DJYD-KABUM-18-TSHA-032: Difference between revisions

From Dudjom Wiki
DJYD-KABUM-18-TSHA-032
No edit summary
m (Text replacement - "༈" to " ༈ ")
 
Line 37: Line 37:




༄༅།  །ཨོཾ་སྭསྟི།  མི་འགྱུར་བདེ་ཆེན་རྣམ་བཅས་སྒྱུ་མའི་གར།  །ལྷན་སྐྱེས་སྨན་མོ་མཆེད་ལྔར་ཉེར་བཏུད་ནས།  ལྐོག་གྱུར་མུན་པའི་སྣང་བ་སེལ་བྱེད་པའི།  རབ་གསལ་ལུང་གི་མེ་ལོང་འདི་ན་སྤྲོད།  དེ་ཡང་གུ་རུ་རྩ་བ་གསུམ་གྱི་བསྙེན་གྲུབ་ལེགས་པར་ཐིམ་ཞིམ་གཏེར་སྲུང་མཆེད་ལྔའི་གསོལ་མཆོད་ལ་རྒྱུན་དུ་བརྩོན་པའི་རྣལ་འབྱོར་པ་རྣམས་ཀྱིས་ཐུན་མོང་གི་རྟེན་འབྲེལ་བླང་དོར་བརྟག་པའི་འཕྲུལ་མོ་བྱ་བར་འདོད་པས།  དུང་ཤྭ་གཙང་མ་གཞན་གྱིས་ལོངས་མ་སྤྱད་པར་ལྷ་མོ་གཙོ་འཁོར་གྱི་སྙིང་པོ་དང་།  མྃ་བཛྲ་དྷཱ་ཀི་ནཱི་པྲ་མོ་ཧྲིང་ཧྲིང་སལ་སལ་ཕྱེ་ཕྱེ༔  ཞེས་བརྒྱ་སྟོང་ཁྲི་འབུམ་སོགས་བཟླས་པས་བྱིན་གྱིས་བརླབ།  དུས་སུ་ {{TibChung|[2a]}} བབས་པ་ན་ཤྭ་ལག་ཏུ་བཟུང་ལ།  ཕྱག་འཚལ་སྐྱབས་མཆི་དཀོན་མཆོག་གསུམ༔  ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས༔  ཡེཤེས་ལས་གྲུབ་ལྷ་མོའི་ཚོགས༔  དེ་རིང་སྣང་སྲིད་ས་ལེར་སྟོན༔  བདག་གི་ཡིད་ལ་གང་འདོད་པའི༔  རྟེན་འབྲེལ་མངོན་སུམ་བསྟན་དུ་གསོལ༔  ཁྱད་པར་མཐིང་གི་ཞལ་བཟང་མ༔  དམ་བཅས་ཐུགས་དམ་མ་གཡེལ་ཅིག༔  ཅེས་དམོད་པ་བོར་ཏེ་གང་ལ་སྨོན་པའི་དོན་དྲན་བཞིན་དུ་ལན་གཉིས་འཕང་བས།  ཤྭ་མིག་གི་གྲངས་ཇི་ལྟར་བབས་པའི་མཚན་མ་ལ་འདི་ལྟར་དཔྱད་པར་བྱ་སྟེ།     ཐོག་མར་ཤྭ་མིག་གཅིག་དང་གཅིག་ནང་འཕྲད་ན།  གཙོ་མོ་བཀྲ་ཤིས་ཚེའི་དབང་ཕྱུག་མའི་ {{TibChung|[2b]}} ཞལ་ན་རེ།  མི་ཁྱོད་ཀྱི་བསྟན་པའི་ཆོས་ཕྱྭ་ནི་ཧ་ཅང་བཟང་སྟེ།  བླ་མའི་ཐུགས་རྗེ་དང་རང་གི་ལས་འཕྲོ་འཛོམ།  ཆོས་སྒྲུབ་པའི་སྐལ་པ་དང་ལྡན།  སྐྱེ་བོ་ཡིན་ན་རྒྱལ་པོའི་བང་མཛོད་ལ་དབང་།  མ་བསམ་པའི་ས་ནས་ནོར་འབྱུང་།  མ་བྱས་པའི་ལས་བཟང་པོ་དང་འཕྲད།  ཁྱིམ་ཕྱྭ་ནི་ཕུ་ན་གངས་རི་མཐོ།  དེ་ལ་ལྷ་སྲུང་འཁོར  བར་ན་མི་ནོར་དར།  དེ་ལ་དཔལ་གཡང་ཆགས།  མདའ་ན་ཆུ་ཀླུང་རྒྱས།  དེ་ལ་ཀླུ་ཕྱུག།  ཁྱིམ་ལ་སྲུང་མ་འཁོར་བས་གཞི་བརླིང་།  གྲོགས་དང་ནོར་ཕྱྭ་ལ་དབང་ཐང་ཆེ།  དོན་ཆེན་པོ་མྱུར་དུ་འགྲུབ།  སྲོག་ཤིན་ཏུ་བརྟན་པས་རྡོ་རྗེ་དང་འདྲ།  ནད་རང་བཞིན་གྱིས་ཞི་ནས་འགྲོ།  །གདོན་གང་ཡང་མེད་དེ་ད་ཡང་མི་འབྱུང་།  བོར་བ་འཕྲལ་དུ་བཙལ་ན་དབུས་སམ་རང་གནས་ནས་རྙེད།  དགྲ་ཐམས་ཅད་གུས་པས་འདུད།  མགྲོན་པོ་དགའ་ཞིང་ལམ་བདེ་མྱུར་བར་སླེབ།  །ཡི་དམ་རྡོ་རྗེ་སེམས་དཔའ་དང་།  པདྨ་འབྱུང་གནས    ཕག་མོ་སོགས་འཁོར་ལོའི་རིགས་བརྟེན་ཅིང་ཆོས་སྐྱོང་དམ་ཅན་ལྕམ་དྲལ་དང་ཚེ་རིང་མཆད་ལྔ་བརྟེན་ན་དངོས་གྲུབ་ཆེན་པོ་ཡོད་ཟེར།  མོ་འདི་བཟང་པོའི་རྩེར་སོང་བས་ཕལ་པས་ཐེག་དཀའ་བ་ཙམ་ལས།  ཅི་ལ་བཏབ་ཀྱང་རབ་ཀྱི་མཆོག་སྟེ་བདུད་རྩིའི་བུམ་པ་བཟང་པོ་ལྟ་བུའི་མོའོ།  །༈  །གཉིས་དང་གཉིས་ནང་འཕྲད་ན།  ལྷ་མོ་མཐིང་ {{TibChung|[3a]}} གི་ཞལ་བཟང་མ་ན་རེ།  ཆོས་ཕྱྭ་ལ་སློབ་དཔོན་གྱིས་ཟིན།  བསྒྲུབ་ན་ལྷ་འགྲུབ།  མཆོད་ན་མགོན་བྱེད།  རྟག་ཏུ་ཆོས་བྱས་ན་དགའ།  ཁྱིམ་ཕྱྭ་ལ་དགེ་སྟེ་རང་ནོར་མི་ལ་སྟེར།  མི་ནོར་དབང་དུ་བསྡུ་བའི་ངོ་།  གྲོགས་ནོར་རྒྱ་ཆེན་པོ་འབྱུང་།  དོན་བསམ་པ་ལྟར་ཕུག་ཏུ་འགྲུབ།  ལྷ་མོ་ལ་བརྟེན་པའི་ཚེ་སྒྲུབ་བྱས་ན་ཚེ་སྲོག་བརྟན།  ནད་པ་ལ་སྔགས་བོན་གྱི་དཀོར་བདག་ཆགས་པའི་ནོར་རྗེས་འབྲང་བའི་འདྲེ་གདོན་དང་དམ་གྲིབ་ཀྱི་ངོ་ཆེ་བས།  རྒྱལ་མདོས་དང་བརྒྱ་བཞི་བྱ།  རྣམ་འཇོམས་དང་ཡིག་བརྒྱ་སྐོང་བཤགས་གྲངས་མང་བསྒྲུབ་ན་ཕན།  བོར་བ་ཐབས་མཁས་ཀྱིས་བཙལ་ན་ཤར་རམ་ལྷོ་ཕྱོགས་ནས་རྙེད།  དགྲ་མེད།  མགྲོན་པོ་ལམ་བདེ་ཞིང་ག་ལེར་དོན་བཅས་སླེབས།  ཡི་དམ་ཡང་དག་དང་།  མི་གཡོ་བ་སོགས་རྡོ་རྗེའི་རིགས་དང་།  ཆོས་སྐྱོང་སྔགས་བདག་རེ་མ་ཏཱི་སོགས་བརྟེན།  