱིས་བསྐོར༔  གཡས་སུ་ཤཱཀྱ་ཐུབ་པ་ལ༔  བསྐལ་བཟང་སངས་རྒྱས་སྟོང་ལ་སོགས༔  བདེ་གཤེགས་རྒྱལ་བའི་ཚོགས་ཀྱིས་བསྐོར༔  རྒྱབ་ཏུ་ཡུམ་ཆེན་ཤེར་ཕྱིན་ལ༔  བཀའ་བསྟན་མན་ངག་ཚོགས་ཀྱིས་བསྐོར༔  གཡོན་དུ་བྱམས་པ་མགོན་པོ་ལ༔  གནས་བརྟན་ཆེན་པོ་བཅུ་དྲུག་སོགས༔  འཕགས་པའི་དགེ་འདུན་རྣམས་ཀྱིས་བསྐོར༔  མདུན་དུ་རྟ་ཕག་ཡབ་ {{TibChung|[5a]}} ཡུམ་ལ༔  ཡི་དམ་མཁའ་འགྲོ་རྒྱ་མཚོས་བསྐོར༔  ཕྱི་རོལ་བཀའ་སྲུང་གཏེར་བདག་སོགས༔  མ་ལུས་འཁོར་གྱིས་བསྐོར་བར་གྱུར༔  {{TibChung|ཅེས་སྐྱབས་ཡུལ་གསལ་བཏབ་ལ།  མཆོག་ཏུ་གུས་པའི་ཐལ་མོ་སྦྱར་བས་བཏུད་དེ།}}  ན་མོ༔  བདག་སོགས་མཁའ་མཉམ་འགྲོ་ཀུན་དུས་འདི་ནས༔  རྣམ་མཁྱེན་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔  དུས་གསུམ་དཀོན་མཆོག་རྩ་གསུམ་ཀུན་འདུས་པའི༔  བཀའ་དྲིན་མཉམ་མེད་རྗེ་ལ་སྐྱབས་སུ་མཆི༔  འགྲོ་ཀུན་ཐར་པ་མཆོག་ལ་འགོད་མཛད་པའི༔  དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས་སུ་མཆི༔  བྱིན་རླབས་དངོས་གྲུབ་ཆར་འབེབས་བར་ཆད་སེལ༔  རྩ་གསུམ་དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི༔  {{TibChung|ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ།  སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལྷག་པའི་བསམ་པ་བརྟན་པོས།}}  འགྲོ་ཀུན་བདེ་གཤེགས་སྙིང་པོར་ལྷུན་གྲུབ་ཀྱང་༔  དེ་ཉིད་མ་རྟོགས་འཁོར་བར་འཁྱམས་པའི་འགྲོ༔  མ་ལུས་བྱང་ཆེན་མཆོག་ལ་འགོད་བྱའི་ཕྱིར༔  སྨོན་འཇུག་དོན་དམ་བྱང་ཆུབ་སེམས་བསྐྱེད་དོ༔  {{TibChung|ཞེས་ལན་གསུམ་གྱིས་སེམས་བསྐྱེད།  སྐྱབས་ཡུལ་དུ་སད་པ་ཉིད་ཚོགས་ཞིང་དུ་བྱས་ནས།}}  ཨོཾ་ཨཱཿཧཱུྃ༔  བླ་མེད་དཀོན་མཆོག་རྩ་གསུམ་ {{TibChung|[5b]}} རྒྱ་མཚོ་ལ༔  ཀུན་ནས་ཡིད་རབ་དྭངས་བས་ཕྱག་འཚལ་ལོ༔  དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོས་མཆོད༔  དུས་གསུམ་མཉམ་ཉིད་མ་ཤེས་མཐོལ་ལོ་བཤགས༔  མ་ཆགས་ཐབས་ཀྱི་སྤྱོད་པར་རྗེས་ཡི་རང་༔  བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔  འགྲོ་ཀུན་ཕན་བདེའི་ལམ་ལ་འཇུག་པའི་ཕྱིར༔  མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔  བདག་གཞན་དུས་གསུམ་དགེ་བ་ཅི་བསགས་པ༔  བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བ་བྱ༔  {{TibChung|ཞེས་ཡན་ལག་བདུན་གྱི་སྒོ་ནས་ཚོགས་བསགས་པའི་མཐར།}}  ཛཿཧཱུྃ་བཾ་ཧོཿ  མདུན་གྱི་སྐྱབས་ཡུལ་ལྷ་ཚོགས་རྣམས།  །ཡིག་འབྲུ་གསུམ་གྱི་རྣམ་པ་རུ།  །འོད་དུ་ཞུ་ནས་རང་ལ་ཐིམ།  །དབྱེར་མེད་བྱིན་གྱིས་བརླབས་པར་གྱུར།  །{{TibChung|ཅེས་སྐྱབས་ཡུལ་རྣམས་རང་ལ་བསྡུའོ།  །བཞི་པ་བྱིན་དབབ་པ་ནི།}}  རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས་བླ་མ་རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ཏེ་བདག་གནས་ཡོ་བྱད་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པར་མོས་ལ།  སྤོས་དང་རོལ་མོ་གདུང་བའི་ཤུགས་ཀྱིས་བསྐུལ་ཏེ།  ཧྲཱིཿ རང་བཞིན་ཆོས་དབྱིངས་སྤྲོས་བྲལ་ཀློང་༔  རང་སྣང་རྔ་ཡབ་སྤྲུལ་པའི་ཞིང་༔  {{TibChung|[6a]}} ཟངས་མདོག་རིན་ཆེན་དཔལ་གྱི་རི༔  པདྨ་འོད་ཀྱི་ཕོ་བྲང་ནས༔  དུས་གསུམ་སངས་རྒྱས་ཀུན་འདུས་པ༔  རྗེ་བཙུན་མ་ཧཱ་གུ་རུ་རྗེ༔  རིག་འཛིན་མཁའ་འགྲོའི་ཚོགས་དང་བརྩས༔  བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔  རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔  མོས་པའི་བུ་ལ་བྱིན་བརླབ་ཕྱིར༔  ཐུགས་རྗེའི་དབང་གིས་བྱོན་པའི་ཚེ༔  སྐུ་མཆོག་གཟི་བརྗིད་ལམས་སེ་ལམ༔  གསུང་གི་ང་རོ་དི་རི་རི༔  ཐུགས་རྗེ་བྱིན་རླབས་ཐིབས་སེ་ཐིབ༔  དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔  དར་གྱི་ན་བཟའ་པུ་རུ་རུ༔  རིན་ཆེན་རྒྱན་ཆ་སི་ལི་ལི༔  རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔  རྔ་རྡུང་རོལ་མོ་འུ་རུ་རུ༔  ཐོད་པའི་རྔ་ཆུང་ཁྲོ་ལོ་ལོ༔  མི་རྐང་གླིང་བུ་ཙེ་རེ་རེ༔  དཔའ་བོས་གླུ་ལེན་ཀྱུ་རུ་རུ༔  མཁའ་འགྲོའི་སྤྲིན་ཕུང་ཐིབས་སེ་ཐིབ༔  ཆོས་སྐྱོང་ལས་བྱེད་ཤ་ར་ར༔  དྲི་ཞིམ་སྤོས་ངད་ཐུ་ལུ་ལུ༔  ཚིལ་ཆེན་དུད་སྤྲིན་ཆི་ལི་ལི༔  ཧཱུྃ་གི་རྒྱུན་དབྱངས་དི་རི་རི༔  ཕཊ་ཀྱི་སྒྲ་སྐད་བྲེངས་སེ་བྲེང་༔  སྔོན་གྱི་ཐུགས་དམ་མ་གཡེལ་བར༔  སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ༔  དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ༔  ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ {{TibChung|[6b]}} ཨཱཿབཛྲ་གུ་རུ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ{{TibChung|ཞེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བྱིན་དབབ་བོ།  །ལྔ་པ་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་པ་ནི།}}  རཾ་ཡྃ་ཁྃ༔  ཨོཾ་ཨཱཿཧཱུྃ༔  བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས༔  རྃ་ལས་ཡེ་ཤེས་མེ་བྱུང་དངོས་འཛིན་བསྲེགས༔  ཡྃ་ལས་རླུང་བྱུང་བག་ཆགས་དྲི་མ་གཏོར༔  ཁཾ་ལས་ཆུ་བྱུང་མ་དག་ཉེས་པ་སྦྱངས༔  སླར་ཡང་ཨོཾ་འཕྲོས་མཆོད་སྤྲིན་རྒྱ་མཚོར་གྱུར༔  ཨཱཿའཕྲོས་ཟག་མེད་བདུད་རྩིའི་ངོ་བོར་གྱུར༔  ཧཱུྃ་འཕྲོས་རབ་འབྱམས་མཁའ་དབྱིངས་གང་བར་སྤེལ༔  ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ།  {{TibChung|དེ་བཞིན་དུ་སྦྱར་ཏེ།}}  ཤཔྡའི་{{TibChung|བར་དང་}} ཨོཾ་རཱུ་པ་ཨཱཿཧཱུྃ།  {{TibChung|སོགས་ནས།}}  དྷརྨ་དྷཱ་ཏུའི་{{TibChung|བར་བརྗོད།}}  ཧྲཱིཿ བདག་ཉིད་ཐུགས་ལས་ཡེ་ཤེས་འོད་ལྔ་འཕྲོས༔  རླུང་གཡོས་མེ་སྦར་བྷནྡྷའི་རྫས་རྣམས་ཁོལ༔  རླངས་པ་ལས་བྱུང་ཨོཾ་ཧྲྰུཾ་ཏྲཱཾ་ཧྲཱིཿཨཱཿའོད་དུ་ཞུ་ནས་རིགས་ལྔ་ཡབ་ཡུམ་རྣམས༔  གཉིས་མེད་སྦྱོར་བས་བྱང་ཆུབ་སེམས་ཀྱི་རྒྱུན༔  བབས་པས་མཚན་ལྡན་ཡེ་ཤེས་བྷནྡྷ་གང་༔  ངོ་བོ་ཟག་མེད་ཡེ་ཤེས་བདུད་རྩི་ལ༔  རྣམ་པ་སྨན་རཀ་གཏོར་མ་བླ་མེད་རྫས༔  ཟག་མེད་བདེ་ཆེན་མཆོད་པའི་སྤྲིན་དུ་གྱུར༔  མ་ཧཱ་པཉྩ་རཀྟ་བ་ལིང་ཏ་ཨོཾ་ཨཱཿཧཱུྃ༔  {{TibChung|ཞེས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་རང་ {{TibChung|[7a]}} བཞིན་དུ་སྤེལ་ལོ།  །གཉིས་པ་དངོས་གཞིའི་ལས་རིམ་ལ་རྣམ་གྲངས་བདུན་ལས།  དང་པོ་དམ་ཚིག་གི་དཀྱིལ་འཁོར་གསལ་གདབ་པ་ནི།  གནས་ལུགས་སྤྲོས་པ་དང་བྲལ་བའི་དབྱིངས་ནས་འགག་མེད་སྙིང་རྗེ་ཆེན་པོའི་རང་རྩལ་ཡེ་ཤེས་ཀྱི་སྣང་ཆ་དཀྱིལ་འཁོར་ལྷའི་འཁོར་ལོར་ལམ་གྱིས་འཆར་བར་བསམ་ཞིང་།}}  ཧྲཱིཿ ཡེ་ནས་སྤྲོས་བྲལ་ཀ་དག་དེ་བཞིན་ཉིད༔  རང་བཞིན་ལྷུན་གྲུབ་མཉམ་ཡངས་མཐའ་དབུས་བྲལ༔  ཀུན་ཁྱབ་ཆོས་སྐུ་རང་བཞིན་བརྡལ་བ་ཆེ༔  བྱ་བྱེད་གཟུང་འཛིན་སྤང་བླང་མཐའ་ལས་འདས༔  ཨོཾ་མ་ཧཱ་ཛྙཱ་ན་སྭ་བྷཱ་ཝ་ཨཱཿཧཱུྃ༔  ཧྲཱིཿ མ་བཅོས་སྤྲོས་བྲལ་ཆོས་སྐུ་དེ་བཞིན་ཉིད༔  གདངས་རྩལ་འགགས་མེད་སྙིང་རྗེ་ཆེན་པོར་སྣང་༔  ཟུང་འཇུག་རང་རྩལ་ཧཱུྃ་ཡིག་དཀར་དམར་མདངས༔  དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔  འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་དབུས༔  རིན་ཆེན་གཞལ་ཡས་མཚན་རྫོགས་ལྟེ་བ་རུ༔  པད་སྡོང་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་༔  རང་རིག་ཧཱུྃ་ལས་སྣང་སྲིད་ཟིལ་གནོན་སྐུ༔  བལྟ་བས་མི་ངོམས་ལོ་བརྒྱད་གཞོན་ནུའི་ཚུལ༔  སྐུ་མདོག་དུང་ལ་ཕོ་ཚོས་བྱུག་པ་འདྲ༔  ཞལ་གཅིག་ཕྱག་གཉིས་མཛེས་འཛུམ་རྒྱན་གྱིས་སྤྲས༔  གསང་གོས་ཕོད་ཀ་ཆོས་ {{TibChung|[7b]}} གོས་དམར་པོ་གསོལ༔  དབུ་ལ་འདབ་ལྡན་རིགས་ལྔའི་པད་ཞུ་མཛེས༔  གཡས་གཡོན་ཕྱག་ན་གསེར་གྱི་རྡོ་རྗེ་དང་༔  བདེ་ཆེན་བྷནྡྷ་འཆི་མེད་ཚེ་བུམ་འཛིན༔  ཁ་ཊཱཾ་རྩེ་གསུམ་མཆན་ཁུང་གཡོན་ན་འཆང་༔  གཡས་བརྐྱང་ཟིལ་གནོན་རོལ་པའི་སྟབས་ཀྱིས་བཞུགས༔  མཚན་དཔེ་རབ་རྒྱས་ཐུགས་རྗེས་འགྲོ་ལ་གཟིགས༔  ཞིང་ཁམས་མ་ལུས་སྐུ་ཡི་བཀོད་པས་ཁྱབ༔  སྐུ་ཉིད་ཡེ་ཤེས་དབྱིངས་ཁྱབ་བརྡལ་བའི་ཀློང༔  ཟུང་འཇུག་མི་ཟད་རྒྱན་གྱི་འཁོར་ལོར་གསལ༔  དབུ་གཙུག་འཇའ་ཟེར་པདྨ་ཉི་ཟླའི་སྟེང་༔  རིགས་ཀུན་ཁྱབ་བདག་ཆོས་སྐུ་སྣང་མཐའ་ཡས༔  དམར་གསལ་མཉམ་བཞག་བདུད་རྩིའི་ཚེ་བུམ་བསྣམས༔  ཡུམ་མཆོག་ན་བཟའ་དཀར་མོའི་ལི་ཁྲིའི་མདངས༔  ཕྱག་གཉིས་མདའ་དར་ཚེ་བུམ་འཛིན་དང་སྦྱོར༔  སྣ་ཚོགས་དར་དང་རིན་ཆེན་རྒྱན་ཆ་རྫོགས༔  མཚན་དཔེའི་གཟི་བརྗིད་འོད་འབར་ལམ་མེར་བཞུགས༔  ཧྲཱིཿ ཕྱོགས་བཞིར་པདྨ་འདབ་བཞིའི་གདན་སྟེང་དུ༔  ཤར་དུ་རྡོ་རྗེ་ཐོད་ཕྲེང་སྐུ་མདོག་དཀར༔  ཕྱག་གཉིས་རྡོ་རྗེ་བདུད་རྩིའི་བྷནྡྷ་བསྣམས༔  ལྷོ་རུ་རཏྣ་ཐོད་ཕྲེང་སྐུ་མདོག་སེར༔  གཡས་གཡོན་ཕྱག་ན་རིན་ཆེན་བྷནྡྷ་འཛིན༔  ནུབ་ཏུ་པདྨ་ {{TibChung|[8a]}} ཐོད་ཕྲེང་སྐུ་མདོག་དམར༔  གཡས་གཡོན་པདྨ་དམར་པོ་བྷནྡྷ་འཛིན༔  བྱང་དུ་ཀརྨ་ཐོད་ཕྲེང་སྐུ་མདོག་ལྗང་༔  གཡས་གཡོན་རྡོ་རྗེ་རྒྱ་གྲམ་བྷནྡྷ་འཛིན༔  གཙོ་བོ་གུ་རུ་སྣང་སྲིད་ཟིལ་གནོན་གྱི༔  ཐུགས་ཀར་བུདྡྷ་ཐོད་ཕྲེང་མཐིང་གསལ་སྐུ༔  གཡས་གཡོན་འཁོར་ལོ་བདུད་རྩིའི་བུམ་པ་འཛིན༔  ལྔ་ཀའང་དབུ་སྐྲ་ཐོར་ཚུགས་ལྡན་པ་ལ༔  རིན་ཆེན་དབུ་རྒྱན་སྙན་ཆ་མགུར་ཆུ་དང་༔  དོ་ཤལ་སྐ་རགས་ཕྱག་ཞབས་གདུབ་བུས་བརྒྱན༔  དར་གྱི་ཤམ་ཐབས་དར་དཔྱང་རུས་རྒྱན་མཛེས༔  ཞབས་གཉིས་སེམས་སྐྱིལ་བདེ་ཉམས་ལྡན་པར་བཞུགས༔  ཧྲཱིཿ ཕྱོགས་བཞི་མཚམས་བརྒྱད་པདྨའི་འདབ་མ་ལ༔  ཤར་དུ་པདྨ་འབྱུང་གནས་སྐུ་མདོག་མཐིང་༔  རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆ་ལུགས་ཅན༔  ལྷ་ལྕམ་དཀར་མོ་གཉིས་མེད་དགྱེས་པར་འཁྲིལ༔  ལྷོ་རུ་པདྨ་སམྦྷ་དགེ་སློང་ཆས༔  སྐུ་མདོག་དཀར་དམར་རྡོ་རྗེ་ཐོད་པ་འཛིན༔  ནུབ་ཏུ་པདྨ་རྒྱལ་པོ་སྐུ་མདོག་དམར༔  ཟབ་ཆེན་བེར་གསོལ་ཕྱག་གཡས་ཌཱ་མ་རུ༔  ཕྱག་གཡོན་ལྕགས་སྒྲོགས་དང་ནི་མེ་ལོང་བསྣམས༔  བྱང་དུ་ཤཱཀྱ་སེང་གེ་སྐུ་མདོག་སེར༔  ས་གནོན་མཉམ་བཞག་དབུ་ལ་གཙུག་ཏོར་ལྡན༔  ལྷུང་  {{TibChung|[8b]}} བཟེད་འཛིན་ཅིང་ཆོས་གོས་རྣམ་གསུམ་གསོལ༔  ཤར་ལྷོར་བློ་ལྡན་མཆོག་སྲེད་སྐུ་མདོག་དཀར༔  དར་དཀར་གསོལ་ཞིང་ཌཱ་རུ་པད་ཕོར་བསྣམས༔  ལྷོ་ནུབ་ཉི་མ་འོད་ཟེར་དམར་སེར་མདོག༔  ཧེ་རུ་ཀ་དཔལ་སྟག་ཤམ་རུས་རྒྱན་ཅན༔  ཕྱག་གཉིས་ཁ་ཊཱཾ་ཉི་ཟེར་ཞགས་པ་བསྣམས༔  ནུབ་བྱང་སེངྒེ་སྒྲ་སྒྲོག་སྐུ་མདོག་མཐིང༔  རྡོ་རྗེ་སྡིག་མཛུབ་སྟག་ཤམ་ཁྲོ་ཆས་བརྒྱན༔  བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག་ནས་ཁྲོས༔  རབ་བྱུང་ཆ་ལུགས་རྡོ་རྗེ་ཕུར་པ་བསྣམས༔  མགོ་ཕྲེང་གསོལ་ཞིང་སྟག་མོའི་སྟེང་ན་བཞེངས༔  སྒོ་བཞིར་སྒོ་སྐྱོང་རྒྱལ་ཆེན་སྡེ་བཞི་དང་༔  ཕྱོགས་མཚམས་ཁོར་ཡུག་དཔའ་བོ་མཁའ་འགྲོའི་ཚོགས༔  དཔག་ཏུ་མེད་པའི་འཁོར་ཚོགས་རྒྱ་མཚོས་བསྐོར༔  འཇའ་ཚོན་འོད་ལྔ་འཁྱིལ་བའི་ཀློང་དཀྱིལ་ན༔  སྣང་ལ་རང་བཞིན་མེད་པར་གསལ་བར་བསྐྱེད༔  {{TibChung|ཅེས་བསྐྱེད་པའི་རིམ་པ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་བཀྲ་ལམ་གྱིས་གསལ་བར་བསམ་མོ།  །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོར་སྤྱན་དྲང་བ་ནི།}}  དེ་ལྟར་གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔  སྐུ་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས༔  འོད་འཕྲོས་རྣམ་དག་སྤྲོས་བྲལ་ཆོས་ཀྱི་དབྱིངས༔  སྤྲུལ་པའི་ཞིང་མཆོག་པདྨ་འོད་གླིང་ནས༔  ཉི་ཟེར་རྡུལ་ {{TibChung|[9a]}} འཁྲིགས་ལྟ་བུར་བྱོན་པར་གྱུར༔  {{TibChung|ཅེས་པས་རྡོ་རྗེའི་རིག་འཛིན་གྱི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པའི་འཁོར་ལོ་དང་བཅས་པ་ནམ་མཁའ་གང་བར་སྤྱན་དྲངས་པར་བསམ་ཞིང་།  སྤྲོས་ཀྱི་དུད་སྤྲིན་ཐོད་རྔ་རོལ་མོའི་སྒྲ་དང་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ།}}  ཧྲཱིཿ  སྔོན་གྱི་བསྐལ་པའི་དང་པོ་ལ༔  ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔  པདྨ་གེ་སར་སྡོང་པོ་ལ༔  ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔  པདྨ་འབྱུང་གནས་ཞེས་སུ་གྲགས༔  འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔  ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔  བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔  བདེ་ཆེན་པདྨ་འོད་ཞིང་ནས༔  གདུལ་དཀའི་འགྲོ་བ་འདུལ་བའི་ཕྱིར༔  དབང་མཛད་སྣང་སྲིད་ཟིལ་གནོན་རྗེ༔  འགྲོ་བ་འདུལ་ཕྱིར་གཤེགས་སུ་གསོལ༔  ལས་བཞི་ལྷུན་གྲུབ་ཕོ་བྲང་ནས༔  བཛྲ་རཏྣ་པདྨ་དང་༔  ཀརྨ་བུདྡྷ་ཐོད་ཕྲེང་ལྔ༔  དངོས་གྲུབ་མ་ལུས་སྩོལ་ཕྱིར་གཤེགས༔  ཕྱོགས་བཞི་མཚམས་བརྒྱད་ཞིང་ཁམས་ནས༔  ཚོགས་བརྒྱད་གནས་སུ་དག་པ་ལས༔  སྤྲུལ་པའི་གུ་རུ་མཚན་བརྒྱད་རྣམས༔  བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔  གནས་ཡུལ་དུར་ཁྲོད་ཐམས་ཅད་ནས༔  རང་རྩལ་འགག་མེད་སྤྲུལ་པའི་འཁོར༔  {{TibChung|[9b]}} དཔའ་བོ་མཁའ་འགྲོ་རྒྱ་མཚོ་རྣམས༔  བར་ཆད་བསལ་ཕྱིར་གཤེགས་སུ་གསོལ༔  རྒྱལ་བ་རིག་འཛིན་རྒྱ་མཚོ་ཡི༔  ཐུགས་རྗེ་བྱིན་རླབས་གཅིག་བསྡུས་པ༔  སྣང་སྲིད་ཟིལ་གནོན་པདྨ་འབྱུང༔  ཐུགས་རྗེ་ཐུགས་དམ་མ་གཡེལ་བར༔  