DJYD-KABUM-18-TSHA-005: Difference between revisions

From Dudjom Wiki
DJYD-KABUM-18-TSHA-005
m (Text replacement - "༴" to "༴ ")
m (Text replacement - "༈" to " ༈ ")
 
Line 36: Line 36:




༄༅།  །ཨོཾ་སྭསྟི།  ཀུན་ཁྱབ་རྒྱལ་བའི་ཡེ་ཤེས་མཁྱེན་བརྩེའི་ཉི།  །རྣམ་མང་གདུལ་བྱའི་པདྨོར་ཆགས་པའི་ཟོལ།  །རྨོངས་མུན་དྲ་བ་གཅོད་པའི་རལ་གྲི་ཅན།  །བླ་མ་འཇམ་དཔལ་དཔའ་བོས་ཤིས་པ་སྩོལ།  །གང་གི་ཞལ་ལུང་གཙུག་ལག་འོ་མའི་མཚོ།  །དམ་པའི་མན་ངག་འཕྲུལ་གྱིས་བསྲུབས་ལས་འདིར།  །གདམས་མཆོག་རྩི་བདུད་རྩིའི་གོང་བུ་ནི།  སྐལ་བཟང་ཉེར་འཚོའི་དཔྱིད་དུ་ཅིར་ཡང་སྨིན།  །{{TibChung|དེའང་དོན་དམ་གནས་ལུགས་ཀྱི་ངོ་བོར་སྤྲོས་པའི་མཚན་མ་ཅི་ཡང་མི་དམིགས་ཀྱང་རོལ་རྩལ་ཀུན་རྫོབ་བདེན་པའི་སྣང་ཆ་མ་ {{TibChung|[2a]}} འགགས་པར་ཤར་བས་ཆོས་ཐམས་ཅད་རྟེན་འབྲེལ་རྒྱུ་རྐྱེན་ཟབ་མོའི་མཐུ་ལ་བརྟེན་ནས་ཕན་གནོད་ཀྱི་བྱ་བ་བྱེད་པའི་ཕྱིར།  །ལས་དང་བྱ་བ་གང་དང་གང་བརྩམས་ན་ཡང་ཇི་བཞིན་པར་འགྲུབ་པ་དང་མི་འགྲུབ་པ་ནི་ཕལ་ཆེར་རླུང་རྟ་དར་རྒུད་ཁོ་ན་ལ་བརྟེན་ནས་འབྱུང་བར་བཤད་པས།  །གནམ་ལོའི་རླུང་རྟས་རང་གི་སྐྱེས་རླུང་ཚུར་བཅད་པ་དང་།  བཟའ་མི་རླུང་རྟ་མི་མཐུན་པ་དང་།  དམེ་མནོལ་རྩོག་གྲིབ་མཛེ་ཡུག་སོགས་ཀྱིས་རྒུད་པར་བྱས་པ་དང་།  ཕ་རོལ་བྱད་མཁན་གྱིས་བཅིངས་པ་དང་།  གདོན་བགེགས་འབྱུང་པོས་ཕྱིན་ཅི་ལོག་ཏུ་བསྒྱུར་བ་སོགས་གང་ལའང་འདི་ཉིད་བསྐྱེད་པའི་ཐབས་ཟབ་མོར་འབད་པ་ཤིན་ཏུ་གལ་ཆེ་བ་ཡིན་ནོ།  །དེས་ན་དེའི་ཚུལ་མ་ནོར་བར་ལག་ {{TibChung|[2b]}} ཏུ་ལེན་པའི་རིམ་པ་ལ་གསུམ་སྟེ།  སྦྱོར་བ་བཅས་ཀྱི་གཤོམ་འགོད་པ།  །དངོས་གཞི་སྨྲང་གི་གཞུང་སྲོང་བ།  རྗེས་གཏའ་སྡོམ་མཐའ་རྒྱས་པར་བྱ་བའོ།  །དང་པོ་སྦྱོར་བ་བཅས་ཀྱི་གཤོམ་འགོད་པ་ནི།  ཟླ་བ་ཡར་གྱི་ངོའི་དུས་བཟང་གཟའ་སྐར་དགེ་བའི་སྔ་དྲོའི་ཆར་གཙང་ཞིང་ཡིད་དུ་འོང་བའི་གནས་དབེན་པ་བཟང་པོར་རིན་ཆེན་སྣ་ཚོགས་བསྲེས་པའི་ཁམས་ལས་རི་རབ་བང་རིམ་བཞི་པའི་སྟེང་དུ་རླུང་མཁར་གྲུ་བཞི་སྒོ་དང་ཁ་བད་ཐོག་ཁེབས་དང་ལྡན་པ་མཛེས་པར་བཅོས་པའི་དབུས་སུ་རུས་སྦལ་གྱི་གདན་ལ་ཀོང་ཙེ་འཕྲུལ་རྒྱལ་གྱི་སྐུ་ཕྱག་གཉིས་གཙུག་ལག་གབ་རྩེའི་གླེགས་བམ་དང་འཁོར་ལོ་བསྣམས་ ཤུག་པའམ་ཕོ་ཤིང་གི་བྱང་བུར།}} ཨོཾ་ཨཱཿཧཱུྃ་ཝཱ་གཱི་ཤྭ་རི་མུཾ་སྭཱཧཱ༔  ཧེ་ཧེ་སྟག་སེང་ཁྱུང་འབྲུག་འདིར་ཡར་སྐྱེད་ཀུན་འདུས་སརྦ་འདུ་འདུ་ཧོཿ    བསྒྲུབ་བྱའི་རླུང་རྟ་ཉམས་ཤིང་རྒུད་པ་ཐམས་ཅད་ཡར་སྐྱེད་ཅིག་སརྦ་པུཥྚིཾ་ཀུ་རུ་བརྔྷནྟུ་སྭཱཧཱ།  {{TibChung|ཞེས་དབུ་ཅན་ཆད་ལྷག་བྲིས་སྲུབ་མེད་པར་བྲིས་ཏེ་དྲི་བཟང་སོགས་བཟང་དྲུག་གི་ཁུ་བས་བྱུགས་ལ་དར་སེར་གྱི་ཅོད་པན་དང་བཅས་གཟུག  མོ་ལ་མོ་ཤིང་གླང་མ་སོགས་ལ་བྲིས་ཏེ་གཟུག་པ་ཁྱད་པར་དང་།  །གང་ལའང་རང་སྔགས་དང་རྟེན་སྙིང་ {{TibChung|[3a]}} གིས་རབ་གནས་བྱ།  ཕོ་རླུང་བསྐྱེད་ན་མདའ་རྒོད་སྒྲོ་མ་དང་།  མོ་རླུང་བསྐྱེད་ན་འཕང་བཀྲ་བཅོས་ཏེ་རང་ཁམས་སྲོག་མཐུན་གྱི་དར་བཏགས་བཙུག    འགྲུབ་ན་མཁར་གྱི་ནང་དུ་བཅས་སྒྲུབ་ཚད་ལྡན་གྱི་བུམ་གཏེར་རམ།  མ་གྲུབ་ན་འབྲུ་སྨན་རིན་པོ་ཆེ་དར་ཟབ་སོགས་ཀྱིས་ཕྱུར་བུར་བཀང་།  །འབྱུང་བའི་ཁམས་མཐུན་གྱི་ནམ་རྒྱངས་བཞི་བཞི་ཕྱོགས་མཚམས་རྣམས་སུ་གཟུག་ཅིང་།  རྩེ་ལ་གདུགས་བཟང་རྩིབས་བཞི་ཕྱོགས་མདོག་གི་དར་དཔྱང་བཏགས་པ་དབུབ།  མཐའ་སྐོར་དུ་བཀྲ་ཤིས་རྫས་རྟགས།  རྒྱལ་སྲིད་སྣ་བདུན།  འདོད་ཡོན་སྣ་ལྔ།  གཟུགས་འགྲོས་དཀོར་ནོར་སྣ་ཚོགས་དང་།  འབྲུ་སྣ།  ཤེལ་ཚིག  དཀར་མངར་སོགས་ཀྱིས་བསྐོར།  ཤིང་རྩི་བལ་ཚོན་གྱིས་བརྒྱན་པ་དང་སྦ་སྨྱུག་གི་ལོ་མ་སོགས་ཀྱང་བཙུག  མདུན་དུ་འབྲང་རྒྱས་ཞལ་དཀར།  ལྷ་ལུག་དཀར་པོ་སྐྱེ་མཆེད་དོད་པ།  །ལྷ་ནས་བྲེ་གང་ལ་མདའ་དར་བཙུགས་པ།  །གཙང་ཤ་དཀར་མོ་ལག་གཡས།  གསེར་སྐྱེམས།  ཕྱེ་མར།  བསང་ཤིང་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་འདུ་བྱའོ།  །གཉིས་པ་དངོས་གཞི་སྨྲང་གི་གཞུང་སྲོང་བ་ལ་བཀྲ་ཤིས་པའི་གྲངས་ཏེ།  བདག་གི་རྣལ་འབྱོར།  རྟེན་མཆོད་རློབ་པ།  མདུན་རྟེན་བསྐྱེད་པ།  སྤྱན་འདྲེན་པ།  ཁུངས་སྨོས་པ།  །མཐུན་རྫས་སྟོབ་པ།    {{TibChung|[3b]}} རྟེན་འཛུག་པ།  བསང་གིས་བསྐྱེད་པའོ།  །དང་པོ་བདག་གི་རྣལ་འབྱོར་ནི།  སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས།}}  ཨོཾ་སྭ་བྷཱ་ཝ་ཤུངྔྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོཉཧཾ་{{TibChung|གིས་སྦྱང་།}} ཆོས་རྣམས་སྟོང་པའི་ངང་ཉིད་ལས།  །རང་སེམས་མུཾཿཡིག་ཡོངས་གྱུར་པ།  །སྐད་ཅིག་འཕགས་པ་འཇམ་དཔལ་དབྱངས།  །དམར་སེར་གུར་གུམ་གསར་པའི་མདངས།  །ཕྱག་གཡས་ཡེ་ཤེས་རལ་གྲི་གདེངས།  །གཡོན་པས་ཤེར་ཕྱིན་གླེགས་བམ་གྱིས།  །མཚན་པའི་ཨུཏྤལ་སྡོང་བུ་འཛིན།  །གཞོན་ཚུལ་དར་དང་རིན་ཆེན་བརྒྱན།  །པད་ཟླའི་གདན་ལ་སྐྱིལ་ཀྲུང་བཞུགས།  །སྣང་སྟོང་ཟུང་འཇུག་རོལ་པའི་སྐུ།  །ཁམས་གསུམ་ཟིལ་གནོན་ཆེན་པོ་རུ།  །གསལ་བའི་གནས་གསུམ་འབྲུ་གསུམ་མཚན།  །འོད་འཕྲོས་རང་འདྲའི་ཡེ་ཤེས་པ།  །སྤྱན་དྲངས་གཉིས་སུ་མེད་པར་ཐིམ།  །བདེ་གཤེགས་རིགས་ལྔས་དབང་བསྐུར་ཞིང་།  །རིགས་ཀྱི་བདག་པོས་རྒྱས་གདབ་བསམ།  །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དབུས།  །མུཾཿཡིག་མཐའ་མར་སྔགས་ཀྱིས་བསྐོར།  །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་གྱི།  །སྒྲིབ་སྦྱངས་སྣང་སྲིད་ལྷར་གྱུར་ནས།  ། {{TibChung|[4a]}} ཀུན་ཀྱང་སྔགས་ཀྱི་རང་སྒྲ་སྒྲོགས།  །གང་འདོད་ལས་རྣམས་འགྲུབ་པར་བསྒོམ།  ཨོཾ་ཝཱ་གཱི་ཤྭ་རི་མུཾཿ  {{TibChung|ཞེས་ཅི་འགྲུབ་བཟླས་མཐར།}}  ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་{{TibChung|སོགས་ནས།}}  ཤཔྡ་པཱུ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ།  {{TibChung|ཞེས་མཆོད།}} གཞོན་ནུའི་སྐུ་ལུས་འཆང་བ་པོ།  །ཤེས་རབ་སྒྲོན་མེ་རབ་ཏུ་གསལ།  འཇིག་རྟེན་གསུམ་གྱི་མུན་སེལ་བ།  །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད།  །{{TibChung|ཅེས་བསྟོད་ལ།}} རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་།  ཁྱད་པར་དུ་དེང་འདིར་བརྩམས་པའི་ལས་འདིའི་འབྲས་བུ་མངོན་སུམ་དུ་གྱུར་ནས་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དུ་གསོལ།  {{TibChung|ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་བོ།  །གཉིས་པ་རྟེན་མཆོད་བྱིན་གྱིས་བརླབ་པ་ནི།}} སྭ་བྷཱ་ཝ{{TibChung|ས་སྦྱང་།}} རང་གི་ཐུགས་ལས་རྃ་ཡྃ་ཁྃ།  །མེ་རླུང་ཆུ་ཟེར་འཕྲོ་བ་འཕྲོས།  །མ་དག་དྲི་མ་དབྱིངས་སུ་སྦྱངས།  །དག་པ་ཡེ་ཤེས་ཆེན་པོའི་རྟེན།  །ནམ་མཁའ་མཛོད་ཀྱི་རང་བཞིན་ཅན།  །སོ་སོའི་ཐུགས་ལ་ཅི་བཞེད་པར།  །འཆར་བའི་ {{TibChung|[4b]}} བྱེད་ལས་ཅན་དུ་གྱུར།  །ཨོཾ་ཨཱཿཧཱུྃ།  ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ།  {{TibChung|ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་བདུན་གྱིས་སྤེལ།  །གསུམ་པ་མདུན་རྟེན་བསྐྱེད་པ་ནི།}}  ཀྱཻ།  ཆོས་རྣམས་སྟོང་ཉིད་ནམ་མཁའི་ཀློང་།  །ཡེ་ཤེས་འོད་ལྔའི་རང་མདངས་ལས།  །རླུང་མེ་ཆུ་སའི་དཀྱིལ་འཁོར་དབུས།  །རིན་ཆེན་རི་རབ་གྲུ་བཞིའི་སྟེང་།  །འབྱུང་བའི་དྭངས་མ་འཁྲིགས་པ་ཡི།  །རླུང་མཁར་གྲུ་བཞི་སྒོ་བཞི་པ།  །དབྱིབས་བཀོད་རྒྱ་ཁྱོན་ཚད་མེད་པ།  །འདོད་རྒུའི་འབྱོར་པས་གང་བའི་སྟེང་།  །མ་ཧཱ་གསེར་གྱི་རུས་སྦལ་ལ།  །གནས་པའི་ཀོང་ཙེ་འཕྲུལ་གྱི་རྒྱལ།  །འཁོར་ལོས་སྒྱུ་བའི་ཆ་བྱད་ཅན།  །ཕྱག་གཉིས་གླེགས་བམ་གསེར་འཁོར་བསྣམས།  །དགྱེས་ཉམས་འོད་དང་གཟི་མདངས་འབར།  །སྤྱི་གཙུག་འཇའ་ཟེར་འཁྲུགས་པའི་ཀློང་།  །རིགས་བདག་མགོན་པོ་འཇམ་པའི་དབྱངས།  །དམར་སེར་རལ་པོད་འཛིན་པ་འགྱིང་།  །རྩ་གསུམ་རབ་འབྱམས་སྤྲིན་ལྟར་གཏིབས།  །ཤར་དུ་རླུང་རྟ་བསྐྱེད་པའི་ལྷ།  །དུང་སེང་གཡུ་ཡི་རལ་པ་ཅན།  །འཇིགས་མེད་གདོང་ལྔས་བརྗོད་པ་འགྱིང་།  །ལྷོ་རུ་རླུང་ {{TibChung|[5a]}} རྟ་བསྐྱེད་པའི་ལྷ།  གཡུ་འབྲུག་ཟངས་ཀྱི་གློག་ཞགས་ཅན།  །རྔམས་པའི་ང་རོ་སྒྲོགས་པ་འཁྲུག  །ནུབ་ཏུ་རླུང་རྟ་བསྐྱེད་པའི་ལྷ།  །མཚལ་སྟག་གསེར་གྱི་ངང་རིས་ཅན།  །དཔའ་རྩལ་གཟི་བརྗིད་ལྡན་པ་འཕྱོ།  །བྱང་དུ་རླུང་རྟ་བསྐྱེད་པའི་ལྷ།  །ཁྱུང་ཆེན་ནོར་བུའི་ཐོར་ཚུགས་ཅན།  །སྟོབས་ཤུགས་འགྲན་མེད་མཁའ་ལ་ལྡིང་།  །མཐའ་སྐོར་སྤར་མེ་འབྱུང་བ་དང་།  །ལོ་ཟླ་ཞག་དུས་གཟའ་རྒྱུ་སྐར།  །ཚེས་ལ་དབང་བའི་རླུང་ལྷའི་ཚོགས།  །དཔག་མེད་སྤྲིན་ལྟར་འཁྲིགས་པས་བསྐོར།  །གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས།  །སྐད་ཅིག་ཉིད་ལ་བྱོན་པར་གྱུར།  །{{TibChung|བཞི་པ་སྤྱན་འདྲེན་པ་ནི།  །རོལ་མོ་དབྱངས་དང་བཅས་པས།  ཀྱཻ།}}    དད་དང་དམ་ཚིག་སྨོན་ལམ་མཐུས།  །གདུང་བ་དྲག་པོས་སྤྱན་འདྲེན་ན།  །སྔོན་གྱི་ཐུགས་དམ་དེང་དགོངས་ལ།  །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི།  །ཚེ་བསོད་དཔལ་འབྱོར་སྤེལ་བ་དང་།  །སྲོག་ལུས་དབང་ཐང་རླུང་རྟའི་དཔལ།  །བསྐྱེད་ཕྱིར་སྟོང་གསུམ་འབྱུང་ལྔའི་ཞིང་།  །རང་བཞིན་གར་བཞུགས་གནས་མཆོག་ནས།  །ཡེ་ཤེས་འཇིག་རྟེན་ཚུལ་ {{TibChung|[5b]}} སྟོན་པའི།  །རླུང་རྟའི་ལྷ་དང་དགྲ་བླའི་ཚོགས།  །གནས་འདིར་བྱོན་ལ་རྟེན་འདི་རུ།  །དགྱེས་བཞུགས་རང་མཐུན་འདོད་ཡོན་འབུལ།  །རླུང་རྟ་བསྐྱེད་པའི་ལས་མཛོད་ཅིག  །བཛྲ་ས་མ་ཡ་ཛཿ  ཛཿཧཱུྃ་བྃ་ཧོཿ    སརྦ་པཱུ་ཛ་ཧོཿ  {{TibChung|ལྔ་པ་ཁུངས་སྨོས་པ་ནི།  དྲི་ཞིམ་པོའི་སྤོས་བཏུལ་ཞིང་དབྱངས་སྙན་པོས།}} ཧོཿ    དང་པོ་ཡེ་མེད་སྟོང་པ་ལ།  །མ་ཧཱ་གསེར་གྱི་རུས་སྦལ་སྲིད།  །ལུས་ལ་འབྱུང་བ་ལྔ་ཡང་ཤར།  །སྲིད་པའི་གནམ་ཡང་ཕུབ།  །གྲགས་པ་ས་ཡང་བཏིང་།  །ལུང་དུ་མཚོ་ཡང་བསྐྱིལ།  །མཐོ་རུ་རི་ཡང་བསྟོད།  །གཙུག་ལག་སྲིད་པ་བཏིང་།  །ཡེ་མཁྱེན་སྐོས་རྒྱ་བཀོད།  །ཐད་དུ་རི་ཡང་བཙུགས།  །གྲལ་བཙུན་རྨངས་པོ་བསྒྲིག  །  ལུང་དུ་ཆབ་ཀྱང་དྲངས།  །སྨན་བཙུན་ལུ་མ་ཕབ།  །སྲིད་པ་དེ་ལྟར་ཆགས་པ་ཡིན།  །ཀྱཻ་གཏོ་ལམ་ཤར་དུ་བསྟན།  །ཉི་མ་ཤར་ཕྱོགས་ཀྱི།  །རི་བོ་རྩེ་ལྔ་ན།  །འཕགས་པའི་སྤྲུལ་པ་ནི།  །ཀོང་རྩེ་རྒྱལ་པོ་བཞུགས།  །དེ་ཡི་སྤྲུལ་པ་ནི།  །ཡེ་མཁྱེན་རྒྱལ་པོ་བཞུགས།  །གབ་རྩེ་སུམ་བརྒྱ་བསྐོར།  །མན་ངག་ཐང་ལ་འབེབ།  གཏོ་དང་དཔྱད་ཀྱང་བྱེད།  །གཏོ་ {{TibChung|[6a]}} དཔྱད་གཞི་མ་ལ།  །རྨངས་པོས་བུ་ཡང་འཚོལ།  །དབུལ་པོས་ནོར་ཡང་འཚོལ།  ། ༈   །ཕྱྭ་སྐོས་རྗེ་བྲང་དཀར་ལ།  །སྐོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས།  ། ༈ །སྐྱེ་བའི་རྒྱུ་ཡང་མེད།  །ཕོ་མོའི་སྒབ་ཀྱང་ཆད།  །སྐྱེ་བོའི་རྒྱུ་ཡོད་ཀྱང་།  །མི་སྐྱེས་མོ་རུ་སྐྱེས།  །ཕྱུགས་སྐྱེས་ཕོ་རུ་སྐྱེས།  །དགྲ་དང་རྐུན་མ་བྱུང་།  །ཅིར་བྱས་ཅིར་མ་བཏུབ།  །ཡེ་མཁྱེན་རྒྱལ་པོ་ལ།  །གཏོ་དང་དཔྱད་ཞུས་པས།  །ཡེ་མཁྱེན་ཞལ་ན་རེ།  །བཟའ་མི་རླུང་མ་མཐུན།  །ཅི་བྱས་ཅིར་མ་བཏུབ།  །གནམ་ལོའི་རླུང་རྟས་བཅད།  །རླུང་རྟ་གསོ་ཡང་འཚལ།  །རླུང་རྟའི་ཀ་བ་ཚུགས།  །མི་ཁ་ཐུར་ལ་བསྐུར།  །དེ་སྐད་གསུངས་པ་དང་།  །ཉིན་གསུམ་ཆས་སུ་བསགས།  །མཚན་གསུམ་སྨྲང་དུ་གྱེར།  །རླུང་རྟའི་ཀ་བ་བཙུགས།  །དགྲ་འདྲེ་ཐུར་ལ་མནན།  །སྐོས་རྗེ་བྲང་དཀར་དེ།  །མི་ནོར་གཉིས་སུ་འཛོམ།  །སྔོན་དུས་དེ་ལྟར་སྲིད་པ་ཡན།  །དེ་རིང་རྒྱུ་སྦྱོར་བདག་ཅག་གིས།  །ལྷ་ཡང་ཡིག་ཚང་རླུང་གི་ལྷ།  །མཁར་ཡང་ཡིག་ཚང་རླུང་གི་མཁར།  །རླུང་རྟ་ཉམས་ན་དེ་རིང་གསོའོ།  །{{TibChung|དྲུག་པ་མཐུན་རྫས་སྟོབ་པ་ནི།}}  ཀྱཻ།    {{TibChung|[6b]}} ལྷ་ལུག་ཏེལ་པ་དང་།  །འབྲང་རྒྱས་ཞལ་དཀར་དང་།  །གཙང་ཤ་ལག་གཡས་དང་།  །གསེར་སྐྱེམས་གཡུ་སྔོན་གྱིས།  །རླུང་གི་ལྷ་ཡང་མཆོད།  །མདའ་མོ་རྒོད་སྒྲོ་ལ།  ལེ་བརྒན་དར་ལྕེ་བཏགས།  །རིན་ཆེན་འཕང་བཀྲ་ལ།  །སྲོག་མཐུན་དར་ཐག་དཀྲིས།  །རྒྱུ་སྦྱོར་ཡོན་བདག་གི།  །རླུང་རྟའི་རྟེན་དུ་འཛུག  །རིན་ཆེན་སྣ་ལྔ་ཡིས།  །རླུང་རྟའི་མཁར་ཡང་བརྩིགས།  འབྲུ་སྨན་དཀོར་ཆའི་ཚོགས།  །མི་ཟད་གཏེར་དུ་སྦས།  །རླུང་རྟའི་ཀ་བ་བཙུག  །ལྷ་ཤིང་དྲི་བཟང་ཚོགས།  །འབར་བའི་མེ་ལ་བསྲེག  །ཕྱེ་མར་ཕུད་ཀྱིས་སྦྲན།  །རླུང་རྟ་ཉམས་རྒུད་བསངས།  །དགྱེས་པའི་རྟེན་འདིར་བཞུགས།  །{{TibChung|བདུན་པ་རྟེན་འཛུག་པ་ནི།}} ཀྱཻ།  གསོན་ཅིག་འབྱུང་བའི་ལྷ་འདྲེ་རྣམས།  །ཉོན་ཅིག་རླུང་རྟའི་ལྷ་རྣམས་ཉོན།  །ཕོ་རླུང་རྟེན་དུ་མདའ་འཛུག་གོ།  །མདའ་མོ་ཚིགས་ནས་མ་གྲུམ་ཞིག  །མོ་རླུང་རྟེན་དུ་འཕང་འཛུག་གོ།  །གསེར་འཕང་རྩེ་ནས་མ་ཉིལ་ཞིག  །བུ་རླུང་རྟེན་དུ་མཁར་འཛུག་གོ།  །རླུང་མར་རྨངས་ནས་མ་འགྱེལ་ཞིག  །ཟས་རླུང་རྟེན་དུ་འབྲུ་བཅུད་འཛུག  །འབྲུ་བཅུད་ཉམས་སུ་མ་འཇུག་ཅིག  །ནོར་རླུང་རིན་ཆེན་ལ་ {{TibChung|[7a]}} བརྟེན་ནོ།  །རིན་ཆེན་གླིང་ནས་མ་ཉམས་ཤིག  །བུ་རླུང་མ་ལ་བརྟེན་ནས་སུ།  །མངལ་ཕུག་ཚིགས་ནས་མ་སྐེམས་ཤིག  །སྐྱེ་རླུང་ཤིང་ལ་བརྟེན་ནས་སུ།  །ཤིང་བུ་གྲུམ་ནས་མ་སྐམ་ཞིག  །ཕོ་རླུང་ངན་པ་ཚེ་ཐུང་བ།  །མོ་རླུང་ངན་པ་དཔལ་ཆུང་བ།  །བུ་རླུང་ངན་པ་སྐྱེད་ཆུང་བ།  །བཟའ་མི་རླུང་རྟ་མི་མཐུན་པ།  །ཐམས་ཅད་དེ་རིང་གསོ་འཚལ་ལོ།  །ཤིང་བདུད་ལྕགས་ཀྱིས་བཅད་པ་དང་།  །མེ་བདུད་ཆུ་ཡིས་བཅད་པ་དང་།  །ས་བདུད་ཤིང་གིས་བཅད་པ་དང་།  །ལྕགས་བདུད་མེ་ཡིས་བཅད་པ་དབང་།  །ཆུ་བདུད་ས་ཡིས་བཅད་པ་སྟེ།  །གཅིག་བདུད་གཅིག་གིས་བཅད་པ་ལ།  །རླུང་རྟའི་རྟེན་དང་ཀ་བ་འཛུག  །ཤིང་འཕྲད་འཁྲོག་ཅིང་ཆག་པ་དང་།  མེ་འཕྲད་འབར་ཞིང་ཚིག་པ་དང་།  །ས་འཕྲད་རུལ་ཞིང་འཆི་བ་དང་།  །ལྕགས་འཕྲད་འདར་ཞིང་གཅོད་པ་དང་།  །ཆུ་འཕྲད་བོ་ཞིང་འཁྱོམ་པ་དང་།  །འབྱུང་རླུང་དགྲ་འཕྲད་འཁྲུགས་པ་རྣམས།  །དེ་རིང་གསོ་ཞིང་བཅོས་པའ་ཕྱིར།  །རླུང་གི་མཁར་དང་རྟེན་ཡང་འཛུག  །གནམ་ལོའི་རླུང་རྟས་བཅད་པ་དང་།  །རླུང་རྟའི་མདངས་ཉམས་ {{TibChung|[7b]}} ཤོར་བ་དང་།  །རླུང་རྟའི་རྟེན་ཕུར་ཆག་པ་དང་།  །ཕོ་རླུང་གནམ་སྒོ་ཕྱེ་བ་དང་།  །མོ་རླུང་ས་སྒོ་རལ་བ་དང་།  །བུ་རླུང་ཡིག་ཚང་ངན་པ་རྣམས།  །དེ་རིང་བཅོས་ཤིང་བསྐྱེད་པའི་ཕྱིར།  །རླུང་གི་མཁར་དང་རྟེན་འཛུག་གོ།  །ཀྱཻ།  ཤར་ཕྱོགས་འབྱུང་བ་ཤིང་ལ་རླུང་ཞིག་སློང་།  །ཡིག་ཚང་འཁོར་འདབ་ཤིང་ལྟར་རྒས་གྱུར་ཅིག  །ལྷོ་ཕྱོགས་འབྱུང་བ་མེ་ལ་རླུང་ཞིག་སློང་།  །ཡིག་ཚང་བསོད་ནམས་མེ་ལྟར་འབར་གྱུར་ཅིག  །ནུབ་ཕྱོགས་འབྱུང་བ་ལྕགས་ལ་རླུང་ཞིག་སློང་།  །ཡིག་ཚང་ཚེ་སྲོག་ལྕགས་ལས་སྲ་གྱུར་ཅིག  །བྱང་ཕྱོགས་འབྱུང་བ་ཆུ་ལ་རླུང་ཞིག་སློང་།  །ཡིག་ཚང་མི་བརྒྱུད་ཆུ་ལྟར་རིང་གྱུར་ཅིག  །དབུས་མཚམས་འབྱུང་བ་ས་ལ་རླུང་ཞིག་སློང་།  །ཡིག་ཚང་འབྱུང་བ་ས་ལྟར་བརྟན་གྱུར་ཅིག  །འབྱུང་བ་གྲོགས་འཕྲད་ཚ་གྲང་སྙོམས་གྱུར་ཅིག  །ཀྱཻ།  རླུང་རྟ་ཉམས་པ་ལ།  །གསེར་གཡུའི་རྟེན་བཙུགས་པས།  །ཡིག་ཚང་གསེར་གཡུ་ཡི།  །བཀྲག་ལས་ཆེ་བར་ཤོག  །  {{TibChung|ཅེས་བརྗོད།  བརྒྱད་པ་བསང་གིས་བསྐྱེད་པ་ནི།  སྨན་ཤིང་དྲི་བཟང་པོའི་དུད་སྤྲིན་ཕྱེ་མར་འོ་སྐོལ་གྱིས་བྲན་ཏེ།}} རྃ་ཡྃ་ཁྃ།  བསང་མཆོད་ཟག་ {{TibChung|[8a]}} པ་མེད་པ་འདོད་ཡོན་བདུད་རྩིའི་སྤྲིན་ཆེན་པོར་གྱུར་{{TibChung|པར་བསམ་ཞིང་།}}  ཨོཾ་ཨཱཿཧཱུྃ་{{TibChung|གིས་རྒྱ་ཆེར་སྤེལ་བ།}} ཀྱཻ།  བསང་མཆོད་ཕུན་སུམ་ཚོགས་པ་འདི།  །སངས་རྒྱས་མཆོད་དང་དགེ་འདུན་དང་།  །བླ་མ་ཡི་དམ་མཁའ་འགྲོ་དང་།  །ཆོས་སྐྱོང་ནོར་ལྷ་གཏེར་བདག་སོགས།  །བདག་ལ་བསྲུང་ཞིང་སྐྱོབ་རྣམས་བསང་།  །རླུང་རྟ་དར་བའི་སྡོང་གྲོགས་མཛོད།  །ཀྱཻ།  ཤར་གྱི་ཕྱོགས་ན་གནས་པའི་ལྷ།  །རླུང་རྟ་དར་བའི་དགྲ་བླ་ནི།  །དུང་སེང་གཡུ་ཡི་རལ་པ་ཅན།  །དཔའ་རྩལ་ཆེ་བའི་དགྲ་བླ་བསང་།  །བདག་གི་རླུང་རྟ་དར་བར་མཛོད།  །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ།  །ཀྱཻ།  ལྷོ་ཡི་ཕྱོགས་ན་གནས་པའི་ལྷ།  །རླུང་རྟ་དར་བའི་དགྲ་བླ་ནི།  །གཡུ་འབྲུག་ཟངས་ཀྱི་མཆེ་བ་ཅན།  །ངེ་སྐད་ཆེ་བའི་དགྲ་བླ་བསང་།  བདག་གི༴    རྒུད་པའི༴    ཀྱཻ།  ནུབ་ཀྱི་ཕྱོགས༴    རླུང་རྟ་དར༴    རྒྱ་སྟག་མཚལ་གྱི་ཐིག་ལེ་ཅན།  །དཔའ་རྔམས་ཆེ་བའི་དགྲ་བླ་བསང་།  །བདག་གི༴    རྒུད་པའི༴    ཀྱཻ།  བྱང་གི༴    རླུང་རྟ༴    ཁྱུང་ཆེན་ནོར་བུའི་ཐོར་ཚུགས་ཅན།  །སྟོབས་ཤུགས་ཆེ་བའི་དགྲ་ {{TibChung|[8b]}} བླ་བསང་།  བདག་གི༴    རྒུད་པའི༴    ཀྱཻ།  ཕྱོགས་བཞི་མཚམས་བརྒྱད་གནས་པའི་ལྷ།  །འབྱུང་བ་ལྔ་ཡི་ལྷ་རྣམས་བསང་།  །འབྱུང་བའི་རླུང་རྟ་དར་བར་མཛོད།  །རྒུད་པའི༴    སྤར་ཁ་བརྒྱད་ཀྱི་ལྷ་རྣམས་བསང་།  སྤར་ཁའི་རླུང་རྟ་དར༴    རྒུད་པའི༴    སྨེ་བ་དགུ་ཡི་ལྷ་རྣམས་བསང་།  །སྨེ་བའི་རླུང་རྟ་དར༴    རྒུད་པའི༴    ལོ་ཟླ་ཞག་དུས་ལྷ་རྣམས་བསང་།  །ལོ་ཟླའི་རླུང་རྟ་དར།  །རྒུད་པའི༴    འགོ་བའི་ལྷ་དང་སྐྱོབ་པའི་ལྷ།  །ཕ་ལྷ་མ་ལྷ་ཞང་ལྷ་དང་།  །འཕྲག་ལྷ་ལུས་ལྷ་ཐམས་ཅད་བསང་།  །བདག་གི་རླུང་རྟ་དར༴    རྒུད་པའི༴    བསྐྱེད་ཅིག་རླུང་རྟ་ཡར་ལ་སྐྱེད།  །ལུས་ལ་དཔའ་རྩལ་གཟི་བརྗིད་སྐྱེད།  །ངག་ལ་བདེན་པའི་ནུས་མཐུ་སྐྱེད།  །སེམས་ལ་བདེ་བའི་ཏིང་འཛིན་སྐྱེད།  །ནད་གདོན་བར་ཆད་ཞི་བར་མཛོད།  །ཚེ་བསོད་སྟོབས་འབྱོར་འཕེལ་ཞིང་རྒྱས།  །སྣང་སྲིད་དབང་སྡུས་དགྲ་བགེགས་སྒྲོལ།  །ཕྱོགས་ལས་རྒྱ་བའི་རྒྱལ་མཚན་འཕྱོར།  །འདོད་པའི་དོན་ཀུན་འགྲུབ་པར་མཛོད།  །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།  །བདག་ཅག་ལྷ་ངོ་རྒྱལ་གྱུར་ཅིག    །ནག་ཕྱོགས་བདུད་རིགས་ཆམ་ {{TibChung|[9a]}} ལ་ཕོབ།  །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད།  །{{TibChung|ཅེས་གྲངས་བསྐྱེད་དེ་བྱའོ།  །རྩ་བའི་གསུམ་པ་རྗེས་གཏའ་སྡོམ་ཞིང་མཐའ་རྒྱས་པར་བྱ་བ་ནི།  དེ་ནས་རླུང་རྟའི་རྟེན་མཁར་དེ་ཉིད་བཀྲ་ཤིས་པའི་རི་བོའི་རྩེའམ་གནས་ཁང་གི་ཡང་ཐོག་ལ་སོགས་པ་ཆུད་པ་མི་ཟ་བའི་གནས་བརྟན་པར་བཞུགས་སུ་གསོལ།  །བསྒྲུབ་བྱའི་ཁམས་མཐུན་གྱི་རླུང་དར་ཡང་བུང་བསྐྱེད་དེ་འཕྱར་ཞིང་།}} ཧོ།  དེ་རིང་རླུང་གི་ཀ་བ་དང་།  །རླུང་གི་རྟེན་དང་མཁར་འཛུག་གོ།  །རླུང་མཁར་ལྡན་པ་ལྔ་ལ་ནི།  །རླུང་རྟའི་ལྷ་རྣམས་བཞུགས་སུ་གསོལ།  །སྤར་སྨེ་ལོ་ཟླ་ཞག་དུས་ལ།  །འཁོར་བའི་རླུང་རྟ་བསྐྱེད་པའི་ལྷ།  །ཐམས་ཅད་རླུང་རྟེན་འི་ལ་བཞུགས།  །རྒྱུ་སྦྱོར་བདག་ཅག་འཁོར་བཅས་ཀྱི།  །རླུང་རྟ་ཉམས་སུ་མ་འཇུག་ཅིག  །རླུང་རྟ་སྦུབས་ན་སློང་དུ་གསོལ།  །རླུང་རྟ་ཆག་ན་དེ་རིང་ཆིངས།  །རླུང་རྟ་རལ་ན་དེ་རིང་ཚེམས།  རླུང་རྟ་ཆད་ན་དེ་རིང་མཐུད།  །རླུང་རྟ་འགྱེལ་ན་དེ་རིང་ཚུགས།  །མི་རླུང་ནོར་ཕྱུགས་གཡང་སྒོ་སྡོམས།  །ཟས་རླུང་བཅུད་དང་ལྡན་པར་མཛོད།  །ཤར་སྒོ་དུང་སེང་དཀར་པོས་སྲུངས།  །ལྷོ་སྒོ་གཡུ་འབྲུག་སྔོན་མོས་སྲུངས།  །ནུབ་སྒོ་མཚལ་སྟག་དམར་མོས་ {{TibChung|[9b]}} སྲུངས།  །བྱང་སྒོ་ཁྱུང་ཆེན་འབར་བས་སྲུངས།  །གཏའ་རུ་འཛིན་ནོ་རྟེན་འདིར་བཞུགས།  །མི་མཐུན་ཀུན་ཞི་འབྱོར་དྲུག་རྒྱས།  །ཁམས་གསུམ་དབང་སྡུས་དགྲ་འདྲེ་ཆོམས།  །ཕྱོགས་ལས་རྣམ་པར་རྒྱལ་བ་ཡི།  །རླུང་རྟའི་རྒྱལ་མཚན་བསྒྲེང་བར་མཛོད།  །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།  །སྐྱེད་ཅིག་སྐྱེད་ཅིག་རླུང་རྟ་སྐྱེད།  །ལྷ་ངོ་དུང་བས་དཀར་གྱུར་ཅིག  །ཆབ་སྲིད་མངའ་ཐང་འཕེལ་གྱུར་ཅིག    །{{TibChung|ཅེས་བརྗོད་ལ།}}    འདིར་ནི་གཟུགས་དང་ལྷན་ཅིག་ཏུ།  །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་།  །ནད་མེད་ཚེ་དང་དབང་ཕྱུག་དང་།  མཆོག་རྣམས་ལེགས་པར་སྩལ་དུ་གསོལ།  །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ།  {{TibChung|ཞེས་ལྷག་གནས་ཀྱི་མེ་ཏོག་འཐོར་བས་བརྟན་བཞུགས་བྱ།  །}} བདག་ཉིད་ལྷར་སྣང་དབྱིངས་སུ་ཡལ།  །དམིགས་མཐའ་བྲལ་བའི་ངང་དུའོ།  །དགེ་འདིས་མཐའ་ཡས་སེམས་ཅན་ཀུན།  །ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཅིང་།  །བསམ་དན་ཆོས་བཞིན་འགྲུབ་པ་ཡི།  །བཀྲ་ཤིས་དགེ་ལེགས་དཔལ་འབར་ཤོག  །  {{TibChung|ཅེས་བདག་བསྐྱེད་བསྡུས་པ་ལ་སྨོན་ལམ་གྱི་རྒྱས་གདབ།  །རྟེན་འབྲེལ་སྙིང་པོས་ཐོག་དྲངས་ཏེ་ཕུན་སུམ་ཚོགས་པ་ལ་སོགས་པའི་ཤིས་པ་རྒྱ་ཆེར་ {{TibChung|[10a]}} བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་ཕྱོགས་དུས་ཀུན་ཏུ་དགེ་ལེགས་ཀྱི་སྣང་བ་ཡོངས་སུ་ཁྱབ་པར་བྱའོ།  །དེ་ལྟར་བགྱིས་པས་ལས་དང་བྱ་བ་གང་བརྩམ་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པ་སོགས་གཞུང་ནས་ཇི་སྐད་གསུངས་པ་ལྟར་གྱི་འདོད་པའི་འབྲས་བུ་རྒྱ་ཆེར་སྨིན་པའི་དགེ་མཚན་ངོ་མཚར་བ་མངོན་སུམ་དུ་མཐོང་བར་འགྱུར་བ་ནི་ངེས་པའོ།  །ཚུལ་འདི་ལ་གསར་རྙིང་གི་དམ་པ་དུ་མས་སོ་སོའི་བཞེད་ཕྱོགས་དང་བསྟུན་པའི་ཆོག་ཁྲིགས་ཡིག་ཆ་འགའ་ཞིག་སྣང་བར་སྤྱིར་རྒྱལ་བའི་ཕྲིན་ལས་འཇུག་པ་བསམ་མི་ཁྱབ་པའི་ཕྱིར་ན་གང་ཡང་ཕྱག་ལེན་གྱི་དབྱེ་བསྡུའི་མཐའ་མི་ཁེགས་མོད།  །འོན་ཀྱང་ཕལ་ཆེར་རྒྱས་བསྡུས་ཀྱི་མཐར་ལྷུང་ཞིང་ཁ་ཅིག་སྤར་ཁའི་སྤྱི་གཏོ་དང་གཡང་ཆོག་གི་རྒྱས་འགེབས་བཀའ་གཏེར་གི་གཞུང་བསྲེས་པ་སོགས་ཉ་དང་ཉུང་མ་བསྲེ་བའི་ངང་ཚུལ་དུ་རྟོགས།  །འདིར་ནི་རྒྱ་ནག་གི་འགྱུར་རྙིང་རྩ་བའི་དགོངས་པ་ཚིག་དོན་གཉིས་ཀའི་ཆ་ལ་འདོད་ཁྱེར་ལྷན་གདབ་ཀྱིས་མ་བསླད་པར་མཁས་གྲུབ་བླ་མའི་ཕྱག་བཞེས་ཀྱི་མན་ངག་ཇི་ལྟ་བར་མ་འདྲེས་གཙང་དག་ཏུ་བཀོད་པ་ཡིན་པས་ཀུན་གྱིས་ཡིད་རྟོན་དུ་རུང་བའི་གནས་སུ་རིགས་པར་བྱས་སོ།  །ལེགས་པར་བཤད་པའི་ཁྲིགས་རིམ་སྐྱེས་ཀྱི་ཕུལ།  །ཉེས་རྒུད་ཕོངས་པའི་གཡུལ་ངོ་མཐར་བསྐྲད་དེ།  །ཕན་བདེའི་དགའ་སྟོན་འདོད་རྒུར་འཇོ་བའི་ཆོས།  །ཡིད་བཞིན་ནོར་བུའི་བྱ་བ་བྱས་པ་སྙམ།  །བསྟན་པའི་སྦྱིན་བདག་མངའ་ཐང་ས་འཛིན་བརྗོད།  ། {{TibChung|[10b]}} བསྟན་འཛིན་སྐྱེས་བུའི་མཛད་ཕྲིན་ཉི་ཟླ་གསལ།  །བསྟན་འགྲོའི་དཔལ་ཡོན་མཐོ་རིས་དགའ་ཚལ་བཞད།  །བསྟན་སྲིད་མི་ནུབ་རྒྱལ་མཚན་རྟག་བསྒྲེང་ཤོག  །དེ་ལྟར་རླུང་རྟའི་རྟེན་མཁར་འཛུག་པའི་ཆོ་ག་དགེ་ལེགས་ཀུན་འབྱུང་བཀྲ་ཤིས་གཏེར་གྱི་བུམ་བཟང་ཞེས་བྱ་བ་འདིའང་།  རང་གཞན་མང་པོ་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་མཐོང་ནས།  །འཇམ་དཔལ་བློ་ལྡན་མཆོག་སྲེད་ཀྱི་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་སྐྱོང་གི་ལོ་མགོ་ཟླ་ཕྱི་མའི་ཡར་ཚེས་ཀྱི་རྒྱལ་བ་དང་པོ་ལ་བུ་ཆུ་བདེ་ཆེན་སྟེང་གི་རིག་པ་འཛིན་པའི་དགའ་ཚལ་དུ་སྦྱར་བ་སྟེ།  འདིས་ཀྱང་བསྟན་འགྲོའི་ཕན་བདེའི་དགེ་མཚན་མཆོག་ཏུ་དར་བའི་རྒྱུར་གྱུར་ཅིག།  །སརྦ་སྭསྟི་སིདྡྷི་ཛ་ཡནྟུ།།  །།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ ཤོག།  །།དགེའོ།།  །།}}  }}
༄༅།  །ཨོཾ་སྭསྟི།  ཀུན་ཁྱབ་རྒྱལ་བའི་ཡེ་ཤེས་མཁྱེན་བརྩེའི་ཉི།  །རྣམ་མང་གདུལ་བྱའི་པདྨོར་ཆགས་པའི་ཟོལ།  །རྨོངས་མུན་དྲ་བ་གཅོད་པའི་རལ་གྲི་ཅན།  །བླ་མ་འཇམ་དཔལ་དཔའ་བོས་ཤིས་པ་སྩོལ།  །གང་གི་ཞལ་ལུང་གཙུག་ལག་འོ་མའི་མཚོ།  །དམ་པའི་མན་ངག་འཕྲུལ་གྱིས་བསྲུབས་ལས་འདིར།  །གདམས་མཆོག་རྩི་བདུད་རྩིའི་གོང་བུ་ནི།  སྐལ་བཟང་ཉེར་འཚོའི་དཔྱིད་དུ་ཅིར་ཡང་སྨིན།  །{{TibChung|དེའང་དོན་དམ་གནས་ལུགས་ཀྱི་ངོ་བོར་སྤྲོས་པའི་མཚན་མ་ཅི་ཡང་མི་དམིགས་ཀྱང་རོལ་རྩལ་ཀུན་རྫོབ་བདེན་པའི་སྣང་ཆ་མ་ {{TibChung|[2a]}} འགགས་པར་ཤར་བས་ཆོས་ཐམས་ཅད་རྟེན་འབྲེལ་རྒྱུ་རྐྱེན་ཟབ་མོའི་མཐུ་ལ་བརྟེན་ནས་ཕན་གནོད་ཀྱི་བྱ་བ་བྱེད་པའི་ཕྱིར།  །ལས་དང་བྱ་བ་གང་དང་གང་བརྩམས་ན་ཡང་ཇི་བཞིན་པར་འགྲུབ་པ་དང་མི་འགྲུབ་པ་ནི་ཕལ་ཆེར་རླུང་རྟ་དར་རྒུད་ཁོ་ན་ལ་བརྟེན་ནས་འབྱུང་བར་བཤད་པས།  །གནམ་ལོའི་རླུང་རྟས་རང་གི་སྐྱེས་རླུང་ཚུར་བཅད་པ་དང་།  བཟའ་མི་རླུང་རྟ་མི་མཐུན་པ་དང་།  དམེ་མནོལ་རྩོག་གྲིབ་མཛེ་ཡུག་སོགས་ཀྱིས་རྒུད་པར་བྱས་པ་དང་།  ཕ་རོལ་བྱད་མཁན་གྱིས་བཅིངས་པ་དང་།  གདོན་བགེགས་འབྱུང་པོས་ཕྱིན་ཅི་ལོག་ཏུ་བསྒྱུར་བ་སོགས་གང་ལའང་འདི་ཉིད་བསྐྱེད་པའི་ཐབས་ཟབ་མོར་འབད་པ་ཤིན་ཏུ་གལ་ཆེ་བ་ཡིན་ནོ།  །དེས་ན་དེའི་ཚུལ་མ་ནོར་བར་ལག་ {{TibChung|[2b]}} ཏུ་ལེན་པའི་རིམ་པ་ལ་གསུམ་སྟེ།  སྦྱོར་བ་བཅས་ཀྱི་གཤོམ་འགོད་པ།  །དངོས་གཞི་སྨྲང་གི་གཞུང་སྲོང་བ།  རྗེས་གཏའ་སྡོམ་མཐའ་རྒྱས་པར་བྱ་བའོ།  །དང་པོ་སྦྱོར་བ་བཅས་ཀྱི་གཤོམ་འགོད་པ་ནི།  ཟླ་བ་ཡར་གྱི་ངོའི་དུས་བཟང་གཟའ་སྐར་དགེ་བའི་སྔ་དྲོའི་ཆར་གཙང་ཞིང་ཡིད་དུ་འོང་བའི་གནས་དབེན་པ་བཟང་པོར་རིན་ཆེན་སྣ་ཚོགས་བསྲེས་པའི་ཁམས་ལས་རི་རབ་བང་རིམ་བཞི་པའི་སྟེང་དུ་རླུང་མཁར་གྲུ་བཞི་སྒོ་དང་ཁ་བད་ཐོག་ཁེབས་དང་ལྡན་པ་མཛེས་པར་བཅོས་པའི་དབུས་སུ་རུས་སྦལ་གྱི་གདན་ལ་ཀོང་ཙེ་འཕྲུལ་རྒྱལ་གྱི་སྐུ་ཕྱག་གཉིས་གཙུག་ལག་གབ་རྩེའི་གླེགས་བམ་དང་འཁོར་ལོ་བསྣམས་ ཤུག་པའམ་ཕོ་ཤིང་གི་བྱང་བུར།}} ཨོཾ་ཨཱཿཧཱུྃ་ཝཱ་གཱི་ཤྭ་རི་མུཾ་སྭཱཧཱ༔  ཧེ་ཧེ་སྟག་སེང་ཁྱུང་འབྲུག་འདིར་ཡར་སྐྱེད་ཀུན་འདུས་སརྦ་འདུ་འདུ་ཧོཿ    བསྒྲུབ་བྱའི་རླུང་རྟ་ཉམས་ཤིང་རྒུད་པ་ཐམས་ཅད་ཡར་སྐྱེད་ཅིག་སརྦ་པུཥྚིཾ་ཀུ་རུ་བརྔྷནྟུ་སྭཱཧཱ།  {{TibChung|ཞེས་དབུ་ཅན་ཆད་ལྷག་བྲིས་སྲུབ་མེད་པར་བྲིས་ཏེ་དྲི་བཟང་སོགས་བཟང་དྲུག་གི་ཁུ་བས་བྱུགས་ལ་དར་སེར་གྱི་ཅོད་པན་དང་བཅས་གཟུག  མོ་ལ་མོ་ཤིང་གླང་མ་སོགས་ལ་བྲིས་ཏེ་གཟུག་པ་ཁྱད་པར་དང་།  །གང་ལའང་རང་སྔགས་དང་རྟེན་སྙིང་ {{TibChung|[3a]}} གིས་རབ་གནས་བྱ།  ཕོ་རླུང་བསྐྱེད་ན་མདའ་རྒོད་སྒྲོ་མ་དང་།  མོ་རླུང་བསྐྱེད་ན་འཕང་བཀྲ་བཅོས་ཏེ་རང་ཁམས་སྲོག་མཐུན་གྱི་དར་བཏགས་བཙུག    འགྲུབ་ན་མཁར་གྱི་ནང་དུ་བཅས་སྒྲུབ་ཚད་ལྡན་གྱི་བུམ་གཏེར་རམ།  མ་གྲུབ་ན་འབྲུ་སྨན་རིན་པོ་ཆེ་དར་ཟབ་སོགས་ཀྱིས་ཕྱུར་བུར་བཀང་།  །འབྱུང་བའི་ཁམས་མཐུན་གྱི་ནམ་རྒྱངས་བཞི་བཞི་ཕྱོགས་མཚམས་རྣམས་སུ་གཟུག་ཅིང་།  