པྲ་དབབ་པ་སོགས་མཐོང་བའི་ལས་དང་།  ནད་གདོན་སྡིག་སྒྲིབ་སྦྱོང་བ་སོགས་ཞི་བའི་ལས་བསྒྲུབ་ན་འགྲུབ་ཟེར།  གང་ལའང་བཟང་སྟེ་འཕྲུལ་གྱི་མེ་ལོང་དྭངས་པ་ལྟ་བུའི་མོའོ།  །༈  །གསུམ་དང་གསུམ་ནང་འཕྲད་ན།  ལྷ་མོ་མི་གཡོ་ཀློང་བཟང་མ་ན་རེ།  ཆོས་ཕྱྭ་ལ་ལྷ་མི་ཀུན་གྱི་རྗེ།  ཆོས་ཀྱི་ཆུ་འཛིན་དཀྲིག  ཆོས་ཆར་འགྲོ་ལ་འབེབས།    {{TibChung|[3b]}} དངོས་གྲུབ་འབྲས་བུ་སྨིན།  ཁྱིམ་ཕྱྭ་ལ་ལྷས་སྐྱོབ།  གཉེན་གྱིས་མགོན།  མངའ་རིས་མཐོ།  གྲོགས་ནོར་ཕུན་སུམ་ཚོགས་པ་འཕེལ།  ཁྱད་པར་འབྲུ་ཟས་ལོ་ཏོག་རིགས་རྒྱས།  དོན་བཟང་པོ་འགྲུབ།  ཚེ་སྲོག་གཞི་བརྟན།  ནད་ཇེ་དྭངས་ལ་རིམ་གྱིས་འགྲོ།  གདོན་དྲི་ཟ་ལན་ཆགས་ཀྱི་ངོ་འདུག་པས།  གསུར་བསྔོ་གླུད་འཇལ་བྱས་ན་བཟང་།  བོར་བ་མྱུར་དུ་བཙལ་ན་ལྷོའམ་ནུབ་ཕྱོགས་ནས་རྙེད།  དགྲ་ཡོད་ཀྱང་རང་སྟོབས་བརྟན་པས་གནོད་མི་ནུས།  མགྲོན་པོ་དགའ་བའི་འཛུམ།  སྙན་པའི་གཏམ།  ནོམ་པའི་ནོར་དང་བཅས་ཏེ་མྱུར་བར་འོང་།  ཡི་དམ་ཆེ་མཆོག་སོགས་བདུད་རྩི་ཡོན་ཏན་གྱི་རིགས་དང་།  ཆོས་སྐྱོང་རྣམ་སྲས་ཛམ་ལྷ་ནོར་རྒྱུན་མ་སོགས་བརྟེན།  ཚོགས་བསགས་ལ་འབད་ན་དགེ་ལེགས་དབྱར་གྱི་ཆུ་གཏེར་བཞིན་འཕེལ།  ཆོས་ནོར་བསྒྲུབ་པ་སོགས་རྒྱས་པའི་ལས་ཐམས་ཅད་འགྲུབ་ཟེར།  གང་ལའང་བཟང་སྟེ་འདོད་འབྱུང་ནེའུ་ལེའི་རྐྱལ་པ་ལྟ་བུའི་མོའོ།  །༈  །བཞི་དང་བཞི་ནང་འཕྲད་ན།  ལྷ་མོ་ཅོད་པན་མགྲིན་བཟང་མ་ན་རེ།  ཆོས་ཕྱྭ་ལ་སེང་གེ་དཀར་མོ་འདྲ།  སྡེར་ཆགས་ཡོངས་ཀྱི་རྗེ།  དཔའ་རྩལ་སྟོབས་དང་ལྡན།  གཞན་སྣང་ཟིལ་གྱིས་གནོན།  ཁྱིམ་ཕྱྭ་ནི་གསེར་གཞོང་མར་ཁུས་གང་བ་ལྟར་ཕུན་སུམ་ཚོགས།  གྲོགས་ནོར་གྱི་ཕྱྭ་ལ་གོད་འདྲེ་མནན་ཅིང་ {{TibChung|[4a]}} གཡང་སྒོ་བསྡམ།  གསེར་འོད་བཀླག  བུམ་གཏེར་གཞུག་ན་བཟང་།  རིན་པོ་ཆེའི་རིགས་དང་དར་ཟབ་སོགས་འཕེལ།  དོན་ཕྱྭ་སྲུང་མས་གྲོགས་བྱེད་པས་མྱུར་དུ་འགྲུབ།  སྲོག་གནམ་ལྕགས་ཀྱི་རྡོ་རྗེ་དང་མཚུངས།  ནད་པ་ནད་ཐོག་ཏུ་སྨན་སོང་བས་མྱུར་དུ་འཚོ།  གདོན་ཀླུ་གཉན་གྱིས་གནོད་པས་ས་བདག་བཅོས་ཤིང་ཀླུ་གཏོར་དང་ཀླུ་འབུམ་བྱ།  བུད་མེད་སྦྲུམ་མའི་ནལ་གྲིབ་སོགས་ཀྱིས་ལྷ་སྲུང་མནོལ་འདུག་པས་ལྷ་བསང་དང་ཁྲུས་ཀྱིས།  བོར་བ་ནུབ་བམ་བྱང་ཕྱོགས་སུ་བཙལ་ན་རྙེད།  དགྲ་མི་འབྱུང་ཞིང་ཕར་རྒོལ་ན་རང་ཉིད་རྒྱལ།  མགྲོན་པོ་ཤིན་ཏུ་མགྱོགས་ཤིང་ལམ་བདེ།  ཡི་དམ་ཚེ་དཔག་མེད་དང་།  ཐུགས་རྗེ་ཆེན་པོ་ཞི་དྲག  ཀུ་རུ་ཀུལླེ་སོགས་པདྨའི་རིགས་དང་།  ཆོས་སྐྱོང་ལྷ་ཆེན་ཛམ་དམར་བཙན་རྒད་སོགས་བརྟེན།  མར་མེ་དང་སྦྱིན་སྲེག་ལ་འབད་ན་དགེ་བ་མེ་བཞིན་འབར།  གཞན་དབང་དུ་བྱེད་པ་སོགས་དབང་གི་ལས་ཐམས་ཅད་འགྲུབ་ཟེར།  གང་ལའང་ལེགས་ཏེ་རིན་པོ་ཆེའི་སྒྲོམ་བུ་ལྟ་བུའི་མོའོ།  །༈  །ལྔ་དང་ལྔ་ནང་འཕྲད་ན།  ལྷ་མོ་ཏལ་དཀར་འགྲོ་བཟང་མ་ན་རེ།  ཆོས་ཕྱྭ་ནི་ཆོས་ཀྱི་དར་ཤིང་ལ།  ཕྲིན་ལས་ཀྱི་བ་དན་སྒྲོན།  ཕྱོགས་ལས་རྣམ་པར་རྒྱལ།  ཁྱིམ་ཕྱྭ་ལ་སྐྱེས་པ་འཕན་པོའི་བུ་ཡིས་གསོ།  ཕ་མེས་བྱས་པའི་ལག་རྗེས་ {{TibChung|[4b]}} ཆེ།  འོན་ཀྱང་ཉེ་དུའི་འདྲེ་ཕྱི་ལ་འབྲངས་འདུག་པས་ལན་ཆགས་གཏོར་མ་ཐོང་།  རྔམས་གྲགས་ཆེ་ན་འཕྲལ་རྐྱེན་འདུག་པས་གཡུལ་མདོས་དང་མནན་སྲེག་གིས།  སྤྱིར་མི་ཁྱོད་སྤྲོ་ཐུང་ཞིང་རྒྱུད་འཁྲུགས་ཚིག་པ་ཟ་བ་ཞིག་རྒྱུན་དུ་གདའ།  གྲོགས་དང་ནོར་ཕྱྭ་ལ་སྟོབས་ཀྱིས་རྙེད་པ་འབྱུང་ཞིང་ལྷག་པར་གནག་ཕྱུགས་ཀྱི་རིགས་འཕེལ།  དོན་ཕྱྭ་སྐབས་འགར་བྱ་ལམ་རྗེས་མེད་དུ་མ་སོང་ན་བཟང་སྟེ་རིམ་གྲོ་ལ་འབུང་།  སྲོག་ཕྱྭ་ལ་བླ་འཁྱར་འདུག་པས་བླ་འགུགས་དང་ཚེ་སྒྲུབ་ལ་འབད།  ནད་པ་རིམ་གྲོ་དཔུང་བསྐྱེད་ན་མི་སྐྱོན།  གདོན་མོ་འདྲེ་དང་དམ་སྲིས་གནོད་པས་མདོས་གླུད་བོར།  བོར་བ་བྱང་ངམ་ཤར་ཕྱོགས་ནས་མྱུར་དུ་རྗེས་ལས་ཆེ།  དགྲ་ལ་དོགས་མི་དགོས།  མགྲོན་པོ་ལམ་བདེ་ཞིང་ཆེས་མགྱོགས་པར་འཁོད།  