གནས་མཆོག་འདི་རུ་བྱིན་ཕོབ་ལ༔  སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔  བགེགས་དང་ལོག་འདྲེན་བར་ཆད་སོལ༔  མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔  ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཨོཾ་བཛྲ་གུ་རུ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ{{TibChung|ཞེས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་མོ།  །གསུམ་པ་བཞུགས་སུ་གསོལ་བ་ནི།}}  ཧྲཱིཿ  ཡེ་ནས་རང་བྱུང་རང་ཤར་བའི༔  ཡེ་ཤེས་ལྔ་ལྡན་ཕོ་བྲང་འདིར༔  པདྨ་ཉི་ཟླའི་གདན་སྟེང་དུ༔  དགྱེས་ཤིང་བརྩེ་བས་བཞུགས་སུ་གསོལ༔  ས་མ་ཡ་ཏིཥྛ་ལྷན༔  {{TibChung|ཅེས་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་དམ་ཚིག་གི་འཁོར་ལོ་དང་རོ་གཅིག་ཏུ་བཞུགས་པར་བསམ་མོ། བཞི་པ་ཕྱག་འཚལ་བ་ནི།  ཡེ་ནས་ལྷ་བདག་དབྱེར་མེད་དུ་རྟོགས་པ་ལས་གནས་སྐབས་ཡོན་ཏན་ཁྱད་པར་ཅན་ལ་གུས་པའི་སྒོ་ནས།}}  ན་མོ༔  མ་སྐྱེས་མི་འགྱུར་ཆོས་དབྱིངས་ལས༔  འགག་མེད་ལྷུན་གྲུབ་ཕྲིན་ལས་རྫོགས༔  ཐབས་མཁས་ཐུགས་རྗེས་ {{TibChung|[10a]}} འགྲོ་བ་འདུལ༔  གུ་རུ་སྣང་སྲིད་ཟིལ་གནོན་རྗེ༔  སྤྲུལ་འཁོར་བཅས་ལ་ཕྱག་འཚལ་ལོ༔  ཨ་ཏི་པུ་ཧོཿ  པྲ་ཏཱི་ཙྪ་ ཧོཿ    {{TibChung|ཞེས་ཕྱག་བྱ།  ལྔ་པ་མཆོད་པ་འབུལ་བ་ལ།  ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ལྔ་ལས། དང་པོ་ཕྱི་མཆོད་ནི།  རང་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤྲོ་བས་མངོན་པར་མཆོད་པར་མོས་ལ།}} ཨོཾ་ཨཱཿཧཱུྃ༔  དག་ཅིང་དྲི་མེད་ལྷ་ཡི་མཆོད་ཡོན་དང་༔  གཙང་སྦྱར་མེ་ཏོག་སྦྱར་བའི་ཞབས་བསིལ་རྒྱུན༔  ལྷ་མིའི་མེ་ཏོག་སྣ་ཚོགས་ཀུན་ནས་མཛེས༔  ཙནྡན་ཨ་ག་རུ་སོགས་དྲི་ཞིམ་སྤོས༔  འབྲུ་མར་རྩི་མར་ལས་བྱུང་སྣང་གསལ་དང་༔  ག་བུར་ལ་སོགས་སྦྱར་བའི་དྲི་བཟང་ཆབ༔  རོ་ནུས་ཕུན་ཚོགས་ལྷ་ཡི་ཞལ་ཟས་ཚོགས༔  རྔ་གླིང་སིལ་སྙན་རོལ་མོའི་སྒྲ་དབྱངས་སོགས༔  སྣང་སྲིད་ཟིལ་གནོན་སྤྲུལ་འཁོར་བཅས་ལ་འབུལ༔  ཨོཾ་བཛྲ་ཨརྒྷཾ༔  པཱ་དྱཾ༔  པུཥྤེ༔  དྷུ་པེ༔  ཨཱ་ལོ་ཀེ༔  གནྡྷེ༔  ནཻ་ཝི་དྱ༔  ཤཔྡ་པྲ་ཏཱི་ཙྪ་ཨཱཿཧཱུཾ༔  {{TibChung|གཉིས་པ་ནང་མཆོད་ནི།  རང་བྱུང་འདོད་ཡོན་ལྔའི་ལོངས་སྤྱོད་ཆེན་པོས་མཉེས་པར་བསམ་ཞིང་།}}  ཨོཾ་ཨཱཿཧཱུྃ༔  ཡིད་འོད་ཁ་དོག་དབྱིབས་ལེགས་ལྡན་པའི་གཟུགས༔  རྣར་སྙན་ཡིད་རབ་འཕྲོག་པའི་སྒྲ་དབྱངས་ཚོགས༔  སྟོང་གསུམ་ཀུན་ཏུ་ཁྱབ་པའི་དྲི་བཟང་ངད༔  རོ་བཅུད་ {{TibChung|[10b]}} ནུས་པར་ལྡན་པའི་ཞལ་ཟས་ཚོགས༔  མཉེན་འཇམ་འཁྲིལ་ཆགས་ལྷ་ཡི་ན་བཟར་བཅས༔  སྣང་སྲིད་ཟིལ་གནོན་སྤྲུལ་འཁོར་བཅས་ལ་འབུལ༔  བདག་ཅག་ཚོགས་ཆེན་རྫོགས་ཕྱིར་བཞེས་སུ་གསོལ༔  ཨོཾ་བཛྲ་རཱུ་པ༔  ཤཔྡ༔  གནྡྷེ༔  རས༔  སྤརྴེ་པྲ་ཏཱིཙྪ་ཨཱཿཧཱུྃ༔  {{TibChung|གསུམ་པ་གསང་མཆོད་ལ་སྨན་གཏོར་རཀྟ་གསུམ་གྱི།  སྨན་མཆོད་ནི།  སྨན་འཆི་མེད་བདུད་རྩིའི་རྒྱ་མཚོ་ཕུལ་བས་ཟག་པ་མེད་པའི་རོས་ཚིམ་པར་བསམ་ཞིང་།}}  ཨོཾ་ཨཱཿཧཱུྃ༔  རྒྱུ་རྐྱེན་རྣམ་དག་རང་བྱུང་རྫས་ཀྱི་མཆོག༔  རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་ཆེན་པོ༔  ཐབས་ཤེས་དབྱེར་མེད་རྨད་བྱུང་མཆོད་པའི་རྫས༔  སྣང་སྲིད་ཟིལ་གནོན་སྤྲུལ་འཁོར་བཅས་ལ་འབུལ༔  ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔  {{TibChung|ཞེས་དང་།}}  ཀུན་བཟང་སྣང་མཐའ་འཕགས་མཆོག་འཇིག་རྟེན་དབང་།  །སྣང་སྲིད་ཟིལ་གནོན་དབྱིངས་ཕྱུག་མཚོ་རྒྱལ་མ།  །གཡུ་སྒྲ་སྙིང་པོ་རྗེ་འབངས་ཚོགས་རྣམས་ལ།  །སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ།  །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི།  གཏེར་ཆེན་རིག་འཛིན་རྡོ་རྗེ་ཐོགས་མེད་རྩལ།  །ཟླ་འོད་དབང་མོ་ཟིལ་གནོན་མཆོག་རབ་རྩལ།  །པདྨ་བསྟན་དར་པདྨ་དབང་རྒྱལ་ལ།  །སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ།  ། {{TibChung|[11a]}} སརྦ༴  དཀྱིལ་འཁོར་ཀུན་གཙོ་སྣང་སྲིད་ཟིལ་གྱིས་གནོན།  །རྩ་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས།  །སྣང་སྲིད་གཞིར་བཞེངས་རྡོ་རྗེའི་མ ཎྜ་ལར།  །སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ།  །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི།  {{TibChung|ཞེས་ཕུལ་ལ།}}  ཨ་མྲྀ་ཏ་སིདྡྷི་ཧོཿ {{TibChung|ས་དངོས་གྲུབ་བླང་ངོ་།  །རཀྟ་འབུལ་བ་ནི།  འཁོར་བ་ཁྲག་གི་རྒྱ་མཚོ་ཕུལ་བས་ཆགས་མེད་བདེ་ཆེན་གྱི་ངོ་བོར་རོལ་པར་བསམ་ཞིང་།}}  ཧྲཱིཿ བདེ་ཆེན་པདྨ་ཡངས་པའི་སྣོད་མཆོག་ཏུ༔  ཆགས་ཆེན་མ་ཧཱ་རཀྟ་རྦ་རླབས་གཡོ༔  ཟུང་འཇུག་བདེ་ཆེན་རཀྟའི་མཆོད་པ་འདི༔  སྣང་སྲིད་ཟིལ་གནོན་སྤྲུལ་འཁོར་བཅས་པ་འབུལ༔  ཨོཾ་མ་ཧཱ་རཀྟ་ཛྭ་ལ་ཁ་རཾ་ཁཱ་ཧི༔  {{TibChung|གཏོར་མ་འབུལ་བ་ནི།  ཆོས་དབྱིངས་རང་བཞིན་སྣོད་ཀྱི་གཏོར་གཞོང་དུ་སྲིད་བཅུད་དམ་རྫས་འདོད་ཡོན་ལོངས་སྤྱོད་ཀྱི་ཕུང་པོར་སྤེལ་བ་ཕུལ་བས་དགྱེས་པར་བསམ་ཞིང་།}} ཧྲཱིཿ སྣང་བ་ཡངས་པ་ཆེན་པོའི་གཏོར་གཞོང་དུ༔  སྲིད་བཅུད་ཐམས་ཅད་འདོད་ཡོན་གཏོར་མར་སྦྱར༔  ཆགས་ཆེན་མི་དམིགས་རང་བཞིན་མཆོད་ཆེན་པོ༔  སྣང་སྲིད་ཟིལ་གནོན་སྤྲུལ་འཁོར་བཅས་ལ་འབུལ༔  ཨོཾ་མ་ཧཱ་ལིཾ་ཏ་ཁ་རཾ་ཁཱ་ཧི༔  {{TibChung|བཞི་པ་ཡང་གསང་གི་མཆོད་པ་ནི།  ཡབ་ཡུམ་སྣང་སྟོང་ཐབས་ཤེས་ཟུང་འཇུག་གཉིས་མེད་ལྷན་སྐྱེས་བདེ་བ་ཆེན་པོར་སྦྱོར་བས་དགའ་བ་བཞིའི་རོས་ཚིམ་པར་ {{TibChung|[11b]}} བསམ་ཞིང་།}}  ཧྲཱིཿ སྣང་སྲིད་ཡེ་ནས་ཐབས་ཤེས་ཡབ་ཡུམ་དུ༔  འཁོར་འདས་གཉིས་མེད་བདེ་ཆེན་ངང་དུ་སྦྱོར༔  བདེ་སྟོང་དབྱེར་མེད་གུ་ཧྱ་མཆོད་པའི་མཆོག༔  གཉིས་མེད་བདེ་བ་ཆེན་པོའི་ཀློང་དུ་བཞེས༔  ཨ་ཧོ་པདྨ་ཡོ་གི་ནི་ས་མ་ཡ་ཧོཿ  {{TibChung|ལྔ་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི།  དོན་དམ་པར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཐམས་ཅད་མི་དམིགས་བསམ་བརྗོད་དང་བྲལ་བ་འོད་གསལ་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ལ་མཉམ་པར་བཞག་སྟེ།}}  ཧོཿ  མཆོད་ཡུལ་མཆོད་རྫས་མཆོད་པ་པོ་ལ་སོགས༔  སྣང་སྲིད་ལྷུན་རྫོགས་ཆོས་ཉིད་ཡེ་ཤེས་ལྷ༔  ཐ་དད་གཉིས་མེད་བླང་དོར་མེད་པའི་ཀློང༔  རང་ཤེས་རང་བབ་ཀུན་བཟང་ཡངས་པས་མཆོད༔  སརྦ་དྷརྨདྷཱ་ཨཱཿ{{TibChung|ཞེས་མཆོད་པའི་རིམ་པ་རྣམས་ཀྱིས་དགྱེས་ལྡན་མཆོག་གི་དམ་ཚིག་ཏུ་རོལ་པར་བསམ་མོ།  །དྲུག་པ་བསྟོད་པ་ནི།  དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཆེ་བའི་ཡོན་ཏན་ལ་རབ་ཏུ་དད་ཅིང་འདུན་པའི་སྒོ་ནས།}}  ཧྲཱིཿ རྣམ་དག་སྤྲོས་བྲལ་ཆོས་སྐུ་ནམ་མཁའི་ངང་༔  འགག་མེད་གཟུགས་སྐུ་འཇའ་ཚོན་ལྟ་བུར་གསལ༔  གང་ལ་གང་འདུལ་ཐབས་མཁས་ཐུགས་རྗེ་ཡིས༔  མཐའ་ཡས་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད༔  ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་༔  འགྲོ་བའི་དོན་ཕྱིར་ཞི་དང་ཁྲོ་ཚུལ་སྟོན༔  ཐུགས་རྗེའི་རོལ་རྩལ་ཆོ་འཕྲུལ་  {{TibChung|[12a]}} བསམ་མི་ཁྱབ༔  སངས་རྒྱས་ཀུན་འདུས་སྐུ་ལ་ཕྱག་འཚལ་བསྟོད༔  མཁའ་མཉམ་འགྲོ་བའི་སྐྱབས་མཆོག་པདྨ་འབྱུང་༔  ཁམས་གསུམ་དབང་མཛད་སྣང་སྲིད་ཟིལ་གནོན་སྐུ༔  ལོ་བརྒྱད་གཞོན་ཚུལ་ཞི་མཛེས་བརྩེ་བའི་ཉམས༔  ཁྲོ་འཛུམ་འགྲོ་བ་འདུལ་ལ་ཕྱག་འཚལ༴  སྐུ་མདོག་དུང་ལ་ཕོ་ཚོས་བྱུག་པ་འདྲ༔  པདྨ་རཱ་གའི་མདངས་ལྡན་འོད་ཟེར་འཕྲོ༔  ཉི་མ་འབུམ་ལས་ལྷག་པའི་གཟི་བརྗིད་འབར༔  ཁམས་གསུམ་དབང་དུ་སྡུད་ལ༴  ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན༔  རྡོ་རྗེ་ལྟ་བུའི་ཏིང་འཛིན་མངའ་བརྙེས་བརྡ༔  ཕྱག་གཡོན་ལྟེ་བར་མཉམ་བཞག་ཕྱག་རྒྱ་ཅན༔  ལྷན་སྐྱེས་ཡེ་ཤེས་སྟོན་ལ༴  དངོས་གྲུབ་མཆོག་སྩོལ་བདུད་རྩིའི་ཐོད་པ་འཛིན༔  བྱེ་རུའི་ཚེ་བུམ་དཔག་བསམ་ཁ་རྒྱན་ཅན༔  འཆི་མེད་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་བཀང་༔  ཚེ་ཡི་དངོས་གྲུབ་སྩོལ་ལ༴  འདོད་ཡོན་མ་སྤངས་རྒྱན་དུ་རོལ་པའི་བརྡར༔  གསང་གོས་མཐིང་ག་ཕོད་ཀ་ནམ་མཁའི་མདོག༔  ཆོས་གོས་དམར་པོ་གསེར་གྱི་པ་ཏྲ་ཅན༔  རིན་ཆེན་རྒྱན་གྱིས་བརྒྱན་ལ༴  སྐུ་ལྔའི་དབང་རྫོགས་རིགས་ལྔའི་པད་ཞུ་གསོལ༔  ཡིད་འཛིན་བདེ་ཆེན་མཚོ་རྒྱལ་ཁ་ཊྭཱཾ་ {{TibChung|[12b]}} ཚུལ༔  དུག་གསུམ་རྩད་ནས་གཅོད་པའི་རྩེ་གསུམ་ལྡན༔  མཆན་ཁུང་གཡོན་ནས་འཁྲིལ་ལ༴  སྐྱོན་གྱིས་མ་གོས་གེ་སར་པདྨའི་གདན༔  ཐབས་ཤེས་ཟུང་འཇུག་ཉི་ཟླ་བརྩེགས་པའི་སྟེང་༔  གཡས་བརྐྱང་རོལ་པའི་སྟབས་ཀྱིས་འགྱིང་ཚུལ་བཞུགས༔  བསམ་ཡས་ཡོན་ཏན་རྫོགས་ལ༴  ཞིང་ཁམས་མ་ལུས་སྐུ་ཡི་བཀོད་པས་ཁྱབ༔  སྐུ་ཉིད་ཡེ་ཤེས་དབྱིངས་ལས་གཡོ་བ་མེད༔  སྐུ་གསུམ་དག་པ་ཆེན་པོའི་ངོ་བོར་བཞུགས༔  ཟུང་འཇུག་རྒྱན་གྱིས་འཁོར་ལོར་ཕྱག་འཚལ་བསྟོད༔  ཧྲཱིཿ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔  རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔  དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔  དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔  ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔  དཀར་སེར་དམར་ལྗང་མཐིང་མདོག་ཞི་ཞིང་སྒེག༔  ཆགས་ཁྲོ་རང་རྟགས་ཕྱག་མཚན་བྷནྡྷ་བསྣམས༔  དར་དང་རིན་ཆེན་རུས་པའི་རྒྱན་གྱིས་བརྒྱན༔  སྐུ་ལྔ་ཡོངས་རྫོགས་ཐོད་ཕྲེང་སྡེ་ལྔར་བསྟོད༔  ཧྲཱིཿ འཆི་མེད་རིག་འཛིན་མཆོག་སྩོལ་པདྨ་འབྱུང་༔  ཡོན་ཏན་ཀུན་རྫོགས་པདྨ་སམྦྷ་ཝ༔  བློ་ལྡན་མཆོག་སྲེད་ཤེས་རབ་མེ་ལྟར་འབར༔  པདྨ་རྒྱལ་པོས་ཁམས་ {{TibChung|[13a]}} གསུམ་དབང་དུ་སྡུད༔  རྨོངས་པའི་མུན་སེལ་ཉི་མ་འོད་ཟེར་རྗེ༔  ཤཱཀྱ་སེང་གེས་བདུད་བཞིའི་དཔུང་ཚོགས་འཇོམས༔  མུ་སྟེགས་ལོག་ལྟ་འདུལ་མཛད་སེང་གེའི་སྒྲ༔  མ་རུང་དྲེགས་པ་ཚར་གཅོད་གྲོ་བོ་ལོད༔  ཚོགས་བརྒྱད་གནས་དག་སྤྲུལ་པའི་གུ་རུ་བརྒྱད༔  གང་འདུལ་ཆོ་འཕྲུལ་ཞི་དང་ཁྲོ་གར་བསྒྱུར༔  སྐུ་མདོག་ཕྱག་མཚན་མ་ངེས་སྣ་ཚོགས་སྟོན༔  སྤྲུལ་པའི་གུ་རུ་བརྒྱད་ལ་ཕྱག་འཚལ་བསྟོད༔  ཧྲཱིཿ སྣང་སྲིད་ཟིལ་གནོན་སྐུ་གསུང་ཐུགས་ཡོན་ཕྲིན༔  རོལ་རྩལ་འགག་མེད་རང་ཤར་རང་བྱུང་བ༔  ལྷ་དང་མཁའ་འགྲོ་དམ་ཅན་གཡར་དམ་ཅན༔  རང་རྩལ་འཁོར་ཚོགས་རྒྱ་མཚོར་ཕྱག་འཚལ་བསྟོད༔  ཀུན་ཁྱབ་བཟོ་མེད་མཉམ་པ་ཉིད་ཀྱི་ངང་༔  མཆོད་དང་བསྟོད་པར་བྱ་བ་མི་དམིགས་ཀྱང༔  མ་རིག་གཉིས་འཛིན་རྣམ་རྟོག་སེལ་ཕྱིར་དུ༔  གཉིས་མེད་རང་རིག་ངང་དུ་ཕྱག་འཚལ་བསྟོད༔  {{TibChung|ཅེས་ཆེ་བའི་ཡོན་ཏན་ཁྱད་པར་ཅན་རྗེས་སུ་དྲན་པའི་སྒོ་ནས་མངོན་པར་བསྟོད་དོ།  །བདུན་པ་བཟླས་པའི་རྣལ་འབྱོར་ནི།}}  ཐུགས་ཀར་པདྨ་ཟླ་བའི་སྟེང་༔  བུདྡྷ་ཐོད་ཕྲེང་ཐུགས་ཀ་རུ༔  ཉི་ཟླའི་གྭའུའི་ཁ་སྦྱོར་དབུས༔  གསེར་གྱི་རྡོ་རྗེ་རྩེ་ལྔ་པ༔  ནས་འབྲུ་ཙམ་ཞིག་གསལ་བ་ཡི༔  ལྟེ་བར་ {{TibChung|[13b]}}  ཧཱུྃ་ཡིག་དཀར་དམར་མདངས༔  དེ་མཐར་སྔགས་ཀྱི་ཕྲེང་བ་ནི༔  དཀར་ལ་དམར་མདངས་ལྡན་པས་བསྐོར༔  དེ་ལས་འོད་འཕྲོས་རྒྱལ་ཀུན་མཆོད༔  སེམས་ཅན་ཀུན་གྱི་ལས་སྒྲིབ་སྦྱངས༔  དྲེགས་པའི་ལྷ་སྲིན་གདུག་རྩུབ་ཞི༔  སྣང་སྲིད་པདྨའི་སྐུ་རུ་གྱུར༔  སླར་ཡང་འོད་ཟེར་ཟེར་ཐག་སྦྲེང་༔  རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐུལ༔  བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས༔  ཚུར་འདུས་ཐུགས་སྲོག་དག་ལ་ཐིམ༔  མཆོག་ཐུན་དངོས་གྲུབ་སྩལ་ཐོབ་གྱུར༔  {{TibChung|དེ་ལྟར་ཏིང་ངེ་འཛིན་ལ་ཡིད་རྩེ་གཅིག་ཏུ་གནས་པའི་སྒོ་ནས།}}  ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔  {{TibChung|ཞེས་བསྙེན་སྒྲུབ་ཆིག་དྲིལ་ཡང་སྙིང་འབྲུ་བཅུ་གཉིས་པ་ཉིད་བཟླས་པའི་སྐྱོན་ཐམས་ཅད་སྤང་ལ་ཆུ་བོའི་རྒྱུན་བཞིན་དུ་བཟླའོ།  །ལས་སྦྱོར་ནི།}}  ཐོད་ཕྲེང་རིགས་ལྔའི་ཐུགས་ཀ་ནས༔  ལས་མཐུན་འོད་ཟེར་མཁའ་ཁྱབ་འཕྲོས༔  གང་འདུལ་ཞི་རྒྱས་དབང་དྲག་གི༔  ཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར༔  ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཤཱནྟིཾ་བུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ༔  {{TibChung|ཅེས་པའང་བསྙེན་སྒྲུབ་ཀྱི་འགྲོས་དང་སྦྱར་ཏེ་བཟླ་ཞིང་།  མཚན་མ་མཐོང་བའི་གང་ཟག་གིས་སྣང་སྲིད་དབང་དུ་སྡུད་པའི་ལས་སྦྱོར་གྱི་དམིགས་པའི་འཕྲུལ་འཁོར་ཁྱད་པར་བརྩམས་པར་འདོད་ན་རྩ་གཞུང་ལས་ {{TibChung|[14a]}} ཤེས་པར་བྱའོ།  །ཐུན་མཐར་དབྱངས་གསལ་རྟེན་སྙིང་ལན་གསུམ་རེས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པར་བརྟན་པར་བྱས་ལ།  ཛཔྲ་ཀྱི་མཆོད་བསྟོད་ཕུལ་ནས་ནོངས་པ་བཤགས་ཤིང་འདོད་པའི་དོན་ལ་གསོལ་བ་ནན་ཏན་དུ་གདབ་བོ།  །གསུམ་པ་རྗེས་ཀྱི་ལས་རིམ་ལ་ལྔ་ལས།  དང་པོ་ཚོགས་ཀྱི་ལས་རིམ་ལ་ལྔ་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི།  མཱཾས་དང་ཛ་གད་ཀྱིས་མཚོན་དམ་རྫས་སུ་འོས་པའི་རི་བཟའ་བཏུང་གི་དངོས་པོ་ཅི་འབྱོར་པ་གཙང་ཞིང་གྱ་ནོན་པར་བཤམ་ལ།  བདུད་རྩིས་བྲན་ཅིང་།}}  ཨོཾ་སརྦ་དྲ་བྱཾ་བི་ཤྭ་དྷ་ན་ཧཱུྃ་ཕཊ༔  {{TibChung|ཅེས་བསང་།}}  ཧྲཱིཿ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔  རྃ་འཕྲོས་དངོས་འཛིན་རྣམ་རྟོག་བསྲེག༔  ཡྃ་འཕྲོས་བག་ཆགས་དྲི་མ་གཏོར༔  ཁྃ་འཕྲོས་ཉེས་པའི་སྐྱོན་རྣམས་སྦྱངས༔  སླར་ཡང་ཨོཾ་ཨཱཿཧཱུྃ་འཕྲོས་པས༔  ཟག་མེད་ད་ལྟ་རྫས་བདུད་རྩིའི་མཆོག༔    ལོངས་སྤྱོད་འདོད་པའི་ཡོན་ཏན་གྱིས༔    མཁའ་དབྱིངས་མ་ལུས་ཁྱབ་པར་སྤེལ༔      ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ    {{TibChung|ཞེས་བྱིན་གྱིས་བརླབས་ཏེ།  ཚོགས་ཞིང་གི་འཁོར་ལོ་སྤྱན་དྲང་བ་ནི།}}  ཧྲཱིཿ རང་བཞིན་བདེ་ཆེན་ཆོས་ཀྱི་དབྱིངས༔  པདྨ་འོད་ཀྱི་གཞལ་ཡས་ནས༔  ཨོ་རྒྱན་སྣང་སྲིད་ཟིལ་གནོན་ལ༔  བླ་མ་ཡི་དམ་མཁའ་འགྲོ་དང་༔  ཆོས་སྐྱོང་གཏེར་བདག་ཚོགས་ཀྱིས་བསྐོར༔  ཚོགས་ལ་ {{TibChung|[14b]}} སྤྱན་འདྲེན་གཤེགས་སུ་གསོལ༔  གུ་རུ་སྣང་སྲིད་ཟིལ་གནོན་ལ༔  རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་དང་༔  གནས་ཡུལ་དུར་ཁྲོད་རྩ་ཁམས་ཀྱི༔  དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་༔  དམ་ཅན་གཏེར་བདག་རྒྱ་མཚོས་བསྐོར༔  དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔  རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔  དར་གྱི་ཅོད་པན་པུ་རུ་རུ༔  རིན་ཆེན་རྒྱན་ཆ་སི་ལི་ལི༔  དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔  དཔའ་མོས་གར་བྱེད་ཁྱུགས་སེ་ཁྱུག༔  རོལ་མོ་སྣ་ཚོགས་འུ་རུ་རུ༔  ཆོས་སྐྱོང་ལས་བྱེད་ཤ་ར་ར༔  གནས་མཆོག་གཞལ་ཡས་ཚོགས་ཁང་ལ༔  བཀྲ་ཤིས་བག་དྲོ་བྱིན་ཆེན་ཕོབ༔  འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་རྣམས༔  ཟག་མེད་བདུད་རྩིར་བྱིན་གྱིས་རློབས༔  ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནི་མ་ཧཱ་ག་ཎ་ཙ་ཀྲ་ས་མ་ཡ་ཨེ་ཨཱ་རལླི་ཧྲིཾ་ཕེཾ་ཛཿ {{TibChung|ཞེས་སྤྱན་དྲངས་ལ།  ཚོགས་ཀྱི་ཡོ་བྱད་འདོད་ཡོན་གྱི་ཕུང་པོར་སྤེལ་བའི་ཆ་དང་པོ་མཆོད་པའི་ཚུལ་དུ་འབུལ་བ་ནི།}}  ཧྲཱིཿ རྩ་གསུམ་རྒྱལ་བ་ཞི་ཁྲོ་དང༔  སྐྱབས་གནས་མཆོད་འོས་ཐམས་ཅད་ལ༔  འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔  སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔  མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔  {{TibChung|ཞེས་དང་།  གཞན་ཡང་ཐུགས་དམ་བསྐང་བའི་རིམ་པ་  {{TibChung|[15a]}} རྒྱ་ཆེར་བྱའོ།  །ཆ་བར་པ་ཉམས་ཆག་བཤགས་པའི་ཆེད་དུ་འབུལ་བ་ནི།}}  ཧོཿ  བདག་ཅག་མ་རིག་རྨོངས་པ་ཡིས༔  སྒོ་གསུམ་བག་མེད་དབང་གྱུར་ཏེ༔  རྩ་བ་སྐུ་གསུང་ཐུགས་དང་ནི༔  སྤྱད་དང་མི་སྤང་དམ་ཚིག་སོགས༔  ཡན་ལག་དམ་ལས་འགལ་བ་ཀུན༔  ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔  ཆོས་ཉིད་ཡངས་པ་ཆེན་པོའི་ཀློང༔  བཟོད་པ་དམ་པ་ཡར་བཞེས་ལ༔  མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ༔  {{TibChung|ཅེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ།  །ཚོགས་ཟན་ཆ་གསུམ་པ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་གིས་རང་ལ་བསྡུས་ཏེ་བསྒྲལ་མཆོད་བྱ་བ་ནི།}}  ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་ནི།  །ཐར་མེད་སྲིད་པའི་བྲུབ་ཁུང་ནང་།  །ནྲྀ་དང་ཏྲི་ལས་དགྲ་བགེགས་ཀུན།  །སྐྱབས་བྲལ་ཉམ་ཐག་ཚུལ་དུ་གྱུར།  །{{TibChung|ཅེས་དམིགས་བྱ་དངོས་སུ་གསལ་བཏབ་ལ།}}  བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔  འཕྲོས་པའི་ལས་མཁན་ཕོ་ཉའི་ཚོགས༔  གནམ་ས་བར་སྣང་ཁྱོན་ཀུན་འགེངས༔  བསྟན་དགྲ་བར་ཆད་འབྱུང་པོ་རྣམས་༔  རང་དབང་མེད་པར་ཁུག་ལ་ཤོག༔  ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔  སྡོམས་ཤིག་བཛྲ་སྥོ་ཊ་བཾ༔  མྱོས་ཆུག་བཛྲ་གཎྜེ་ཧོཿ  ཕྱེས་ཤིག་པྲ་བེ་ཤ་ཡ་ཕཊ༔  བསྟིམས་ཤིག་ཨཱ་བེ་ཤ་ཡ་ {{TibChung|[15b]}} ཨ༔  {{TibChung|ཞེས་འགུག་འཆིང་སྡོམ་མྱོས་དབྱེ་འབེབས་ཀྱི་ལས་བསྐུལ་ནས།  ལས་ཕུར་གྱིས་གཟིར་ཞིང་།}}  ཧཱུྃཿ དཔལ་ལྡན་རྡོ་རྗེ་ཕུར་པ་ཆེ༔  མེ་དང་མཚོན་ཆའི་ཚྭ་ཚྭ་འཕྲོ༔  གང་ལ་བཏབ་ཀྱང་ཐོགས་པ་མེད༔  གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔  ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔  {{TibChung|ཅེས་ཚེ་ཁྲུས་ཀྱི་དགོངས་པས་དྭངས་མ་དབྱིངས་སུ་བསྒྲལ་བའི་སྙིགས་མ་བདུད་རྩིའི་རང་བཞིན་དུ་སྤར་ལ།}}  ཧཱུྃ༔  རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གྱི༔  ལྷ་ཚོགས་སྤྲུལ་འཁོར་བཅས་པ་ལ༔  གནོད་བྱེད་དགྲ་བགེགས་བསྒྲལ་བ་ཡི༔  དུག་གསུམ་ཤ་ཁྲག་རུས་པ་འབུལ༔  ལྷག་མ་མེད་པར་བཞེས་ཤིག་རོལ༔  དགྲ་བགེགས་ཀྱི་མཱཾ་སཙིཏྟ་རཀྟ་གོ་རོ་ཙ་ན་བ་སུ་ཏ་ཁཱ་ཧི༔  {{TibChung|ཞེས་བསྟབ་པས་ལྷ་ཚོགས་རྣམས་ཀྱི་ཐུགས་བདེ་སྟོང་གི་རོས་ཚིམས་པར་བསམ་མོ།  །དེ་ནས་ཚོགས་ལ་རོལ་པ་ནི།  ཐ་མལ་གྱི་རྟོག་པའི་འཆིང་བ་དགྲོལ་ཕྱིར་ལས་ཀྱི་རྡོ་རྗེས་འཁོར་ལོའི་འདུས་པའི་གཙོ་བོ་ལ་ཕྱག་བཅས་ཐབས་ཤེས་ཀྱི་དམ་རྫས་བསྣོལ་མར་སྟོབ་ཅིང་།}}  ཧོཿ  གཟིགས་ཤིག་རྨད་དུ་བྱུང་བའི་དམ་པའི་ཆོས༔  འདི་ལ་ཐེ་ཚོམ་བྱ་མི་རུང་༔  བྲམ་ཟེ་ཁྱི་དང་གདོལ་པ་གསུམ༔  རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔  རྨད་བྱུང་གསང་བ་མཆོག་གི་རྫས༔  གཙང་དམེའི་རྟོག་པས་མ་བཅིངས་པར༔  ཟག་མེད་བདེ་བའི་ཀློང་རོལ་ན༔  བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ་༔  {{TibChung|[16a]}}  {{TibChung|ཅེས་འབུལ།  དེས་ཀྱང་པདྨའི་ཕྱག་རྒྱ་བསྐོར་ཞིང་།}}  ཨེ་མ་ཧོཿ  ཆགས་སོགས་དྲི་མ་དང་བྲལ་ཏེ༔  རིན་ཐང་མེད་ལས་ལེགས་འོངས་པ༔  གཟུང་དང་འཛིན་པ་རྣམ་པར་སྤངས༔  དེ་ཁོ་ན་ཉིད་དུ་ཨ་ལ་ལ༔  {{TibChung|ཞེས་རྩེ་གསུམ་པའི་ཕྱག་རྒྱས་བླངས།  འདུས་པ་ཐམས་ཅད་ལའང་བྲིམས་ཏེ་ལུས་དཀྱིལ་གྱི་ལྷ་རྣམས་མཆོད་པའི་དོན་དུ་ནང་གི་སྲེག་བླུགས་ཀྱིས་ཚིམས་པར་ལོངས་སྤྱད་པའི་མཐར།}}  ཕྱི་ནང་གཞན་གསུམ་རྡོ་རྗེའི་གྲོང་ཁྱེར་དུ།  །བདེ་ཆེན་ཚོགས་ཀྱི་འདུ་བས་མཉེས་བྱས་མཐུས།  །བདག་གཞན་འགྲོ་ཀུན་རྩ་གསུམ་ལྷ་ཚོགས་དང་།  །དབྱེར་མེད་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག  །{{TibChung|ཅེས་སྨོན་ལམ་གདབ་བོ།  དེ་ནས་ལྷག་མ་གཏོང་བ་ནི།}}  ཧཱུྃ༔  དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔  རྩ་གསུམ་དཀྱིལ་འཁོར་ཕུད་ལ་དགྱེས༔  བར་དུ་ལྷག་མས་མི་མཆོད་རྒྱུ༔  མཁའ་འགྲོ་དམ་ཅན་ལྷག་ལ་དགྱེས༔  ལྷག་མ་ཁ་ཆུས་མི་བྲན་རྒྱུ༔  ཁྱོད་དང་བདག་ཅག་གཡར་དམ་གཅིག༔  ཐ་མ་གཅིག་ཏུ་མི་བསྲེ་རྒྱུ༔  འཁོར་བ་མྱང་འདས་ཆོས་རྣམས་ཀུན༔  ཡེ་ནས་སེམས་ཉིད་ཀློང་དུ་གཅིག༔  རྡོ་རྗེ་གསང་བའི་ལོངས་སྤྱོད་ལ༔  དབང་བའི་ལྷག་སྡུད་མཁའ་འགྲོའི་ཚོགས༔  འདིར་གཤེགས་ལྷག་མའི་དམ་ལ་འདུས༔  {{TibChung|ཞེས་དམ་ཚིག་བདར་ཞིང་སྙན་གསན་དབབ།  ལྷག་མ་བསྡུས་པའི་སྟེང་དུ་དཀྱིལ་ {{TibChung|[16b]}} འཁོར་གྱི་ལྷག་མའང་བསྣན་ཏེ་སློབ་དཔོན་གྱིས་དམ་ཚིག་བདུད་རྩིའི་ཞལ་ཆབ་སྦྲེང་ཞིང་།}}  ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའི་ཁམས་གང་བར་{{TibChung|བསམ་ལ།}}  མ་མ་དྷཱ་ཀི་ནཱི་་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿ{{TibChung|ས་ལྷག་སྡུད་ཀྱི་ཕོ་ཉ་རྣམས་སྤྱན་དྲངས་ནས།}}  ཧཱུྃ༔  དཔལ་གྱི་བཀའ་ཉན་ལྷག་མའི་བདག༔  ལས་བཞིའི་མཁའ་འགྲོ་ཤུགས་འགྲོ་དང་༔  དཀྱིལ་འཁོར་ཁོར་ཡུག་མུ་རན་སྐྱོང་༔  དམ་ཚིག་ཅན་གྱི་གྲོགས་བྱེད་ཅིང་༔  དམ་ཉམས་རྣམས་ལ་བཀའ་ཆད་འབེབས༔  གནས་ནི་དུར་ཁྲོད་ཚོགས་ཁང་ཉུལ༔  ཟས་སུ་ཉམས་པའི་ཤ་ཁྲག་ཟ༔  ལས་སུ་སངས་རྒྱས་བསྟན་པ་སྐྱོང་༔  དམ་ཅན་སྲུང་མ་དྲེགས་པའི་ཚོགས༔  དམ་ཚིག་དབང་གིས་གནས་འདིར་གཤེགས༔  ལྷག་མའི་གཏོར་མ་འདི་བཞེས་ལ༔  ཞི་རྒྱས་དབང་དང་མངོན་སྤྱོད་ལས༔  ཐོགས་པ་མེད་པར་འགྲུབ་པར་མཛོད༔  སརྦ་དྷཱ་ཀི་ནཱི་དྷརྨ་པཱ་ལ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔  {{TibChung|ཞེས་ལྷག་གཏོར་ཕྱི་རོལ་དུ་འབུལ་ཞིང་མགྲོན་རྣམས་ཚིམས་ཏེ་རང་གནས་སུ་གཤེགས་པར་བསམ་མོ།  །གཉིས་པ་གཏོར་མ་བསྐྱང་བ་ལ།  རྡོ་རྗེའི་སྲུང་མ་རྣམས་ལ་བཀའི་ཆད་མདོ་བསྒྲགས་པ་ནི།  གཏེར་སྲུང་གི་གཏོར་མ་སོགས་གཏོར་གྲལ་ནས་ཕབ་པ་རྡོ་རྗེའི་འགྲོས་ཀྱིས་ཕྱིར་བསྣུར་དུ་བཞག་སྟེ།  སྨན་རཀ་བྲན་  {{TibChung|[17a]}} ཅིང་བདུད་རྩིར་སྤེལ་ལ།}}  ཧཱུྃ་ཧྲཱིཿ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔  འོག་མིན་བདེ་བ་ཆེན་པོའི་ཞིང་ཁམས་སུ༔  ཀུན་བཟང་སྣང་མཐའ་ཚེ་དཔག་མེད་མགོན་གྱིས༔  གསང་སྔགས་ཟབ་མོའི་རྒྱུད་རྣམས་གསུངས་པའི་ཚེ༔  རིགས་ལྔའི་མཁའ་འགྲོ་མ་སྲིང་རྒྱ་མཚོ་ཡིས༔  སོ་སོའི་ཁས་བླངས་དམ་བཅས་ཇི་བཞིན་དུ༔  མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔  དེ་འོག་བར་གྱི་བསྐལ་པ་གཉིས་པ་ལ༔  བསམ་ཡས་ཧས་པོ་རི་ཡི་རྩེ་མོ་རུ༔  སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔  བོད་ཁམས་ལྷ་འདྲེ་དམ་ལ་བཏགས་པའི་ཚེ༔  དྲེགས་པ་དམ་ཅན་སྲུང་མ་རྒྱ་མཚོ་ཡིས༔  སོ་སོའི་ཁས་བླངས་དམ་བཅས་ཇི་བཞིན་དུ༔  མཆོད་གཏོར་བཞེས་ལ་འཕྲིན་ལས་འགྲུབ་པར་མཛོད༔  དེ་འོག་བར་གྱི་དུས་ཚིག་གསུམ་པ་ལ༔  བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ༔  སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔  མངའ་བདག་རྗེ་འབངས་གྲོགས་དང་བཅས་པ་ཡིས༔  འཆི་མེད་རྩ་གསུམ་དཀྱིལ་འཁོར་ཞལ་ཕྱེས་ཚེ༔  དཔལ་ལྡན་མགོན་པོ་རེ་ཏཱི་འཁོར་བཅས་ཀྱིས༔  སོ་སོའི་ཁས་བླངས་དམ་བཅས་ཇི་བཞིན་དུ༔  མཆོད་གཏོར་བཞེས་ {{TibChung|[17b]}} ལ་ཕྲིན་ལས་འགྲུབ་པར་མཛོད༔  དེ་འོག་བར་གྱི་དུས་ཚིག་བཞི་པ་ལ༔  ཨོ་རྒྱན་པདྨ་ཐོད་ཕྲེང་ཡབ་ཡུམ་དང་༔  རྒྱལ་མོ་གཡུ་སྒྲ་སྙིང་པོ་རྣམ་གསུམ་གྱིས༔  འཆི་མེད་ཆོས་ཟབ་གཏེར་དུ་གཏམས་པའི་ཚེ༔  པེ་ཧར་བཙན་རྒོད་སྡེ་བརྒྱད་དཔུང་བཅས་ཀྱིས༔  སོ་སོའི་ཁས་བླངས་དམ་བཅས་ཇི་བཞིན་དུ༔  མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔  དེ་འོག་སྙིགས་མའི་མཐའ་ལ་བབས་པའི་ཚེ༔  རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས༔  པདྨ་ཐོད་ཕྲེང་སྣང་སྲིད་ཟིལ་གནོན་གྱིས༔  སྨོན་ལམ་ལས་སད་གར་དབང་ཚེ་མཆོག་ལ༔  གདུང་གསོབ་དབང་བསྐུར་བསྟན་པ་གཏད་པའི་ཚེ༔  ཕྱི་ནང་གཏེར་སྲུང་དམ་ཅན་རྒྱ་མཚོ་ཡིས༔  སོ་སོའི་ཁས་བླངས་དམ་བཅས་ཇི་བཞིན་དུ༔  མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔  {{TibChung|ཅེས་ཆད་མདོའི་གཏོར་མ་གཙང་སར་ཕུལ་བའི་གཏོར་སྣོད་བཤལ་ཆུའི་བདུད་རྩི་བརྟན་གཏོར་ལ་སྦྲེང་ཞིང་།}}  ཨོཾ་ཨཱཿཧཱུྃ་{{TibChung|གིས་བརླབས་ནས།}}  ཧཱུྃ་བྷྱོ༔  སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གི༔  བཀའ་ཉན་བོད་སྐྱོང་མ་མོ་བརྟན་མའི་ཚོགས༔  སྣ་ཚོགས་གཟུགས་བསྒྱུར་སྨན་ཕྲན་འབུམ་དང་བཅས༔  ལྷ་གོས་དར་གྱི་ན་བཟའ་ལྷུབས་སེ་ལྷུབ༔  དར་ཚོན་ཅོད་པན་དར་དཔྱང་པུ་རུ་རུ༔  {{TibChung|[18a]}} ནོར་བུ་རིན་ཆེན་རྒྱན་ཆ་སི་ལི་ལི༔  སིལ་སྙན་རོལ་མོ་མང་པོའི་སྒྲ་དང་བཅས༔  འདིར་གཤེགས་བཤལ་ཆུའི་གཏོར་མ་འདི་བཞེས་ལ༔  སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་༔  བོད་ཁམས་གངས་ཅན་སྦས་པའི་ཡུལ་རྣམས་སུ༔  མཐའ་དམག་ནད་མུག་འཁྲུག་རྩོད་ཞི་བ་དང་༔  བཀྲ་ཤིས་ལོ་ལེགས་མི་ནོར་ཕྱུགས་རྣམས་འཕེལ༔  ཀུན་ཀྱང་དཀར་པོའི་ཆོས་ལ་འགོད་པར་མཛོད༔  ཁྱད་པར་སྦས་ཡུལ་འགྲིམས་པའི་འགལ་རྐྱེན་ཞི༔  མཐུན་རྐྱེན་མ་ལུས་ལྷུན་གྱིས་འགྲུབ་པ་དང་༔  རྩ་གསུམ་ཞི་ཁྲོའི་སྨིན་གྲོལ་ཟབ་མོའི་བསྟན༔  དར་རྒྱས་ཡུན་དུ་གནས་པའི་ཕྲིན་ལས་མཛོད༔  མ་མ་དྷཱ་ཀི་ནཱི་བ་ལིཾཏ་ཁཱཧི༔  {{TibChung|ཞེས་བརྟན་མ་བསྐྱངས་ཏེ་གཏོར་གཞོང་ཁ་སྦུབས་ལ།}} ཨེ་ནྲྀ་ཏྲི་ཛཿཧཱུྃ་བྃ་ཧོཿ  {{TibChung|ཞེས་པས་དགྲ་བགེགས་དམ་སྲི་རྣམས་གཏོར་སྣོད་རི་རབ་འབར་བར་གསལ་བའི་འོག་ཏུ་དགུག་ཅིང་མནན་པར་བསམ་ཞིང་།  རྟ་བྲོས་རྒྱས་གདབ་པ་ནི།}}  ཧཱུྃ༔  བདུད་བགེགས་བར་ཆད་སེལ་བའི་ལྷ༔  དབང་ཆེན་རྔམས་པའི་རྟ་བྲོ་བརྡུང་༔  དམ་སྲི་འབྱུང་པོའི་ཚོགས་རྣམས་ཀུན༔  རྡོ་རྗེ་ལྷུན་པོའི་འོག་ཏུ་མནན༔  ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ལཾ་ནན༔  {{TibChung|རྗེས་དྲག་ཤུལ་གྱི་ལས་མཇུག་ཤིས་པས་བསྡུ་བའི་དོན་དུ་གཏོར་གཞོང་བཟེད་པར་མེ་ཏོག་འཐོར་ལ།}}  {{TibChung|[18b]}} བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་སྙན་གྲགས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་རྒྱས་པར་གྱུར་ཅིག༔  པུཥྚིཾ་ཀུ་རུ་ཨོཾ༔  {{TibChung|ཞེས་བདེ་ལེགས་སུ་བྱའོ།  །གསུམ་པ་དངོས་གྲུབ་བླང་བ་ནི།  སྒྲུབ་རྟེན་ལྷར་གསལ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བདག་ལ་སྩལ་བར་བསམ་ཞིང་མོས་གུས་གདུང་ཤུགས་དྲག་པོས།}}  ཨོཾ་ཨཱཿཧཱུྃ༔  ཀུན་བཟང་སྣང་མཐའ་པདྨ་ཐོད་ཕྲེང་རྩལ༔  རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དབྱིངས་ནས་དགོངས༔  བདག་ཅག་རྗེས་འཇུག་སྐལ་ལྡན་ཕོ་མོ་རྣམས༔  སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་ཀུན་སྦྱངས་ནས༔  ཚེ་བསོད་སྙན་གྲགས་འདོད་རྒུའི་དཔལ་འབྱོར་དང་༔  