རྩེ་ལ་གདུགས་བཟང་རྩིབས་བཞི་ཕྱོགས་མདོག་གི་དར་དཔྱང་བཏགས་པ་དབུབ།  མཐའ་སྐོར་དུ་བཀྲ་ཤིས་རྫས་རྟགས།  རྒྱལ་སྲིད་སྣ་བདུན།  འདོད་ཡོན་སྣ་ལྔ།  གཟུགས་འགྲོས་དཀོར་ནོར་སྣ་ཚོགས་དང་།  འབྲུ་སྣ།  ཤེལ་ཚིག  དཀར་མངར་སོགས་ཀྱིས་བསྐོར།  ཤིང་རྩི་བལ་ཚོན་གྱིས་བརྒྱན་པ་དང་སྦ་སྨྱུག་གི་ལོ་མ་སོགས་ཀྱང་བཙུག  མདུན་དུ་འབྲང་རྒྱས་ཞལ་དཀར།  ལྷ་ལུག་དཀར་པོ་སྐྱེ་མཆེད་དོད་པ།  །ལྷ་ནས་བྲེ་གང་ལ་མདའ་དར་བཙུགས་པ།  །གཙང་ཤ་དཀར་མོ་ལག་གཡས།  གསེར་སྐྱེམས།  ཕྱེ་མར།  བསང་ཤིང་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་འདུ་བྱའོ།  །གཉིས་པ་དངོས་གཞི་སྨྲང་གི་གཞུང་སྲོང་བ་ལ་བཀྲ་ཤིས་པའི་གྲངས་ཏེ།  བདག་གི་རྣལ་འབྱོར།  རྟེན་མཆོད་རློབ་པ།  མདུན་རྟེན་བསྐྱེད་པ།  སྤྱན་འདྲེན་པ།  ཁུངས་སྨོས་པ།  །མཐུན་རྫས་སྟོབ་པ།    {{TibChung|[3b]}} རྟེན་འཛུག་པ།  བསང་གིས་བསྐྱེད་པའོ།  །དང་པོ་བདག་གི་རྣལ་འབྱོར་ནི།  སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས།}}  ཨོཾ་སྭ་བྷཱ་ཝ་ཤུངྔྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོཉཧཾ་{{TibChung|གིས་སྦྱང་།}} ཆོས་རྣམས་སྟོང་པའི་ངང་ཉིད་ལས།  །རང་སེམས་མུཾཿཡིག་ཡོངས་གྱུར་པ།  །སྐད་ཅིག་འཕགས་པ་འཇམ་དཔལ་དབྱངས།  །དམར་སེར་གུར་གུམ་གསར་པའི་མདངས།  །ཕྱག་གཡས་ཡེ་ཤེས་རལ་གྲི་གདེངས།  །གཡོན་པས་ཤེར་ཕྱིན་གླེགས་བམ་གྱིས།  །མཚན་པའི་ཨུཏྤལ་སྡོང་བུ་འཛིན།  །གཞོན་ཚུལ་དར་དང་རིན་ཆེན་བརྒྱན།  །པད་ཟླའི་གདན་ལ་སྐྱིལ་ཀྲུང་བཞུགས།  །སྣང་སྟོང་ཟུང་འཇུག་རོལ་པའི་སྐུ།  །ཁམས་གསུམ་ཟིལ་གནོན་ཆེན་པོ་རུ།  །གསལ་བའི་གནས་གསུམ་འབྲུ་གསུམ་མཚན།  །འོད་འཕྲོས་རང་འདྲའི་ཡེ་ཤེས་པ།  །སྤྱན་དྲངས་གཉིས་སུ་མེད་པར་ཐིམ།  །བདེ་གཤེགས་རིགས་ལྔས་དབང་བསྐུར་ཞིང་།  །རིགས་ཀྱི་བདག་པོས་རྒྱས་གདབ་བསམ།  །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དབུས།  །མུཾཿཡིག་མཐའ་མར་སྔགས་ཀྱིས་བསྐོར།  །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་གྱི།  །སྒྲིབ་སྦྱངས་སྣང་སྲིད་ལྷར་གྱུར་ནས།  ། {{TibChung|[4a]}} ཀུན་ཀྱང་སྔགས་ཀྱི་རང་སྒྲ་སྒྲོགས།  །གང་འདོད་ལས་རྣམས་འགྲུབ་པར་བསྒོམ།  ཨོཾ་ཝཱ་གཱི་ཤྭ་རི་མུཾཿ  {{TibChung|ཞེས་ཅི་འགྲུབ་བཟླས་མཐར།}}  ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་{{TibChung|སོགས་ནས།}}  ཤཔྡ་པཱུ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ།  {{TibChung|ཞེས་མཆོད།}} གཞོན་ནུའི་སྐུ་ལུས་འཆང་བ་པོ།  །ཤེས་རབ་སྒྲོན་མེ་རབ་ཏུ་གསལ།  འཇིག་རྟེན་གསུམ་གྱི་མུན་སེལ་བ།  །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད།  །{{TibChung|ཅེས་བསྟོད་ལ།}} རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་།  ཁྱད་པར་དུ་དེང་འདིར་བརྩམས་པའི་ལས་འདིའི་འབྲས་བུ་མངོན་སུམ་དུ་གྱུར་ནས་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དུ་གསོལ།  {{TibChung|ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་བོ།  །གཉིས་པ་རྟེན་མཆོད་བྱིན་གྱིས་བརླབ་པ་ནི།}} སྭ་བྷཱ་ཝ{{TibChung|ས་སྦྱང་།}} རང་གི་ཐུགས་ལས་རྃ་ཡྃ་ཁྃ།  །མེ་རླུང་ཆུ་ཟེར་འཕྲོ་བ་འཕྲོས།  །མ་དག་དྲི་མ་དབྱིངས་སུ་སྦྱངས།  །དག་པ་ཡེ་ཤེས་ཆེན་པོའི་རྟེན།  །ནམ་མཁའ་མཛོད་ཀྱི་རང་བཞིན་ཅན།  །སོ་སོའི་ཐུགས་ལ་ཅི་བཞེད་པར།  །འཆར་བའི་ {{TibChung|[4b]}} བྱེད་ལས་ཅན་དུ་གྱུར།  །ཨོཾ་ཨཱཿཧཱུྃ།  ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ།  {{TibChung|ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་བདུན་གྱིས་སྤེལ།  །གསུམ་པ་མདུན་རྟེན་བསྐྱེད་པ་ནི།}}  ཀྱཻ།  ཆོས་རྣམས་སྟོང་ཉིད་ནམ་མཁའི་ཀློང་།  །ཡེ་ཤེས་འོད་ལྔའི་རང་མདངས་ལས།  །རླུང་མེ་ཆུ་སའི་དཀྱིལ་འཁོར་དབུས།  །རིན་ཆེན་རི་རབ་གྲུ་བཞིའི་སྟེང་།  །འབྱུང་བའི་དྭངས་མ་འཁྲིགས་པ་ཡི།  །རླུང་མཁར་གྲུ་བཞི་སྒོ་བཞི་པ།  །དབྱིབས་བཀོད་རྒྱ་ཁྱོན་ཚད་མེད་པ།  །འདོད་རྒུའི་འབྱོར་པས་གང་བའི་སྟེང་།  །མ་ཧཱ་གསེར་གྱི་རུས་སྦལ་ལ།  །གནས་པའི་ཀོང་ཙེ་འཕྲུལ་གྱི་རྒྱལ།  །འཁོར་ལོས་སྒྱུ་བའི་ཆ་བྱད་ཅན།  །ཕྱག་གཉིས་གླེགས་བམ་གསེར་འཁོར་བསྣམས།  །དགྱེས་ཉམས་འོད་དང་གཟི་མདངས་འབར།  །སྤྱི་གཙུག་འཇའ་ཟེར་འཁྲུགས་པའི་ཀློང་།  །རིགས་བདག་མགོན་པོ་འཇམ་པའི་དབྱངས།  །དམར་སེར་རལ་པོད་འཛིན་པ་འགྱིང་།  །རྩ་གསུམ་རབ་འབྱམས་སྤྲིན་ལྟར་གཏིབས།  །ཤར་དུ་རླུང་རྟ་བསྐྱེད་པའི་ལྷ།  །དུང་སེང་གཡུ་ཡི་རལ་པ་ཅན།  །འཇིགས་མེད་གདོང་ལྔས་བརྗོད་པ་འགྱིང་།  །ལྷོ་རུ་རླུང་ {{TibChung|[5a]}} རྟ་བསྐྱེད་པའི་ལྷ།  གཡུ་འབྲུག་ཟངས་ཀྱི་གློག་ཞགས་ཅན།  །རྔམས་པའི་ང་རོ་སྒྲོགས་པ་འཁྲུག  །ནུབ་ཏུ་རླུང་རྟ་བསྐྱེད་པའི་ལྷ།  །མཚལ་སྟག་གསེར་གྱི་ངང་རིས་ཅན།  །དཔའ་རྩལ་གཟི་བརྗིད་ལྡན་པ་འཕྱོ།  །བྱང་དུ་རླུང་རྟ་བསྐྱེད་པའི་ལྷ།  །ཁྱུང་ཆེན་ནོར་བུའི་ཐོར་ཚུགས་ཅན།  །སྟོབས་ཤུགས་འགྲན་མེད་མཁའ་ལ་ལྡིང་།  །མཐའ་སྐོར་སྤར་མེ་འབྱུང་བ་དང་།  །ལོ་ཟླ་ཞག་དུས་གཟའ་རྒྱུ་སྐར།  །ཚེས་ལ་དབང་བའི་རླུང་ལྷའི་ཚོགས།  །དཔག་མེད་སྤྲིན་ལྟར་འཁྲིགས་པས་བསྐོར།  །གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས།  །སྐད་ཅིག་ཉིད་ལ་བྱོན་པར་གྱུར།  །{{TibChung|བཞི་པ་སྤྱན་འདྲེན་པ་ནི།  །རོལ་མོ་དབྱངས་དང་བཅས་པས།  ཀྱཻ།}}    དད་དང་དམ་ཚིག་སྨོན་ལམ་མཐུས།  །གདུང་བ་དྲག་པོས་སྤྱན་འདྲེན་ན།  །སྔོན་གྱི་ཐུགས་དམ་དེང་དགོངས་ལ།  །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི།  །ཚེ་བསོད་དཔལ་འབྱོར་སྤེལ་བ་དང་།  །སྲོག་ལུས་དབང་ཐང་རླུང་རྟའི་དཔལ།  །བསྐྱེད་ཕྱིར་སྟོང་གསུམ་འབྱུང་ལྔའི་ཞིང་།  །རང་བཞིན་གར་བཞུགས་གནས་མཆོག་ནས།  །ཡེ་ཤེས་འཇིག་རྟེན་ཚུལ་ {{TibChung|[5b]}} སྟོན་པའི།  །རླུང་རྟའི་ལྷ་དང་དགྲ་བླའི་ཚོགས།  །གནས་འདིར་བྱོན་ལ་རྟེན་འདི་རུ།  །དགྱེས་བཞུགས་རང་མཐུན་འདོད་ཡོན་འབུལ།  །རླུང་རྟ་བསྐྱེད་པའི་ལས་མཛོད་ཅིག  །བཛྲ་ས་མ་ཡ་ཛཿ  ཛཿཧཱུྃ་བྃ་ཧོཿ    སརྦ་པཱུ་ཛ་ཧོཿ  {{TibChung|ལྔ་པ་ཁུངས་སྨོས་པ་ནི།  དྲི་ཞིམ་པོའི་སྤོས་བཏུལ་ཞིང་དབྱངས་སྙན་པོས།}} ཧོཿ    དང་པོ་ཡེ་མེད་སྟོང་པ་ལ།  །མ་ཧཱ་གསེར་གྱི་རུས་སྦལ་སྲིད།  །ལུས་ལ་འབྱུང་བ་ལྔ་ཡང་ཤར།  །སྲིད་པའི་གནམ་ཡང་ཕུབ།  །གྲགས་པ་ས་ཡང་བཏིང་།  །ལུང་དུ་མཚོ་ཡང་བསྐྱིལ།  །མཐོ་རུ་རི་ཡང་བསྟོད།  །གཙུག་ལག་སྲིད་པ་བཏིང་།  །ཡེ་མཁྱེན་སྐོས་རྒྱ་བཀོད།  །ཐད་དུ་རི་ཡང་བཙུགས།  །གྲལ་བཙུན་རྨངས་པོ་བསྒྲིག  །  ལུང་དུ་ཆབ་ཀྱང་དྲངས།  །སྨན་བཙུན་ལུ་མ་ཕབ།  །སྲིད་པ་དེ་ལྟར་ཆགས་པ་ཡིན།  །ཀྱཻ་གཏོ་ལམ་ཤར་དུ་བསྟན།  །ཉི་མ་ཤར་ཕྱོགས་ཀྱི།  །རི་བོ་རྩེ་ལྔ་ན།  །འཕགས་པའི་སྤྲུལ་པ་ནི།  །ཀོང་རྩེ་རྒྱལ་པོ་བཞུགས།  །དེ་ཡི་སྤྲུལ་པ་ནི།  །ཡེ་མཁྱེན་རྒྱལ་པོ་བཞུགས།  །གབ་རྩེ་སུམ་བརྒྱ་བསྐོར།  །མན་ངག་ཐང་ལ་འབེབ།  གཏོ་དང་དཔྱད་ཀྱང་བྱེད།  །གཏོ་ {{TibChung|[6a]}} དཔྱད་གཞི་མ་ལ།  །རྨངས་པོས་བུ་ཡང་འཚོལ།  །དབུལ་པོས་ནོར་ཡང་འཚོལ།  །     །ཕྱྭ་སྐོས་རྗེ་བྲང་དཀར་ལ།  །སྐོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས།  །   །སྐྱེ་བའི་རྒྱུ་ཡང་མེད།  །ཕོ་མོའི་སྒབ་ཀྱང་ཆད།  །སྐྱེ་བོའི་རྒྱུ་ཡོད་ཀྱང་།  །མི་སྐྱེས་མོ་རུ་སྐྱེས།  །ཕྱུགས་སྐྱེས་ཕོ་རུ་སྐྱེས།  །དགྲ་དང་རྐུན་མ་བྱུང་།  །ཅིར་བྱས་ཅིར་མ་བཏུབ།  །ཡེ་མཁྱེན་རྒྱལ་པོ་ལ།  །གཏོ་དང་དཔྱད་ཞུས་པས།  །ཡེ་མཁྱེན་ཞལ་ན་རེ།  །བཟའ་མི་རླུང་མ་མཐུན།  །ཅི་བྱས་ཅིར་མ་བཏུབ།  །གནམ་ལོའི་རླུང་རྟས་བཅད།  །རླུང་རྟ་གསོ་ཡང་འཚལ།  །རླུང་རྟའི་ཀ་བ་ཚུགས།  །མི་ཁ་ཐུར་ལ་བསྐུར།  །དེ་སྐད་གསུངས་པ་དང་།  །ཉིན་གསུམ་ཆས་སུ་བསགས།  །མཚན་གསུམ་སྨྲང་དུ་གྱེར།  །རླུང་རྟའི་ཀ་བ་བཙུགས།  །དགྲ་འདྲེ་ཐུར་ལ་མནན།  །སྐོས་རྗེ་བྲང་དཀར་དེ།  །མི་ནོར་གཉིས་སུ་འཛོམ།  །སྔོན་དུས་དེ་ལྟར་སྲིད་པ་ཡན།  །དེ་རིང་རྒྱུ་སྦྱོར་བདག་ཅག་གིས།  །ལྷ་ཡང་ཡིག་ཚང་རླུང་གི་ལྷ།  །མཁར་ཡང་ཡིག་ཚང་རླུང་གི་མཁར།  །རླུང་རྟ་ཉམས་ན་དེ་རིང་གསོའོ།  །{{TibChung|དྲུག་པ་མཐུན་རྫས་སྟོབ་པ་ནི།}}  ཀྱཻ།    {{TibChung|[6b]}} ལྷ་ལུག་ཏེལ་པ་དང་།  །འབྲང་རྒྱས་ཞལ་དཀར་དང་།  །གཙང་ཤ་ལག་གཡས་དང་།  །གསེར་སྐྱེམས་གཡུ་སྔོན་གྱིས།  །རླུང་གི་ལྷ་ཡང་མཆོད།  །མདའ་མོ་རྒོད་སྒྲོ་ལ།  ལེ་བརྒན་དར་ལྕེ་བཏགས།  །རིན་ཆེན་འཕང་བཀྲ་ལ།  །སྲོག་མཐུན་དར་ཐག་དཀྲིས།  །རྒྱུ་སྦྱོར་ཡོན་བདག་གི།  །རླུང་རྟའི་རྟེན་དུ་འཛུག  །རིན་ཆེན་སྣ་ལྔ་ཡིས།  །རླུང་རྟའི་མཁར་ཡང་བརྩིགས།  འབྲུ་སྨན་དཀོར་ཆའི་ཚོགས།  །མི་ཟད་གཏེར་དུ་སྦས།  །རླུང་རྟའི་ཀ་བ་བཙུག  །ལྷ་ཤིང་དྲི་བཟང་ཚོགས།  །འབར་བའི་མེ་ལ་བསྲེག  །ཕྱེ་མར་ཕུད་ཀྱིས་སྦྲན།  །རླུང་རྟ་ཉམས་རྒུད་བསངས།  །དགྱེས་པའི་རྟེན་འདིར་བཞུགས།  །{{TibChung|བདུན་པ་རྟེན་འཛུག་པ་ནི།}} ཀྱཻ།  གསོན་ཅིག་འབྱུང་བའི་ལྷ་འདྲེ་རྣམས།  །ཉོན་ཅིག་རླུང་རྟའི་ལྷ་རྣམས་ཉོན།  །ཕོ་རླུང་རྟེན་དུ་མདའ་འཛུག་གོ།  །མདའ་མོ་ཚིགས་ནས་མ་གྲུམ་ཞིག  །མོ་རླུང་རྟེན་དུ་འཕང་འཛུག་གོ།  །གསེར་འཕང་རྩེ་ནས་མ་ཉིལ་ཞིག  །བུ་རླུང་རྟེན་དུ་མཁར་འཛུག་གོ།  །རླུང་མར་རྨངས་ནས་མ་འགྱེལ་ཞིག  །ཟས་རླུང་རྟེན་དུ་འབྲུ་བཅུད་འཛུག  །འབྲུ་བཅུད་ཉམས་སུ་མ་འཇུག་ཅིག  །ནོར་རླུང་རིན་ཆེན་ལ་ {{TibChung|[7a]}} བརྟེན་ནོ།  །རིན་ཆེན་གླིང་ནས་མ་ཉམས་ཤིག  །བུ་རླུང་མ་ལ་བརྟེན་ནས་སུ།  །མངལ་ཕུག་ཚིགས་ནས་མ་སྐེམས་ཤིག  །སྐྱེ་རླུང་ཤིང་ལ་བརྟེན་ནས་སུ།  །ཤིང་བུ་གྲུམ་ནས་མ་སྐམ་ཞིག  །ཕོ་རླུང་ངན་པ་ཚེ་ཐུང་བ།  །མོ་རླུང་ངན་པ་དཔལ་ཆུང་བ།  །བུ་རླུང་ངན་པ་སྐྱེད་ཆུང་བ།  །བཟའ་མི་རླུང་རྟ་མི་མཐུན་པ།  །ཐམས་ཅད་དེ་རིང་གསོ་འཚལ་ལོ།  །ཤིང་བདུད་ལྕགས་ཀྱིས་བཅད་པ་དང་།  །མེ་བདུད་ཆུ་ཡིས་བཅད་པ་དང་།  །ས་བདུད་ཤིང་གིས་བཅད་པ་དང་།  །ལྕགས་བདུད་མེ་ཡིས་བཅད་པ་དབང་།  །ཆུ་བདུད་ས་ཡིས་བཅད་པ་སྟེ།  །གཅིག་བདུད་གཅིག་གིས་བཅད་པ་ལ།  །རླུང་རྟའི་རྟེན་དང་ཀ་བ་འཛུག  །ཤིང་འཕྲད་འཁྲོག་ཅིང་ཆག་པ་དང་།  མེ་འཕྲད་འབར་ཞིང་ཚིག་པ་དང་།  །ས་འཕྲད་རུལ་ཞིང་འཆི་བ་དང་།  །ལྕགས་འཕྲད་འདར་ཞིང་གཅོད་པ་དང་།  །ཆུ་འཕྲད་བོ་ཞིང་འཁྱོམ་པ་དང་།  །འབྱུང་རླུང་དགྲ་འཕྲད་འཁྲུགས་པ་རྣམས།  །དེ་རིང་གསོ་ཞིང་བཅོས་པའ་ཕྱིར།  །རླུང་གི་མཁར་དང་རྟེན་ཡང་འཛུག  །གནམ་ལོའི་རླུང་རྟས་བཅད་པ་དང་།  །རླུང་རྟའི་མདངས་ཉམས་ {{TibChung|[7b]}} ཤོར་བ་དང་།  །རླུང་རྟའི་རྟེན་ཕུར་ཆག་པ་དང་།  །ཕོ་རླུང་གནམ་སྒོ་ཕྱེ་བ་དང་།  །མོ་རླུང་ས་སྒོ་རལ་བ་དང་།  །བུ་རླུང་ཡིག་ཚང་ངན་པ་རྣམས།  །དེ་རིང་བཅོས་ཤིང་བསྐྱེད་པའི་ཕྱིར།  །རླུང་གི་མཁར་དང་རྟེན་འཛུག་གོ།  །ཀྱཻ།  ཤར་ཕྱོགས་འབྱུང་བ་ཤིང་ལ་རླུང་ཞིག་སློང་།  །ཡིག་ཚང་འཁོར་འདབ་ཤིང་ལྟར་རྒས་གྱུར་ཅིག  །ལྷོ་ཕྱོགས་འབྱུང་བ་མེ་ལ་རླུང་ཞིག་སློང་།  །ཡིག་ཚང་བསོད་ནམས་མེ་ལྟར་འབར་གྱུར་ཅིག  །ནུབ་ཕྱོགས་འབྱུང་བ་ལྕགས་ལ་རླུང་ཞིག་སློང་།  །ཡིག་ཚང་ཚེ་སྲོག་ལྕགས་ལས་སྲ་གྱུར་ཅིག  །བྱང་ཕྱོགས་འབྱུང་བ་ཆུ་ལ་རླུང་ཞིག་སློང་།  །ཡིག་ཚང་མི་བརྒྱུད་ཆུ་ལྟར་རིང་གྱུར་ཅིག  །དབུས་མཚམས་འབྱུང་བ་ས་ལ་རླུང་ཞིག་སློང་།  །ཡིག་ཚང་འབྱུང་བ་ས་ལྟར་བརྟན་གྱུར་ཅིག  །འབྱུང་བ་གྲོགས་འཕྲད་ཚ་གྲང་སྙོམས་གྱུར་ཅིག  །ཀྱཻ།  རླུང་རྟ་ཉམས་པ་ལ།  །གསེར་གཡུའི་རྟེན་བཙུགས་པས།  །ཡིག་ཚང་གསེར་གཡུ་ཡི།  །བཀྲག་ལས་ཆེ་བར་ཤོག  །  {{TibChung|ཅེས་བརྗོད།  བརྒྱད་པ་བསང་གིས་བསྐྱེད་པ་ནི།  སྨན་ཤིང་དྲི་བཟང་པོའི་དུད་སྤྲིན་ཕྱེ་མར་འོ་སྐོལ་གྱིས་བྲན་ཏེ།}} རྃ་ཡྃ་ཁྃ།  བསང་མཆོད་ཟག་ {{TibChung|[8a]}} པ་མེད་པ་འདོད་ཡོན་བདུད་རྩིའི་སྤྲིན་ཆེན་པོར་གྱུར་{{TibChung|པར་བསམ་ཞིང་།}}  ཨོཾ་ཨཱཿཧཱུྃ་{{TibChung|གིས་རྒྱ་ཆེར་སྤེལ་བ།}} ཀྱཻ།  བསང་མཆོད་ཕུན་སུམ་ཚོགས་པ་འདི།  །སངས་རྒྱས་མཆོད་དང་དགེ་འདུན་དང་།  །བླ་མ་ཡི་དམ་མཁའ་འགྲོ་དང་།  །ཆོས་སྐྱོང་ནོར་ལྷ་གཏེར་བདག་སོགས།  །བདག་ལ་བསྲུང་ཞིང་སྐྱོབ་རྣམས་བསང་།  །རླུང་རྟ་དར་བའི་སྡོང་གྲོགས་མཛོད།  །ཀྱཻ།  ཤར་གྱི་ཕྱོགས་ན་གནས་པའི་ལྷ།  །རླུང་རྟ་དར་བའི་དགྲ་བླ་ནི།  །དུང་སེང་གཡུ་ཡི་རལ་པ་ཅན།  །དཔའ་རྩལ་ཆེ་བའི་དགྲ་བླ་བསང་།  །བདག་གི་རླུང་རྟ་དར་བར་མཛོད།  །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ།  །ཀྱཻ།  ལྷོ་ཡི་ཕྱོགས་ན་གནས་པའི་ལྷ།  །རླུང་རྟ་དར་བའི་དགྲ་བླ་ནི།  །གཡུ་འབྲུག་ཟངས་ཀྱི་མཆེ་བ་ཅན།  །ངེ་སྐད་ཆེ་བའི་དགྲ་བླ་བསང་།  བདག་གི༴    རྒུད་པའི༴    ཀྱཻ།  ནུབ་ཀྱི་ཕྱོགས༴    རླུང་རྟ་དར༴    རྒྱ་སྟག་མཚལ་གྱི་ཐིག་ལེ་ཅན།  །དཔའ་རྔམས་ཆེ་བའི་དགྲ་བླ་བསང་།  །བདག་གི༴    རྒུད་པའི༴    ཀྱཻ།  བྱང་གི༴    རླུང་རྟ༴    ཁྱུང་ཆེན་ནོར་བུའི་ཐོར་ཚུགས་ཅན།  །སྟོབས་ཤུགས་ཆེ་བའི་དགྲ་ {{TibChung|[8b]}} བླ་བསང་།  བདག་གི༴    རྒུད་པའི༴    ཀྱཻ།  ཕྱོགས་བཞི་མཚམས་བརྒྱད་གནས་པའི་ལྷ།  །འབྱུང་བ་ལྔ་ཡི་ལྷ་རྣམས་བསང་།  །འབྱུང་བའི་རླུང་རྟ་དར་བར་མཛོད།  །རྒུད་པའི༴    སྤར་ཁ་བརྒྱད་ཀྱི་ལྷ་རྣམས་བསང་།  སྤར་ཁའི་རླུང་རྟ་དར༴    རྒུད་པའི༴    སྨེ་བ་དགུ་ཡི་ལྷ་རྣམས་བསང་།  །སྨེ་བའི་རླུང་རྟ་དར༴    རྒུད་པའི༴    ལོ་ཟླ་ཞག་དུས་ལྷ་རྣམས་བསང་།  །ལོ་ཟླའི་རླུང་རྟ་དར།  །རྒུད་པའི༴    འགོ་བའི་ལྷ་དང་སྐྱོབ་པའི་ལྷ།  །ཕ་ལྷ་མ་ལྷ་ཞང་ལྷ་དང་།  །འཕྲག་ལྷ་ལུས་ལྷ་ཐམས་ཅད་བསང་།  །བདག་གི་རླུང་རྟ་དར༴    རྒུད་པའི༴    བསྐྱེད་ཅིག་རླུང་རྟ་ཡར་ལ་སྐྱེད།  །ལུས་ལ་དཔའ་རྩལ་གཟི་བརྗིད་སྐྱེད།  །ངག་ལ་བདེན་པའི་ནུས་མཐུ་སྐྱེད།  །སེམས་ལ་བདེ་བའི་ཏིང་འཛིན་སྐྱེད།  །ནད་གདོན་བར་ཆད་ཞི་བར་མཛོད།  །ཚེ་བསོད་སྟོབས་འབྱོར་འཕེལ་ཞིང་རྒྱས།  །སྣང་སྲིད་དབང་སྡུས་དགྲ་བགེགས་སྒྲོལ།  །ཕྱོགས་ལས་རྒྱ་བའི་རྒྱལ་མཚན་འཕྱོར།  །འདོད་པའི་དོན་ཀུན་འགྲུབ་པར་མཛོད།  །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།  །བདག་ཅག་ལྷ་ངོ་རྒྱལ་གྱུར་ཅིག    །ནག་ཕྱོགས་བདུད་རིགས་ཆམ་ {{TibChung|[9a]}} ལ་ཕོབ།  །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད།  །{{TibChung|ཅེས་གྲངས་བསྐྱེད་དེ་བྱའོ།  །རྩ་བའི་གསུམ་པ་རྗེས་གཏའ་སྡོམ་ཞིང་མཐའ་རྒྱས་པར་བྱ་བ་ནི།  དེ་ནས་རླུང་རྟའི་རྟེན་མཁར་དེ་ཉིད་བཀྲ་ཤིས་པའི་རི་བོའི་རྩེའམ་གནས་ཁང་གི་ཡང་ཐོག་ལ་སོགས་པ་ཆུད་པ་མི་ཟ་བའི་གནས་བརྟན་པར་བཞུགས་སུ་གསོལ།  །བསྒྲུབ་བྱའི་ཁམས་མཐུན་གྱི་རླུང་དར་ཡང་བུང་བསྐྱེད་དེ་འཕྱར་ཞིང་།}} ཧོ།  དེ་རིང་རླུང་གི་ཀ་བ་དང་།  །རླུང་གི་རྟེན་དང་མཁར་འཛུག་གོ།  །རླུང་མཁར་ལྡན་པ་ལྔ་ལ་ནི།  །རླུང་རྟའི་ལྷ་རྣམས་བཞུགས་སུ་གསོལ།  །སྤར་སྨེ་ལོ་ཟླ་ཞག་དུས་ལ།  །འཁོར་བའི་རླུང་རྟ་བསྐྱེད་པའི་ལྷ།  །ཐམས་ཅད་རླུང་རྟེན་འི་ལ་བཞུགས།  །རྒྱུ་སྦྱོར་བདག་ཅག་འཁོར་བཅས་ཀྱི།  །རླུང་རྟ་ཉམས་སུ་མ་འཇུག་ཅིག  །རླུང་རྟ་སྦུབས་ན་སློང་དུ་གསོལ།  །རླུང་རྟ་ཆག་ན་དེ་རིང་ཆིངས།  །རླུང་རྟ་རལ་ན་དེ་རིང་ཚེམས།  རླུང་རྟ་ཆད་ན་དེ་རིང་མཐུད།  །རླུང་རྟ་འགྱེལ་ན་དེ་རིང་ཚུགས།  །མི་རླུང་ནོར་ཕྱུགས་གཡང་སྒོ་སྡོམས།  །ཟས་རླུང་བཅུད་དང་ལྡན་པར་མཛོད།  །ཤར་སྒོ་དུང་སེང་དཀར་པོས་སྲུངས།  །ལྷོ་སྒོ་གཡུ་འབྲུག་སྔོན་མོས་སྲུངས།  །ནུབ་སྒོ་མཚལ་སྟག་དམར་མོས་ {{TibChung|[9b]}} སྲུངས།  །བྱང་སྒོ་ཁྱུང་ཆེན་འབར་བས་སྲུངས།  །གཏའ་རུ་འཛིན་ནོ་རྟེན་འདིར་བཞུགས།  །མི་མཐུན་ཀུན་ཞི་འབྱོར་དྲུག་རྒྱས།  །ཁམས་གསུམ་དབང་སྡུས་དགྲ་འདྲེ་ཆོམས།  །ཕྱོགས་ལས་རྣམ་པར་རྒྱལ་བ་ཡི།  །རླུང་རྟའི་རྒྱལ་མཚན་བསྒྲེང་བར་མཛོད།  །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།  །སྐྱེད་ཅིག་སྐྱེད་ཅིག་རླུང་རྟ་སྐྱེད།  །ལྷ་ངོ་དུང་བས་དཀར་གྱུར་ཅིག  །ཆབ་སྲིད་མངའ་ཐང་འཕེལ་གྱུར་ཅིག    །{{TibChung|ཅེས་བརྗོད་ལ།}}    འདིར་ནི་གཟུགས་དང་ལྷན་ཅིག་ཏུ།  །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་།  །ནད་མེད་ཚེ་དང་དབང་ཕྱུག་དང་།  མཆོག་རྣམས་ལེགས་པར་སྩལ་དུ་གསོལ།  །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ།  {{TibChung|ཞེས་ལྷག་གནས་ཀྱི་མེ་ཏོག་འཐོར་བས་བརྟན་བཞུགས་བྱ།  །}} བདག་ཉིད་ལྷར་སྣང་དབྱིངས་སུ་ཡལ།  །དམིགས་མཐའ་བྲལ་བའི་ངང་དུའོ།  །དགེ་འདིས་མཐའ་ཡས་སེམས་ཅན་ཀུན།  །ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཅིང་།  །བསམ་དན་ཆོས་བཞིན་འགྲུབ་པ་ཡི།  །བཀྲ་ཤིས་དགེ་ལེགས་དཔལ་འབར་ཤོག  །  {{TibChung|ཅེས་བདག་བསྐྱེད་བསྡུས་པ་ལ་སྨོན་ལམ་གྱི་རྒྱས་གདབ།  །རྟེན་འབྲེལ་སྙིང་པོས་ཐོག་དྲངས་ཏེ་ཕུན་སུམ་ཚོགས་པ་ལ་སོགས་པའི་ཤིས་པ་རྒྱ་ཆེར་ {{TibChung|[10a]}} བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་ཕྱོགས་དུས་ཀུན་ཏུ་དགེ་ལེགས་ཀྱི་སྣང་བ་ཡོངས་སུ་ཁྱབ་པར་བྱའོ།  །དེ་ལྟར་བགྱིས་པས་ལས་དང་བྱ་བ་གང་བརྩམ་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པ་སོགས་གཞུང་ནས་ཇི་སྐད་གསུངས་པ་ལྟར་གྱི་འདོད་པའི་འབྲས་བུ་རྒྱ་ཆེར་སྨིན་པའི་དགེ་མཚན་ངོ་མཚར་བ་མངོན་སུམ་དུ་མཐོང་བར་འགྱུར་བ་ནི་ངེས་པའོ།  །ཚུལ་འདི་ལ་གསར་རྙིང་གི་དམ་པ་དུ་མས་སོ་སོའི་བཞེད་ཕྱོགས་དང་བསྟུན་པའི་ཆོག་ཁྲིགས་ཡིག་ཆ་འགའ་ཞིག་སྣང་བར་སྤྱིར་རྒྱལ་བའི་ཕྲིན་ལས་འཇུག་པ་བསམ་མི་ཁྱབ་པའི་ཕྱིར་ན་གང་ཡང་ཕྱག་ལེན་གྱི་དབྱེ་བསྡུའི་མཐའ་མི་ཁེགས་མོད།  །འོན་ཀྱང་ཕལ་ཆེར་རྒྱས་བསྡུས་ཀྱི་མཐར་ལྷུང་ཞིང་ཁ་ཅིག་སྤར་ཁའི་སྤྱི་གཏོ་དང་གཡང་ཆོག་གི་རྒྱས་འགེབས་བཀའ་གཏེར་གི་གཞུང་བསྲེས་པ་སོགས་ཉ་དང་ཉུང་མ་བསྲེ་བའི་ངང་ཚུལ་དུ་རྟོགས།  །འདིར་ནི་རྒྱ་ནག་གི་འགྱུར་རྙིང་རྩ་བའི་དགོངས་པ་ཚིག་དོན་གཉིས་ཀའི་ཆ་ལ་འདོད་ཁྱེར་ལྷན་གདབ་ཀྱིས་མ་བསླད་པར་མཁས་གྲུབ་བླ་མའི་ཕྱག་བཞེས་ཀྱི་མན་ངག་ཇི་ལྟ་བར་མ་འདྲེས་གཙང་དག་ཏུ་བཀོད་པ་ཡིན་པས་ཀུན་གྱིས་ཡིད་རྟོན་དུ་རུང་བའི་གནས་སུ་རིགས་པར་བྱས་སོ།  །ལེགས་པར་བཤད་པའི་ཁྲིགས་རིམ་སྐྱེས་ཀྱི་ཕུལ།  །ཉེས་རྒུད་ཕོངས་པའི་གཡུལ་ངོ་མཐར་བསྐྲད་དེ།  །ཕན་བདེའི་དགའ་སྟོན་འདོད་རྒུར་འཇོ་བའི་ཆོས།  །ཡིད་བཞིན་ནོར་བུའི་བྱ་བ་བྱས་པ་སྙམ།  །བསྟན་པའི་སྦྱིན་བདག་མངའ་ཐང་ས་འཛིན་བརྗོད།  ། {{TibChung|[10b]}} བསྟན་འཛིན་སྐྱེས་བུའི་མཛད་ཕྲིན་ཉི་ཟླ་གསལ།  །བསྟན་འགྲོའི་དཔལ་ཡོན་མཐོ་རིས་དགའ་ཚལ་བཞད།  །བསྟན་སྲིད་མི་ནུབ་རྒྱལ་མཚན་རྟག་བསྒྲེང་ཤོག  །དེ་ལྟར་རླུང་རྟའི་རྟེན་མཁར་འཛུག་པའི་ཆོ་ག་དགེ་ལེགས་ཀུན་འབྱུང་བཀྲ་ཤིས་གཏེར་གྱི་བུམ་བཟང་ཞེས་བྱ་བ་འདིའང་།  རང་གཞན་མང་པོ་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་མཐོང་ནས།  །འཇམ་དཔལ་བློ་ལྡན་མཆོག་སྲེད་ཀྱི་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་སྐྱོང་གི་ལོ་མགོ་ཟླ་ཕྱི་མའི་ཡར་ཚེས་ཀྱི་རྒྱལ་བ་དང་པོ་ལ་བུ་ཆུ་བདེ་ཆེན་སྟེང་གི་རིག་པ་འཛིན་པའི་དགའ་ཚལ་དུ་སྦྱར་བ་སྟེ།  འདིས་ཀྱང་བསྟན་འགྲོའི་ཕན་བདེའི་དགེ་མཚན་མཆོག་ཏུ་དར་བའི་རྒྱུར་གྱུར་ཅིག།  །སརྦ་སྭསྟི་སིདྡྷི་ཛ་ཡནྟུ།།  །།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ ཤོག།  །།དགེའོ།།  །།}}  }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 16:41, 23 December 2025

Wylie title rlung rta'i rten mkhar 'dzug pa'i cho ga dge legs kun 'byung bkra shis gter gyi bum bzang DJYD-KABUM-18-TSHA-005.pdf
Location bdud 'joms rin po che bka' 'bum
Volume 18, Text 5, Pages 453-472 (Folios 1a1 to 10b4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rlung rta'i rten mkhar 'dzug pa'i cho ga dge legs kun 'byung bkra shis gter gyi bum bzang. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 18: 453-472. Kalimpong: Dupjung Lama, 1979-1985.
Side notes Recto: rlung rta   Verso: rten mkhar 'dzug chog
More details More details
Genre Ritual and Liturgical Texts - cho ga phyag len
Colophon

།དེ་ལྟར་རླུང་རྟའི་རྟེན་མཁར་འཛུག་པའི་ཆོ་ག་དགེ་ལེགས་ཀུན་འབྱུང་བཀྲ་ཤིས་གཏེར་གྱི་བུམ་བཟང་ཞེས་བྱ་བ་འདིའང་། རང་གཞན་མང་པོ་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་མཐོང་ནས། །འཇམ་དཔལ་བློ་ལྡན་མཆོག་སྲེད་ཀྱི་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་སྐྱོང་གི་ལོ་མགོ་ཟླ་ཕྱི་མའི་ཡར་ཚེས་ཀྱི་རྒྱལ་བ་དང་པོ་ལ་བུ་ཆུ་བདེ་ཆེན་སྟེང་གི་རིག་པ་འཛིན་པའི་དགའ་ཚལ་དུ་སྦྱར་བ་སྟེ། འདིས་ཀྱང་བསྟན་འགྲོའི་ཕན་བདེའི་དགེ་མཚན་མཆོག་ཏུ་དར་བའི་རྒྱུར་གྱུར་ཅིག། །སརྦ་སྭསྟི་སིདྡྷི་ཛ་ཡནྟུ།། །།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ ཤོག། །། དགེའོ།།

de ltar rlung rta'i rten mkhar 'dzug pa'i cho ga dge legs kun 'byung bkra shis gter gyi bum bzang zhes bya ba 'di'ang /___rang gzhan mang po la phan pa chen po'i sgor 'gyur bar mthong nas/___/'jam dpal blo ldan mchog sred kyi byin gyis brlabs pa'i rnal 'byor pa 'jigs bral ye shes rdo rjes sa skyong gi lo mgo zla phyi ma'i yar tshes kyi rgyal ba dang po la bu chu bde chen steng gi rig pa 'dzin pa'i dga' tshal du sbyar ba ste/___'dis kyang bstan 'gro'i phan bde'i dge mtshan mchog tu dar ba'i rgyur gyur cig/___/sarba swasti sid+d+hi dza yan+tu//___//bkra shis dpal 'bar 'dzam gling rgyan du _shog/___//___dge'o//

[edit]
༄༅། །རླུང་རྟའི་རྟེན་མཁར་འཛུག་པའི་ཆོ་ག་དགེ་ལེགས་ཀུན་འབྱུང་བཀྲ་ཤིས་གཏེར་གྱི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །


༄༅། །ཨོཾ་སྭསྟི། ཀུན་ཁྱབ་རྒྱལ་བའི་ཡེ་ཤེས་མཁྱེན་བརྩེའི་ཉི། །རྣམ་མང་གདུལ་བྱའི་པདྨོར་ཆགས་པའི་ཟོལ། །རྨོངས་མུན་དྲ་བ་གཅོད་པའི་རལ་གྲི་ཅན། །བླ་མ་འཇམ་དཔལ་དཔའ་བོས་ཤིས་པ་སྩོལ། །གང་གི་ཞལ་ལུང་གཙུག་ལག་འོ་མའི་མཚོ། །དམ་པའི་མན་ངག་འཕྲུལ་གྱིས་བསྲུབས་ལས་འདིར། །གདམས་མཆོག་རྩི་བདུད་རྩིའི་གོང་བུ་ནི། སྐལ་བཟང་ཉེར་འཚོའི་དཔྱིད་དུ་ཅིར་ཡང་སྨིན། །དེའང་དོན་དམ་གནས་ལུགས་ཀྱི་ངོ་བོར་སྤྲོས་པའི་མཚན་མ་ཅི་ཡང་མི་དམིགས་ཀྱང་རོལ་རྩལ་ཀུན་རྫོབ་བདེན་པའི་སྣང་ཆ་མ་ [2a] འགགས་པར་ཤར་བས་ཆོས་ཐམས་ཅད་རྟེན་འབྲེལ་རྒྱུ་རྐྱེན་ཟབ་མོའི་མཐུ་ལ་བརྟེན་ནས་ཕན་གནོད་ཀྱི་བྱ་བ་བྱེད་པའི་ཕྱིར། །ལས་དང་བྱ་བ་གང་དང་གང་བརྩམས་ན་ཡང་ཇི་བཞིན་པར་འགྲུབ་པ་དང་མི་འགྲུབ་པ་ནི་ཕལ་ཆེར་རླུང་རྟ་དར་རྒུད་ཁོ་ན་ལ་བརྟེན་ནས་འབྱུང་བར་བཤད་པས། །གནམ་ལོའི་རླུང་རྟས་རང་གི་སྐྱེས་རླུང་ཚུར་བཅད་པ་དང་། བཟའ་མི་རླུང་རྟ་མི་མཐུན་པ་དང་། དམེ་མནོལ་རྩོག་གྲིབ་མཛེ་ཡུག་སོགས་ཀྱིས་རྒུད་པར་བྱས་པ་དང་། ཕ་རོལ་བྱད་མཁན་གྱིས་བཅིངས་པ་དང་། གདོན་བགེགས་འབྱུང་པོས་ཕྱིན་ཅི་ལོག་ཏུ་བསྒྱུར་བ་སོགས་གང་ལའང་འདི་ཉིད་བསྐྱེད་པའི་ཐབས་ཟབ་མོར་འབད་པ་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །དེས་ན་དེའི་ཚུལ་མ་ནོར་བར་ལག་ [2b] ཏུ་ལེན་པའི་རིམ་པ་ལ་གསུམ་སྟེ། སྦྱོར་བ་བཅས་ཀྱི་གཤོམ་འགོད་པ། །དངོས་གཞི་སྨྲང་གི་གཞུང་སྲོང་བ། རྗེས་གཏའ་སྡོམ་མཐའ་རྒྱས་པར་བྱ་བའོ། །དང་པོ་སྦྱོར་བ་བཅས་ཀྱི་གཤོམ་འགོད་པ་ནི། ཟླ་བ་ཡར་གྱི་ངོའི་དུས་བཟང་གཟའ་སྐར་དགེ་བའི་སྔ་དྲོའི་ཆར་གཙང་ཞིང་ཡིད་དུ་འོང་བའི་གནས་དབེན་པ་བཟང་པོར་རིན་ཆེན་སྣ་ཚོགས་བསྲེས་པའི་ཁམས་ལས་རི་རབ་བང་རིམ་བཞི་པའི་སྟེང་དུ་རླུང་མཁར་གྲུ་བཞི་སྒོ་དང་ཁ་བད་ཐོག་ཁེབས་དང་ལྡན་པ་མཛེས་པར་བཅོས་པའི་དབུས་སུ་རུས་སྦལ་གྱི་གདན་ལ་ཀོང་ཙེ་འཕྲུལ་རྒྱལ་གྱི་སྐུ་ཕྱག་གཉིས་གཙུག་ལག་གབ་རྩེའི་གླེགས་བམ་དང་འཁོར་ལོ་བསྣམས་ ཤུག་པའམ་ཕོ་ཤིང་གི་བྱང་བུར། ཨོཾ་ཨཱཿཧཱུྃ་ཝཱ་གཱི་ཤྭ་རི་མུཾ་སྭཱཧཱ༔ ཧེ་ཧེ་སྟག་སེང་ཁྱུང་འབྲུག་འདིར་ཡར་སྐྱེད་ཀུན་འདུས་སརྦ་འདུ་འདུ་ཧོཿ བསྒྲུབ་བྱའི་རླུང་རྟ་ཉམས་ཤིང་རྒུད་པ་ཐམས་ཅད་ཡར་སྐྱེད་ཅིག་སརྦ་པུཥྚིཾ་ཀུ་རུ་བརྔྷནྟུ་སྭཱཧཱ། ཞེས་དབུ་ཅན་ཆད་ལྷག་བྲིས་སྲུབ་མེད་པར་བྲིས་ཏེ་དྲི་བཟང་སོགས་བཟང་དྲུག་གི་ཁུ་བས་བྱུགས་ལ་དར་སེར་གྱི་ཅོད་པན་དང་བཅས་གཟུག མོ་ལ་མོ་ཤིང་གླང་མ་སོགས་ལ་བྲིས་ཏེ་གཟུག་པ་ཁྱད་པར་དང་། །གང་ལའང་རང་སྔགས་དང་རྟེན་སྙིང་ [3a] གིས་རབ་གནས་བྱ། ཕོ་རླུང་བསྐྱེད་ན་མདའ་རྒོད་སྒྲོ་མ་དང་། མོ་རླུང་བསྐྱེད་ན་འཕང་བཀྲ་བཅོས་ཏེ་རང་ཁམས་སྲོག་མཐུན་གྱི་དར་བཏགས་བཙུག འགྲུབ་ན་མཁར་གྱི་ནང་དུ་བཅས་སྒྲུབ་ཚད་ལྡན་གྱི་བུམ་གཏེར་རམ། མ་གྲུབ་ན་འབྲུ་སྨན་རིན་པོ་ཆེ་དར་ཟབ་སོགས་ཀྱིས་ཕྱུར་བུར་བཀང་། །འབྱུང་བའི་ཁམས་མཐུན་གྱི་ནམ་རྒྱངས་བཞི་བཞི་ཕྱོགས་མཚམས་རྣམས་སུ་གཟུག་ཅིང་། རྩེ་ལ་གདུགས་བཟང་རྩིབས་བཞི་ཕྱོགས་མདོག་གི་དར་དཔྱང་བཏགས་པ་དབུབ། མཐའ་སྐོར་དུ་བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་སྣ་བདུན། འདོད་ཡོན་སྣ་ལྔ། གཟུགས་འགྲོས་དཀོར་ནོར་སྣ་ཚོགས་དང་། འབྲུ་སྣ། ཤེལ་ཚིག དཀར་མངར་སོགས་ཀྱིས་བསྐོར། ཤིང་རྩི་བལ་ཚོན་གྱིས་བརྒྱན་པ་དང་སྦ་སྨྱུག་གི་ལོ་མ་སོགས་ཀྱང་བཙུག