ཡི་དམ་ཕུར་པ་སེང་གདོང་སྒྲོལ་མ་སོགས་ལས་ཀྱི་རིགས་དང་།  ཆོས་སྐྱོང་རྡོར་ལེགས་ཞིང་སྐྱོང་སེང་གདོང་ངན་ནེ་མ་སོགས་དང་གནོད་སྦྱིན་རིགས་བརྟེན།  རླུང་རྟ་དང་དར་ཆེན་ཕྱར།  འཁོར་ལོ་བཙུག་ན་ཕྲིན་ལས་གང་བརྩམས་རླུང་ལྟར་མྱུར་ཞིང་འགྲུབ།  ཕྱིར་བཟློག་པ་དང་ཚར་གཅོད་པ་སོགས་དྲག་པོའི་ལས་ཐམས་ཅད་འགྲུབ་ཟེར།  གང་ལའང་དགེ་ཞིང་མྱུར་ཏེ་ལྷ་མདའ་དར་གྱིས་སྤུད་པ་ལྟ་བུའི་མོའོ།  །༈  །དྲུག་དང་དྲུག་ནང་འཕྲད།  བདུད་མོ་ཁྲག་རྐུན {{TibChung|[5a]}} གསེར་མིག་མ་ན་རེ།  ཆོས་ཕྱྭ་ནི་རྔ་མོང་གྭ་པ་དཔའ་འདྲེ་སྟེ་ཐན་རིགས་ཐམས་ཅད་ཚང་བས་ཆོས་ཅི་ལ་འོང་།  ཁྱིམ་ཕྱྭ་ལ་མཚན་མོ་གཉིད་སྲུང་།  ཉིན་མོ་གཡེང་བ་སྤོང་བ་ལ་གཟབ་དགོས།  མི་ཁྱོད་རྒྱལ་ཁམས་ཐགས་སུ་འཐག    །རི་ཀླུང་སྤྱང་ལྟར་ཉུལ།  དོན་མེད་ཨ་ཐང་ཆད།  མགོ་དཔོན་བཟང་པོ་ཞིག་བཙལ་ན་ཕུག་ཏུ་རྙེད་ཙམ་འོང་ལས་ཆེ།  གྲོགས་དང་ནོར་ཕྱྭ་ནི་ཡོད་པ་བོར་མེད་པ་རྙེད།  ཕར་འཇལ་ཚུར་ལེན་ངང་དུ་མི་ཚེ་ཟད།  དོན་ཕྱྭ་ཁ་མཆུ་དང་ཐུག་དོགས་ཡོད།  སྲོག་ཕྱྭར་འཆི་བསླུ་དང་བརྒྱ་བཞི་ཐོང་།  རྒྱལ་བའི་བཀའ་བསྒྲགས་པ་སོགས་རིམ་གྲོ་དཔུང་བསྐྱེད་ན་མི་འཆི་ཙམ་ཡོང་བ་སྲིད།  ནད་པ་ལ་ཤིན་ཏུ་ངན།  སྨན་དཔྱད་མི་ཚུགས།  ཡས་གླུད་མི་ལེན།  ལྷ་སྲུང་གིས་མི་སྐྱོབ།  གདོན་བྱད་ཕུར་རྦོད་གཏོང་གིས་གནོད།  བྱད་བཀྲོལ་དང་བྱད་ཟློག་སོགས་བྱ།  བོར་བ་ཤུལ་རྗེས་ཀྱང་མི་མཐོང་།  དགྲ་ངོ་ཤིན་ཏུ་ཆེ་ཞིང་ནོར་སྙིང་དང་འདྲ་བ་དགྲ་ལག་ཏུ་ཤོར་དོགས་ཡོད་པས་གཟོབ།  དགྲ་བྲུབ་དང་ཟློག་པ་གྱིས།  མགྲོན་པོ་ལམ་གེགས་ཆེ།  བཟང་པོའི་ལས་གང་ཡང་མི་འགྲུབ་པས་བཤོལ་ན་འཐད།  ཁྲོ་བོ་རོལ་པའི་གཏོར་ཟློག་དང་།  མ་མགོན་གཡུལ་མདོས་སོགས་སྲུང་རིམ་དྲག་པོ་ལ་མྱུར་དུ་འབད་དགོས།  གཞན་གསོད་པ་སོགས་མ་རུང་ {{TibChung|[5b]}} པའི་ལས་ཁ་ཅིག་ལ་དགེ་བ་ཙམ་ལས་དེ་མིན་གང་ལའང་ངན་ཟེར་རོ།  །ངན་པ་ཀུན་ཚང་རྔ་མོང་ལྟ་བུའི་མོའོ།  །༈  །གཅིག་དང་གཉིས་འཕྲད་ན།  ཁ་རག་ཁྱུང་བཙུན་མ་ན་རེ།  ཆོས་ཕྱྭ་ནི་ཚེ་སྟོད་ལ་ཆོས་བྱས།  ཚེ་སྨད་ལ་སྡིག་བསགས།  གཞོན་ཚེ་བཙུན་པ་བྱས།  རྒས་དུས་བུ་དང་འཕྲད།  ཁྱིམ་པ་སྐྱ་པོ་བྱས་ན་མི་རྒོད་པོ་ཞིག་འོང་།  ཁྱིམ་ཕྱྭ་ནི་ཁང་པའི་ནང་ལ་གསེར་ཡོད་དེ་སྒོ་ལ་ནོར་མེད།  འབྲང་ལྟོག་སྙོམས་ཙམ་འདུག    གསེར་འོད་གྲངས་མང་སྒྲོགས།  ཕ་མེས་ཀྱི་དུར་ས་འཆུག་འདུག་པས་དེ་སྤོས་ན་བཟང་།  གྲོགས་དང་ནོར་ཕྱྭ་ནི་རི་བོང་གི་ཤ་ཙམ་ལའང་ངལ་དུབ་དཀའ་བ་ཆེན་པོ་བསྐྱེད་དགོས་པར་གདའ།  དོན་ཕྱྭ་ལ་ཕྱི་དལ་ཆེ།  སྲོག་ཕྱྭ་ལ་ཚེ་སྲོག་ལྕགས་མཁར་དགུ་རིམ་ནང་དུ་ཚུད།  ཕྱི་ནས་སྲུང་འཁོར་མེ་ལྟར་འབར་བས་བཟང་།  ནད་པ་ནད་ཡུན་རིང་བར་བྱེད་ཀྱང་ག་ལེར་སོས་འོང་།  རིམ་གྲོར་དགེ་འདུན་བཞི་སྡེ་མཆོད་ཅིང་གསུང་རབ་བཀླག    སྔགས་པ་དགུས་མདོས་གཏོར་ཐོང་།  གདོན་རྒྱལ་པོས་གནོད་པས་རྒྱལ་མདོས་ཀྱིས།  བོར་བ་མྱུར་དུ་མ་རྙེད་ན་ཕྱིས་དཀའ།  དགྲ་ངོ་ཡོད་པས་འབྲོས་སམ་འཐབ་ན་ད་ནི་རན།  རང་འགོ་ཐོན་ཙམ་འོང་ལས་ཆེ།  མགྲོན་པོ་ད་ལྟ་མ་སླེབ་ན་རེ་ཞིག་མི་འོང་།  གཞན་གང་ལའང་འབྲིང་ཙམ་ཡིན་ཟེར་རོ།  །{{TibChung|[6a]}} ༈   གཅིག་དང་གསུམ་འཕྲད་ན།  རྡོ་རྗེ་ཟུ་ལེ་མ་ན་རེ།  ཆོས་ཕྱྭ་ནི་སྨན་སྒྲོམ་ཁ་ཕྱེས་ན་འདོད་རྒུའི་རྩ་བ་སྟེ་ཤིན་ཏུ་ལེགས།  ཁྱིམ་ཕྱྭ་ལ་ལྷོ་གསེར་གྱི་ཆུ་བྲན་གཡང་དུ་འཁྱིལ་བས་བཟང་།  གྲོགས་དང་ནོར་ཕྱྭ་ལ་རྙེད་པ་དགའ་བ་འཕེལ།  དོན་ཇི་ལྟར་བསམ་པ་འགྲུབ།  ཚེ་སྲོག་ས་གཞི་ལྟར་བརྟན།  ནད་པར་ལྷ་རྗེ་བརྟེན་ན་ཕན་ངོ་གསལ།  གདོན་ནི་མེད།  བོར་བ་ལྷོ་བྱང་དུ་འཚོལ་དང་རྙེད།  དགྲ་མི་འདུག    མགྲོན་པོ་ལམ་བདེ་ཕྱི་དལ་ཆེ།  །ལྷ་ལ་ལྟོས་པ་གྱིས་དང་མི་བསླུ།  གཞན་གང་ལའང་མི་དགེ་བ་མེད་ཟེར་རོ།  །༈  གཅིག་དང་བཞི་འཕྲད་ན།  བདུད་མོ་ཤུ་རེ་མོ་ན་རེ།  ཆོས་ཕྱྭ་ནི་ཕུ་ཡི་རབ་ཆད་དང་མདའ་ཡི་སྲིན་མོ་གཉིས་འཕྲད།  