ཞི་རྒྱས་དབང་དྲག་ཕྲིན་ལས་མངའ་དབང་འབྱོར༔  ཚེ་འདིར་རིག་འཛིན་བླ་མེད་ས་ཐོབ་ཅིང་༔  བྱིན་རླབས་ནུས་རྩལ་གཟི་བརྗིད་མཐུ་དབང་ལྡན༔  མཁའ་མཉམ་འགྲོ་ཀུན་སྨིན་ཅིང་གྲོལ་བ་ཡི༔  སྐུ་གསུམ་ཐུགས་ཡོན་ཕྲིན་ལས་དངོས་གྲུབ་སྩོལ༔  སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿ {{TibChung|ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་ཏེ་དངོས་གྲུབ་བླང་ངོ་།  །བཞི་པ་དཀྱིལ་འཁོར་བསྡུ་བ་ནི།  གཏང་རག་གི་དོན་དུ་སླར་ཡང་མཆོད་ཅིང་བསྟོད་ནས།}}  ཧོཿ  དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དགོངས་སུ་གསོལ༔  བདག་ཅག་མ་རིག་འཁྲུལ་པའི་དབང་གྱུར་ཏེ༔  ཆོ་ག་ལྷག་ཆད་  {{TibChung|[19a]}} ཚིག་དོན་འཁྲུལ་པ་སོགས༔  ཉེས་ལྟུང་དྲི་མའི་ཚོགས་རྣམས་མཐོལ་ལོ་བཤགས༔  ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔  {{TibChung|ཞེས་དང་ཡི་གེ་བརྒྱ་པས་ཆོ་གའི་ཡན་ལག་མ་ཚང་བ་སོགས་ནོངས་པ་རྣམས་བཟོད་པར་གསོལ།  མདུན་བསྐྱེད་ཚོགས་མགྲོན་རྣམས་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་སུ་གསོལ།  ཏིང་འཛིན་གྱི་དཀྱིལ་འཁོར།}}  ཧཱུྃ༔  སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔  སྔགས་ཕྲེང་ཐུགས་སྲོག་དག་ལ་བསྡུ༔  དེ་ཡང་རིམ་བཞིན་གྱེན་རྫོགས་སུ༔  དམིགས་མེད་རྒྱ་ཡན་ལྷུག་པའི་ངང་༔  ཀུན་བཟང་གདོད་མའི་ཀློང་དུ་བཞག༔  {{TibChung|ཅེས་སྤྲོས་པ་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་བསྡུས་ཏེ་རྟག་མཐའ་བསལ།  སླར་ཡང་།}}  གཟུགས་སྣང་སྣང་སྟོང་ལྷ་ཡི་སྐུ༔  གྲགས་ཚད་བརྗོད་བྲལ་རྡོ་རྗེའི་སྒྲ༔  དྲན་རྟོག་རང་བཞིན་ངོས་འཛིན་བྲལ༔  དམིགས་མེད་ཀུན་ཁྱབ་ཆེན་པོར་ཧོཿ  {{TibChung|ཞེས་ཐུན་མཚམས་ཀྱི་ལྷར་ལྡངས་ཏེ་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ལམ་དུ་ཁྱེར་བས་ཆད་མཐའ་བསལ་ལོ།  །ལྔ་པ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པ་ནི།}}  ན་མོ༔  བླ་མེད་བསྐྱེད་རྫོགས་བསྒྲུབས་པའི་དགེ་བ་འདི༔  མ་གྱུར་འགྲོ་བ་རིགས་དྲུག་སེམས་ཅན་རྣམས༔  ས་བཅུད་ལམ་ལྔ་གཅིག་ཆར་རྫོགས་ནས་སུ༔  བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་བསྔོའོ༔  {{TibChung|[19b]}}  {{TibChung|ཞེས་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་།}}  ན་མོ༔  བདག་གིས་གསང་སྔགས་བླ་མེད་དཀྱིལ་འཁོར་ཆེ༔  བསྒྲུབས་པའི་མཐུ་ཡིས་ཁམས་གསུམ་སེམས་ཅན་རྣམས༔  བླ་མེད་གསང་མཆོག་ལམ་ལ་རབ་བཞུགས་ཏེ༔  ཀུན་བཟང་བླ་ན་མེད་པའི་ས་ཐོབ་ཤོག༔  {{TibChung|ཅེས་ཐབས་ཁྱད་པར་ཅན་གྱི་སྨོན་ལམ་ཟབ་མོའི་རྒྱས་གདབ།  བཀྲ་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་ལ།}}  ཨེ་མ་ཧོཿ  ཀུན་བཟང་ཚེ་བདག་སྣང་མཐའི་འོད་ཟེར་མཆོག༔  སྐུ་ལྔ་ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔  མཚོ་སྐྱེས་གུ་རུ་པདྨ་ཐོད་ཕྲེང་རྩལ༔  རྩ་གསུམ་གཅིག་བསྡུས་བླ་མའི་བཀྲ་ཤིས་ཤོག༔  སྙིང་རྗེ་ཆེན་པོས་འགྲོ་ལ་རྗེས་ཆགས་པས༔  མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་འབེབས༔  པདྨའི་རིགས་མཆོག་པདྨ་དབང་གི་རྒྱལ༔  ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔  དབྱངས་ཅན་ལྷ་མོ་དུས་གསུམ་རྒྱལ་བའི་ཡུམ༔  བདེ་ཆེན་དཀར་མོ་པདྨའི་བཀའ་རྣམས་བསྡུ༔  ལོག་འདྲེན་དབྱིངས་སྒྲོལ་སེང་ཧ་མུ་ཁ་མ༔  གནས་གསུམ་མཁའ་འགྲོའི་གཙོ་མོའི་བཀྲ་ཤིས་ཤོག༔  གནས་མཆོག་བཀྲ་ཤིས་མཆིམས་ཕུའི་ཀེའུ་ཚང་༔  དུས་ཀྱི་བཀྲ་ཤིས་མུན་གླིང་ཉི་མ་ཤར༔  སྟོན་པ་བཀྲ་ཤིས་འཆི་མེད་པདྨ་འབྱུང་༔  གནས་དུས་སྟོན་ {{TibChung|[20a]}} པ་ཕུན་ཚོགས་བཀྲ་ཤིས་ཤོག༔  འཁོར་ཚོགས་བཀྲ་ཤིས་གཡུ་སྒྲ་སྒྲོགས་དང་བཅས༔    དམ་ཆོས་བཀྲ་ཤིས་འཆི་མེད་རྩ་གསུམ་ཆོས༔  སྨོན་ལམ་བཀྲ་ཤིས་དུས་ལས་ཡོལ་བ་མེད༔  ཕུན་ཚོགས་དཔལ་རབ་འབར་བའི་བཀྲ་ཤིས་ཤོག༔  གཏེར་གནས་བཀྲ་ཤིས་མདུང་ཆུ་སྤྲུལ་པའི་ཞིང་༔  གཏེར་སྟོན་བཀྲ་ཤིས་གར་དབང་ཆེ་མཆོག་རྩལ༔  གཏེར་སྲུང་བཀྲ་ཤིས་པེ་ཧར་བཙན་དམར་ཆེ༔  ཕྲིན་ལས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག༔  བཀའ་བབས་བཀྲ་ཤིས་སྨོན་ལམ་ལས་འཕྲོ་སད༔  འདུལ་ཞིང་བཀྲ་ཤིས་ཞིང་མཆོག་པདྨ་གླིང་༔    འགྲོ་དོན་བཀྲ་ཤིས་སྲིད་མཐར་ཉམས་པ་མེད༔  དགོས་འདོད་བསམ་རྒུ་ལྷུན་གྲུབ་བཀྲ་ཤིས་ཤོག༔  {{TibChung|ཅེས་སོགས་ཤིས་པ་བརྗོད་པའི་ཚིག་ཕྲེང་རྒྱ་ཆེར་སྤེལ་བས་ཕྱོགས་དུས་ཀུན་ཏུ་དགེ་ལེགས་ཀྱི་སྣང་བས་ཡོངས་སུ་ཁྱབ་པར་བྱའོ།  །དེ་ལྟ་བུའི་རིམ་པས་ཐེ་ཚོམ་སྙོམས་ལས་ཀྱི་དབང་དུ་མ་གྱུར་པའི་སྒོ་ནས་རྩེ་གཅིག་ཉམས་སུ་བླངས་པས་འདི་ཕྱི་བར་དོ་ཀུན་ཏུ་གུ་རུས་རྗེས་བཟུང་བྱིན་གྱིས་རློབས་ཤིང་གྲུབ་གཉིས་ཀྱི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པའི་ཚུལ།  རྩ་གཞུང་ལས།  པདྨ་བདག་གི་ཐུགས་ཀྱི་བཅུད་ཕྱུངས་པའི༔  སྒྲུབ་ཐབས་ཕྱི་ནང་གསང་བ་དེ་ཁོ་ན༔  ཚིག་ཉུང་དོན་འདྲིལ་དབང་རྣོན་ཡང་རབ་ཆོས༔  ཐེ་ཚོམ་ཡིད་གཉིས་མེད་པར་བསྒྲུབ་པ་ན༔  ཞལ་མཐོང་ཆོས་གསུངས་ལུང་བསྟན་གནང་བ་ཐོབ༔  {{TibChung|[20b]}} གལ་ཏེ་ཚེ་འདིར་ང་དང་མ་མཇལ་ཡང་༔  བར་དོར་མཇལ་ནས་འཁྲུལ་སྣང་སྡུག་བསྔལ་སེལ༔  ཁྱད་པར་སྦས་ཡུལ་འགྲིམས་པའི་སྐལ་ལྡན་རྣམས༔  སྒྱིད་ལུག་ལྟེམས་རྐྱང་མེད་པར་ཉམས་བླངས་ན༔  བྱིན་རླབས་མྱུར་འཇུག་སྦས་པའི་ཡུལ་དུ་བགྲོད༔  ཐེ་ཚོམ་ཡིད་གཉིས་མེད་ན་ཅི་བསམ་འགྲུབ༔  ཅེས་དང་།  བདག་འདྲ་ཚེ་བདག་པདྨ་འབྱུང་གནས་ཀྱིས༔  གདམས་པའི་གནད་གསང་མན་ངག་བཅུད་དུ་འདྲིལ༔  བླ་མའི་ཐུགས་སྒྲུབ་བྱིན་རླབས་གཏེར་མཛོད་འདི༔  སྐལ་ལྡན་སྐྱེས་བུ་རྣམས་ཀྱིས་ཉམས་སུ་ལོངས༔  པདྨ་འབྱུང་གནས་ཡང་སྙིང་འབྲུ་བཅུ་གཉིས༔  འབུམ་ཕྲག་བཅུ་གཉིས་འཁོར་བའི་ས་བོན་སྐེམས༔  འབུམ་ཕྲག་སོ་དྲུག་རིག་འཛིན་གྲལ་ལ་འཁོད༔  འབུམ་ཕྲག་བརྒྱ་ཡིས་པདྨ་ང་དང་མཉམ༔  རྣམ་རྟོག་དབྱིངས་ཟད་ཀ་དག་ཀློང་དུ་གྲོལ༔  ཅེས་བདེན་གསུངས་རྡོ་རྗེའི་ལུང་གིས་རྗེས་སུ་གདམས་པར་མཛད་པ་ལ་ནམ་ཡང་བསླུ་བ་མེད་པས་ན་རྗེས་འཇུག་ཀུན་གྱི་སྙིང་གི་ཐིག་ལེར་བཅང་བར་འཚལ་ལོ།  །}} ཇི་སྙེད་དཀྱིལ་འཁོར་རབ་འབུམས་མ་ལུས་པ།  །ཁྱབ་བདག་བླ་མའི་ངོ་བོར་བསྙེན་པ་ལས།  །ཆེས་འཕགས་ལམ་བཟང་གཞན་དུ་ཡོད་མིན་ན།  །འདི་ནི་སྐལ་ལྡན་འཇུག་ངོགས་གཅིག་པུ་ཡིན།  །ཨོ༵་རྒྱན༵་དངོས་སྣང་རྡོ༵་རྗེ༵་འཛིན་དབང་དེས།  །ཐུན་མིན་ཌཱ་ཀིའི་གསང་མཛོད་ཐོ༵གས་མེ༵ད་དུ།  །ཕྱེས་ལས་ངོ་མཚར་ཐུགས་སྒྲུབ་བྱེ་བའི་ཕུལ།  །ཟབ་ལམ་ཡིད་བཞིན་དབང་གི་རྒྱལ་པོ་ཕྱུངས།  །ཉེས་བཤད་ངན་སྐྱུགས་འདམ་གྱིས་ {{TibChung|[21a]}} མ་སྦགས་པའི།  །ལེགས་བཤད་གོས་བཟང་ལྷབ་ལྷུབ་གཡོ་བ་ཅན།  །བློ་གྲོས་གསེར་གྱི་ཡུ་བ་ལ་བསྟེན་ནས།  །ཁྲིགས་བསྡེབས་རྒྱལ་མཚན་རྩེ་མོར་ཁོ་བོས་བཀོད།  །ལྷག་བསམ་ཆུ་བོའི་གཏེར་ལས་ཉེར་ཐོན་པའི།  །བསོད་ནམས་འོད་སྟོང་ཅན་དེ་ཤར་ཙམ་ནས།  །ཉེས་བརྒྱའི་མུན་འཐུག་གཡུལ་ངོ་མཐར་བྱས་ཏེ།  །ཕན་བདེའི་གེ་སར་འཛུམ་ཕྲེང་ཅིས་མི་དགོད།  །མྱུར་བདེའི་ཤིང་རྟ་འདི་ལས་འབྲེལ་ཚད་འགྲོ།  །དཀའ་བ་མེད་པར་རིག་པ་འཛིན་པའི་སར།  །གཏན་གྱི་ངལ་གསོ་ཐོབ་པའི་དགེ་མཚན་གྱིས།  །སྲིད་ཁམས་དོང་སྤྲུགས་ཕྲིན་ལས་དཔལ་འབར་ཤོག  །{{TibChung|དེ་ལྟར་བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་གྱི་ལས་བྱང་ཁྲིགས་སུ་བསྡེབས་པ་བྱིན་རླབས་རྒྱ་མཚོའི་གཏེར་མཛོད་ཅེས་བྱ་བ་འདི་ནི།  གཏེར་འབྱིན་སྤྲུལ་པའི་རིག་འཛིན་ཆེན་པོ་ཉིད་ཀྱི་རྡོ་རྗེའི་ལུང་གིས་གསལ་བར་བསྟན་པ་བཞིན་མཁན་ལྗོངས་ཨེ་ཝཾ་བདེ་ཆེན་ཆོས་འཁོར་གླིང་གི་སྒྲུབ་སྡེ་ཆེན་པོ་འདི་ཉིད་ཀྱིས་མཚོན་ངོ་མཚར་ས་ལ་སྤྱོད་པའི་ཞིང་ཁམས་ཀྱི་ཁྱོན་ཀུན་ཏུ་དར་ཞིང་རྒྱས་པའི་བཙས་དམ་པར་འགྱུར་བའི་རྟེན་འབྱུང་ཕུན་སུམ་ཚོགས་པས་མཚམས་སྦྱར་ནས།  གཏེར་གཞུང་རྩ་བའི་ཚིག་ལ་མན་ངག་གི་དགོངས་པ་གབ་པ་མངོན་དུ་ཕྱུང་བས་རྣམ་པར་བརྒྱན་ཅིང་རྒྱུན་གྱི་ཉམས་ལེན་འཇུག་ལ་བདེ་བའི་དབང་དུ་བྱས་ཏེ།  ལམ་འདིའི་བཀའ་བབས་ལུང་ཐོབ་ཀྱི་སྐལ་བཟང་ཉམས་སུ་མྱོང་བ་ {{TibChung|[21b]}} རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཉེར་བདུན་དུ་སོན་པ་རབ་མྱོས་ཀྱི་ལོ་དབང་ཆེན་སྤྲེའུ་ཟླ་བའི་ཡར་ངོའི་ཚེས་བཅུ་ལ་ཡིད་འོང་བསམ་གཏན་གྱི་རི་བོའི་སྤོ་རང་བྱུང་ཀུན་ཏུ་བཟང་པོའི་ནགས་ཀླུང་ཉམས་དགའ་བའི་ཚལ་དུ་གྲུབ་པར་བགྱིས་པ་སྟེ།  འདིས་ཀྱང་རྨད་དུ་བྱུང་བའི་ཟབ་ཆོས་མཆོག་གི་ཕྲིན་ལས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་།  མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདེ་བ་ཆེན་པོ་ཀུན་བཟང་པདྨ་སམྦྷ་ཝའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག  །}}   །  ཨེ༵་ཝ༵ཾ་མཉམ་སྦྱོར་བདེ༵་ཆེན༵་མུ་ཁྱུད་ཟླུམ།  །མདོ་སྔགས་ཆོ༵ས་ཚུལ་གསེར་འཁོ༵ར་རྩིབས་སྟོང་བཀྲ།  །མཚུངས་མེད་རྔ་ཡབ་གླིང་པའི་རིང་ལུགས་འདི།  །སྲིད་མཐའི་བར་དུ་མི་ཉམས་འཕེལ་རྒྱས་ཤོག  །{{TibChung|ཅེས་པའང་འཇིག་བྲལ་ཡེ་ཤེས་རྡོ་རྗེས་སོ།  །སརྦ་མངྒ་ལཾ།  །}} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 16:40, 23 December 2025

Wylie title zab chos yid bzhin 'od 'phro las bla ma zhi ba snang srid zil gnon gyi las byang khrigs su bsdebs pa'i byin rlabs rgya mtsho'i gter mdzod DJYD-KABUM-08-NYA-018.pdf
Location bdud 'joms rin po che bka' 'bum
Volume 8, Text 18, Pages 457-498 (Folios 1a1 to 21b4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Zab chos yid bzhin 'od 'phro las bla ma zhi ba snang srid zil gnon gyi las byang khrigs su bsdebs pa'i byin rlabs rgya mtsho'i gter mdzod. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 8: 457-498. Kalimpong: Dupjung Lama, 1979-1985.
Side notes Recto: las byang   Verso: yid bzhin 'od 'phro
More details More details
Tertön རྡོ་རྗེ་ཐོགས་མེད་ (rdo rje thogs med)
Genre Activity Manual - las byang
Cycle ཟབ་ཆོས་ཡིད་བཞིན་འོད་འཕྲོ་ (zab chos yid bzhin 'od 'phro)
Deity bla ma snang srid zil gnon
Colophon

དེ་ལྟར་བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་གྱི་ལས་བྱང་ཁྲིགས་སུ་བསྡེབས་པ་བྱིན་རླབས་རྒྱ་མཚོའི་གཏེར་མཛོད་ཅེས་བྱ་བ་འདི་ནི། གཏེར་འབྱིན་སྤྲུལ་པའི་རིག་འཛིན་ཆེན་པོ་ཉིད་ཀྱི་རྡོ་རྗེའི་ལུང་གིས་གསལ་བར་བསྟན་པ་བཞིན་མཁན་ལྗོངས་ཨེ་ཝཾ་བདེ་ཆེན་ཆོས་འཁོར་གླིང་གི་སྒྲུབ་སྡེ་ཆེན་པོ་འདི་ཉིད་ཀྱིས་མཚོན་ངོ་མཚར་ས་ལ་སྤྱོད་པའི་ཞིང་ཁམས་ཀྱི་ཁྱོན་ཀུན་ཏུ་དར་ཞིང་རྒྱས་པའི་བཙས་དམ་པར་འགྱུར་བའི་རྟེན་འབྱུང་ཕུན་སུམ་ཚོགས་པས་མཚམས་སྦྱར་ནས། གཏེར་གཞུང་རྩ་བའི་ཚིག་ལ་མན་ངག་གི་དགོངས་པ་གབ་པ་མངོན་དུ་ཕྱུང་བས་རྣམ་པར་བརྒྱན་ཅིང་རྒྱུན་གྱི་ཉམས་ལེན་འཇུག་ལ་བདེ་བའི་དབང་དུ་བྱས་ཏེ། ལམ་འདིའི་བཀའ་བབས་ལུང་ཐོབ་ཀྱི་སྐལ་བཟང་ཉམས་སུ་མྱོང་བ་རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཉེར་བདུན་དུ་སོན་པ་རབ་མྱོས་ཀྱི་ལོ་དབང་ཆེན་སྤྲེའུ་ཟླ་བའི་ཡར་ངོའི་ཚེས་བཅུ་ལ་ཡིད་འོང་བསམ་གཏན་གྱི་རི་བོའི་སྤོ་རང་བྱུང་ཀུན་ཏུ་བཟང་པོའི་ནགས་ཀླུང་ཉམས་དགའ་བའི་ཚལ་དུ་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་རྨད་དུ་བྱུང་བའི་ཟབ་ཆོས་མཆོག་གི་ཕྲིན་ལས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདེ་བ་ཆེན་པོ་ཀུན་བཟང་པདྨ་སམྦྷ་ཝའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག

de ltar bla ma zhi ba snang srid zil gnon gyi las byang khrigs su bsdebs pa byin rlabs rgya mtsho'i gter mdzod ces bya ba 'di ni/___gter 'byin sprul pa'i rig 'dzin chen po nyid kyi rdo rje'i lung gis gsal bar bstan pa bzhin mkhan ljongs e waM bde chen chos 'khor gling gi sgrub sde chen po 'di nyid kyis mtshon ngo mtshar sa la spyod pa'i zhing khams kyi khyon kun tu dar zhing rgyas pa'i btsas dam par 'gyur ba'i rten 'byung phun sum tshogs pas mtshams sbyar nas/___gter gzhung rtsa ba'i tshig la man ngag gi dgongs pa gab pa mngon du phyung bas rnam par brgyan cing rgyun gyi nyams len 'jug la bde ba'i dbang du byas te/___lam 'di'i bka' babs lung thob kyi skal bzang nyams su myong ba rig 'dzin gyi myu gu 'jigs bral ye shes rdo rjes rang lo nyer bdun du son pa rab myos kyi lo dbang chen spre'u zla ba'i yar ngo'i tshes bcu la yid 'ong bsam gtan gyi ri bo'i spo rang byung kun tu bzang po'i nags klung nyams dga' ba'i tshal du grub par bgyis pa ste/___'dis kyang rmad du byung ba'i zab chos mchog gi phrin las phyogs dus gnas skabs kun tu dar zhing rgyas la yun ring du gnas pa dang /___mtha' yas pa'i sems can thams cad bde ba chen po kun bzang pad+ma sam+b+ha wa'i go 'phang la myur du reg pa'i rgyur gyur cig