མདུན་དུ་འབྲང་རྒྱས་ཞལ་དཀར། ལྷ་ལུག་དཀར་པོ་སྐྱེ་མཆེད་དོད་པ། །ལྷ་ནས་བྲེ་གང་ལ་མདའ་དར་བཙུགས་པ། །གཙང་ཤ་དཀར་མོ་ལག་གཡས། གསེར་སྐྱེམས། ཕྱེ་མར། བསང་ཤིང་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་འདུ་བྱའོ། །གཉིས་པ་དངོས་གཞི་སྨྲང་གི་གཞུང་སྲོང་བ་ལ་བཀྲ་ཤིས་པའི་གྲངས་ཏེ། བདག་གི་རྣལ་འབྱོར། རྟེན་མཆོད་རློབ་པ། མདུན་རྟེན་བསྐྱེད་པ། སྤྱན་འདྲེན་པ། ཁུངས་སྨོས་པ། །མཐུན་རྫས་སྟོབ་པ། [3b] རྟེན་འཛུག་པ། བསང་གིས་བསྐྱེད་པའོ། །དང་པོ་བདག་གི་རྣལ་འབྱོར་ནི། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་ཝ་ཤུངྔྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོཉཧཾ་གིས་སྦྱང་། ཆོས་རྣམས་སྟོང་པའི་ངང་ཉིད་ལས། །རང་སེམས་མུཾཿཡིག་ཡོངས་གྱུར་པ། །སྐད་ཅིག་འཕགས་པ་འཇམ་དཔལ་དབྱངས། །དམར་སེར་གུར་གུམ་གསར་པའི་མདངས། །ཕྱག་གཡས་ཡེ་ཤེས་རལ་གྲི་གདེངས། །གཡོན་པས་ཤེར་ཕྱིན་གླེགས་བམ་གྱིས། །མཚན་པའི་ཨུཏྤལ་སྡོང་བུ་འཛིན། །གཞོན་ཚུལ་དར་དང་རིན་ཆེན་བརྒྱན། །པད་ཟླའི་གདན་ལ་སྐྱིལ་ཀྲུང་བཞུགས། །སྣང་སྟོང་ཟུང་འཇུག་རོལ་པའི་སྐུ། །ཁམས་གསུམ་ཟིལ་གནོན་ཆེན་པོ་རུ། །གསལ་བའི་གནས་གསུམ་འབྲུ་གསུམ་མཚན། །འོད་འཕྲོས་རང་འདྲའི་ཡེ་ཤེས་པ། །སྤྱན་དྲངས་གཉིས་སུ་མེད་པར་ཐིམ། །བདེ་གཤེགས་རིགས་ལྔས་དབང་བསྐུར་ཞིང་། །རིགས་ཀྱི་བདག་པོས་རྒྱས་གདབ་བསམ། །ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དབུས། །མུཾཿཡིག་མཐའ་མར་སྔགས་ཀྱིས་བསྐོར། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་གྱི། །སྒྲིབ་སྦྱངས་སྣང་སྲིད་ལྷར་གྱུར་ནས། ། [4a] ཀུན་ཀྱང་སྔགས་ཀྱི་རང་སྒྲ་སྒྲོགས། །གང་འདོད་ལས་རྣམས་འགྲུབ་པར་བསྒོམ། ཨོཾ་ཝཱ་གཱི་ཤྭ་རི་མུཾཿ ཞེས་ཅི་འགྲུབ་བཟླས་མཐར། ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤཔྡ་པཱུ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་མཆོད། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཤེས་རབ་སྒྲོན་མེ་རབ་ཏུ་གསལ། འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་། ཁྱད་པར་དུ་དེང་འདིར་བརྩམས་པའི་ལས་འདིའི་འབྲས་བུ་མངོན་སུམ་དུ་གྱུར་ནས་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་དུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་བཏབ་བོ། །གཉིས་པ་རྟེན་མཆོད་བྱིན་གྱིས་བརླབ་པ་ནི། སྭ་བྷཱ་ཝས་སྦྱང་། རང་གི་ཐུགས་ལས་རྃ་ཡྃ་ཁྃ། །མེ་རླུང་ཆུ་ཟེར་འཕྲོ་བ་འཕྲོས། །མ་དག་དྲི་མ་དབྱིངས་སུ་སྦྱངས། །དག་པ་ཡེ་ཤེས་ཆེན་པོའི་རྟེན། །ནམ་མཁའ་མཛོད་ཀྱི་རང་བཞིན་ཅན། །སོ་སོའི་ཐུགས་ལ་ཅི་བཞེད་པར། །འཆར་བའི་ [4b] བྱེད་ལས་ཅན་དུ་གྱུར། །ཨོཾ་ཨཱཿཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་བདུན་གྱིས་སྤེལ། །གསུམ་པ་མདུན་རྟེན་བསྐྱེད་པ་ནི། ཀྱཻ། ཆོས་རྣམས་སྟོང་ཉིད་ནམ་མཁའི་ཀློང་། །ཡེ་ཤེས་འོད་ལྔའི་རང་མདངས་ལས། །རླུང་མེ་ཆུ་སའི་དཀྱིལ་འཁོར་དབུས། །རིན་ཆེན་རི་རབ་གྲུ་བཞིའི་སྟེང་། །འབྱུང་བའི་དྭངས་མ་འཁྲིགས་པ་ཡི། །རླུང་མཁར་གྲུ་བཞི་སྒོ་བཞི་པ། །དབྱིབས་བཀོད་རྒྱ་ཁྱོན་ཚད་མེད་པ། །འདོད་རྒུའི་འབྱོར་པས་གང་བའི་སྟེང་། །མ་ཧཱ་གསེར་གྱི་རུས་སྦལ་ལ། །གནས་པའི་ཀོང་ཙེ་འཕྲུལ་གྱི་རྒྱལ། །འཁོར་ལོས་སྒྱུ་བའི་ཆ་བྱད་ཅན། །ཕྱག་གཉིས་གླེགས་བམ་གསེར་འཁོར་བསྣམས། །དགྱེས་ཉམས་འོད་དང་གཟི་མདངས་འབར། །སྤྱི་གཙུག་འཇའ་ཟེར་འཁྲུགས་པའི་ཀློང་། །རིགས་བདག་མགོན་པོ་འཇམ་པའི་དབྱངས། །དམར་སེར་རལ་པོད་འཛིན་པ་འགྱིང་། །རྩ་གསུམ་རབ་འབྱམས་སྤྲིན་ལྟར་གཏིབས། །ཤར་དུ་རླུང་རྟ་བསྐྱེད་པའི་ལྷ། །དུང་སེང་གཡུ་ཡི་རལ་པ་ཅན། །འཇིགས་མེད་གདོང་ལྔས་བརྗོད་པ་འགྱིང་། །ལྷོ་རུ་རླུང་ [5a] རྟ་བསྐྱེད་པའི་ལྷ། གཡུ་འབྲུག་ཟངས་ཀྱི་གློག་ཞགས་ཅན། །རྔམས་པའི་ང་རོ་སྒྲོགས་པ་འཁྲུག །ནུབ་ཏུ་རླུང་རྟ་བསྐྱེད་པའི་ལྷ། །མཚལ་སྟག་གསེར་གྱི་ངང་རིས་ཅན། །དཔའ་རྩལ་གཟི་བརྗིད་ལྡན་པ་འཕྱོ། །བྱང་དུ་རླུང་རྟ་བསྐྱེད་པའི་ལྷ། །ཁྱུང་ཆེན་ནོར་བུའི་ཐོར་ཚུགས་ཅན། །སྟོབས་ཤུགས་འགྲན་མེད་མཁའ་ལ་ལྡིང་། །མཐའ་སྐོར་སྤར་མེ་འབྱུང་བ་དང་། །ལོ་ཟླ་ཞག་དུས་གཟའ་རྒྱུ་སྐར། །ཚེས་ལ་དབང་བའི་རླུང་ལྷའི་ཚོགས། །དཔག་མེད་སྤྲིན་ལྟར་འཁྲིགས་པས་བསྐོར། །གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །སྐད་ཅིག་ཉིད་ལ་བྱོན་པར་གྱུར། །བཞི་པ་སྤྱན་འདྲེན་པ་ནི། །རོལ་མོ་དབྱངས་དང་བཅས་པས། ཀྱཻ། དད་དང་དམ་ཚིག་སྨོན་ལམ་མཐུས། །གདུང་བ་དྲག་པོས་སྤྱན་འདྲེན་ན། །སྔོན་གྱི་ཐུགས་དམ་དེང་དགོངས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་བསོད་དཔལ་འབྱོར་སྤེལ་བ་དང་། །སྲོག་ལུས་དབང་ཐང་རླུང་རྟའི་དཔལ། །བསྐྱེད་ཕྱིར་སྟོང་གསུམ་འབྱུང་ལྔའི་ཞིང་། །རང་བཞིན་གར་བཞུགས་གནས་མཆོག་ནས། །ཡེ་ཤེས་འཇིག་རྟེན་ཚུལ་ [5b] སྟོན་པའི། །རླུང་རྟའི་ལྷ་དང་དགྲ་བླའི་ཚོགས། །གནས་འདིར་བྱོན་ལ་རྟེན་འདི་རུ། །དགྱེས་བཞུགས་རང་མཐུན་འདོད་ཡོན་འབུལ། །རླུང་རྟ་བསྐྱེད་པའི་ལས་མཛོད་ཅིག །བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ སརྦ་པཱུ་ཛ་ཧོཿ ལྔ་པ་ཁུངས་སྨོས་པ་ནི། དྲི་ཞིམ་པོའི་སྤོས་བཏུལ་ཞིང་དབྱངས་སྙན་པོས། ཧོཿ དང་པོ་ཡེ་མེད་སྟོང་པ་ལ། །མ་ཧཱ་གསེར་གྱི་རུས་སྦལ་སྲིད། །ལུས་ལ་འབྱུང་བ་ལྔ་ཡང་ཤར། །སྲིད་པའི་གནམ་ཡང་ཕུབ། །གྲགས་པ་ས་ཡང་བཏིང་། །ལུང་དུ་མཚོ་ཡང་བསྐྱིལ། །མཐོ་རུ་རི་ཡང་བསྟོད། །གཙུག་ལག་སྲིད་པ་བཏིང་། །ཡེ་མཁྱེན་སྐོས་རྒྱ་བཀོད། །ཐད་དུ་རི་ཡང་བཙུགས། །གྲལ་བཙུན་རྨངས་པོ་བསྒྲིག ། ལུང་དུ་ཆབ་ཀྱང་དྲངས། །སྨན་བཙུན་ལུ་མ་ཕབ། །སྲིད་པ་དེ་ལྟར་ཆགས་པ་ཡིན། །ཀྱཻ་གཏོ་ལམ་ཤར་དུ་བསྟན། །ཉི་མ་ཤར་ཕྱོགས་ཀྱི། །རི་བོ་རྩེ་ལྔ་ན། །འཕགས་པའི་སྤྲུལ་པ་ནི། །ཀོང་རྩེ་རྒྱལ་པོ་བཞུགས། །དེ་ཡི་སྤྲུལ་པ་ནི། །ཡེ་མཁྱེན་རྒྱལ་པོ་བཞུགས། །གབ་རྩེ་སུམ་བརྒྱ་བསྐོར། །མན་ངག་ཐང་ལ་འབེབ། གཏོ་དང་དཔྱད་ཀྱང་བྱེད། །གཏོ་ [6a] དཔྱད་གཞི་མ་ལ། །རྨངས་པོས་བུ་ཡང་འཚོལ། །དབུལ་པོས་ནོར་ཡང་འཚོལ། ། ༈ །ཕྱྭ་སྐོས་རྗེ་བྲང་དཀར་ལ། །སྐོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས། ། ༈ །སྐྱེ་བའི་རྒྱུ་ཡང་མེད། །ཕོ་མོའི་སྒབ་ཀྱང་ཆད། །སྐྱེ་བོའི་རྒྱུ་ཡོད་ཀྱང་། །མི་སྐྱེས་མོ་རུ་སྐྱེས། །ཕྱུགས་སྐྱེས་ཕོ་རུ་སྐྱེས། །དགྲ་དང་རྐུན་མ་བྱུང་། །ཅིར་བྱས་ཅིར་མ་བཏུབ། །ཡེ་མཁྱེན་རྒྱལ་པོ་ལ། །གཏོ་དང་དཔྱད་ཞུས་པས། །ཡེ་མཁྱེན་ཞལ་ན་རེ། །བཟའ་མི་རླུང་མ་མཐུན། །ཅི་བྱས་ཅིར་མ་བཏུབ། །གནམ་ལོའི་རླུང་རྟས་བཅད། །རླུང་རྟ་གསོ་ཡང་འཚལ། །རླུང་རྟའི་ཀ་བ་ཚུགས། །མི་ཁ་ཐུར་ལ་བསྐུར། །དེ་སྐད་གསུངས་པ་དང་། །ཉིན་གསུམ་ཆས་སུ་བསགས། །མཚན་གསུམ་སྨྲང་དུ་གྱེར། །རླུང་རྟའི་ཀ་བ་བཙུགས། །དགྲ་འདྲེ་ཐུར་ལ་མནན། །སྐོས་རྗེ་བྲང་དཀར་དེ། །མི་ནོར་གཉིས་སུ་འཛོམ། །སྔོན་དུས་དེ་ལྟར་སྲིད་པ་ཡན། །དེ་རིང་རྒྱུ་སྦྱོར་བདག་ཅག་གིས། །ལྷ་ཡང་ཡིག་ཚང་རླུང་གི་ལྷ། །མཁར་ཡང་ཡིག་ཚང་རླུང་གི་མཁར། །རླུང་རྟ་ཉམས་ན་དེ་རིང་གསོའོ། །དྲུག་པ་མཐུན་རྫས་སྟོབ་པ་ནི། ཀྱཻ། [6b] ལྷ་ལུག་ཏེལ་པ་དང་། །འབྲང་རྒྱས་ཞལ་དཀར་དང་། །གཙང་ཤ་ལག་གཡས་དང་། །གསེར་སྐྱེམས་གཡུ་སྔོན་གྱིས། །རླུང་གི་ལྷ་ཡང་མཆོད། །མདའ་མོ་རྒོད་སྒྲོ་ལ། ལེ་བརྒན་དར་ལྕེ་བཏགས། །རིན་ཆེན་འཕང་བཀྲ་ལ། །སྲོག་མཐུན་དར་ཐག་དཀྲིས། །རྒྱུ་སྦྱོར་ཡོན་བདག་གི། །རླུང་རྟའི་རྟེན་དུ་འཛུག །རིན་ཆེན་སྣ་ལྔ་ཡིས། །རླུང་རྟའི་མཁར་ཡང་བརྩིགས། འབྲུ་སྨན་དཀོར་ཆའི་ཚོགས། །མི་ཟད་གཏེར་དུ་སྦས། །རླུང་རྟའི་ཀ་བ་བཙུག །ལྷ་ཤིང་དྲི་བཟང་ཚོགས། །འབར་བའི་མེ་ལ་བསྲེག །ཕྱེ་མར་ཕུད་ཀྱིས་སྦྲན། །རླུང་རྟ་ཉམས་རྒུད་བསངས། །དགྱེས་པའི་རྟེན་འདིར་བཞུགས། །བདུན་པ་རྟེན་འཛུག་པ་ནི། ཀྱཻ། གསོན་ཅིག་འབྱུང་བའི་ལྷ་འདྲེ་རྣམས། །ཉོན་ཅིག་རླུང་རྟའི་ལྷ་རྣམས་ཉོན། །ཕོ་རླུང་རྟེན་དུ་མདའ་འཛུག་གོ། །མདའ་མོ་ཚིགས་ནས་མ་གྲུམ་ཞིག །མོ་རླུང་རྟེན་དུ་འཕང་འཛུག་གོ། །གསེར་འཕང་རྩེ་ནས་མ་ཉིལ་ཞིག །བུ་རླུང་རྟེན་དུ་མཁར་འཛུག་གོ། །རླུང་མར་རྨངས་ནས་མ་འགྱེལ་ཞིག །ཟས་རླུང་རྟེན་དུ་འབྲུ་བཅུད་འཛུག །འབྲུ་བཅུད་ཉམས་སུ་མ་འཇུག་ཅིག །ནོར་རླུང་རིན་ཆེན་ལ་ [7a] བརྟེན་ནོ། །རིན་ཆེན་གླིང་ནས་མ་ཉམས་ཤིག །བུ་རླུང་མ་ལ་བརྟེན་ནས་སུ། །མངལ་ཕུག་ཚིགས་ནས་མ་སྐེམས་ཤིག །སྐྱེ་རླུང་ཤིང་ལ་བརྟེན་ནས་སུ། །ཤིང་བུ་གྲུམ་ནས་མ་སྐམ་ཞིག །ཕོ་རླུང་ངན་པ་ཚེ་ཐུང་བ། །མོ་རླུང་ངན་པ་དཔལ་ཆུང་བ། །བུ་རླུང་ངན་པ་སྐྱེད་ཆུང་བ། །བཟའ་མི་རླུང་རྟ་མི་མཐུན་པ། །ཐམས་ཅད་དེ་རིང་གསོ་འཚལ་ལོ། །ཤིང་བདུད་ལྕགས་ཀྱིས་བཅད་པ་དང་། །མེ་བདུད་ཆུ་ཡིས་བཅད་པ་དང་། །ས་བདུད་ཤིང་གིས་བཅད་པ་དང་། །ལྕགས་བདུད་མེ་ཡིས་བཅད་པ་དབང་། །ཆུ་བདུད་ས་ཡིས་བཅད་པ་སྟེ། །གཅིག་བདུད་གཅིག་གིས་བཅད་པ་ལ། །རླུང་རྟའི་རྟེན་དང་ཀ་བ་འཛུག །ཤིང་འཕྲད་འཁྲོག་ཅིང་ཆག་པ་དང་། མེ་འཕྲད་འབར་ཞིང་ཚིག་པ་དང་། །ས་འཕྲད་རུལ་ཞིང་འཆི་བ་དང་། །ལྕགས་འཕྲད་འདར་ཞིང་གཅོད་པ་དང་། །ཆུ་འཕྲད་བོ་ཞིང་འཁྱོམ་པ་དང་། །འབྱུང་རླུང་དགྲ་འཕྲད་འཁྲུགས་པ་རྣམས། །དེ་རིང་གསོ་ཞིང་བཅོས་པའ་ཕྱིར། །རླུང་གི་མཁར་དང་རྟེན་ཡང་འཛུག །གནམ་ལོའི་རླུང་རྟས་བཅད་པ་དང་། །རླུང་རྟའི་མདངས་ཉམས་ [7b] ཤོར་བ་དང་། །རླུང་རྟའི་རྟེན་ཕུར་ཆག་པ་དང་། །ཕོ་རླུང་གནམ་སྒོ་ཕྱེ་བ་དང་། །མོ་རླུང་ས་སྒོ་རལ་བ་དང་། །བུ་རླུང་ཡིག་ཚང་ངན་པ་རྣམས། །དེ་རིང་བཅོས་ཤིང་བསྐྱེད་པའི་ཕྱིར། །རླུང་གི་མཁར་དང་རྟེན་འཛུག་གོ། །ཀྱཻ། ཤར་ཕྱོགས་འབྱུང་བ་ཤིང་ལ་རླུང་ཞིག་སློང་། །ཡིག་ཚང་འཁོར་འདབ་ཤིང་ལྟར་རྒས་གྱུར་ཅིག །ལྷོ་ཕྱོགས་འབྱུང་བ་མེ་ལ་རླུང་ཞིག་སློང་། །ཡིག་ཚང་བསོད་ནམས་མེ་ལྟར་འབར་གྱུར་ཅིག །ནུབ་ཕྱོགས་འབྱུང་བ་ལྕགས་ལ་རླུང་ཞིག་སློང་། །ཡིག་ཚང་ཚེ་སྲོག་ལྕགས་ལས་སྲ་གྱུར་ཅིག །བྱང་ཕྱོགས་འབྱུང་བ་ཆུ་ལ་རླུང་ཞིག་སློང་། །ཡིག་ཚང་མི་བརྒྱུད་ཆུ་ལྟར་རིང་གྱུར་ཅིག །དབུས་མཚམས་འབྱུང་བ་ས་ལ་རླུང་ཞིག་སློང་། །ཡིག་ཚང་འབྱུང་བ་ས་ལྟར་བརྟན་གྱུར་ཅིག །འབྱུང་བ་གྲོགས་འཕྲད་ཚ་གྲང་སྙོམས་གྱུར་ཅིག །ཀྱཻ། རླུང་རྟ་ཉམས་པ་ལ། །གསེར་གཡུའི་རྟེན་བཙུགས་པས། །ཡིག་ཚང་གསེར་གཡུ་ཡི། །བཀྲག་ལས་ཆེ་བར་ཤོག ། ཅེས་བརྗོད། བརྒྱད་པ་བསང་གིས་བསྐྱེད་པ་ནི། སྨན་ཤིང་དྲི་བཟང་པོའི་དུད་སྤྲིན་ཕྱེ་མར་འོ་སྐོལ་གྱིས་བྲན་ཏེ། རྃ་ཡྃ་ཁྃ། བསང་མཆོད་ཟག་ [8a] པ་མེད་པ་འདོད་ཡོན་བདུད་རྩིའི་སྤྲིན་ཆེན་པོར་གྱུར་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་གིས་རྒྱ་ཆེར་སྤེལ་བ། ཀྱཻ། བསང་མཆོད་ཕུན་སུམ་ཚོགས་པ་འདི། །སངས་རྒྱས་མཆོད་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་ནོར་ལྷ་གཏེར་བདག་སོགས། །བདག་ལ་བསྲུང་ཞིང་སྐྱོབ་རྣམས་བསང་། །རླུང་རྟ་དར་བའི་སྡོང་གྲོགས་མཛོད། །ཀྱཻ། ཤར་གྱི་ཕྱོགས་ན་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་བླ་ནི། །དུང་སེང་གཡུ་ཡི་རལ་པ་ཅན། །དཔའ་རྩལ་ཆེ་བའི་དགྲ་བླ་བསང་། །བདག་གི་རླུང་རྟ་དར་བར་མཛོད། །རྒུད་པའི་རླུང་རྟ་བསྐྱེད་དུ་གསོལ། །ཀྱཻ། ལྷོ་ཡི་ཕྱོགས་ན་གནས་པའི་ལྷ། །རླུང་རྟ་དར་བའི་དགྲ་བླ་ནི། །གཡུ་འབྲུག་ཟངས་ཀྱི་མཆེ་བ་ཅན། །ངེ་སྐད་ཆེ་བའི་དགྲ་བླ་བསང་། བདག་གི༴ རྒུད་པའི༴ ཀྱཻ། ནུབ་ཀྱི་ཕྱོགས༴ རླུང་རྟ་དར༴ རྒྱ་སྟག་མཚལ་གྱི་ཐིག་ལེ་ཅན། །དཔའ་རྔམས་ཆེ་བའི་དགྲ་བླ་བསང་། །བདག་གི༴ རྒུད་པའི༴ ཀྱཻ། བྱང་གི༴ རླུང་རྟ༴ ཁྱུང་ཆེན་ནོར་བུའི་ཐོར་ཚུགས་ཅན། །སྟོབས་ཤུགས་ཆེ་བའི་དགྲ་ [8b] བླ་བསང་། བདག་གི༴ རྒུད་པའི༴ ཀྱཻ། ཕྱོགས་བཞི་མཚམས་བརྒྱད་གནས་པའི་ལྷ། །འབྱུང་བ་ལྔ་ཡི་ལྷ་རྣམས་བསང་། །འབྱུང་བའི་རླུང་རྟ་དར་བར་མཛོད། །རྒུད་པའི༴ སྤར་ཁ་བརྒྱད་ཀྱི་ལྷ་རྣམས་བསང་། སྤར་ཁའི་རླུང་རྟ་དར༴ རྒུད་པའི༴ སྨེ་བ་དགུ་ཡི་ལྷ་རྣམས་བསང་། །སྨེ་བའི་རླུང་རྟ་དར༴ རྒུད་པའི༴ ལོ་ཟླ་ཞག་དུས་ལྷ་རྣམས་བསང་། །ལོ་ཟླའི་རླུང་རྟ་དར། །རྒུད་པའི༴ འགོ་བའི་ལྷ་དང་སྐྱོབ་པའི་ལྷ། །ཕ་ལྷ་མ་ལྷ་ཞང་ལྷ་དང་། །འཕྲག་ལྷ་ལུས་ལྷ་ཐམས་ཅད་བསང་། །བདག་གི་རླུང་རྟ་དར༴ རྒུད་པའི༴ བསྐྱེད་ཅིག་རླུང་རྟ་ཡར་ལ་སྐྱེད། །ལུས་ལ་དཔའ་རྩལ་གཟི་བརྗིད་སྐྱེད། །ངག་ལ་བདེན་པའི་ནུས་མཐུ་སྐྱེད། །སེམས་ལ་བདེ་བའི་ཏིང་འཛིན་སྐྱེད། །ནད་གདོན་བར་ཆད་ཞི་བར་མཛོད། །ཚེ་བསོད་སྟོབས་འབྱོར་འཕེལ་ཞིང་རྒྱས། །སྣང་སྲིད་དབང་སྡུས་དགྲ་བགེགས་སྒྲོལ། །ཕྱོགས་ལས་རྒྱ་བའི་རྒྱལ་མཚན་འཕྱོར། །འདོད་པའི་དོན་ཀུན་འགྲུབ་པར་མཛོད། །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །བདག་ཅག་ལྷ་ངོ་རྒྱལ་གྱུར་ཅིག །ནག་ཕྱོགས་བདུད་རིགས་ཆམ་ [9a] ལ་ཕོབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གྲངས་བསྐྱེད་དེ་བྱའོ། །རྩ་བའི་གསུམ་པ་རྗེས་གཏའ་སྡོམ་ཞིང་མཐའ་རྒྱས་པར་བྱ་བ་ནི། དེ་ནས་རླུང་རྟའི་རྟེན་མཁར་དེ་ཉིད་བཀྲ་ཤིས་པའི་རི་བོའི་རྩེའམ་གནས་ཁང་གི་ཡང་ཐོག་ལ་སོགས་པ་ཆུད་པ་མི་ཟ་བའི་གནས་བརྟན་པར་བཞུགས་སུ་གསོལ། །བསྒྲུབ་བྱའི་ཁམས་མཐུན་གྱི་རླུང་དར་ཡང་བུང་བསྐྱེད་དེ་འཕྱར་ཞིང་། ཧོ། དེ་རིང་རླུང་གི་ཀ་བ་དང་། །རླུང་གི་རྟེན་དང་མཁར་འཛུག་གོ། །རླུང་མཁར་ལྡན་པ་ལྔ་ལ་ནི། །རླུང་རྟའི་ལྷ་རྣམས་བཞུགས་སུ་གསོལ། །སྤར་སྨེ་ལོ་ཟླ་ཞག་དུས་ལ། །འཁོར་བའི་རླུང་རྟ་བསྐྱེད་པའི་ལྷ། །ཐམས་ཅད་རླུང་རྟེན་འི་ལ་བཞུགས། །རྒྱུ་སྦྱོར་བདག་ཅག་འཁོར་བཅས་ཀྱི། །རླུང་རྟ་ཉམས་སུ་མ་འཇུག་ཅིག །རླུང་རྟ་སྦུབས་ན་སློང་དུ་གསོལ། །རླུང་རྟ་ཆག་ན་དེ་རིང་ཆིངས། །རླུང་རྟ་རལ་ན་དེ་རིང་ཚེམས། རླུང་རྟ་ཆད་ན་དེ་རིང་མཐུད། །རླུང་རྟ་འགྱེལ་ན་དེ་རིང་ཚུགས། །མི་རླུང་ནོར་ཕྱུགས་གཡང་སྒོ་སྡོམས། །ཟས་རླུང་བཅུད་དང་ལྡན་པར་མཛོད། །ཤར་སྒོ་དུང་སེང་དཀར་པོས་སྲུངས། །ལྷོ་སྒོ་གཡུ་འབྲུག་སྔོན་མོས་སྲུངས། །ནུབ་སྒོ་མཚལ་སྟག་དམར་མོས་ [9b] སྲུངས། །བྱང་སྒོ་ཁྱུང་ཆེན་འབར་བས་སྲུངས། །གཏའ་རུ་འཛིན་ནོ་རྟེན་འདིར་བཞུགས། །མི་མཐུན་ཀུན་ཞི་འབྱོར་དྲུག་རྒྱས། །ཁམས་གསུམ་དབང་སྡུས་དགྲ་འདྲེ་ཆོམས། །ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །རླུང་རྟའི་རྒྱལ་མཚན་བསྒྲེང་བར་མཛོད། །རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། །སྐྱེད་ཅིག་སྐྱེད་ཅིག་རླུང་རྟ་སྐྱེད། །ལྷ་ངོ་དུང་བས་དཀར་གྱུར་ཅིག །ཆབ་སྲིད་མངའ་ཐང་འཕེལ་གྱུར་ཅིག །ཅེས་བརྗོད་ལ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་ལྷག་གནས་ཀྱི་མེ་ཏོག་འཐོར་བས་བརྟན་བཞུགས་བྱ། ། བདག་ཉིད་ལྷར་སྣང་དབྱིངས་སུ་ཡལ། །དམིགས་མཐའ་བྲལ་བའི་ངང་དུའོ། །དགེ་འདིས་མཐའ་ཡས་སེམས་ཅན་ཀུན། །ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཅིང་། །བསམ་དན་ཆོས་བཞིན་འགྲུབ་པ་ཡི། །བཀྲ་ཤིས་དགེ་ལེགས་དཔལ་འབར་ཤོག ། ཅེས་བདག་བསྐྱེད་བསྡུས་པ་ལ་སྨོན་ལམ་གྱི་རྒྱས་གདབ། །རྟེན་འབྲེལ་སྙིང་པོས་ཐོག་དྲངས་ཏེ་ཕུན་སུམ་ཚོགས་པ་ལ་སོགས་པའི་ཤིས་པ་རྒྱ་ཆེར་ [10a] བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་ཕྱོགས་དུས་ཀུན་ཏུ་དགེ་ལེགས་ཀྱི་སྣང་བ་ཡོངས་སུ་ཁྱབ་པར་བྱའོ། །དེ་ལྟར་བགྱིས་པས་ལས་དང་བྱ་བ་གང་བརྩམ་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པ་སོགས་གཞུང་ནས་ཇི་སྐད་གསུངས་པ་ལྟར་གྱི་འདོད་པའི་འབྲས་བུ་རྒྱ་ཆེར་སྨིན་པའི་དགེ་མཚན་ངོ་མཚར་བ་མངོན་སུམ་དུ་མཐོང་བར་འགྱུར་བ་ནི་ངེས་པའོ། །ཚུལ་འདི་ལ་གསར་རྙིང་གི་དམ་པ་དུ་མས་སོ་སོའི་བཞེད་ཕྱོགས་དང་བསྟུན་པའི་ཆོག་ཁྲིགས་ཡིག་ཆ་འགའ་ཞིག་སྣང་བར་སྤྱིར་རྒྱལ་བའི་ཕྲིན་ལས་འཇུག་པ་བསམ་མི་ཁྱབ་པའི་ཕྱིར་ན་གང་ཡང་ཕྱག་ལེན་གྱི་དབྱེ་བསྡུའི་མཐའ་མི་ཁེགས་མོད། །འོན་ཀྱང་ཕལ་ཆེར་རྒྱས་བསྡུས་ཀྱི་མཐར་ལྷུང་ཞིང་ཁ་ཅིག་སྤར་ཁའི་སྤྱི་གཏོ་དང་གཡང་ཆོག་གི་རྒྱས་འགེབས་བཀའ་གཏེར་གི་གཞུང་བསྲེས་པ་སོགས་ཉ་དང་ཉུང་མ་བསྲེ་བའི་ངང་ཚུལ་དུ་རྟོགས། །འདིར་ནི་རྒྱ་ནག་གི་འགྱུར་རྙིང་རྩ་བའི་དགོངས་པ་ཚིག་དོན་གཉིས་ཀའི་ཆ་ལ་འདོད་ཁྱེར་ལྷན་གདབ་ཀྱིས་མ་བསླད་པར་མཁས་གྲུབ་བླ་མའི་ཕྱག་བཞེས་ཀྱི་མན་ངག་ཇི་ལྟ་བར་མ་འདྲེས་གཙང་དག་ཏུ་བཀོད་པ་ཡིན་པས་ཀུན་གྱིས་ཡིད་རྟོན་དུ་རུང་བའི་གནས་སུ་རིགས་པར་བྱས་སོ། །ལེགས་པར་བཤད་པའི་ཁྲིགས་རིམ་སྐྱེས་ཀྱི་ཕུལ། །ཉེས་རྒུད་ཕོངས་པའི་གཡུལ་ངོ་མཐར་བསྐྲད་དེ། །ཕན་བདེའི་དགའ་སྟོན་འདོད་རྒུར་འཇོ་བའི་ཆོས། །ཡིད་བཞིན་ནོར་བུའི་བྱ་བ་བྱས་པ་སྙམ། །བསྟན་པའི་སྦྱིན་བདག་མངའ་ཐང་ས་འཛིན་བརྗོད། ། [10b] བསྟན་འཛིན་སྐྱེས་བུའི་མཛད་ཕྲིན་ཉི་ཟླ་གསལ། །བསྟན་འགྲོའི་དཔལ་ཡོན་མཐོ་རིས་དགའ་ཚལ་བཞད། །བསྟན་སྲིད་མི་ནུབ་རྒྱལ་མཚན་རྟག་བསྒྲེང་ཤོག །དེ་ལྟར་རླུང་རྟའི་རྟེན་མཁར་འཛུག་པའི་ཆོ་ག་དགེ་ལེགས་ཀུན་འབྱུང་བཀྲ་ཤིས་གཏེར་གྱི་བུམ་བཟང་ཞེས་བྱ་བ་འདིའང་། རང་གཞན་མང་པོ་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་མཐོང་ནས། །འཇམ་དཔལ་བློ་ལྡན་མཆོག་སྲེད་ཀྱི་བྱིན་གྱིས་བརླབས་པའི་རྣལ་འབྱོར་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་སྐྱོང་གི་ལོ་མགོ་ཟླ་ཕྱི་མའི་ཡར་ཚེས་ཀྱི་རྒྱལ་བ་དང་པོ་ལ་བུ་ཆུ་བདེ་ཆེན་སྟེང་གི་རིག་པ་འཛིན་པའི་དགའ་ཚལ་དུ་སྦྱར་བ་སྟེ། འདིས་ཀྱང་བསྟན་འགྲོའི་ཕན་བདེའི་དགེ་མཚན་མཆོག་ཏུ་དར་བའི་རྒྱུར་གྱུར་ཅིག། །སརྦ་སྭསྟི་སིདྡྷི་ཛ་ཡནྟུ།། །།བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ ཤོག། །།དགེའོ།། །།