གར་ཕྱིན་གར་བསྡད་ཀྱང་བཀྲ་མི་ཤིས།  ཁྱིམ་ཕྱྭ་ཐེའུ་རང་གྲི་བོ་གྲི་མོས་གནོད་པས་བདུད་མདོས་ཐོང་།  གྲོགས་དང་ནོར་ཕྱྭ་ལ་ནང་ནས་རྐུན་མས་ཁྱེར།  ཕྱི་ནས་ཇག་པས་བདས།  བར་དུ་གོད་ཁ་མང་བས་གོད་སྲི་དང་དགྲ་སྲི་གནོན།  ཕ་མེས་ཀྱི་ལྷ་སྲུང་ལ་བསང་གསོལ་འབུང་།  དོན་བསམ་བསམ་མང་སྟེ་འགྲུབ་འགྲུབ་དཀོན།  ཚེ་སྲོག་བྱིའུ་མགོ་དམར་ལ།  ཁྲ་ཡི་སྦར་མོ་དམ་པོས་ཟིན།  ལྷག་པའི་ལྷ་མཆོག་མ་གཏོགས་པ།  སུས་ཀྱང་དེ་ཉིད་བླང་བ་དཀའ།  ནད་པ་ལ་ཁྲག་ངོ་ཡོད།  ཆུང་ {{TibChung|[6b]}} སྲིའི་གནོད་པས་གདོན་ཆེན་བཅོ་ལྔའི་མདོས་གླུད་ཀྱིས།  བོར་བ་སེང་གེའི་ཁར་ཤ་ཚུད་པ་དང་འདྲ།  དགྲ་ཡོད་ཀྱང་དེ་ཙམ་གནོད་མི་ནུས།  མགྲོན་པོ་ལམ་དུ་ངལ་དུབ་ལུས་ཁ་འགྱེད་ཆེ།  འགོང་པོ་བཅུད་མེད་ཀྱི་མོ་འདི་གང་ལའང་ངན་ཟེར་རོ།  །༈  །གཅིག་དང་ལྔ་འཕྲད་ན།  རྡོ་རྗེ་སྨན་གཅིག་མ་ན་རེ།  ཆོས་ཕྱྭ་ནི་དཔག་བསམ་ལྗོན་ཤིང་གསར་པ་ལ།  འདོད་པའི་ལོ་འདབ་ཕྱར་མ་ཕྱུར།  །མཛེས་པའི་མེ་ཏོག་སི་ལི་ལི།  །དགོས་དགུའི་འབྲས་བུ་ཐ་ར་ར།  །རྩེ་ན་ལྷ་བྱ་ཁུ་བྱུག་ལྡིང་།  །སྙན་པའི་གསུང་སྐད་ལྷངས་སེ་ལྷང་།  །སང་ད་ཚོད་ཙམ་ན་མི་ཁྱོད་འདོད་རྒུའི་དབུས་ན་འགྲེང་སྐད།  ཁྱིམ་ཕྱྭ་ལ་ཕ་སྲིད་བུས་དབང་།  ཡུལ་མཁར་གྱི་བདག་པོ་བྱེད།  འོན་ཀྱང་ཁྱོད་ལ་སྔར་བློ་ཉེས་དང་གོད་པ་བྱུང་ན་དེས་ཐུབ།  མ་བྱུང་ན་འོང་བར་གདའ་བས་གཟོབ།  བློ་གཏད་མི་ཡིས་བློ་སྙིང་རྐུ་ཉེན་ཆེ།  རླུང་པོ་ཁྱིམ་ཕུག་ནས་ལྡང་བ་ལ་སྒོ་མོ་བཅད་པས་མི་ཕན།  གྲོགས་དང་ནོར་ཕྱྭ་ལ་བློ་དལ་གྱིས་བག་ཕོབ་དང་ཕུག་གྲོགས་ཤིན་ཏུ་ཆེ།  ཚོང་ལ་བཏང་ན་ཁེ་སྤོགས་ཧ་ཅང་བཟང་།  དོན་འགྲུབ་པས་ཡིད་དགའ་འཕེལ།  ཚེ་སྲོག་བརྟན།  ནད་ཞི།  གདོན་ནི་མེད་དེ་གདོན་དུ་བལྟས་ཀྱང་གཡང་ཡིན།  བོར་བ་ཤར་ལྷོའམ་དབུས་ནས་རྙེད།  དགྲ་མེད།  མགྲོན་པོ་དོན་བཟང་དུས་འགྱང་ཙམ་ {{TibChung|[7a]}} ནས་དགའ་བར་སླེབ།  འདོད་པའི་ལྷ་བསྒྲུབ་ན་དངོས་གྲུབ་མྱུར།  གཞན་གང་ལའང་བཟང་ཟེར་རོ།     །གཅིག་དང་དྲུག་འཕྲད་ན།  རྡོ་རྗེ་ཀུན་གྲགས་མ་ན་རེ།  ཆོས་ཕྱྭ་ནི་རང་སེམས་བརྟན་པར་གྱིས་ལ་བློ་སྣ་གཅིག་ཏུ་གཏད་ན་བཟང་།  ཁྱིམ་ཕྱྭ་ལ་བྱེར་ཞིག་འགྲོ་དོགས་ཡོད་པས་རིམ་གྲོ་སྒྲོལ་མ་སོགས་བར་ཆད་སེལ་བའི་ཐབས་ལ་འབད།  ཚེ་སྟོད་ལས་ཚེ་སྨད་སྐྱིད་པར་འོང་།  བན་བོན་གྱི་ནོར་ཁྱིམ་ལ་མ་བཞག་མ་གཏོགས་འདྲེ་འཁོར་འདུག  །གྲོགས་དང་ནོར་ཕྱྭ་ལ་དཔག་བསམ་ཤིང་དུ་འདུག་པས་ལེགས།  དོན་ཧ་ཅང་རྔམས་ཆེན་ཡིན་ན་འགྲུབ་དཀའ་བ་ཙམ་ལས།  དེ་མིན་མྱུར་དུ་འགྲུབ།  ཚེ་སྲོག་བདུད་རྩིས་འཚོ་བས་བཟང་།  ནད་པ་ནད་གཞི་ཆེ་སྟེ་མི་འཆི།  གདོན་དུ་མོ་འདྲེ་གནོད་པས་དེ་ལ་ཕན་པའི་ཡས་བྱིན།  བོར་བའི་རིགས་གཞན་དུ་སོང་ཡང་མྱུར་དུ་རྩད་བཅད་ན་བྱང་ངམ་ཤར་ནས་རྙེད་ཀྱང་སྲིད།  དགྲ་མེད།  མགྲོན་པོ་ལམ་བདེ་ཞིང་མྱུར།  འདི་མཛའ་བོ་མཐུན་འཇུག་གི་མོ་ལ་ཤིན་ཏུ་བཟང་ཟེར་རོ།  །༈    །གཉིས་དང་གསུམ་འཕྲད་ན།  ཀོང་བཙུན་དེ་མོ་ན་རེ།  ཆོས་ཕྱྭ་ནི་བདུད་རྩིས་བཀང་བའི་བུམ་པ་ལ།  དཔག་བསམ་ཤིང་གི་ཁ་རྒྱན་བྱས།  །ཐུགས་རྗེའི་གཟུངས་ཐག་དམར་པོ་ལ།  །རྡོ་རྗེ་ཚེ་ཡི་རིག་པར་ལྡན།  །བརྟེན་པའི་ཡི་དམ་འགྲུབ་པས་ {{TibChung|[7b]}} བཟང་།  ཁྱིམ་ཕྱྭ་ནི་མཁར་ཁྲ་བོ་ནོར་གྱི་རྫོང་།  སྨན་ཁྲ་མོ་ཟས་ཀྱི་རྫོང་།  བག་ཡངས་དྲག་ན་ཁྱི་དང་རྐུན་མས་ཀྱང་བག་ཡངས་སུ་སྤྱོད་ཉེན་གདའ་སྐད།  གྲོགས་དང་ནོར་ཕྱྭ་ལ་མི་ཁྱོད་ཀྱི་སྡོང་གྲོགས་ལྷས་བྱེད་པའི་གྲོགས་ངོ་སོ་དང་བཅས་ཏེ་འོང་།  དོན་བསམ་པ་ལྟར་འགྲུབ།  རླུང་རྟ་ལ་འབད།  ཚེ་སྲོག་གཡུང་དྲུང་འཁྱིལ་བ་ལ།  བདུད་ཀྱི་སྤར་མོས་མི་ཐེབ་བཟང་།  ནད་པ་ཟིང་ལང་ཆེ་བས་འཆི་བསླུ་དང་ཚེ་སྒྲུབ་ཀྱིས།  གདོན་དུ་བྱད་གཏད་ཀྱི་ངོ་འདུག་པས་བྱད་ཟློག་བྱ།  བོར་བ་ལྷོའམ་བྱང་ཕྱོགས་སུ་འཚོལ།  དགྲ་ངོ་འུར་ཟིང་ཆེ་ཙམ་འདུག་པས་དགྲ་བྲུབ་ཀྱིས།  