[edit]
༄༅། །ཟབ་ཆོས་ཡིད་བཞིན་འོད་འཕྲོ་ལས། བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་གྱི་ལས་བྱང་ཁྲིགས་སུ་བསྡེབས་པའི་བྱིན་རླབས་རྒྱ་མཚོའི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །


༄༅། །བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་གྱི་ལས་བྱང་ཁྲིགས་སུ་བསྡེབས་པ་བྱིན་རླབས་རྒྱ་མཚོའི་གཏེར་མཛོད་ཅེས་བྱ་བ། ཁྱབ་བདག་བླ་མ་ཐོད་ཕྲེང་རྩལ་གྱི་ངོ་བོར་བཞུགས་པ་ལ་ཕྱག་འཚལ་ལོ། །རབ་འབྱམས་སྐྱབས་གནས་འདུས་པའི་ཡེ་ཤེས་སྐུ། །དྲན་པས་ཡིད་ཀྱི་གདུང་སེལ་གུ་རུ་རྗེ། །སྙིང་དབུས་པདྨོར་འབྲལ་མེད་རྟག་བཞུགས་ལ། །ཕྲིན་ལས་ཁ་ལོ་བསྒྱུར་ནུས་དབུགས་དབྱུང་སྩོལ། །དུས་ངན་གཡང་སར་ཕྱོགས་པའི་བོད་འབངས་འགྲོ། །སྦས་ཡུལ་བདེ་བའི་གོ་སར་དབུགས་ཕྱུངས་ཏེ། །ཀུན་དགའི་ལང་ཚོ་རྒྱས་པའི་སྐལ་བཟང་འདི། །མགོན་ཁྱོད་ཁོ་ནའི་བཀའ་དྲིན་ལས་གཞན་ཅི། །གང་ཕྱིར་གུས་པས་ [2a] བསྙེན་ཅིང་སྒྲུབ་པ་ལས། །ས་སྤྱོད་ཕན་བདེའི་དཔལ་ཡོན་རྒྱས་མཐོང་ནས། །ལེགས་བཤད་རིན་ཆེན་འཕྲུལ་གྱི་ལྡེའུ་མིག་གིས། །བྱིན་རླབས་རྒྱ་མཚོའི་གཏེར་མཛོད་འབྱེད་ལ་སྤྲོ། །དེའང་ཇི་སྐད་དུ། ལུང་བྱང་གཏད་རྒྱ་ནོར་བུའི་ཕྲེང་བ་ལས། ང་ནི་དུས་གསུམ་རྒྱལ་བའི་ཐུགས་རྗེ་འདུས༔ ཁམས་གསུམ་སེམས་ཅན་རིས་མེད་ཡོངས་ཀྱི་གཉེན༔ ཁྱད་པར་སྙིགས་མའི་དུས་ཀྱི་སྐྱབས་གཅིག་སྟེ༔ ང་དྲན་ཙམ་གྱིས་ལས་ངན་སྡིག་པ་འདག༔ ང་ཡི་མཚན་ཐོས་ཉོན་མོངས་གདུང་བ་སེལ༔ ང་བསྒོམ་ཙམ་གྱིས་འཁོར་བའི་ས་བོན་སྐེམ༔ ང་ཉིད་སྒྲུབ་པས་ཚེ་ལུས་གཅིག་ལ་གྲོལ༔ ང་ལ་གསོལ་བ་འདེབས་པ་མི་རེའི་དྲུང་༔ ང་ཉིད་པད་འབྱུང་རེ་རེ་སྒོ་ཉལ་ཡོད༔ ང་ཡི་ཐུགས་རྗེའི་འཇུག་པ་ཐོག་མཐའ་མེད༔ ང་ལ་གསོལ་བ་ཐོབ་ཅིག་བོད་འབངས་རྣམས༔ ཞེས་[2b] དང་། རྩ་གཞུང་ལས། མ་འོངས་བསྐལ་པའི་ཐ་མ་ལ༔ མཐའ་དམག་གདུག་པ་དབུས་སུ་འཐིབ༔ ནད་རིམས་སྣ་ཚོགས་རླུང་ལྟར་འཚུབས༔ བོད་ཡུལ་སྐྱིད་པ་ཟད་ལ་ཐུག༔ དེ་ཚེ་ང་སྤྲུལ་ལས་ཅན་གྱིས༔ བོད་ཁམས་བདེ་ལ་བཀོད་པ་དང་༔ དད་ཅན་ཐར་ལམ་གཟུད་པའི་ཕྱིར༔ སྦས་གནས་ཆེ་ཆུང་སྒོ་འབྱེད་ཚེ༔ བར་ཆད་རྐྱེན་ངན་ཞི་བ་དང་༔ བྱིན་རླབས་མྱུར་དུ་འཇུག་པའི་ཕྱིར༔ ང་ཉིད་སྣང་སྲིད་ཟིལ་གནོན་བསྒྲུབ༔ ཅེས་གསུངས་པ་ལྟར། སྙིགས་དུས་ཀྱི་སྐྱེ་འགྲོ་ཉམ་ཐག་གདུང་བའི་ཁྲི་མུན་ལས་ཐར་བར་འདོད་པ་སྤྱི་དང་ཁྱད་པར་ངོ་མཚར་སྦས་པའི་ཡུལ་ལྗོངས་ས་ལ་སྤྱོད་པའི་གྲོང་ཁྱེར་གྱི་འདུ་བར་དགའ་མགུར་སྤྱོད་པའི་སྐལ་བཟང་ཉམས་སུ་མྱོང་བར་སེམས་པའི་དད་མོས་ལས་འཕྲོ་དགེ་བ་ཅན་རྣམས་ཀྱི་རྩ་གསུམ་ཀུན་འདུས་གུ་རུ་སྣང་སྲིད་ཟིལ་གནོན་ཁོ་ནར་གསོལ་བ་འདེབས་ཤིང་བསྙེན་པའི་ཐབས་ལ་ནན་ཏན་དུ་འབད་པར་བྱ་སྟེ། དེའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས་ལས། ཐོག་མར་བྱ་བའི་སྦྱོར་བ་ནི། ཡར་ངོའི་ཚེས་བཅུ་སོགས་ཕུན་སུམ་ཚོགས་པའི་དུས་ཚེས་བཟང་པོར་ཡིད་དུ་འོང་བའི་གནས་ཁང་གཙང་ཞིང་མཛེས་པར་བརྒྱན། རྩ་བ་གསུམ་གྱི་སྣང་བརྙན་སོགས་བྱིན་རླབས་ཅན་གྱི་རྟེན་བཀྲམ་པའི་མདུན་དུ་ཐུན་མོང་དང་ཁྱད་པར་གྱི་དམ་རྫས་ཕྱི་ནང་གི་མཆོད་པ་སྤྱན་གཟིགས་སོགས་བཀོད་ལེགས་སུ་བསྟར། གཞན་ཡང་ཚོགས་དང་གཏོར་མའི་ཡོ་བྱད་རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བའི་རིགས་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་ཆོ་གའི་སྦྱོར་བ་ལ་ལྔ་ལས། དང་པོ་ཞིང་སྐྱོང་གཞི་བདག་ལ་གཏོར་མ་གཏོང་བ་ནི། རང་ཉིད་སྐད་ཅིག་ [3a] གིས་གུ་རུ་པདྨ་ཐོད་ཕྲེང་རྩལ་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པའི་སྐུར་གྱུར་པར་བསམ་ལ། གཏོར་མ་དཀར་དམར་གཉིས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜལ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཀྱིས་བསང་། ཨོཾ་སྭབྷཱ་ཝང་ཤུདྡྷཿསརྦ་དྷརྨཿསྭབྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི༔ གཏོར་སྣོད་སྟོང་གསུམ་ཁྱོན་དང་མཉམ་པའི་ནང་༔ གཏོར་རྫས་ངོ་བོ་ཡེ་ཤེས་བདུད་རྩི་ལ༔ རྣམ་པ་མགྲོན་རིགས་སོ་སོའི་ཅི་འདོད་ཀྱི༔ ལོངས་སྤྱོད་འཛད་མེད་ནམ་མཁའི་མཛོད་དུ་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾག་ག་ན་ཁཾ་སྭཱཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས། བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿས་མགྲོན་རྣམས་སྤྱན་དྲངས། བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཾ་ཨཏྱ་ནུཏྤ་ཏོཏྟ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་སྟེ། བདེན་པའི་ཚིག་གིས་བཀྲོལ་བ་ནི། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག༔ ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག༔ དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག༔ བདེན་པའི་མཆོག་གྱུར་དཀོན་མཆོག་བཀའ་ལ་ཉོན༔ སྲིད་གསུམ་རྒྱུ་ཞིང་དབང་བྱེད་ལྷ་འདྲེའི་ཚོགས༔ [3b] ཕྱི་ནང་གསང་བ་བཏགས་ཆགས་སྡེ་བརྒྱད་དང་༔ ལྷ་ཀླུ་གཟའ་སྐར་སྤར་སྨེ་ཡང་འཁོར་དང་༔ ལོ་ཟླ་ཞག་དུས་དབང་བྱེད་ལྷ་མ་སྲིན༔ གཙང་རིས་དཔལ་མགོན་གནས་ཡུལ་སྐྱོང་བའི་ལྷ༔ ཁྱད་པར་ས་ཕྱོགས་འདིར་གནས་ལྷ་དང་ཀླུ༔ བདུད་བཙན་གཤིན་རྗེ་གཟའ་ཐེའུ་གནོད་སྦྱིན་གཉན༔ རྒྱལ་པོ་ས་བདག་རྨུ་བསེན་སྨན་མོ་གྲེ༔ གཉུག་མར་གནས་དང་གློ་བུར་ལྷག་པ་ཀུན༔ སོ་སོའི་ཅི་འདོད་གཏོར་མ་འདི་བཞེས་ལ༔ སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་སོགས༔ དཀོན་མཆོག་བདེན་པའི་བཀའ་ལས་མ་འདའ་བར༔ བདག་ཅག་དཀར་པོའི་དགེ་བ་སྒྲུབ་པ་ལ༔ གནོད་ཅིང་བར་དུ་གཅོད་པ་ཀུན་སྤངས་ནས༔ ཕན་པའི་སེམས་ཀྱིས་སྒྲུབ་པའི་མཐུན་རྐྱེན་བསྒྲུབ༔ བར་གཅོད་མི་མཐུན་ཕྱོགས་རྣམས་བསྲུང་བར་མཛོད༔ ཅེས་གཏོར་མ་གཙང་སར་ཕུལ་ལ་མགྲོན་རྣམས་རང་གནས་སུ་གཤེགས་པར་བསམ། གཉིས་པ་བགེགས་བསྐྲད་ཅིང་སྲུང་མཚམས་བཅད་པ་ནི། བགེགས་གཏོར་བྲན་ལ། ཐུགས་ལས་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ གཏོར་མའི་ཉེས་པའི་སྐྱོན་རྣམས་བསྲེགས་སྦྱངས་གཏོར༔ ཨོཾ་ཨཱཿཧཱུྃ་འཕྲོས་ཅི་འདོད་རྫས་སུ་གྱུར༔ ཅེས་བྱིན་བརླབ། སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿས་མགྲོན་བཀུག ། སརྦ་བིགྷྣཱན་ [4a] ན་མ༔ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾག་ག་ན་ཁཾ་གྲྀཧྞ་དཾ་ལིནྟེ་སྭཱཧཱ། ཞེས་ལན་གསུམ་གྱིས་གཏོར་མ་བསྔོས་ལ། བཀའ་བསྒོ་བ་ནི། ཧཱུྃ༔ ང་ནི་ཡེ་ནས་པདྨ་ཐོད་ཕྲེང་རྩལ༔ དེང་འདིར་བླ་མེད་དངོས་གྲུབ་བསྒྲུབ་པ་ལ༔ བར་དུ་གཅོད་པའི་ལོག་འདྲེན་འབྱུང་པོ་རྣམས༔ སོ་སོར་ཡིད་མཐུན་གཏོར་མས་ཚིམས་གྱིས་ལ༔ རང་རང་སོ་སོའི་གནས་སུ་འགྲོ་བར་གྱིས༔ གལ་ཏེ་མི་འགྲོ་བཀའ་འདས་བར་གཅོད་ན༔ ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་དཔག་མེད་འཕྲོས༔ སྟོང་གསུམ་ཁྲོ་ཚོགས་མེ་དང་མཚོན་ཆས་བཀང་༔ ཁྱེད་རྣམས་རྡུལ་དུ་བརླག་པར་གདོན་མི་ཟ༔ དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པངྨ་ཧེ་རུ་ཀ་ཧཱུྃ་ཕཊ༔ གནོད་བྱེད་འབྱུང་པོ་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ༔ ཅེས་དྲག་སྔགས་རྫས་དུད་ཡུངས་ཐུན་རོལ་མོའི་སྦྱོར་བ་དྲག་པོ་དང་བཅས་པས་བགེགས་བསྐྲད་ལ་གཏོར་མ་ཕྱི་རོལ་དུ་དོར། ཧྲཱིཿ སྣང་སྲིད་ཟིལ་གནོན་ཐུགས་ལས་འོད་འཕྲོས་པས༔ ཕྱི་སྣོད་དག་པ་ལྷ་ཡི་གཞལ་ཡས་ཁང་༔ ནང་བཅུད་སྐྱེ་འགྲོ་དཔའ་བོ་མཁའ་འགྲོ་མ༔ སྟེང་འོག་ཕྱོགས་མཚམས་འཇའ་ཚོན་འོད་གུར་འཁྱིལ༔ རྡོ་རྗེའི་ས་གཞི་ར་བ་དྲྭ་བ་དང་༔ རྡོ་རྗེའི་གུར་དང་རྡོ་རྗེའི་བླ་བྲེ་ཏོག༔ ཡེ་ཤེས་ [4b] མེ་རི་ལྔ་དང་མཚོན་ཆ་ལྔ༔ ཁོར་ཡུག་སྲུང་བའི་འཁོར་ལོས་ཀུན་ནས་བཅིངས༔ ཨོཾ་བཛྲ་ཛྭ་ལ་རཀྵ་ཧཱུྃ༔ ཞེས་སྲུང་བའི་འཁོར་ལོས་ཕྱོགས་ཀུན་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་མོ། །གསུམ་པ་སྐྱབས་སེམས་ཚོགས་བསགས་ཀྱི་རིམ་པ་ནི། རང་མདུན་དྲི་མེད་ཀོ་ཤའི་མཚོ༔ དེ་དབུས་པད་སྡོང་རྒྱས་པ་ཡི༔ སྙིང་པོར་ཉི་ཟླའི་གདན་གྱི་སྟེང་༔ རྩ་བའི་བླ་མ་པདྨ་འབྱུང་༔ སྣང་སྲིད་ཟིལ་གནོན་དཀར་དམར་མདངས༔ ཟ་བེར་ཆོས་གོས་ཕོད་ཀ་གསོལ༔ དབུ་ལ་འདབ་ལྡན་སྙན་ཞུ་མཛེས༔ རྡོ་རྗེ་ཐོད་པ་ཚེ་བུམ་འཛིན༔ ཁ་ཊཱཾ་རྩེ་གསུམ་གཡོན་དུ་འཁྲིལ༔ ཁྲོ་འཛུམ་བརྩེ་བའི་ཉམས་ལྡན་པའི༔ དབུ་གཙུག་སྤྱན་རས་གཟིགས་དབང་ཕྱུག༔ དེ་སྟེང་མགོན་པོ་ཚེ་དཔག་མེད༔ མཐའ་སྐོར་རྒྱུད་ལུང་མན་ངག་གི༔ བླ་མ་རིག་འཛིན་ཚོགས་ཀྱིས་བསྐོར༔ གཡས་སུ་ཤཱཀྱ་ཐུབ་པ་ལ༔ བསྐལ་བཟང་སངས་རྒྱས་སྟོང་ལ་སོགས༔ བདེ་གཤེགས་རྒྱལ་བའི་ཚོགས་ཀྱིས་བསྐོར༔ རྒྱབ་ཏུ་ཡུམ་ཆེན་ཤེར་ཕྱིན་ལ༔ བཀའ་བསྟན་མན་ངག་ཚོགས་ཀྱིས་བསྐོར༔ གཡོན་དུ་བྱམས་པ་མགོན་པོ་ལ༔ གནས་བརྟན་ཆེན་པོ་བཅུ་དྲུག་སོགས༔ འཕགས་པའི་དགེ་འདུན་རྣམས་ཀྱིས་བསྐོར༔ མདུན་དུ་རྟ་ཕག་ཡབ་ [5a] ཡུམ་ལ༔ ཡི་དམ་མཁའ་འགྲོ་རྒྱ་མཚོས་བསྐོར༔ ཕྱི་རོལ་བཀའ་སྲུང་གཏེར་བདག་སོགས༔ མ་ལུས་འཁོར་གྱིས་བསྐོར་བར་གྱུར༔ ཅེས་སྐྱབས་ཡུལ་གསལ་བཏབ་ལ། མཆོག་ཏུ་གུས་པའི་ཐལ་མོ་སྦྱར་བས་བཏུད་དེ། ན་མོ༔ བདག་སོགས་མཁའ་མཉམ་འགྲོ་ཀུན་དུས་འདི་ནས༔ རྣམ་མཁྱེན་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ དུས་གསུམ་དཀོན་མཆོག་རྩ་གསུམ་ཀུན་འདུས་པའི༔ བཀའ་དྲིན་མཉམ་མེད་རྗེ་ལ་སྐྱབས་སུ་མཆི༔ འགྲོ་ཀུན་ཐར་པ་མཆོག་ལ་འགོད་མཛད་པའི༔ དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས་སུ་མཆི༔ བྱིན་རླབས་དངོས་གྲུབ་ཆར་འབེབས་བར་ཆད་སེལ༔ རྩ་གསུམ་དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི༔ ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལྷག་པའི་བསམ་པ་བརྟན་པོས། འགྲོ་ཀུན་བདེ་གཤེགས་སྙིང་པོར་ལྷུན་གྲུབ་ཀྱང་༔ དེ་ཉིད་མ་རྟོགས་འཁོར་བར་འཁྱམས་པའི་འགྲོ༔ མ་ལུས་བྱང་ཆེན་མཆོག་ལ་འགོད་བྱའི་ཕྱིར༔ སྨོན་འཇུག་དོན་དམ་བྱང་ཆུབ་སེམས་བསྐྱེད་དོ༔ ཞེས་ལན་གསུམ་གྱིས་སེམས་བསྐྱེད། སྐྱབས་ཡུལ་དུ་སད་པ་ཉིད་ཚོགས་ཞིང་དུ་བྱས་ནས། ཨོཾ་ཨཱཿཧཱུྃ༔ བླ་མེད་དཀོན་མཆོག་རྩ་གསུམ་ [5b] རྒྱ་མཚོ་ལ༔ ཀུན་ནས་ཡིད་རབ་དྭངས་བས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོས་མཆོད༔ དུས་གསུམ་མཉམ་ཉིད་མ་ཤེས་མཐོལ་ལོ་བཤགས༔ མ་ཆགས་ཐབས་ཀྱི་སྤྱོད་པར་རྗེས་ཡི་རང་༔ བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ འགྲོ་ཀུན་ཕན་བདེའི་ལམ་ལ་འཇུག་པའི་ཕྱིར༔ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས༔ བདག་གཞན་དུས་གསུམ་དགེ་བ་ཅི་བསགས་པ༔ བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བ་བྱ༔ ཞེས་ཡན་ལག་བདུན་གྱི་སྒོ་ནས་ཚོགས་བསགས་པའི་མཐར། ཛཿཧཱུྃ་བཾ་ཧོཿ མདུན་གྱི་སྐྱབས་ཡུལ་ལྷ་ཚོགས་རྣམས། །ཡིག་འབྲུ་གསུམ་གྱི་རྣམ་པ་རུ། །འོད་དུ་ཞུ་ནས་རང་ལ་ཐིམ། །དབྱེར་མེད་བྱིན་གྱིས་བརླབས་པར་གྱུར། །ཅེས་སྐྱབས་ཡུལ་རྣམས་རང་ལ་བསྡུའོ། །བཞི་པ་བྱིན་དབབ་པ་ནི། རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས་བླ་མ་རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ཏེ་བདག་གནས་ཡོ་བྱད་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོར་བྱིན་གྱིས་བརླབས་པར་མོས་ལ། སྤོས་དང་རོལ་མོ་གདུང་བའི་ཤུགས་ཀྱིས་བསྐུལ་ཏེ། ཧྲཱིཿ རང་བཞིན་ཆོས་དབྱིངས་སྤྲོས་བྲལ་ཀློང་༔ རང་སྣང་རྔ་ཡབ་སྤྲུལ་པའི་ཞིང་༔ [6a] ཟངས་མདོག་རིན་ཆེན་དཔལ་གྱི་རི༔ པདྨ་འོད་ཀྱི་ཕོ་བྲང་ནས༔ དུས་གསུམ་སངས་རྒྱས་ཀུན་འདུས་པ༔ རྗེ་བཙུན་མ་ཧཱ་གུ་རུ་རྗེ༔ རིག་འཛིན་མཁའ་འགྲོའི་ཚོགས་དང་བརྩས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ མོས་པའི་བུ་ལ་བྱིན་བརླབ་ཕྱིར༔ ཐུགས་རྗེའི་དབང་གིས་བྱོན་པའི་ཚེ༔ སྐུ་མཆོག་གཟི་བརྗིད་ལམས་སེ་ལམ༔ གསུང་གི་ང་རོ་དི་རི་རི༔ ཐུགས་རྗེ་བྱིན་རླབས་ཐིབས་སེ་ཐིབ༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ དར་གྱི་ན་བཟའ་པུ་རུ་རུ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ རྔ་རྡུང་རོལ་མོ་འུ་རུ་རུ༔ ཐོད་པའི་རྔ་ཆུང་ཁྲོ་ལོ་ལོ༔ མི་རྐང་གླིང་བུ་ཙེ་རེ་རེ༔ དཔའ་བོས་གླུ་ལེན་ཀྱུ་རུ་རུ༔ མཁའ་འགྲོའི་སྤྲིན་ཕུང་ཐིབས་སེ་ཐིབ༔ ཆོས་སྐྱོང་ལས་བྱེད་ཤ་ར་ར༔ དྲི་ཞིམ་སྤོས་ངད་ཐུ་ལུ་ལུ༔ ཚིལ་ཆེན་དུད་སྤྲིན་ཆི་ལི་ལི༔ ཧཱུྃ་གི་རྒྱུན་དབྱངས་དི་རི་རི༔ ཕཊ་ཀྱི་སྒྲ་སྐད་བྲེངས་སེ་བྲེང་༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ༔ དབང་སྐུར་བྱིན་རློབས་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ [6b] ཨཱཿབཛྲ་གུ་རུ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བྱིན་དབབ་བོ། །ལྔ་པ་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་པ་ནི། རཾ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས༔ རྃ་ལས་ཡེ་ཤེས་མེ་བྱུང་དངོས་འཛིན་བསྲེགས༔ ཡྃ་ལས་རླུང་བྱུང་བག་ཆགས་དྲི་མ་གཏོར༔ ཁཾ་ལས་ཆུ་བྱུང་མ་དག་ཉེས་པ་སྦྱངས༔ སླར་ཡང་ཨོཾ་འཕྲོས་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨཱཿའཕྲོས་ཟག་མེད་བདུད་རྩིའི་ངོ་བོར་གྱུར༔ ཧཱུྃ་འཕྲོས་རབ་འབྱམས་མཁའ་དབྱིངས་གང་བར་སྤེལ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་སྦྱར་ཏེ། ཤཔྡའི་བར་དང་ ཨོཾ་རཱུ་པ་ཨཱཿཧཱུྃ། སོགས་ནས། དྷརྨ་དྷཱ་ཏུའི་བར་བརྗོད། ཧྲཱིཿ བདག་ཉིད་ཐུགས་ལས་ཡེ་ཤེས་འོད་ལྔ་འཕྲོས༔ རླུང་གཡོས་མེ་སྦར་བྷནྡྷའི་རྫས་རྣམས་ཁོལ༔ རླངས་པ་ལས་བྱུང་ཨོཾ་ཧྲྰུཾ་ཏྲཱཾ་ཧྲཱིཿཨཱཿའོད་དུ་ཞུ་ནས་རིགས་ལྔ་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བས་བྱང་ཆུབ་སེམས་ཀྱི་རྒྱུན༔ བབས་པས་མཚན་ལྡན་ཡེ་ཤེས་བྷནྡྷ་གང་༔ ངོ་བོ་ཟག་མེད་ཡེ་ཤེས་བདུད་རྩི་ལ༔ རྣམ་པ་སྨན་རཀ་གཏོར་མ་བླ་མེད་རྫས༔ ཟག་མེད་བདེ་ཆེན་མཆོད་པའི་སྤྲིན་དུ་གྱུར༔ མ་ཧཱ་པཉྩ་རཀྟ་བ་ལིང་ཏ་ཨོཾ་ཨཱཿཧཱུྃ༔ ཞེས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ནམ་མཁའ་མཛོད་ཀྱི་རང་ [7a] བཞིན་དུ་སྤེལ་ལོ། །གཉིས་པ་དངོས་གཞིའི་ལས་རིམ་ལ་རྣམ་གྲངས་བདུན་ལས། དང་པོ་དམ་ཚིག་གི་དཀྱིལ་འཁོར་གསལ་གདབ་པ་ནི། གནས་ལུགས་སྤྲོས་པ་དང་བྲལ་བའི་དབྱིངས་ནས་འགག་མེད་སྙིང་རྗེ་ཆེན་པོའི་རང་རྩལ་ཡེ་ཤེས་ཀྱི་སྣང་ཆ་དཀྱིལ་འཁོར་ལྷའི་འཁོར་ལོར་ལམ་གྱིས་འཆར་བར་བསམ་ཞིང་། ཧྲཱིཿ ཡེ་ནས་སྤྲོས་བྲལ་ཀ་དག་དེ་བཞིན་ཉིད༔ རང་བཞིན་ལྷུན་གྲུབ་མཉམ་ཡངས་མཐའ་དབུས་བྲལ༔ ཀུན་ཁྱབ་ཆོས་སྐུ་རང་བཞིན་བརྡལ་བ་ཆེ༔ བྱ་བྱེད་གཟུང་འཛིན་སྤང་བླང་མཐའ་ལས་འདས༔ ཨོཾ་མ་ཧཱ་ཛྙཱ་ན་སྭ་བྷཱ་ཝ་ཨཱཿཧཱུྃ༔ ཧྲཱིཿ མ་བཅོས་སྤྲོས་བྲལ་ཆོས་སྐུ་དེ་བཞིན་ཉིད༔ གདངས་རྩལ་འགགས་མེད་སྙིང་རྗེ་ཆེན་པོར་སྣང་༔ ཟུང་འཇུག་རང་རྩལ་ཧཱུྃ་ཡིག་དཀར་དམར་མདངས༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་དབུས༔ རིན་ཆེན་གཞལ་ཡས་མཚན་རྫོགས་ལྟེ་བ་རུ༔ པད་སྡོང་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་༔ རང་རིག་ཧཱུྃ་ལས་སྣང་སྲིད་ཟིལ་གནོན་སྐུ༔ བལྟ་བས་མི་ངོམས་ལོ་བརྒྱད་གཞོན་ནུའི་ཚུལ༔ སྐུ་མདོག་དུང་ལ་ཕོ་ཚོས་བྱུག་པ་འདྲ༔ ཞལ་གཅིག་ཕྱག་གཉིས་མཛེས་འཛུམ་རྒྱན་གྱིས་སྤྲས༔ གསང་གོས་ཕོད་ཀ་ཆོས་ [7b] གོས་དམར་པོ་གསོལ༔ དབུ་ལ་འདབ་ལྡན་རིགས་ལྔའི་པད་ཞུ་མཛེས༔ གཡས་གཡོན་ཕྱག་ན་གསེར་གྱི་རྡོ་རྗེ་དང་༔ བདེ་ཆེན་བྷནྡྷ་འཆི་མེད་ཚེ་བུམ་འཛིན༔ ཁ་ཊཱཾ་རྩེ་གསུམ་མཆན་ཁུང་གཡོན་ན་འཆང་༔ གཡས་བརྐྱང་ཟིལ་གནོན་རོལ་པའི་སྟབས་ཀྱིས་བཞུགས༔ མཚན་དཔེ་རབ་རྒྱས་ཐུགས་རྗེས་འགྲོ་ལ་གཟིགས༔ ཞིང་ཁམས་མ་ལུས་སྐུ་ཡི་བཀོད་པས་ཁྱབ༔ སྐུ་ཉིད་ཡེ་ཤེས་དབྱིངས་ཁྱབ་བརྡལ་བའི་ཀློང༔ ཟུང་འཇུག་མི་ཟད་རྒྱན་གྱི་འཁོར་ལོར་གསལ༔ དབུ་གཙུག་འཇའ་ཟེར་པདྨ་ཉི་ཟླའི་སྟེང་༔ རིགས་ཀུན་ཁྱབ་བདག་ཆོས་སྐུ་སྣང་མཐའ་ཡས༔ དམར་གསལ་མཉམ་བཞག་བདུད་རྩིའི་ཚེ་བུམ་བསྣམས༔ ཡུམ་མཆོག་ན་བཟའ་དཀར་མོའི་ལི་ཁྲིའི་མདངས༔ ཕྱག་གཉིས་མདའ་དར་ཚེ་བུམ་འཛིན་དང་སྦྱོར༔ སྣ་ཚོགས་དར་དང་རིན་ཆེན་རྒྱན་ཆ་རྫོགས༔ མཚན་དཔེའི་གཟི་བརྗིད་འོད་འབར་ལམ་མེར་བཞུགས༔ ཧྲཱིཿ ཕྱོགས་བཞིར་པདྨ་འདབ་བཞིའི་གདན་སྟེང་དུ༔ ཤར་དུ་རྡོ་རྗེ་ཐོད་ཕྲེང་སྐུ་མདོག་དཀར༔ ཕྱག་གཉིས་རྡོ་རྗེ་བདུད་རྩིའི་བྷནྡྷ་བསྣམས༔ ལྷོ་རུ་རཏྣ་ཐོད་ཕྲེང་སྐུ་མདོག་སེར༔ གཡས་གཡོན་ཕྱག་ན་རིན་ཆེན་བྷནྡྷ་འཛིན༔ ནུབ་ཏུ་པདྨ་ [8a] ཐོད་ཕྲེང་སྐུ་མདོག་དམར༔ གཡས་གཡོན་པདྨ་དམར་པོ་བྷནྡྷ་འཛིན༔ བྱང་དུ་ཀརྨ་ཐོད་ཕྲེང་སྐུ་མདོག་ལྗང་༔ གཡས་གཡོན་རྡོ་རྗེ་རྒྱ་གྲམ་བྷནྡྷ་འཛིན༔ གཙོ་བོ་གུ་རུ་སྣང་སྲིད་ཟིལ་གནོན་གྱི༔ ཐུགས་ཀར་བུདྡྷ་ཐོད་ཕྲེང་མཐིང་གསལ་སྐུ༔ གཡས་གཡོན་འཁོར་ལོ་བདུད་རྩིའི་བུམ་པ་འཛིན༔ ལྔ་ཀའང་དབུ་སྐྲ་ཐོར་ཚུགས་ལྡན་པ་ལ༔ རིན་ཆེན་དབུ་རྒྱན་སྙན་ཆ་མགུར་ཆུ་དང་༔ དོ་ཤལ་སྐ་རགས་ཕྱག་ཞབས་གདུབ་བུས་བརྒྱན༔ དར་གྱི་ཤམ་ཐབས་དར་དཔྱང་རུས་རྒྱན་མཛེས༔ ཞབས་གཉིས་སེམས་སྐྱིལ་བདེ་ཉམས་ལྡན་པར་བཞུགས༔ ཧྲཱིཿ ཕྱོགས་བཞི་མཚམས་བརྒྱད་པདྨའི་འདབ་མ་ལ༔ ཤར་དུ་པདྨ་འབྱུང་གནས་སྐུ་མདོག་མཐིང་༔ རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆ་ལུགས་ཅན༔ ལྷ་ལྕམ་དཀར་མོ་གཉིས་མེད་དགྱེས་པར་འཁྲིལ༔ ལྷོ་རུ་པདྨ་སམྦྷ་དགེ་སློང་ཆས༔ སྐུ་མདོག་དཀར་དམར་རྡོ་རྗེ་ཐོད་པ་འཛིན༔ ནུབ་ཏུ་པདྨ་རྒྱལ་པོ་སྐུ་མདོག་དམར༔ ཟབ་ཆེན་བེར་གསོལ་ཕྱག་གཡས་ཌཱ་མ་རུ༔ ཕྱག་གཡོན་ལྕགས་སྒྲོགས་དང་ནི་མེ་ལོང་བསྣམས༔ བྱང་དུ་ཤཱཀྱ་སེང་གེ་སྐུ་མདོག་སེར༔ ས་གནོན་མཉམ་བཞག་དབུ་ལ་གཙུག་ཏོར་ལྡན༔ ལྷུང་ [8b] བཟེད་འཛིན་ཅིང་ཆོས་གོས་རྣམ་གསུམ་གསོལ༔ ཤར་ལྷོར་བློ་ལྡན་མཆོག་སྲེད་སྐུ་མདོག་དཀར༔ དར་དཀར་གསོལ་ཞིང་ཌཱ་རུ་པད་ཕོར་བསྣམས༔ ལྷོ་ནུབ་ཉི་མ་འོད་ཟེར་དམར་སེར་མདོག༔ ཧེ་རུ་ཀ་དཔལ་སྟག་ཤམ་རུས་རྒྱན་ཅན༔ ཕྱག་གཉིས་ཁ་ཊཱཾ་ཉི་ཟེར་ཞགས་པ་བསྣམས༔ ནུབ་བྱང་སེངྒེ་སྒྲ་སྒྲོག་སྐུ་མདོག་མཐིང༔ རྡོ་རྗེ་སྡིག་མཛུབ་སྟག་ཤམ་ཁྲོ་ཆས་བརྒྱན༔ བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག་ནས་ཁྲོས༔ རབ་བྱུང་ཆ་ལུགས་རྡོ་རྗེ་ཕུར་པ་བསྣམས༔ མགོ་ཕྲེང་གསོལ་ཞིང་སྟག་མོའི་སྟེང་ན་བཞེངས༔ སྒོ་བཞིར་སྒོ་སྐྱོང་རྒྱལ་ཆེན་སྡེ་བཞི་དང་༔ ཕྱོགས་མཚམས་ཁོར་ཡུག་དཔའ་བོ་མཁའ་འགྲོའི་ཚོགས༔ དཔག་ཏུ་མེད་པའི་འཁོར་ཚོགས་རྒྱ་མཚོས་བསྐོར༔ འཇའ་ཚོན་འོད་ལྔ་འཁྱིལ་བའི་ཀློང་དཀྱིལ་ན༔ སྣང་ལ་རང་བཞིན་མེད་པར་གསལ་བར་བསྐྱེད༔ ཅེས་བསྐྱེད་པའི་རིམ་པ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་བཀྲ་ལམ་གྱིས་གསལ་བར་བསམ་མོ། །གཉིས་པ་ཡེ་ཤེས་ཀྱི་འཁོར་ལོར་སྤྱན་དྲང་བ་ནི། དེ་ལྟར་གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔ སྐུ་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས༔ འོད་འཕྲོས་རྣམ་དག་སྤྲོས་བྲལ་ཆོས་ཀྱི་དབྱིངས༔ སྤྲུལ་པའི་ཞིང་མཆོག་པདྨ་འོད་གླིང་ནས༔ ཉི་ཟེར་རྡུལ་ [9a] འཁྲིགས་ལྟ་བུར་བྱོན་པར་གྱུར༔ ཅེས་པས་རྡོ་རྗེའི་རིག་འཛིན་གྱི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པའི་འཁོར་ལོ་དང་བཅས་པ་ནམ་མཁའ་གང་བར་སྤྱན་དྲངས་པར་བསམ་ཞིང་། སྤྲོས་ཀྱི་དུད་སྤྲིན་ཐོད་རྔ་རོལ་མོའི་སྒྲ་དང་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ། ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བདེ་ཆེན་པདྨ་འོད་ཞིང་ནས༔ གདུལ་དཀའི་འགྲོ་བ་འདུལ་བའི་ཕྱིར༔ དབང་མཛད་སྣང་སྲིད་ཟིལ་གནོན་རྗེ༔ འགྲོ་བ་འདུལ་ཕྱིར་གཤེགས་སུ་གསོལ༔ ལས་བཞི་ལྷུན་གྲུབ་ཕོ་བྲང་ནས༔ བཛྲ་རཏྣ་པདྨ་དང་༔ ཀརྨ་བུདྡྷ་ཐོད་ཕྲེང་ལྔ༔ དངོས་གྲུབ་མ་ལུས་སྩོལ་ཕྱིར་གཤེགས༔ ཕྱོགས་བཞི་མཚམས་བརྒྱད་ཞིང་ཁམས་ནས༔ ཚོགས་བརྒྱད་གནས་སུ་དག་པ་ལས༔ སྤྲུལ་པའི་གུ་རུ་མཚན་བརྒྱད་རྣམས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་ཡུལ་དུར་ཁྲོད་ཐམས་ཅད་ནས༔ རང་རྩལ་འགག་མེད་སྤྲུལ་པའི་འཁོར༔ [9b] དཔའ་བོ་མཁའ་འགྲོ་རྒྱ་མཚོ་རྣམས༔ བར་ཆད་བསལ་ཕྱིར་གཤེགས་སུ་གསོལ༔ རྒྱལ་བ་རིག་འཛིན་རྒྱ་མཚོ་ཡི༔ ཐུགས་རྗེ་བྱིན་རླབས་གཅིག་བསྡུས་པ༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང༔ ཐུགས་རྗེ་ཐུགས་དམ་མ་གཡེལ་བར༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཨོཾ་བཛྲ་གུ་རུ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿཞེས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་མོ། །གསུམ་པ་བཞུགས་སུ་གསོལ་བ་ནི། ཧྲཱིཿ ཡེ་ནས་རང་བྱུང་རང་ཤར་བའི༔ ཡེ་ཤེས་ལྔ་ལྡན་ཕོ་བྲང་འདིར༔ པདྨ་ཉི་ཟླའི་གདན་སྟེང་དུ༔ དགྱེས་ཤིང་བརྩེ་བས་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཅེས་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་དམ་ཚིག་གི་འཁོར་ལོ་དང་རོ་གཅིག་ཏུ་བཞུགས་པར་བསམ་མོ། བཞི་པ་ཕྱག་འཚལ་བ་ནི། ཡེ་ནས་ལྷ་བདག་དབྱེར་མེད་དུ་རྟོགས་པ་ལས་གནས་སྐབས་ཡོན་ཏན་ཁྱད་པར་ཅན་ལ་གུས་པའི་སྒོ་ནས། ན་མོ༔ མ་སྐྱེས་མི་འགྱུར་ཆོས་དབྱིངས་ལས༔ འགག་མེད་ལྷུན་གྲུབ་ཕྲིན་ལས་རྫོགས༔ ཐབས་མཁས་ཐུགས་རྗེས་ [10a] འགྲོ་བ་འདུལ༔ གུ་རུ་སྣང་སྲིད་ཟིལ་གནོན་རྗེ༔ སྤྲུལ་འཁོར་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱི་ཙྪ་ ཧོཿ ཞེས་ཕྱག་བྱ། ལྔ་པ་མཆོད་པ་འབུལ་བ་ལ། ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ལྔ་ལས། དང་པོ་ཕྱི་མཆོད་ནི། རང་ལས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་སྤྲིན་མཁའ་ཁྱབ་ཏུ་སྤྲོ་བས་མངོན་པར་མཆོད་པར་མོས་ལ། ཨོཾ་ཨཱཿཧཱུྃ༔ དག་ཅིང་དྲི་མེད་ལྷ་ཡི་མཆོད་ཡོན་དང་༔ གཙང་སྦྱར་མེ་ཏོག་སྦྱར་བའི་ཞབས་བསིལ་རྒྱུན༔ ལྷ་མིའི་མེ་ཏོག་སྣ་ཚོགས་ཀུན་ནས་མཛེས༔ ཙནྡན་ཨ་ག་རུ་སོགས་དྲི་ཞིམ་སྤོས༔ འབྲུ་མར་རྩི་མར་ལས་བྱུང་སྣང་གསལ་དང་༔ ག་བུར་ལ་སོགས་སྦྱར་བའི་དྲི་བཟང་ཆབ༔ རོ་ནུས་ཕུན་ཚོགས་ལྷ་ཡི་ཞལ་ཟས་ཚོགས༔ རྔ་གླིང་སིལ་སྙན་རོལ་མོའི་སྒྲ་དབྱངས་སོགས༔ སྣང་སྲིད་ཟིལ་གནོན་སྤྲུལ་འཁོར་བཅས་ལ་འབུལ༔ ཨོཾ་བཛྲ་ཨརྒྷཾ༔ པཱ་དྱཾ༔ པུཥྤེ༔ དྷུ་པེ༔ ཨཱ་ལོ་ཀེ༔ གནྡྷེ༔ ནཻ་ཝི་དྱ༔ ཤཔྡ་པྲ་ཏཱི་ཙྪ་ཨཱཿཧཱུཾ༔ གཉིས་པ་ནང་མཆོད་ནི། རང་བྱུང་འདོད་ཡོན་ལྔའི་ལོངས་སྤྱོད་ཆེན་པོས་མཉེས་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ༔ ཡིད་འོད་ཁ་དོག་དབྱིབས་ལེགས་ལྡན་པའི་གཟུགས༔ རྣར་སྙན་ཡིད་རབ་འཕྲོག་པའི་སྒྲ་དབྱངས་ཚོགས༔ སྟོང་གསུམ་ཀུན་ཏུ་ཁྱབ་པའི་དྲི་བཟང་ངད༔ རོ་བཅུད་ [10b] ནུས་པར་ལྡན་པའི་ཞལ་ཟས་ཚོགས༔ མཉེན་འཇམ་འཁྲིལ་ཆགས་ལྷ་ཡི་ན་བཟར་བཅས༔ སྣང་སྲིད་ཟིལ་གནོན་སྤྲུལ་འཁོར་བཅས་ལ་འབུལ༔ བདག་ཅག་ཚོགས་ཆེན་རྫོགས་ཕྱིར་བཞེས་སུ་གསོལ༔ ཨོཾ་བཛྲ་རཱུ་པ༔ ཤཔྡ༔ གནྡྷེ༔ རས༔ སྤརྴེ་པྲ་ཏཱིཙྪ་ཨཱཿཧཱུྃ༔ གསུམ་པ་གསང་མཆོད་ལ་སྨན་གཏོར་རཀྟ་གསུམ་གྱི། སྨན་མཆོད་ནི། སྨན་འཆི་མེད་བདུད་རྩིའི་རྒྱ་མཚོ་ཕུལ་བས་ཟག་པ་མེད་པའི་རོས་ཚིམ་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ༔ རྒྱུ་རྐྱེན་རྣམ་དག་རང་བྱུང་རྫས་ཀྱི་མཆོག༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན་ཆེན་པོ༔ ཐབས་ཤེས་དབྱེར་མེད་རྨད་བྱུང་མཆོད་པའི་རྫས༔ སྣང་སྲིད་ཟིལ་གནོན་སྤྲུལ་འཁོར་བཅས་ལ་འབུལ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཞེས་དང་། ཀུན་བཟང་སྣང་མཐའ་འཕགས་མཆོག་འཇིག་རྟེན་དབང་། །སྣང་སྲིད་ཟིལ་གནོན་དབྱིངས་ཕྱུག་མཚོ་རྒྱལ་མ། །གཡུ་སྒྲ་སྙིང་པོ་རྗེ་འབངས་ཚོགས་རྣམས་ལ། །སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། གཏེར་ཆེན་རིག་འཛིན་རྡོ་རྗེ་ཐོགས་མེད་རྩལ། །ཟླ་འོད་དབང་མོ་ཟིལ་གནོན་མཆོག་རབ་རྩལ། །པདྨ་བསྟན་དར་པདྨ་དབང་རྒྱལ་ལ། །སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ། ། [11a] སརྦ༴ དཀྱིལ་འཁོར་ཀུན་གཙོ་སྣང་སྲིད་ཟིལ་གྱིས་གནོན། །རྩ་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས། །སྣང་སྲིད་གཞིར་བཞེངས་རྡོ་རྗེའི་མ ཎྜ་ལར། །སྨན་མཆོད་འབུལ་ལོ་རྣམ་གྲོལ་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་ཕུལ་ལ། ཨ་མྲྀ་ཏ་སིདྡྷི་ཧོཿ ས་དངོས་གྲུབ་བླང་ངོ་། །རཀྟ་འབུལ་བ་ནི། འཁོར་བ་ཁྲག་གི་རྒྱ་མཚོ་ཕུལ་བས་ཆགས་མེད་བདེ་ཆེན་གྱི་ངོ་བོར་རོལ་པར་བསམ་ཞིང་། ཧྲཱིཿ བདེ་ཆེན་པདྨ་ཡངས་པའི་སྣོད་མཆོག་ཏུ༔ ཆགས་ཆེན་མ་ཧཱ་རཀྟ་རྦ་རླབས་གཡོ༔ ཟུང་འཇུག་བདེ་ཆེན་རཀྟའི་མཆོད་པ་འདི༔ སྣང་སྲིད་ཟིལ་གནོན་སྤྲུལ་འཁོར་བཅས་པ་འབུལ༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་ཁ་རཾ་ཁཱ་ཧི༔ གཏོར་མ་འབུལ་བ་ནི། ཆོས་དབྱིངས་རང་བཞིན་སྣོད་ཀྱི་གཏོར་གཞོང་དུ་སྲིད་བཅུད་དམ་རྫས་འདོད་ཡོན་ལོངས་སྤྱོད་ཀྱི་ཕུང་པོར་སྤེལ་བ་ཕུལ་བས་དགྱེས་པར་བསམ་ཞིང་། ཧྲཱིཿ སྣང་བ་ཡངས་པ་ཆེན་པོའི་གཏོར་གཞོང་དུ༔ སྲིད་བཅུད་ཐམས་ཅད་འདོད་ཡོན་གཏོར་མར་སྦྱར༔ ཆགས་ཆེན་མི་དམིགས་རང་བཞིན་མཆོད་ཆེན་པོ༔ སྣང་སྲིད་ཟིལ་གནོན་སྤྲུལ་འཁོར་བཅས་ལ་འབུལ༔ ཨོཾ་མ་ཧཱ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ བཞི་པ་ཡང་གསང་གི་མཆོད་པ་ནི། ཡབ་ཡུམ་སྣང་སྟོང་ཐབས་ཤེས་ཟུང་འཇུག་གཉིས་མེད་ལྷན་སྐྱེས་བདེ་བ་ཆེན་པོར་སྦྱོར་བས་དགའ་བ་བཞིའི་རོས་ཚིམ་པར་ [11b] བསམ་ཞིང་། ཧྲཱིཿ སྣང་སྲིད་ཡེ་ནས་ཐབས་ཤེས་ཡབ་ཡུམ་དུ༔ འཁོར་འདས་གཉིས་མེད་བདེ་ཆེན་ངང་དུ་སྦྱོར༔ བདེ་སྟོང་དབྱེར་མེད་གུ་ཧྱ་མཆོད་པའི་མཆོག༔ གཉིས་མེད་བདེ་བ་ཆེན་པོའི་ཀློང་དུ་བཞེས༔ ཨ་ཧོ་པདྨ་ཡོ་གི་ནི་ས་མ་ཡ་ཧོཿ ལྔ་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། དོན་དམ་པར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཐམས་ཅད་མི་དམིགས་བསམ་བརྗོད་དང་བྲལ་བ་འོད་གསལ་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ལ་མཉམ་པར་བཞག་སྟེ། ཧོཿ མཆོད་ཡུལ་མཆོད་རྫས་མཆོད་པ་པོ་ལ་སོགས༔ སྣང་སྲིད་ལྷུན་རྫོགས་ཆོས་ཉིད་ཡེ་ཤེས་ལྷ༔ ཐ་དད་གཉིས་མེད་བླང་དོར་མེད་པའི་ཀློང༔ རང་ཤེས་རང་བབ་ཀུན་བཟང་ཡངས་པས་མཆོད༔ སརྦ་དྷརྨདྷཱ་ཨཱཿཞེས་མཆོད་པའི་རིམ་པ་རྣམས་ཀྱིས་དགྱེས་ལྡན་མཆོག་གི་དམ་ཚིག་ཏུ་རོལ་པར་བསམ་མོ། །དྲུག་པ་བསྟོད་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཆེ་བའི་ཡོན་ཏན་ལ་རབ་ཏུ་དད་ཅིང་འདུན་པའི་སྒོ་ནས། ཧྲཱིཿ རྣམ་དག་སྤྲོས་བྲལ་ཆོས་སྐུ་ནམ་མཁའི་ངང་༔ འགག་མེད་གཟུགས་སྐུ་འཇའ་ཚོན་ལྟ་བུར་གསལ༔ གང་ལ་གང་འདུལ་ཐབས་མཁས་ཐུགས་རྗེ་ཡིས༔ མཐའ་ཡས་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད༔ ཆོས་ཉིད་དོན་ལ་ཆ་ལུགས་མི་མངའ་ཡང་༔ འགྲོ་བའི་དོན་ཕྱིར་ཞི་དང་ཁྲོ་ཚུལ་སྟོན༔ ཐུགས་རྗེའི་རོལ་རྩལ་ཆོ་འཕྲུལ་ [12a] བསམ་མི་ཁྱབ༔ སངས་རྒྱས་ཀུན་འདུས་སྐུ་ལ་ཕྱག་འཚལ་བསྟོད༔ མཁའ་མཉམ་འགྲོ་བའི་སྐྱབས་མཆོག་པདྨ་འབྱུང་༔ ཁམས་གསུམ་དབང་མཛད་སྣང་སྲིད་ཟིལ་གནོན་སྐུ༔ ལོ་བརྒྱད་གཞོན་ཚུལ་ཞི་མཛེས་བརྩེ་བའི་ཉམས༔ ཁྲོ་འཛུམ་འགྲོ་བ་འདུལ་ལ་ཕྱག་འཚལ༴ སྐུ་མདོག་དུང་ལ་ཕོ་ཚོས་བྱུག་པ་འདྲ༔ པདྨ་རཱ་གའི་མདངས་ལྡན་འོད་ཟེར་འཕྲོ༔ ཉི་མ་འབུམ་ལས་ལྷག་པའི་གཟི་བརྗིད་འབར༔ ཁམས་གསུམ་དབང་དུ་སྡུད་ལ༴ ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་མངའ་བརྙེས་བརྡ༔ ཕྱག་གཡོན་ལྟེ་བར་མཉམ་བཞག་ཕྱག་རྒྱ་ཅན༔ ལྷན་སྐྱེས་ཡེ་ཤེས་སྟོན་ལ༴ དངོས་གྲུབ་མཆོག་སྩོལ་བདུད་རྩིའི་ཐོད་པ་འཛིན༔ བྱེ་རུའི་ཚེ་བུམ་དཔག་བསམ་ཁ་རྒྱན་ཅན༔ འཆི་མེད་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་བཀང་༔ ཚེ་ཡི་དངོས་གྲུབ་སྩོལ་ལ༴ འདོད་ཡོན་མ་སྤངས་རྒྱན་དུ་རོལ་པའི་བརྡར༔ གསང་གོས་མཐིང་ག་ཕོད་ཀ་ནམ་མཁའི་མདོག༔ ཆོས་གོས་དམར་པོ་གསེར་གྱི་པ་ཏྲ་ཅན༔ རིན་ཆེན་རྒྱན་གྱིས་བརྒྱན་ལ༴ སྐུ་ལྔའི་དབང་རྫོགས་རིགས་ལྔའི་པད་ཞུ་གསོལ༔ ཡིད་འཛིན་བདེ་ཆེན་མཚོ་རྒྱལ་ཁ་ཊྭཱཾ་ [12b] ཚུལ༔ དུག་གསུམ་རྩད་ནས་གཅོད་པའི་རྩེ་གསུམ་ལྡན༔ མཆན་ཁུང་གཡོན་ནས་འཁྲིལ་ལ༴ སྐྱོན་གྱིས་མ་གོས་གེ་སར་པདྨའི་གདན༔ ཐབས་ཤེས་ཟུང་འཇུག་ཉི་ཟླ་བརྩེགས་པའི་སྟེང་༔ གཡས་བརྐྱང་རོལ་པའི་སྟབས་ཀྱིས་འགྱིང་ཚུལ་བཞུགས༔ བསམ་ཡས་ཡོན་ཏན་རྫོགས་ལ༴ ཞིང་ཁམས་མ་ལུས་སྐུ་ཡི་བཀོད་པས་ཁྱབ༔ སྐུ་ཉིད་ཡེ་ཤེས་དབྱིངས་ལས་གཡོ་བ་མེད༔ སྐུ་གསུམ་དག་པ་ཆེན་པོའི་ངོ་བོར་བཞུགས༔ ཟུང་འཇུག་རྒྱན་གྱིས་འཁོར་ལོར་ཕྱག་འཚལ་བསྟོད༔ ཧྲཱིཿ ཞི་བའི་ལས་མཛད་རྡོ་རྗེ་ཐོད་ཕྲེང་རྩལ༔ རྒྱས་པའི་ལས་མཛད་རཏྣ་ཐོད་ཕྲེང་རྩལ༔ དབང་གི་ལས་མཛད་པདྨ་ཐོད་ཕྲེང་རྩལ༔ དྲག་པོའི་ལས་མཛད་ཀརྨ་ཐོད་ཕྲེང་རྩལ༔ ཐམས་ཅད་ལྷུན་གྲུབ་བུདྡྷ་ཐོད་ཕྲེང་རྩལ༔ དཀར་སེར་དམར་ལྗང་མཐིང་མདོག་ཞི་ཞིང་སྒེག༔ ཆགས་ཁྲོ་རང་རྟགས་ཕྱག་མཚན་བྷནྡྷ་བསྣམས༔ དར་དང་རིན་ཆེན་རུས་པའི་རྒྱན་གྱིས་བརྒྱན༔ སྐུ་ལྔ་ཡོངས་རྫོགས་ཐོད་ཕྲེང་སྡེ་ལྔར་བསྟོད༔ ཧྲཱིཿ འཆི་མེད་རིག་འཛིན་མཆོག་སྩོལ་པདྨ་འབྱུང་༔ ཡོན་ཏན་ཀུན་རྫོགས་པདྨ་སམྦྷ་ཝ༔ བློ་ལྡན་མཆོག་སྲེད་ཤེས་རབ་མེ་ལྟར་འབར༔ པདྨ་རྒྱལ་པོས་ཁམས་ [13a] གསུམ་དབང་དུ་སྡུད༔ རྨོངས་པའི་མུན་སེལ་ཉི་མ་འོད་ཟེར་རྗེ༔ ཤཱཀྱ་སེང་གེས་བདུད་བཞིའི་དཔུང་ཚོགས་འཇོམས༔ མུ་སྟེགས་ལོག་ལྟ་འདུལ་མཛད་སེང་གེའི་སྒྲ༔ མ་རུང་དྲེགས་པ་ཚར་གཅོད་གྲོ་བོ་ལོད༔ ཚོགས་བརྒྱད་གནས་དག་སྤྲུལ་པའི་གུ་རུ་བརྒྱད༔ གང་འདུལ་ཆོ་འཕྲུལ་ཞི་དང་ཁྲོ་གར་བསྒྱུར༔ སྐུ་མདོག་ཕྱག་མཚན་མ་ངེས་སྣ་ཚོགས་སྟོན༔ སྤྲུལ་པའི་གུ་རུ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ སྣང་སྲིད་ཟིལ་གནོན་སྐུ་གསུང་ཐུགས་ཡོན་ཕྲིན༔ རོལ་རྩལ་འགག་མེད་རང་ཤར་རང་བྱུང་བ༔ ལྷ་དང་མཁའ་འགྲོ་དམ་ཅན་གཡར་དམ་ཅན༔ རང་རྩལ་འཁོར་ཚོགས་རྒྱ་མཚོར་ཕྱག་འཚལ་བསྟོད༔ ཀུན་ཁྱབ་བཟོ་མེད་མཉམ་པ་ཉིད་ཀྱི་ངང་༔ མཆོད་དང་བསྟོད་པར་བྱ་བ་མི་དམིགས་ཀྱང༔ མ་རིག་གཉིས་འཛིན་རྣམ་རྟོག་སེལ་ཕྱིར་དུ༔ གཉིས་མེད་རང་རིག་ངང་དུ་ཕྱག་འཚལ་བསྟོད༔ ཅེས་ཆེ་བའི་ཡོན་ཏན་ཁྱད་པར་ཅན་རྗེས་སུ་དྲན་པའི་སྒོ་ནས་མངོན་པར་བསྟོད་དོ། །བདུན་པ་བཟླས་པའི་རྣལ་འབྱོར་ནི། ཐུགས་ཀར་པདྨ་ཟླ་བའི་སྟེང་༔ བུདྡྷ་ཐོད་ཕྲེང་ཐུགས་ཀ་རུ༔ ཉི་ཟླའི་གྭའུའི་ཁ་སྦྱོར་དབུས༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པ༔ ནས་འབྲུ་ཙམ་ཞིག་གསལ་བ་ཡི༔ ལྟེ་བར་ [13b] ཧཱུྃ་ཡིག་དཀར་དམར་མདངས༔ དེ་མཐར་སྔགས་ཀྱི་ཕྲེང་བ་ནི༔ དཀར་ལ་དམར་མདངས་ལྡན་པས་བསྐོར༔ དེ་ལས་འོད་འཕྲོས་རྒྱལ་ཀུན་མཆོད༔ སེམས་ཅན་ཀུན་གྱི་ལས་སྒྲིབ་སྦྱངས༔ དྲེགས་པའི་ལྷ་སྲིན་གདུག་རྩུབ་ཞི༔ སྣང་སྲིད་པདྨའི་སྐུ་རུ་གྱུར༔ སླར་ཡང་འོད་ཟེར་ཟེར་ཐག་སྦྲེང་༔ རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐུལ༔ བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས༔ ཚུར་འདུས་ཐུགས་སྲོག་དག་ལ་ཐིམ༔ མཆོག་ཐུན་དངོས་གྲུབ་སྩལ་ཐོབ་གྱུར༔ དེ་ལྟར་ཏིང་ངེ་འཛིན་ལ་ཡིད་རྩེ་གཅིག་ཏུ་གནས་པའི་སྒོ་ནས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བསྙེན་སྒྲུབ་ཆིག་དྲིལ་ཡང་སྙིང་འབྲུ་བཅུ་གཉིས་པ་ཉིད་བཟླས་པའི་སྐྱོན་ཐམས་ཅད་སྤང་ལ་ཆུ་བོའི་རྒྱུན་བཞིན་དུ་བཟླའོ། །ལས་སྦྱོར་ནི། ཐོད་ཕྲེང་རིགས་ལྔའི་ཐུགས་ཀ་ནས༔ ལས་མཐུན་འོད་ཟེར་མཁའ་ཁྱབ་འཕྲོས༔ གང་འདུལ་ཞི་རྒྱས་དབང་དྲག་གི༔ ཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿཤཱནྟིཾ་བུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ༔ ཅེས་པའང་བསྙེན་སྒྲུབ་ཀྱི་འགྲོས་དང་སྦྱར་ཏེ་བཟླ་ཞིང་། མཚན་མ་མཐོང་བའི་གང་ཟག་གིས་སྣང་སྲིད་དབང་དུ་སྡུད་པའི་ལས་སྦྱོར་གྱི་དམིགས་པའི་འཕྲུལ་འཁོར་ཁྱད་པར་བརྩམས་པར་འདོད་ན་རྩ་གཞུང་ལས་ [14a] ཤེས་པར་བྱའོ། །ཐུན་མཐར་དབྱངས་གསལ་རྟེན་སྙིང་ལན་གསུམ་རེས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པར་བརྟན་པར་བྱས་ལ། ཛཔྲ་ཀྱི་མཆོད་བསྟོད་ཕུལ་ནས་ནོངས་པ་བཤགས་ཤིང་འདོད་པའི་དོན་ལ་གསོལ་བ་ནན་ཏན་དུ་གདབ་བོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ་ལྔ་ལས། དང་པོ་ཚོགས་ཀྱི་ལས་རིམ་ལ་ལྔ་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། མཱཾས་དང་ཛ་གད་ཀྱིས་མཚོན་དམ་རྫས་སུ་འོས་པའི་རི་བཟའ་བཏུང་གི་དངོས་པོ་ཅི་འབྱོར་པ་གཙང་ཞིང་གྱ་ནོན་པར་བཤམ་ལ། བདུད་རྩིས་བྲན་ཅིང་། ཨོཾ་སརྦ་དྲ་བྱཾ་བི་ཤྭ་དྷ་ན་ཧཱུྃ་ཕཊ༔ ཅེས་བསང་། ཧྲཱིཿ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ རྃ་འཕྲོས་དངོས་འཛིན་རྣམ་རྟོག་བསྲེག༔ ཡྃ་འཕྲོས་བག་ཆགས་དྲི་མ་གཏོར༔ ཁྃ་འཕྲོས་ཉེས་པའི་སྐྱོན་རྣམས་སྦྱངས༔ སླར་ཡང་ཨོཾ་ཨཱཿཧཱུྃ་འཕྲོས་པས༔ ཟག་མེད་ད་ལྟ་རྫས་བདུད་རྩིའི་མཆོག༔ ལོངས་སྤྱོད་འདོད་པའི་ཡོན་ཏན་གྱིས༔ མཁའ་དབྱིངས་མ་ལུས་ཁྱབ་པར་སྤེལ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་བྱིན་གྱིས་བརླབས་ཏེ། ཚོགས་ཞིང་གི་འཁོར་ལོ་སྤྱན་དྲང་བ་ནི། ཧྲཱིཿ རང་བཞིན་བདེ་ཆེན་ཆོས་ཀྱི་དབྱིངས༔ པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་སྣང་སྲིད་ཟིལ་གནོན་ལ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་གཏེར་བདག་ཚོགས་ཀྱིས་བསྐོར༔ ཚོགས་ལ་ [14b] སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་སྣང་སྲིད་ཟིལ་གནོན་ལ༔ རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་དང་༔ གནས་ཡུལ་དུར་ཁྲོད་རྩ་ཁམས་ཀྱི༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་༔ དམ་ཅན་གཏེར་བདག་རྒྱ་མཚོས་བསྐོར༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ དར་གྱི་ཅོད་པན་པུ་རུ་རུ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ དཔའ་མོས་གར་བྱེད་ཁྱུགས་སེ་ཁྱུག༔ རོལ་མོ་སྣ་ཚོགས་འུ་རུ་རུ༔ ཆོས་སྐྱོང་ལས་བྱེད་ཤ་ར་ར༔ གནས་མཆོག་གཞལ་ཡས་ཚོགས་ཁང་ལ༔ བཀྲ་ཤིས་བག་དྲོ་བྱིན་ཆེན་ཕོབ༔ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་རྣམས༔ ཟག་མེད་བདུད་རྩིར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནི་མ་ཧཱ་ག་ཎ་ཙ་ཀྲ་ས་མ་ཡ་ཨེ་ཨཱ་རལླི་ཧྲིཾ་ཕེཾ་ཛཿ ཞེས་སྤྱན་དྲངས་ལ། ཚོགས་ཀྱི་ཡོ་བྱད་འདོད་ཡོན་གྱི་ཕུང་པོར་སྤེལ་བའི་ཆ་དང་པོ་མཆོད་པའི་ཚུལ་དུ་འབུལ་བ་ནི། ཧྲཱིཿ རྩ་གསུམ་རྒྱལ་བ་ཞི་ཁྲོ་དང༔ སྐྱབས་གནས་མཆོད་འོས་ཐམས་ཅད་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ ཞེས་དང་། གཞན་ཡང་ཐུགས་དམ་བསྐང་བའི་རིམ་པ་ [15a] རྒྱ་ཆེར་བྱའོ། །ཆ་བར་པ་ཉམས་ཆག་བཤགས་པའི་ཆེད་དུ་འབུལ་བ་ནི། ཧོཿ བདག་ཅག་མ་རིག་རྨོངས་པ་ཡིས༔ སྒོ་གསུམ་བག་མེད་དབང་གྱུར་ཏེ༔ རྩ་བ་སྐུ་གསུང་ཐུགས་དང་ནི༔ སྤྱད་དང་མི་སྤང་དམ་ཚིག་སོགས༔ ཡན་ལག་དམ་ལས་འགལ་བ་ཀུན༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔ ཆོས་ཉིད་ཡངས་པ་ཆེན་པོའི་ཀློང༔ བཟོད་པ་དམ་པ་ཡར་བཞེས་ལ༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ༔ ཅེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ། །ཚོགས་ཟན་ཆ་གསུམ་པ་དེའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་གིས་རང་ལ་བསྡུས་ཏེ་བསྒྲལ་མཆོད་བྱ་བ་ནི། ཨེ་ཡི་ཚོགས་ཀྱི་དཀྱིལ་འཁོར་ནི། །ཐར་མེད་སྲིད་པའི་བྲུབ་ཁུང་ནང་། །ནྲྀ་དང་ཏྲི་ལས་དགྲ་བགེགས་ཀུན། །སྐྱབས་བྲལ་ཉམ་ཐག་ཚུལ་དུ་གྱུར། །ཅེས་དམིགས་བྱ་དངོས་སུ་གསལ་བཏབ་ལ། བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ འཕྲོས་པའི་ལས་མཁན་ཕོ་ཉའི་ཚོགས༔ གནམ་ས་བར་སྣང་ཁྱོན་ཀུན་འགེངས༔ བསྟན་དགྲ་བར་ཆད་འབྱུང་པོ་རྣམས་༔ རང་དབང་མེད་པར་ཁུག་ལ་ཤོག༔ ཁུག་ཅིག་ཨཾ་ཀུ་ཤ་ཡ་ཛཿ ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ སྡོམས་ཤིག་བཛྲ་སྥོ་ཊ་བཾ༔ མྱོས་ཆུག་བཛྲ་གཎྜེ་ཧོཿ ཕྱེས་ཤིག་པྲ་བེ་ཤ་ཡ་ཕཊ༔ བསྟིམས་ཤིག་ཨཱ་བེ་ཤ་ཡ་ [15b] ཨ༔ ཞེས་འགུག་འཆིང་སྡོམ་མྱོས་དབྱེ་འབེབས་ཀྱི་ལས་བསྐུལ་ནས། ལས་ཕུར་གྱིས་གཟིར་ཞིང་། ཧཱུྃཿ དཔལ་ལྡན་རྡོ་རྗེ་ཕུར་པ་ཆེ༔ མེ་དང་མཚོན་ཆའི་ཚྭ་ཚྭ་འཕྲོ༔ གང་ལ་བཏབ་ཀྱང་ཐོགས་པ་མེད༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཅེས་ཚེ་ཁྲུས་ཀྱི་དགོངས་པས་དྭངས་མ་དབྱིངས་སུ་བསྒྲལ་བའི་སྙིགས་མ་བདུད་རྩིའི་རང་བཞིན་དུ་སྤར་ལ། ཧཱུྃ༔ རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་གྱི༔ ལྷ་ཚོགས་སྤྲུལ་འཁོར་བཅས་པ་ལ༔ གནོད་བྱེད་དགྲ་བགེགས་བསྒྲལ་བ་ཡི༔ དུག་གསུམ་ཤ་ཁྲག་རུས་པ་འབུལ༔ ལྷག་མ་མེད་པར་བཞེས་ཤིག་རོལ༔ དགྲ་བགེགས་ཀྱི་མཱཾ་སཙིཏྟ་རཀྟ་གོ་རོ་ཙ་ན་བ་སུ་ཏ་ཁཱ་ཧི༔ ཞེས་བསྟབ་པས་ལྷ་ཚོགས་རྣམས་ཀྱི་ཐུགས་བདེ་སྟོང་གི་རོས་ཚིམས་པར་བསམ་མོ། །དེ་ནས་ཚོགས་ལ་རོལ་པ་ནི། ཐ་མལ་གྱི་རྟོག་པའི་འཆིང་བ་དགྲོལ་ཕྱིར་ལས་ཀྱི་རྡོ་རྗེས་འཁོར་ལོའི་འདུས་པའི་གཙོ་བོ་ལ་ཕྱག་བཅས་ཐབས་ཤེས་ཀྱི་དམ་རྫས་བསྣོལ་མར་སྟོབ་ཅིང་། ཧོཿ གཟིགས་ཤིག་རྨད་དུ་བྱུང་བའི་དམ་པའི་ཆོས༔ འདི་ལ་ཐེ་ཚོམ་བྱ་མི་རུང་༔ བྲམ་ཟེ་ཁྱི་དང་གདོལ་པ་གསུམ༔ རང་བཞིན་གཅིག་ཏུ་དགོངས་ཏེ་རོལ༔ རྨད་བྱུང་གསང་བ་མཆོག་གི་རྫས༔ གཙང་དམེའི་རྟོག་པས་མ་བཅིངས་པར༔ ཟག་མེད་བདེ་བའི་ཀློང་རོལ་ན༔ བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ་༔ [16a] ཅེས་འབུལ། དེས་ཀྱང་པདྨའི་ཕྱག་རྒྱ་བསྐོར་ཞིང་། ཨེ་མ་ཧོཿ ཆགས་སོགས་དྲི་མ་དང་བྲལ་ཏེ༔ རིན་ཐང་མེད་ལས་ལེགས་འོངས་པ༔ གཟུང་དང་འཛིན་པ་རྣམ་པར་སྤངས༔ དེ་ཁོ་ན་ཉིད་དུ་ཨ་ལ་ལ༔ ཞེས་རྩེ་གསུམ་པའི་ཕྱག་རྒྱས་བླངས། འདུས་པ་ཐམས་ཅད་ལའང་བྲིམས་ཏེ་ལུས་དཀྱིལ་གྱི་ལྷ་རྣམས་མཆོད་པའི་དོན་དུ་ནང་གི་སྲེག་བླུགས་ཀྱིས་ཚིམས་པར་ལོངས་སྤྱད་པའི་མཐར། ཕྱི་ནང་གཞན་གསུམ་རྡོ་རྗེའི་གྲོང་ཁྱེར་དུ། །བདེ་ཆེན་ཚོགས་ཀྱི་འདུ་བས་མཉེས་བྱས་མཐུས། །བདག་གཞན་འགྲོ་ཀུན་རྩ་གསུམ་ལྷ་ཚོགས་དང་། །དབྱེར་མེད་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། དེ་ནས་ལྷག་མ་གཏོང་བ་ནི། ཧཱུྃ༔ དང་པོ་ཕུད་ཀྱིས་མི་མཆོད་རྒྱུ༔ རྩ་གསུམ་དཀྱིལ་འཁོར་ཕུད་ལ་དགྱེས༔ བར་དུ་ལྷག་མས་མི་མཆོད་རྒྱུ༔ མཁའ་འགྲོ་དམ་ཅན་ལྷག་ལ་དགྱེས༔ ལྷག་མ་ཁ་ཆུས་མི་བྲན་རྒྱུ༔ ཁྱོད་དང་བདག་ཅག་གཡར་དམ་གཅིག༔ ཐ་མ་གཅིག་ཏུ་མི་བསྲེ་རྒྱུ༔ འཁོར་བ་མྱང་འདས་ཆོས་རྣམས་ཀུན༔ ཡེ་ནས་སེམས་ཉིད་ཀློང་དུ་གཅིག༔ རྡོ་རྗེ་གསང་བའི་ལོངས་སྤྱོད་ལ༔ དབང་བའི་ལྷག་སྡུད་མཁའ་འགྲོའི་ཚོགས༔ འདིར་གཤེགས་ལྷག་མའི་དམ་ལ་འདུས༔ ཞེས་དམ་ཚིག་བདར་ཞིང་སྙན་གསན་དབབ། ལྷག་མ་བསྡུས་པའི་སྟེང་དུ་དཀྱིལ་ [16b] འཁོར་གྱི་ལྷག་མའང་བསྣན་ཏེ་སློབ་དཔོན་གྱིས་དམ་ཚིག་བདུད་རྩིའི་ཞལ་ཆབ་སྦྲེང་ཞིང་། ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿ ལྷག་མའི་དམ་ཚིག་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའི་ཁམས་གང་བར་བསམ་ལ། མ་མ་དྷཱ་ཀི་ནཱི་་ཨེ་ཨཱ་རལླི་ཧྲིཾ་ཧྲིཾ་ཛཿས་ལྷག་སྡུད་ཀྱི་ཕོ་ཉ་རྣམས་སྤྱན་དྲངས་ནས། ཧཱུྃ༔ དཔལ་གྱི་བཀའ་ཉན་ལྷག་མའི་བདག༔ ལས་བཞིའི་མཁའ་འགྲོ་ཤུགས་འགྲོ་དང་༔ དཀྱིལ་འཁོར་ཁོར་ཡུག་མུ་རན་སྐྱོང་༔ དམ་ཚིག་ཅན་གྱི་གྲོགས་བྱེད་ཅིང་༔ དམ་ཉམས་རྣམས་ལ་བཀའ་ཆད་འབེབས༔ གནས་ནི་དུར་ཁྲོད་ཚོགས་ཁང་ཉུལ༔ ཟས་སུ་ཉམས་པའི་ཤ་ཁྲག་ཟ༔ ལས་སུ་སངས་རྒྱས་བསྟན་པ་སྐྱོང་༔ དམ་ཅན་སྲུང་མ་དྲེགས་པའི་ཚོགས༔ དམ་ཚིག་དབང་གིས་གནས་འདིར་གཤེགས༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས༔ ཐོགས་པ་མེད་པར་འགྲུབ་པར་མཛོད༔ སརྦ་དྷཱ་ཀི་ནཱི་དྷརྨ་པཱ་ལ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ལྷག་གཏོར་ཕྱི་རོལ་དུ་འབུལ་ཞིང་མགྲོན་རྣམས་ཚིམས་ཏེ་རང་གནས་སུ་གཤེགས་པར་བསམ་མོ། །གཉིས་པ་གཏོར་མ་བསྐྱང་བ་ལ། རྡོ་རྗེའི་སྲུང་མ་རྣམས་ལ་བཀའི་ཆད་མདོ་བསྒྲགས་པ་ནི། གཏེར་སྲུང་གི་གཏོར་མ་སོགས་གཏོར་གྲལ་ནས་ཕབ་པ་རྡོ་རྗེའི་འགྲོས་ཀྱིས་ཕྱིར་བསྣུར་དུ་བཞག་སྟེ། སྨན་རཀ་བྲན་ [17a] ཅིང་བདུད་རྩིར་སྤེལ་ལ། ཧཱུྃ་ཧྲཱིཿ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་བདེ་བ་ཆེན་པོའི་ཞིང་ཁམས་སུ༔ ཀུན་བཟང་སྣང་མཐའ་ཚེ་དཔག་མེད་མགོན་གྱིས༔ གསང་སྔགས་ཟབ་མོའི་རྒྱུད་རྣམས་གསུངས་པའི་ཚེ༔ རིགས་ལྔའི་མཁའ་འགྲོ་མ་སྲིང་རྒྱ་མཚོ་ཡིས༔ སོ་སོའི་ཁས་བླངས་དམ་བཅས་ཇི་བཞིན་དུ༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ དེ་འོག་བར་གྱི་བསྐལ་པ་གཉིས་པ་ལ༔ བསམ་ཡས་ཧས་པོ་རི་ཡི་རྩེ་མོ་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ བོད་ཁམས་ལྷ་འདྲེ་དམ་ལ་བཏགས་པའི་ཚེ༔ དྲེགས་པ་དམ་ཅན་སྲུང་མ་རྒྱ་མཚོ་ཡིས༔ སོ་སོའི་ཁས་བླངས་དམ་བཅས་ཇི་བཞིན་དུ༔ མཆོད་གཏོར་བཞེས་ལ་འཕྲིན་ལས་འགྲུབ་པར་མཛོད༔ དེ་འོག་བར་གྱི་དུས་ཚིག་གསུམ་པ་ལ༔ བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་༔ མངའ་བདག་རྗེ་འབངས་གྲོགས་དང་བཅས་པ་ཡིས༔ འཆི་མེད་རྩ་གསུམ་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དཔལ་ལྡན་མགོན་པོ་རེ་ཏཱི་འཁོར་བཅས་ཀྱིས༔ སོ་སོའི་ཁས་བླངས་དམ་བཅས་ཇི་བཞིན་དུ༔ མཆོད་གཏོར་བཞེས་ [17b] ལ་ཕྲིན་ལས་འགྲུབ་པར་མཛོད༔ དེ་འོག་བར་གྱི་དུས་ཚིག་བཞི་པ་ལ༔ ཨོ་རྒྱན་པདྨ་ཐོད་ཕྲེང་ཡབ་ཡུམ་དང་༔ རྒྱལ་མོ་གཡུ་སྒྲ་སྙིང་པོ་རྣམ་གསུམ་གྱིས༔ འཆི་མེད་ཆོས་ཟབ་གཏེར་དུ་གཏམས་པའི་ཚེ༔ པེ་ཧར་བཙན་རྒོད་སྡེ་བརྒྱད་དཔུང་བཅས་ཀྱིས༔ སོ་སོའི་ཁས་བླངས་དམ་བཅས་ཇི་བཞིན་དུ༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ དེ་འོག་སྙིགས་མའི་མཐའ་ལ་བབས་པའི་ཚེ༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས༔ པདྨ་ཐོད་ཕྲེང་སྣང་སྲིད་ཟིལ་གནོན་གྱིས༔ སྨོན་ལམ་ལས་སད་གར་དབང་ཚེ་མཆོག་ལ༔ གདུང་གསོབ་དབང་བསྐུར་བསྟན་པ་གཏད་པའི་ཚེ༔ ཕྱི་ནང་གཏེར་སྲུང་དམ་ཅན་རྒྱ་མཚོ་ཡིས༔ སོ་སོའི་ཁས་བླངས་དམ་བཅས་ཇི་བཞིན་དུ༔ མཆོད་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཆད་མདོའི་གཏོར་མ་གཙང་སར་ཕུལ་བའི་གཏོར་སྣོད་བཤལ་ཆུའི་བདུད་རྩི་བརྟན་གཏོར་ལ་སྦྲེང་ཞིང་། ཨོཾ་ཨཱཿཧཱུྃ་གིས་བརླབས་ནས། ཧཱུྃ་བྷྱོ༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གི༔ བཀའ་ཉན་བོད་སྐྱོང་མ་མོ་བརྟན་མའི་ཚོགས༔ སྣ་ཚོགས་གཟུགས་བསྒྱུར་སྨན་ཕྲན་འབུམ་དང་བཅས༔ ལྷ་གོས་དར་གྱི་ན་བཟའ་ལྷུབས་སེ་ལྷུབ༔ དར་ཚོན་ཅོད་པན་དར་དཔྱང་པུ་རུ་རུ༔ [18a] ནོར་བུ་རིན་ཆེན་རྒྱན་ཆ་སི་ལི་ལི༔ སིལ་སྙན་རོལ་མོ་མང་པོའི་སྒྲ་དང་བཅས༔ འདིར་གཤེགས་བཤལ་ཆུའི་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་༔ བོད་ཁམས་གངས་ཅན་སྦས་པའི་ཡུལ་རྣམས་སུ༔ མཐའ་དམག་ནད་མུག་འཁྲུག་རྩོད་ཞི་བ་དང་༔ བཀྲ་ཤིས་ལོ་ལེགས་མི་ནོར་ཕྱུགས་རྣམས་འཕེལ༔ ཀུན་ཀྱང་དཀར་པོའི་ཆོས་ལ་འགོད་པར་མཛོད༔ ཁྱད་པར་སྦས་ཡུལ་འགྲིམས་པའི་འགལ་རྐྱེན་ཞི༔ མཐུན་རྐྱེན་མ་ལུས་ལྷུན་གྱིས་འགྲུབ་པ་དང་༔ རྩ་གསུམ་ཞི་ཁྲོའི་སྨིན་གྲོལ་ཟབ་མོའི་བསྟན༔ དར་རྒྱས་ཡུན་དུ་གནས་པའི་ཕྲིན་ལས་མཛོད༔ མ་མ་དྷཱ་ཀི་ནཱི་བ་ལིཾཏ་ཁཱཧི༔ ཞེས་བརྟན་མ་བསྐྱངས་ཏེ་གཏོར་གཞོང་ཁ་སྦུབས་ལ། ཨེ་ནྲྀ་ཏྲི་ཛཿཧཱུྃ་བྃ་ཧོཿ ཞེས་པས་དགྲ་བགེགས་དམ་སྲི་རྣམས་གཏོར་སྣོད་རི་རབ་འབར་བར་གསལ་བའི་འོག་ཏུ་དགུག་ཅིང་མནན་པར་བསམ་ཞིང་། རྟ་བྲོས་རྒྱས་གདབ་པ་ནི། ཧཱུྃ༔ བདུད་བགེགས་བར་ཆད་སེལ་བའི་ལྷ༔ དབང་ཆེན་རྔམས་པའི་རྟ་བྲོ་བརྡུང་༔ དམ་སྲི་འབྱུང་པོའི་ཚོགས་རྣམས་ཀུན༔ རྡོ་རྗེ་ལྷུན་པོའི་འོག་ཏུ་མནན༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ལཾ་ནན༔ རྗེས་དྲག་ཤུལ་གྱི་ལས་མཇུག་ཤིས་པས་བསྡུ་བའི་དོན་དུ་གཏོར་གཞོང་བཟེད་པར་མེ་ཏོག་འཐོར་ལ། [18b] བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་སྙན་གྲགས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་རྒྱས་པར་གྱུར་ཅིག༔ པུཥྚིཾ་ཀུ་རུ་ཨོཾ༔ ཞེས་བདེ་ལེགས་སུ་བྱའོ། །གསུམ་པ་དངོས་གྲུབ་བླང་བ་ནི། སྒྲུབ་རྟེན་ལྷར་གསལ་བའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བདག་ལ་སྩལ་བར་བསམ་ཞིང་མོས་གུས་གདུང་ཤུགས་དྲག་པོས། ཨོཾ་ཨཱཿཧཱུྃ༔ ཀུན་བཟང་སྣང་མཐའ་པདྨ་ཐོད་ཕྲེང་རྩལ༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་དབྱིངས་ནས་དགོངས༔ བདག་ཅག་རྗེས་འཇུག་སྐལ་ལྡན་ཕོ་མོ་རྣམས༔ སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་ཀུན་སྦྱངས་ནས༔ ཚེ་བསོད་སྙན་གྲགས་འདོད་རྒུའི་དཔལ་འབྱོར་དང་༔ ཞི་རྒྱས་དབང་དྲག་ཕྲིན་ལས་མངའ་དབང་འབྱོར༔ ཚེ་འདིར་རིག་འཛིན་བླ་མེད་ས་ཐོབ་ཅིང་༔ བྱིན་རླབས་ནུས་རྩལ་གཟི་བརྗིད་མཐུ་དབང་ལྡན༔ མཁའ་མཉམ་འགྲོ་ཀུན་སྨིན་ཅིང་གྲོལ་བ་ཡི༔ སྐུ་གསུམ་ཐུགས་ཡོན་ཕྲིན་ལས་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿ ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་ཏེ་དངོས་གྲུབ་བླང་ངོ་། །བཞི་པ་དཀྱིལ་འཁོར་བསྡུ་བ་ནི། གཏང་རག་གི་དོན་དུ་སླར་ཡང་མཆོད་ཅིང་བསྟོད་ནས། ཧོཿ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་དགོངས་སུ་གསོལ༔ བདག་ཅག་མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ ཆོ་ག་ལྷག་ཆད་ [19a] ཚིག་དོན་འཁྲུལ་པ་སོགས༔ ཉེས་ལྟུང་དྲི་མའི་ཚོགས་རྣམས་མཐོལ་ལོ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཞེས་དང་ཡི་གེ་བརྒྱ་པས་ཆོ་གའི་ཡན་ལག་མ་ཚང་བ་སོགས་ནོངས་པ་རྣམས་བཟོད་པར་གསོལ། མདུན་བསྐྱེད་ཚོགས་མགྲོན་རྣམས་རྟེན་ཡོད་ན་བརྟན་བཞུགས་དང་མེད་ན་གཤེགས་སུ་གསོལ། ཏིང་འཛིན་གྱི་དཀྱིལ་འཁོར། ཧཱུྃ༔ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔ སྔགས་ཕྲེང་ཐུགས་སྲོག་དག་ལ་བསྡུ༔ དེ་ཡང་རིམ་བཞིན་གྱེན་རྫོགས་སུ༔ དམིགས་མེད་རྒྱ་ཡན་ལྷུག་པའི་ངང་༔ ཀུན་བཟང་གདོད་མའི་ཀློང་དུ་བཞག༔ ཅེས་སྤྲོས་པ་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་བསྡུས་ཏེ་རྟག་མཐའ་བསལ། སླར་ཡང་། གཟུགས་སྣང་སྣང་སྟོང་ལྷ་ཡི་སྐུ༔ གྲགས་ཚད་བརྗོད་བྲལ་རྡོ་རྗེའི་སྒྲ༔ དྲན་རྟོག་རང་བཞིན་ངོས་འཛིན་བྲལ༔ དམིགས་མེད་ཀུན་ཁྱབ་ཆེན་པོར་ཧོཿ ཞེས་ཐུན་མཚམས་ཀྱི་ལྷར་ལྡངས་ཏེ་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ལམ་དུ་ཁྱེར་བས་ཆད་མཐའ་བསལ་ལོ། །ལྔ་པ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པ་ནི། ན་མོ༔ བླ་མེད་བསྐྱེད་རྫོགས་བསྒྲུབས་པའི་དགེ་བ་འདི༔ མ་གྱུར་འགྲོ་བ་རིགས་དྲུག་སེམས་ཅན་རྣམས༔ ས་བཅུད་ལམ་ལྔ་གཅིག་ཆར་རྫོགས་ནས་སུ༔ བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་བསྔོའོ༔ [19b] ཞེས་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་། ན་མོ༔ བདག་གིས་གསང་སྔགས་བླ་མེད་དཀྱིལ་འཁོར་ཆེ༔ བསྒྲུབས་པའི་མཐུ་ཡིས་ཁམས་གསུམ་སེམས་ཅན་རྣམས༔ བླ་མེད་གསང་མཆོག་ལམ་ལ་རབ་བཞུགས་ཏེ༔ ཀུན་བཟང་བླ་ན་མེད་པའི་ས་ཐོབ་ཤོག༔ ཅེས་ཐབས་ཁྱད་པར་ཅན་གྱི་སྨོན་ལམ་ཟབ་མོའི་རྒྱས་གདབ། བཀྲ་ཤིས་པའི་མེ་ཏོག་ཆར་དུ་བསྙིལ་ལ། ཨེ་མ་ཧོཿ ཀུན་བཟང་ཚེ་བདག་སྣང་མཐའི་འོད་ཟེར་མཆོག༔ སྐུ་ལྔ་ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ མཚོ་སྐྱེས་གུ་རུ་པདྨ་ཐོད་ཕྲེང་རྩལ༔ རྩ་གསུམ་གཅིག་བསྡུས་བླ་མའི་བཀྲ་ཤིས་ཤོག༔ སྙིང་རྗེ་ཆེན་པོས་འགྲོ་ལ་རྗེས་ཆགས་པས༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་འབེབས༔ པདྨའི་རིགས་མཆོག་པདྨ་དབང་གི་རྒྱལ༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ དབྱངས་ཅན་ལྷ་མོ་དུས་གསུམ་རྒྱལ་བའི་ཡུམ༔ བདེ་ཆེན་དཀར་མོ་པདྨའི་བཀའ་རྣམས་བསྡུ༔ ལོག་འདྲེན་དབྱིངས་སྒྲོལ་སེང་ཧ་མུ་ཁ་མ༔ གནས་གསུམ་མཁའ་འགྲོའི་གཙོ་མོའི་བཀྲ་ཤིས་ཤོག༔ གནས་མཆོག་བཀྲ་ཤིས་མཆིམས་ཕུའི་ཀེའུ་ཚང་༔ དུས་ཀྱི་བཀྲ་ཤིས་མུན་གླིང་ཉི་མ་ཤར༔ སྟོན་པ་བཀྲ་ཤིས་འཆི་མེད་པདྨ་འབྱུང་༔ གནས་དུས་སྟོན་ [20a] པ་ཕུན་ཚོགས་བཀྲ་ཤིས་ཤོག༔ འཁོར་ཚོགས་བཀྲ་ཤིས་གཡུ་སྒྲ་སྒྲོགས་དང་བཅས༔ དམ་ཆོས་བཀྲ་ཤིས་འཆི་མེད་རྩ་གསུམ་ཆོས༔ སྨོན་ལམ་བཀྲ་ཤིས་དུས་ལས་ཡོལ་བ་མེད༔ ཕུན་ཚོགས་དཔལ་རབ་འབར་བའི་བཀྲ་ཤིས་ཤོག༔ གཏེར་གནས་བཀྲ་ཤིས་མདུང་ཆུ་སྤྲུལ་པའི་ཞིང་༔ གཏེར་སྟོན་བཀྲ་ཤིས་གར་དབང་ཆེ་མཆོག་རྩལ༔ གཏེར་སྲུང་བཀྲ་ཤིས་པེ་ཧར་བཙན་དམར་ཆེ༔ ཕྲིན་ལས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག༔ བཀའ་བབས་བཀྲ་ཤིས་སྨོན་ལམ་ལས་འཕྲོ་སད༔ འདུལ་ཞིང་བཀྲ་ཤིས་ཞིང་མཆོག་པདྨ་གླིང་༔ འགྲོ་དོན་བཀྲ་ཤིས་སྲིད་མཐར་ཉམས་པ་མེད༔ དགོས་འདོད་བསམ་རྒུ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པ་བརྗོད་པའི་ཚིག་ཕྲེང་རྒྱ་ཆེར་སྤེལ་བས་ཕྱོགས་དུས་ཀུན་ཏུ་དགེ་ལེགས་ཀྱི་སྣང་བས་ཡོངས་སུ་ཁྱབ་པར་བྱའོ། །དེ་ལྟ་བུའི་རིམ་པས་ཐེ་ཚོམ་སྙོམས་ལས་ཀྱི་དབང་དུ་མ་གྱུར་པའི་སྒོ་ནས་རྩེ་གཅིག་ཉམས་སུ་བླངས་པས་འདི་ཕྱི་བར་དོ་ཀུན་ཏུ་གུ་རུས་རྗེས་བཟུང་བྱིན་གྱིས་རློབས་ཤིང་གྲུབ་གཉིས་ཀྱི་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པའི་ཚུལ། རྩ་གཞུང་ལས། པདྨ་བདག་གི་ཐུགས་ཀྱི་བཅུད་ཕྱུངས་པའི༔ སྒྲུབ་ཐབས་ཕྱི་ནང་གསང་བ་དེ་ཁོ་ན༔ ཚིག་ཉུང་དོན་འདྲིལ་དབང་རྣོན་ཡང་རབ་ཆོས༔ ཐེ་ཚོམ་ཡིད་གཉིས་མེད་པར་བསྒྲུབ་པ་ན༔ ཞལ་མཐོང་ཆོས་གསུངས་ལུང་བསྟན་གནང་བ་ཐོབ༔ [20b] གལ་ཏེ་ཚེ་འདིར་ང་དང་མ་མཇལ་ཡང་༔ བར་དོར་མཇལ་ནས་འཁྲུལ་སྣང་སྡུག་བསྔལ་སེལ༔ ཁྱད་པར་སྦས་ཡུལ་འགྲིམས་པའི་སྐལ་ལྡན་རྣམས༔ སྒྱིད་ལུག་ལྟེམས་རྐྱང་མེད་པར་ཉམས་བླངས་ན༔ བྱིན་རླབས་མྱུར་འཇུག་སྦས་པའི་ཡུལ་དུ་བགྲོད༔ ཐེ་ཚོམ་ཡིད་གཉིས་མེད་ན་ཅི་བསམ་འགྲུབ༔ ཅེས་དང་། བདག་འདྲ་ཚེ་བདག་པདྨ་འབྱུང་གནས་ཀྱིས༔ གདམས་པའི་གནད་གསང་མན་ངག་བཅུད་དུ་འདྲིལ༔ བླ་མའི་ཐུགས་སྒྲུབ་བྱིན་རླབས་གཏེར་མཛོད་འདི༔ སྐལ་ལྡན་སྐྱེས་བུ་རྣམས་ཀྱིས་ཉམས་སུ་ལོངས༔ པདྨ་འབྱུང་གནས་ཡང་སྙིང་འབྲུ་བཅུ་གཉིས༔ འབུམ་ཕྲག་བཅུ་གཉིས་འཁོར་བའི་ས་བོན་སྐེམས༔ འབུམ་ཕྲག་སོ་དྲུག་རིག་འཛིན་གྲལ་ལ་འཁོད༔ འབུམ་ཕྲག་བརྒྱ་ཡིས་པདྨ་ང་དང་མཉམ༔ རྣམ་རྟོག་དབྱིངས་ཟད་ཀ་དག་ཀློང་དུ་གྲོལ༔ ཅེས་བདེན་གསུངས་རྡོ་རྗེའི་ལུང་གིས་རྗེས་སུ་གདམས་པར་མཛད་པ་ལ་ནམ་ཡང་བསླུ་བ་མེད་པས་ན་རྗེས་འཇུག་ཀུན་གྱི་སྙིང་གི་ཐིག་ལེར་བཅང་བར་འཚལ་ལོ། ། ཇི་སྙེད་དཀྱིལ་འཁོར་རབ་འབུམས་མ་ལུས་པ། །ཁྱབ་བདག་བླ་མའི་ངོ་བོར་བསྙེན་པ་ལས། །ཆེས་འཕགས་ལམ་བཟང་གཞན་དུ་ཡོད་མིན་ན། །འདི་ནི་སྐལ་ལྡན་འཇུག་ངོགས་གཅིག་པུ་ཡིན། །ཨོ༵་རྒྱན༵་དངོས་སྣང་རྡོ༵་རྗེ༵་འཛིན་དབང་དེས། །ཐུན་མིན་ཌཱ་ཀིའི་གསང་མཛོད་ཐོ༵གས་མེ༵ད་དུ། །ཕྱེས་ལས་ངོ་མཚར་ཐུགས་སྒྲུབ་བྱེ་བའི་ཕུལ། །ཟབ་ལམ་ཡིད་བཞིན་དབང་གི་རྒྱལ་པོ་ཕྱུངས། །ཉེས་བཤད་ངན་སྐྱུགས་འདམ་གྱིས་ [21a] མ་སྦགས་པའི། །ལེགས་བཤད་གོས་བཟང་ལྷབ་ལྷུབ་གཡོ་བ་ཅན། །བློ་གྲོས་གསེར་གྱི་ཡུ་བ་ལ་བསྟེན་ནས། །ཁྲིགས་བསྡེབས་རྒྱལ་མཚན་རྩེ་མོར་ཁོ་བོས་བཀོད། །ལྷག་བསམ་ཆུ་བོའི་གཏེར་ལས་ཉེར་ཐོན་པའི། །བསོད་ནམས་འོད་སྟོང་ཅན་དེ་ཤར་ཙམ་ནས། །ཉེས་བརྒྱའི་མུན་འཐུག་གཡུལ་ངོ་མཐར་བྱས་ཏེ། །ཕན་བདེའི་གེ་སར་འཛུམ་ཕྲེང་ཅིས་མི་དགོད། །མྱུར་བདེའི་ཤིང་རྟ་འདི་ལས་འབྲེལ་ཚད་འགྲོ། །དཀའ་བ་མེད་པར་རིག་པ་འཛིན་པའི་སར། །གཏན་གྱི་ངལ་གསོ་ཐོབ་པའི་དགེ་མཚན་གྱིས། །སྲིད་ཁམས་དོང་སྤྲུགས་ཕྲིན་ལས་དཔལ་འབར་ཤོག །དེ་ལྟར་བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་གྱི་ལས་བྱང་ཁྲིགས་སུ་བསྡེབས་པ་བྱིན་རླབས་རྒྱ་མཚོའི་གཏེར་མཛོད་ཅེས་བྱ་བ་འདི་ནི། གཏེར་འབྱིན་སྤྲུལ་པའི་རིག་འཛིན་ཆེན་པོ་ཉིད་ཀྱི་རྡོ་རྗེའི་ལུང་གིས་གསལ་བར་བསྟན་པ་བཞིན་མཁན་ལྗོངས་ཨེ་ཝཾ་བདེ་ཆེན་ཆོས་འཁོར་གླིང་གི་སྒྲུབ་སྡེ་ཆེན་པོ་འདི་ཉིད་ཀྱིས་མཚོན་ངོ་མཚར་ས་ལ་སྤྱོད་པའི་ཞིང་ཁམས་ཀྱི་ཁྱོན་ཀུན་ཏུ་དར་ཞིང་རྒྱས་པའི་བཙས་དམ་པར་འགྱུར་བའི་རྟེན་འབྱུང་ཕུན་སུམ་ཚོགས་པས་མཚམས་སྦྱར་ནས། གཏེར་གཞུང་རྩ་བའི་ཚིག་ལ་མན་ངག་གི་དགོངས་པ་གབ་པ་མངོན་དུ་ཕྱུང་བས་རྣམ་པར་བརྒྱན་ཅིང་རྒྱུན་གྱི་ཉམས་ལེན་འཇུག་ལ་བདེ་བའི་དབང་དུ་བྱས་ཏེ། ལམ་འདིའི་བཀའ་བབས་ལུང་ཐོབ་ཀྱི་སྐལ་བཟང་ཉམས་སུ་མྱོང་བ་ [21b] རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཉེར་བདུན་དུ་སོན་པ་རབ་མྱོས་ཀྱི་ལོ་དབང་ཆེན་སྤྲེའུ་ཟླ་བའི་ཡར་ངོའི་ཚེས་བཅུ་ལ་ཡིད་འོང་བསམ་གཏན་གྱི་རི་བོའི་སྤོ་རང་བྱུང་ཀུན་ཏུ་བཟང་པོའི་ནགས་ཀླུང་ཉམས་དགའ་བའི་ཚལ་དུ་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་རྨད་དུ་བྱུང་བའི་ཟབ་ཆོས་མཆོག་གི་ཕྲིན་ལས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདེ་བ་ཆེན་པོ་ཀུན་བཟང་པདྨ་སམྦྷ་ཝའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག ། ༈ ། ཨེ༵་ཝ༵ཾ་མཉམ་སྦྱོར་བདེ༵་ཆེན༵་མུ་ཁྱུད་ཟླུམ། །མདོ་སྔགས་ཆོ༵ས་ཚུལ་གསེར་འཁོ༵ར་རྩིབས་སྟོང་བཀྲ། །མཚུངས་མེད་རྔ་ཡབ་གླིང་པའི་རིང་ལུགས་འདི། །སྲིད་མཐའི་བར་དུ་མི་ཉམས་འཕེལ་རྒྱས་ཤོག །ཅེས་པའང་འཇིག་བྲལ་ཡེ་ཤེས་རྡོ་རྗེས་སོ། །སརྦ་མངྒ་ལཾ། །