མགྲོན་པོ་ལམ་བདེ་མྱུར་བུལ་འབྲིང་།  གཞན་གང་ལའང་དགེ།  ལྷག་པར་ཚེ་སྒྲུབ་སོགས་སྒྲུབ་པ་བྱེད་པའི་མོ་ལ་བཟང་ཟེར་རོ།  །༈    །གཉིས་དང་བཞི་འཕྲད་ན།  རྨ་རི་རབ་འབྱམས་མ་ན་རེ།  ཆོས་ཕྱྭ་ནི།  ཡིད་བཞིན་ནོར་བུ་རིན་ཆེན་ཡིན།  བསམ་པ་ཀུན་འགྲུབ་ཀུན་གྱིས་མཆོད།  ཁྱིམ་ཕྱྭ་ལ་གཏམ་སྙན་པོས་རྒྱལ་ཁམས་གང་།  མི་ཁྱོད་ལ་སྨོན་ལམ་ལྷས་འདེབས།  སྡང་བ་དགྲས་མི་ཚུགས།  ཐམས་ཅད་དབང་དུ་འདུ།  ཕ་བས་བུ་ཕྱུག་པས་བཟང་།  གྲོགས་དང་ནོར་ཕྱྭ་ལ་ལན་ཆགས་གཏོར་མ་དང་ཚོགས་བསགས་ནན་ཏན་འབད་ན་ལེགས།  ཚོང་བྱས་ན་ཁེ་སྤོགས་ཆེ།  དོན་ཆེན་པོ་ཡིན་ན་འགྲུབ  ཕྲན་ཚེགས་ {{TibChung|[8a]}} ཡིན་ན་ཡལ་ངོ་ཡོད།  སྲོག་ཕྱྭར་བཟང་།  ནད་པ་རིམ་གྲོར་འབད་ན་འཚོ།  གདོན་དུ་འགོང་པོ་དང་བཙན་གནོད་པས་མདོས་གླུད་ཐོངས།  བོར་བ་ཁ་གསལ་ཡོད།  དགྲ་རྒྱང་ན་ཡོད་སྐད་ཐོས་ཀྱང་དངོས་སུ་གནོད་མི་ནུས།  མགྲོན་པོ་ལམ་བདེ།  གཞན་གང་ལའང་དགེ།  ཁྱད་པར་གཉེན་སྦྱོར་བྱེད་པའི་མོ་ལ་བཟང་ཟེར་རོ།  །༈  །གཉིས་དང་ལྔ་འཕྲད་ན།  རྡོ་རྗེ་རླུང་མོ་རྩལ་ན་རེ།  ཆོས་ཕྱྭ་ནི་སུས་ཀྱང་མི་ཐུད་རྡོ་རྗེའི་གུར་དུ་ཚུད།  ལྷག་པའི་ལྷ་ཡིས་བྱིན་གྱིས་རློབ་པས་ལེགས།  ཁྱིམ་ཕྱྭ་ལ་བསོད་ནམས་ལས་འཕྲོ་འཛོམ།  ཆོས་ནོར་གཉིས་ཀ་ལ་དབང་བས་བཟང་།  གྲོགས་དང་ནོར་ཕྱྭ་ནི།  རྒྱུན་འབབ་ཀྱི་ཆུ་བོ་དང་འདྲ།  དོན་ངང་གིས་འགྲུབ།  ཚེ་སྲོག་བརླིང་།  ནད་པ་ཚབ་ཆེ་རུང་རིམ་གྲོས་བསླུ།  གདོན་དུ་རྒྱལ་བསེན་ཀླུ་དང་ས་བདག་གནོད་པས་དེ་ལ་ཕན་པའི་རིམ་གྲོ་བྱ།  བོར་བ་གཉེན་གྱིས་རྙེད་པའམ།  ཤར་རམ་བྱང་ཕྱོགས་ནས་རྙེད་ངོ་གསལ།  དགྲ་མི་འབྱུང་ལ་སྔོན་ཡོད་པ་འདུམ།  མགྲོན་པོ་ལམ་བདེ་མྱུར་དུ་སླེབ།  གཞན་གང་ལའང་བར་ཆད་མེད་ཅིང་།  ཁྱད་པར་ཆོས་བསྒྲུབ་པ་ལ་བཟང་ཟེར་རོ།  །༈  །གཉིས་དང་དྲུག་འཕྲད་ན།  རྡོ་རྗེ་གཡེར་མོ་བའིལ་ན་རེ།  ཆོས་ཕྱྭ་ནི་བཀྲ་ཤིས་དུང་དཀར་གཡས་སུ་འཁྱིལ།  སྙན་པའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས།  མི་ཁྱོད་རྟག་ཏུ་སྙན་གྲགས་ཆེ་བར་འོང་སྐད།  ཁྱིམ་ཕྱྭ་ལ་ལྷ་སྲུང་བཟང་པོས་འགོ་བས་ལེགས།  རྟག་ཏུ་ཐབ་གཞོབ་དང་ {{TibChung|[8b]}} འཁོན་ལ་འཛེམ།  མི་ཕོ་རྒས་ཁར་སྐྱིད།  སྐྱིད་ཀྱི་ཉི་མས་ཕྱིར་བལྟས་བྱེད་ཀྱིན་འདུག་པས་བློ་བདེ་བར་གྱིས།  གྲོགས་དང་ནོར་ཕྱྭ་ལ་གཡང་ཉམས་ཀྱི་ངོ་ཡོད་པས་གཡང་སྒྲུབ་ལ་འབད།  དོན་ཕྱྭར་ཁ་ཚེགས་ཅུང་ཙམ་འདུག  སྲོག་ཕྱྭ་ལ་ཚ་སྒྲུབ་གཟོབ།  རྟས་བསྡབ་བམ་གཡང་ལ་ལྷུང་དོགས་གདའ།  ནད་པ་མྱུར་དུ་སོས།  སྨན་མི་དགོས་ལྟོ་ཡིས་ཆོག  གདོན་དུ་འགོང་པོས་གནོད།  བོར་བ་གཞི་ནས་མ་གཡོས་ན་མ་གཏོགས་རྙེད་དཀའ།  དགྲ་གང་ཡང་མེད།  མགྲོན་པོ་དོན་བཟང་ཞིང་ལམ་བདེ།  གཞན་གང་ལའང་དགེ  ལྷག་པར་གཞན་དོན་བསྒྲུབ་པ་ལ་བཟང་ཟེར་རོ།  །༈  གསུམ་དང་བཞི་འཕྲད་ན།  ཤིང་རྩེ་སྤྲེའུའི་སྨན་མོ་ན་རེ།  ཆོས་ཕྱྭ་ནི་སྤྲེའུའི་བྱ་བྱེད་དང་འདྲ།  བྱ་བ་མང་ཡང་འགྲུབ་པ་དཀོན།  ཁྱིམ་ཕྱྭ་ལ་ཁ་མཆུ་འོང་དོགས་ཡོད་པས་ཟློག་སྒྱུར་རིམ་གྲོ་གྱིས།  གྲོགས་དང་ནོར་ཕྱྭ་ལ་གོད་ཁ་དང་གཡང་ཉམས་འདུག་པས་གཡང་སྒྲུབ་བྱ།  དོན་ཕྱྭར་དཀའ་ངལ་ཆེ་སྟེ་དོན་ཆུང་།  ནད་པའི་སྲོག་ཕྱར་སྨན་དང་རིམ་གྲོ་སྟོབས་ཅན་གྱིས་འཚོ་ན་མ་གཏོགས་འཚུབས་ཆ་ཆེ།  གདོན་དུ་ཀླུ་དང་རྒྱལ་བསེན་གནོད་པས་མདོས་གླུད་དང་ཟློག་པ་སོགས་བྱ།  བོར་བ་རྙེད་དཀའ།  དགྲ་ངོ་ཆེ་ཞིང་ཤར་རམ་དབུས་སམ་རང་གནས་ན་གཉའ་ནོན་ཡོད་པས་དགྲ་བྲུབ་སོགས་ལ་འབུང་།  མགྲོན་ {{TibChung|[9a]}} པོ་འགྱོད་ཞི་ཆེ་བས་སླེབ་པ་དཀའ།  འདི་གང་ལའང་འཕོ་འགྱུར་ཆེ་སྟེ་ཤོག་སྐྱ་རླུང་གིས་བསྐྱོད་པ་དང་འདྲ་བས་མི་བཟང་ཟེར་རོ།     །གསུམ་པ་ལྔ་འཕྲད་ན།  གངས་ཀྱི་གཡུ་བུན་མ་ན་རེ།  ཆོས་ཕྱྭ་ནི་གསེར་གྱི་ས་གཞིའི་དཀྱིལ་ནས་ལྷ་ཤིང་སྐྱེས།  དགོས་འདོད་མེ་ཏོག་འབྲས་བུ་སི་ལི་ལི།  བྱེད་པ་ལྷས་བྱས།  བྱམས་པ་དགྲས་བྱམས།  བཀུར་བ་ལྷ་འདྲེས་བཀུར།  དེ་སྔོན་བསགས་ཀྱི་བསོད་ནམས་རེད་སྐད།  ཁྱིམ་ཕྱྭ་ལ་མི་ཁྱོད་རྟག་ཏུ་ཟས་གོས་དང་འཕྲད།  བསམ་པ་ཡིད་བཞིན་དུ་འགྲུབ་ངེས།  གྲོགས་དང་ནོར་ཕྱྭ་ལ་འཕེལ་རྒྱས་ཆེ།  དོན་གང་བསམ་འགྲུབ་ཚེ་སྲོག་གི་གཡུང་དྲུང་བརླིང་།  ནད་པའི་ཕོར་པ་སྨན་གྱིས་གང་བས་ནད་ལས་གྲོལ།  གདོན་དུ་ཀླུ་བཙན་གནོད་པས་ཀླུ་གཏོར་དང་བཙན་མདོས་བྱ།  བོར་བ་ཤར་རམ་བྱང་ནས་རྙེད།  དགྲ་མེད་པས་བློ་བདེ།  མགྲོན་པོ་གྲོགས་བཟང་དང་བཅས་ཏེ་འོང་།  གཞན་གང་ལའང་ཞི་ཞིང་དགེ་བས་བཟང་ཟེར་རོ།   །གསུམ་དང་དྲུག་འཕྲད་ན།  འབྲོག་ཆེན་འཁོར་འདུལ་མ་ན་རེ།  ཆོས་ཕྱྭ་ནི་ད་ལྟ་དབུལ་ཞིང་ཕོངས་ཀྱང་ཆོས་བྱས་ན་མཐར་བསམ་པ་ལག་ཏུ་འབྱོར་བས་བདེ་བར་འགྱུར།  ཁྱིམ་ཕྱྭ་ལ་འཕྲལ་སྐྱིད་པ་ཙམ་མ་བྱུང་རུང་ཕུག་ཏུ་སྐྱིད་པོ་ལྷས་སྟེར་བ་གདའ།  གྲོགས་དང་ནོར་ཕྱྭ་ལ་ {{TibChung|[9b]}} གསེར་འོད་བཀླག  ནོར་ལྷ་བསྒྲུབ་ན་བཟང་།  དོན་ཕྱྭ་ལ།  ཕྱི་འཁོན་ནམ་ནང་འཁོན་འོང་དོགས་འདུག་པས་གཟོབ།  སྲོག་ཕྱྭར་ཚེ་སྒྲུབ་འབད་ན་ལེགས།  ནད་པ་ནད་ཡུན་རིང་ཙམ་ལས་མ་སྐྱོན།  གདོན་དུ་སྔ་མའི་ལན་ཆགས་འདུག་པས་གླུད་གཏོར་ཐོང་།  ཚོགས་བསགས་དང་སྒྲིབ་སྦྱོང་ལ་འབད།  བོར་བ་རྩད་ཞིབ་པར་བཅད་ན་ཕུག་ཏུ་ཁ་གསལ་ཡོང་།  དགྲ་སེམས་ལས་ཅན་འདྲ་འདུག་སྟེ་དངོས་སུ་ཆེར་མི་གནོད།  མགྲོན་པོ་ད་ལྟ་མ་སླེབ་ན་འགོར་ཡུན་རིང་།  གཞན་གང་ལའང་འབྲིང་གི་སྟོད་ཙམ་ཡིན་ཟེར་རོ།     བཞི་དང་ལྔ་འཕྲད་ན།  བདུད་མི་རྭ་ཡོན་ནག་མོ་ན་རེ།  ཆོས་ཕྱྭ་ནི།  ལས་འཕྲོ་ངན་པས་ནམ་ཡང་སྡུག  །གང་དུ་ཕྱིན་ཀྱང་འཁོན་དང་འཕྲད།  །མ་བྱས་པ་ལ་གྱོང་ཚབ་ཆེ།  །འབད་ཀྱང་མི་ཕན་འཇལ་ཡང་མི་སོབ་སྐད།  ཁྱིམ་ཕྱྭ་ནི་ཡི་དྭགས་ཁྱིམ་དུ་བསེ་རག་ཕྱིར།  །རླུང་དང་ཆུ་ལས་ལོངས་སྤྱོད་མེད།  །ཅུང་ཞིག་རྙེད་པ་བཙན་པོས་འཕྲོག །  ད་དུང་མི་ཚད་ན་ཤི་ཡོང་དོགས་འདུག  །གྲོགས་དང་ནོར་ཕྱྭ་ནི་ལྟོས་དང་སྟོང་ཧ་རེ་གདའ།  དོན་ཕྱྭ་འཛའ་ཚོན་གྱི་རྗེས་སུ་རྒྱུག་པ་དང་འདྲ།  ཚེ་སྲོག་རྟ་རྔ་ཙམ་དེ་གདའ་བས་ཚེ་སྒྲུབ་དང་འཆི་བསླུ་གྱིས།  མིང་བརྗེ་ལུས་བསྒྱུར་སྤོང་དག་བྱས་ན་དགའ།  ནད་པ་འཆི་བདག་སྦར་མོའི་འགྲམ་ན་འདུག་པས་གཟོབ།  གདོན་དུ་མི་ {{TibChung|[10a]}} གདོན་བྱ་བ་གཅིག་ཀྱང་འདུག་པས་བརྒྱ་བཞི་ཐོང་།  བོར་བ་རྙེད་ནས་ཤོར་སྐད།  དགྲ་ཐམས་ཅད་ཀྱིས་བལྟསནས་འདུག    །བྲོས་པ་འཐད་དམ་བཀྱེ་བ་འཐད་བསམ་མནོ་ཐོང་།  མགྲོན་པོ་ཁ་འགྱོད་དལ་ཆད་ཆད་ངང་དུ་གདབ།  ལྗོན་ཤིང་སྐམ་པོ་ལྟ་བུའི་མོ་འདི་གང་ལ་བཏབ་ཀྱང་ངན་པ་ཞིག་ལས་ཅི་ཡོད་ཟེར་རོ།     །བཞི་དང་དྲུག་འཕྲད་ན།  གངས་དཀར་ཤ་མེད་མ་ན་རེ།  ཆོས་ཕྱྭ་ནི་ཟླ་བ་དང་འདྲ་སྟེ་ཡར་འཕེལ་མར་འགྲིབ་གཉིས་ཀ་འོང་།  ཁྱིམ་ཕྱྭར་བུ་སྲིང་ངམ་བུད་མེད་ཀྱི་རྗེས་སུ་འདྲེ་འབྲངས་ནས་བསགས་ཚད་ཟ།  ཡོད་ཚད་ལ་གནོད།  དེ་ཁྱི་ཐོད་ནང་དུ་མནན་པ་གྱིས་དང་བཟང་སྐད།  གྲོགས་དང་ནོར་ཕྱྭ་ལ་ཚུར་འོང་ཕར་གཏོང་གཉིས་ཀ་དགོས།  དོན་ཕྱྭ་ནི་བསམ་པ་ཁ་མ་གང་ཙམ་ཞིག་འོང་།  ནད་པའི་ཚེ་སྲོག་ཟླ་བ་གཟའ་ཡིས་ཟིན་པ་འདྲ།  གདོན་དུ་གཟའ་དང་གྲིབ་ངོ་ཡོད་པས་བཅོས་ལ་འབུང་།  བོར་བ་བཏང་སྙོམས་ངོ་།  དགྲ་ཡོད་པ་འདུམ་རེས་རྩོད་རེས་ཡོང་།  མགྲོན་པོ་ལམ་ཞུགས་ཀྱི་མོ་ལ་བཟང་།  དེ་མིན་གང་ལའང་འབྲིང་གི་སྨད་ཙམ་ཡིན་ཟེར་རོ།   །ལྔ་དང་དྲུག་འཕྲད་ན།  རྡོ་རྗེ་གཡའ་མ་སྐྱོང་ན་རེ།  ཆོས་ཕྱྭ་ནི།  དུག་གསུམ་རྩད་གཅོད་ཤེས་རབ་རལ་གྲི་འདྲ།  རྒོལ་བ་ཀུན་འཇོམས་ཕྱོགས་ལས་རྣམ་པར་ {{TibChung|[10b]}} རྒྱལ།  ཁྱིམ་ཕྱྭ་ལ་གཞན་ནོར་དབང་དུ་འདུས།  འབྲུ་ནོར་བང་མཛོད་ཁེངས།  ཁ་ཐུར་གསེར་ལ་བྱེད།  ལུས་ལ་དར་གྱིས་བརྒྱན་སྐད།  གྲོགས་དང་ནོར་ཕྱྭར་སེམས་སྤྲོ་བ་འཕེལ་བར་འོང་།  དོན་ཕྱྭ་ནི་བློ་རྩལ་སྟག་མོ་བས་ངར།  ཡོན་ཏན་གྱི་ཆེ་བ་དང་བཅས་ཏེ་རེ་བ་ལས་ལྷག་པར་འགྲུབ་ངེས།  སྲོག་ཕྱྭ་ན་ལྕགས་བུམ་ནང་དུ་མི་སྲོག་སྦས།  དེ་ལ་རྡོ་རྗེས་ཁ་ཆོད་བྱས།  བཤས་ལུག་ཤན་པའི་ལག་ནས་ཤོར་མ།  ནད་ཕྱྭ་ནི།  ནད་པ་ལུག་ལྟར་འཁུན་ཀྱང་སྨན་པ་དགོད་ཅིག་ཤོར།  སང་ནད་གྲོལ་ནས་རྟ་རྒྱུག་པར་འོང་།  གདོན་དུ་ཀླུ་དང་ས་བདག་གནོད་པས་འཁྲུགས་བཅོས་དངགཞི་བསང་འབད་ན་བཟང་།  བོར་བ་ཐེང་གསུམ་རྙེད་ཀྱང་ཐེང་གསུམ་བོར།  ད་ཉར་ཚག་ལེགས་པར་གྱིས།  དགྲ་ཡོད་ཀྱང་ཚུར་ལ་རྒོལ་བའི་ནུས་པ་མེད།  ཕར་རྒོལ་ན་རང་ཉིད་རྒྱལ་ངེས།  མགྲོན་པོ་ཕར་འགྲོ་ལ་བཟང་།  ཚུར་འོང་ལ་ཕྱི་དལ་ཅུང་ཟད་ཡོད་སྲིད།  རླུང་རྟ་དང་དགྲ་བླ་གསོལ།  གཞན་གང་ལའང་ཕུག་བརླིང་ཞིང་དགེ་མཚན་འཕེལ་བས་བཟང་ཟེར།  ཤིན་ཏུ་སྟོབས་དང་ལྡན་ཏེ།  ཕྱོགས་ལས་རྣམ་པར་རྒྱལ་བའི་རྟགས་སུ་ནོར་བུའི་རྒྱལ་མཚན་བསྒྲེངས་པ་ལྟ་བུའི་མོ་ཡིན་ནོ།  །ཟག་མེད་ཀློང་བརྡོལ་མཁྱེན་པ་ལྟ་ཞོག་གི།  ཟག་བཅས་མངོན་པར་ཤེས་ཙམ་མེད་བཞིན་དུ།  །ཨུ་ཚུགས་ {{TibChung|[11a]}} གཞན་མགོ་བསྐོར་ལ་རྟག་བྲེལ་བའི།  །འདོད་ཆེན་སྐྱེ་བོའི་གསོས་སུ་ངས་འདི་བྱས།  །དོན་དམ་གཤིས་ལ་སྤྲོས་མཚན་མ་དམིགས་ཀྱང་།  །སྣང་ཚུལ་རྟེན་འབྲེལ་འཆར་སྒོ་མི་འགག་ཕྱིར།  །ཐེ་ཚོམ་བྲལ་བའི་ཡིད་ཆེས་སྐྱེས་གྱུར་ན།  །ཡང་དག་བསླུ་མེད་ལུང་དུ་སྟོན་ཀྱང་སྲིད།  །ཅེས་པའང་སྒྲུབ་གནས་ཀྱི་རྒྱལ་པོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཉེ་འདབ་འཁོར་ཡུག་སཱ་ལའི་ལྗོན་བཟང་གིས་ཀུན་ནས་བསྐོར་བའི་སྐྱེད་མོས་ཚལ།  རང་བྱུང་བདུད་རྩིའི་ཆུ་བོ་ལྷུང་ལྷུང་འབབ་པའི་འགྲམ།  གཡུའི་ནེའུ་སིང་ཐང་མར་བརྡལ་བའི་སྨན་ལྗོངས་ཉམས་དགའ་བ་ན་བག་ཕེབས་པར་རྒྱུ་ཞིང་ངལ་གསོ་བའི་སྐབས་ཤིག་ཏུ་བྲིས་པ་སྟེ།  འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་རྣམ་པར་རྟོག་པའི་རླབས་ཕྲེང་གི་ཆ་ཤས་སོ།།  །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།  །།}}
༄༅།  །ཨོཾ་སྭསྟི།  མི་འགྱུར་བདེ་ཆེན་རྣམ་བཅས་སྒྱུ་མའི་གར།  །ལྷན་སྐྱེས་སྨན་མོ་མཆེད་ལྔར་ཉེར་བཏུད་ནས།  ལྐོག་གྱུར་མུན་པའི་སྣང་བ་སེལ་བྱེད་པའི།  རབ་གསལ་ལུང་གི་མེ་ལོང་འདི་ན་སྤྲོད།  དེ་ཡང་གུ་རུ་རྩ་བ་གསུམ་གྱི་བསྙེན་གྲུབ་ལེགས་པར་ཐིམ་ཞིམ་གཏེར་སྲུང་མཆེད་ལྔའི་གསོལ་མཆོད་ལ་རྒྱུན་དུ་བརྩོན་པའི་རྣལ་འབྱོར་པ་རྣམས་ཀྱིས་ཐུན་མོང་གི་རྟེན་འབྲེལ་བླང་དོར་བརྟག་པའི་འཕྲུལ་མོ་བྱ་བར་འདོད་པས།  དུང་ཤྭ་གཙང་མ་གཞན་གྱིས་ལོངས་མ་སྤྱད་པར་ལྷ་མོ་གཙོ་འཁོར་གྱི་སྙིང་པོ་དང་།  མྃ་བཛྲ་དྷཱ་ཀི་ནཱི་པྲ་མོ་ཧྲིང་ཧྲིང་སལ་སལ་ཕྱེ་ཕྱེ༔  ཞེས་བརྒྱ་སྟོང་ཁྲི་འབུམ་སོགས་བཟླས་པས་བྱིན་གྱིས་བརླབ།  དུས་སུ་ {{TibChung|[2a]}} བབས་པ་ན་ཤྭ་ལག་ཏུ་བཟུང་ལ།  ཕྱག་འཚལ་སྐྱབས་མཆི་དཀོན་མཆོག་གསུམ༔  ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས༔  ཡེཤེས་ལས་གྲུབ་ལྷ་མོའི་ཚོགས༔  དེ་རིང་སྣང་སྲིད་ས་ལེར་སྟོན༔  བདག་གི་ཡིད་ལ་གང་འདོད་པའི༔  རྟེན་འབྲེལ་མངོན་སུམ་བསྟན་དུ་གསོལ༔  ཁྱད་པར་མཐིང་གི་ཞལ་བཟང་མ༔  དམ་བཅས་ཐུགས་དམ་མ་གཡེལ་ཅིག༔  ཅེས་དམོད་པ་བོར་ཏེ་གང་ལ་སྨོན་པའི་དོན་དྲན་བཞིན་དུ་ལན་གཉིས་འཕང་བས།  ཤྭ་མིག་གི་གྲངས་ཇི་ལྟར་བབས་པའི་མཚན་མ་ལ་འདི་ལྟར་དཔྱད་པར་བྱ་སྟེ།       ཐོག་མར་ཤྭ་མིག་གཅིག་དང་གཅིག་ནང་འཕྲད་ན།  གཙོ་མོ་བཀྲ་ཤིས་ཚེའི་དབང་ཕྱུག་མའི་ {{TibChung|[2b]}} ཞལ་ན་རེ།  མི་ཁྱོད་ཀྱི་བསྟན་པའི་ཆོས་ཕྱྭ་ནི་ཧ་ཅང་བཟང་སྟེ།  བླ་མའི་ཐུགས་རྗེ་དང་རང་གི་ལས་འཕྲོ་འཛོམ།  ཆོས་སྒྲུབ་པའི་སྐལ་པ་དང་ལྡན།  སྐྱེ་བོ་ཡིན་ན་རྒྱལ་པོའི་བང་མཛོད་ལ་དབང་།  མ་བསམ་པའི་ས་ནས་ནོར་འབྱུང་།  མ་བྱས་པའི་ལས་བཟང་པོ་དང་འཕྲད།  ཁྱིམ་ཕྱྭ་ནི་ཕུ་ན་གངས་རི་མཐོ།  དེ་ལ་ལྷ་སྲུང་འཁོར  བར་ན་མི་ནོར་དར།  དེ་ལ་དཔལ་གཡང་ཆགས།  མདའ་ན་ཆུ་ཀླུང་རྒྱས།  དེ་ལ་ཀླུ་ཕྱུག།  ཁྱིམ་ལ་སྲུང་མ་འཁོར་བས་གཞི་བརླིང་།  གྲོགས་དང་ནོར་ཕྱྭ་ལ་དབང་ཐང་ཆེ།  དོན་ཆེན་པོ་མྱུར་དུ་འགྲུབ།  སྲོག་ཤིན་ཏུ་བརྟན་པས་རྡོ་རྗེ་དང་འདྲ།  ནད་རང་བཞིན་གྱིས་ཞི་ནས་འགྲོ།  །གདོན་གང་ཡང་མེད་དེ་ད་ཡང་མི་འབྱུང་།  བོར་བ་འཕྲལ་དུ་བཙལ་ན་དབུས་སམ་རང་གནས་ནས་རྙེད།  དགྲ་ཐམས་ཅད་གུས་པས་འདུད།  མགྲོན་པོ་དགའ་ཞིང་ལམ་བདེ་མྱུར་བར་སླེབ།  །ཡི་དམ་རྡོ་རྗེ་སེམས་དཔའ་དང་།  པདྨ་འབྱུང་གནས    ཕག་མོ་སོགས་འཁོར་ལོའི་རིགས་བརྟེན་ཅིང་ཆོས་སྐྱོང་དམ་ཅན་ལྕམ་དྲལ་དང་ཚེ་རིང་མཆད་ལྔ་བརྟེན་ན་དངོས་གྲུབ་ཆེན་པོ་ཡོད་ཟེར།  མོ་འདི་བཟང་པོའི་རྩེར་སོང་བས་ཕལ་པས་ཐེག་དཀའ་བ་ཙམ་ལས།  ཅི་ལ་བཏབ་ཀྱང་རབ་ཀྱི་མཆོག་སྟེ་བདུད་རྩིའི་བུམ་པ་བཟང་པོ་ལྟ་བུའི་མོའོ།  ། ༈    །གཉིས་དང་གཉིས་ནང་འཕྲད་ན།  ལྷ་མོ་མཐིང་ {{TibChung|[3a]}} གི་ཞལ་བཟང་མ་ན་རེ།  ཆོས་ཕྱྭ་ལ་སློབ་དཔོན་གྱིས་ཟིན།  བསྒྲུབ་ན་ལྷ་འགྲུབ།  མཆོད་ན་མགོན་བྱེད།  རྟག་ཏུ་ཆོས་བྱས་ན་དགའ།  ཁྱིམ་ཕྱྭ་ལ་དགེ་སྟེ་རང་ནོར་མི་ལ་སྟེར།  མི་ནོར་དབང་དུ་བསྡུ་བའི་ངོ་།  གྲོགས་ནོར་རྒྱ་ཆེན་པོ་འབྱུང་།  དོན་བསམ་པ་ལྟར་ཕུག་ཏུ་འགྲུབ།  ལྷ་མོ་ལ་བརྟེན་པའི་ཚེ་སྒྲུབ་བྱས་ན་ཚེ་སྲོག་བརྟན།  ནད་པ་ལ་སྔགས་བོན་གྱི་དཀོར་བདག་ཆགས་པའི་ནོར་རྗེས་འབྲང་བའི་འདྲེ་གདོན་དང་དམ་གྲིབ་ཀྱི་ངོ་ཆེ་བས།  རྒྱལ་མདོས་དང་བརྒྱ་བཞི་བྱ།  རྣམ་འཇོམས་དང་ཡིག་བརྒྱ་སྐོང་བཤགས་གྲངས་མང་བསྒྲུབ་ན་ཕན།  བོར་བ་ཐབས་མཁས་ཀྱིས་བཙལ་ན་ཤར་རམ་ལྷོ་ཕྱོགས་ནས་རྙེད།  དགྲ་མེད།  མགྲོན་པོ་ལམ་བདེ་ཞིང་ག་ལེར་དོན་བཅས་སླེབས།  ཡི་དམ་ཡང་དག་དང་།  མི་གཡོ་བ་སོགས་རྡོ་རྗེའི་རིགས་དང་།  ཆོས་སྐྱོང་སྔགས་བདག་རེ་མ་ཏཱི་སོགས་བརྟེན།  པྲ་དབབ་པ་སོགས་མཐོང་བའི་ལས་དང་།  ནད་གདོན་སྡིག་སྒྲིབ་སྦྱོང་བ་སོགས་ཞི་བའི་ལས་བསྒྲུབ་ན་འགྲུབ་ཟེར།  གང་ལའང་བཟང་སྟེ་འཕྲུལ་གྱི་མེ་ལོང་དྭངས་པ་ལྟ་བུའི་མོའོ།  ། ༈    །གསུམ་དང་གསུམ་ནང་འཕྲད་ན།  ལྷ་མོ་མི་གཡོ་ཀློང་བཟང་མ་ན་རེ།  ཆོས་ཕྱྭ་ལ་ལྷ་མི་ཀུན་གྱི་རྗེ།  ཆོས་ཀྱི་ཆུ་འཛིན་དཀྲིག  ཆོས་ཆར་འགྲོ་ལ་འབེབས།    {{TibChung|[3b]}} དངོས་གྲུབ་འབྲས་བུ་སྨིན།  ཁྱིམ་ཕྱྭ་ལ་ལྷས་སྐྱོབ།  གཉེན་གྱིས་མགོན།  མངའ་རིས་མཐོ།  གྲོགས་ནོར་ཕུན་སུམ་ཚོགས་པ་འཕེལ།  ཁྱད་པར་འབྲུ་ཟས་ལོ་ཏོག་རིགས་རྒྱས།  དོན་བཟང་པོ་འགྲུབ།  ཚེ་སྲོག་གཞི་བརྟན།  ནད་ཇེ་དྭངས་ལ་རིམ་གྱིས་འགྲོ།  གདོན་དྲི་ཟ་ལན་ཆགས་ཀྱི་ངོ་འདུག་པས།  གསུར་བསྔོ་གླུད་འཇལ་བྱས་ན་བཟང་།  བོར་བ་མྱུར་དུ་བཙལ་ན་ལྷོའམ་ནུབ་ཕྱོགས་ནས་རྙེད།  དགྲ་ཡོད་ཀྱང་རང་སྟོབས་བརྟན་པས་གནོད་མི་ནུས།  མགྲོན་པོ་དགའ་བའི་འཛུམ།  སྙན་པའི་གཏམ།  ནོམ་པའི་ནོར་དང་བཅས་ཏེ་མྱུར་བར་འོང་།  ཡི་དམ་ཆེ་མཆོག་སོགས་བདུད་རྩི་ཡོན་ཏན་གྱི་རིགས་དང་།  ཆོས་སྐྱོང་རྣམ་སྲས་ཛམ་ལྷ་ནོར་རྒྱུན་མ་སོགས་བརྟེན།  ཚོགས་བསགས་ལ་འབད་ན་དགེ་ལེགས་དབྱར་གྱི་ཆུ་གཏེར་བཞིན་འཕེལ།  ཆོས་ནོར་བསྒྲུབ་པ་སོགས་རྒྱས་པའི་ལས་ཐམས་ཅད་འགྲུབ་ཟེར།  གང་ལའང་བཟང་སྟེ་འདོད་འབྱུང་ནེའུ་ལེའི་རྐྱལ་པ་ལྟ་བུའི་མོའོ།  ། ༈    །བཞི་དང་བཞི་ནང་འཕྲད་ན།  ལྷ་མོ་ཅོད་པན་མགྲིན་བཟང་མ་ན་རེ།  ཆོས་ཕྱྭ་ལ་སེང་གེ་དཀར་མོ་འདྲ།  སྡེར་ཆགས་ཡོངས་ཀྱི་རྗེ།  དཔའ་རྩལ་སྟོབས་དང་ལྡན།  གཞན་སྣང་ཟིལ་གྱིས་གནོན།  ཁྱིམ་ཕྱྭ་ནི་གསེར་གཞོང་མར་ཁུས་གང་བ་ལྟར་ཕུན་སུམ་ཚོགས།  གྲོགས་ནོར་གྱི་ཕྱྭ་ལ་གོད་འདྲེ་མནན་ཅིང་ {{TibChung|[4a]}} གཡང་སྒོ་བསྡམ།  གསེར་འོད་བཀླག  བུམ་གཏེར་གཞུག་ན་བཟང་།  རིན་པོ་ཆེའི་རིགས་དང་དར་ཟབ་སོགས་འཕེལ།  དོན་ཕྱྭ་སྲུང་མས་གྲོགས་བྱེད་པས་མྱུར་དུ་འགྲུབ།  སྲོག་གནམ་ལྕགས་ཀྱི་རྡོ་རྗེ་དང་མཚུངས།  ནད་པ་ནད་ཐོག་ཏུ་སྨན་སོང་བས་མྱུར་དུ་འཚོ།  གདོན་ཀླུ་གཉན་གྱིས་གནོད་པས་ས་བདག་བཅོས་ཤིང་ཀླུ་གཏོར་དང་ཀླུ་འབུམ་བྱ།  བུད་མེད་སྦྲུམ་མའི་ནལ་གྲིབ་སོགས་ཀྱིས་ལྷ་སྲུང་མནོལ་འདུག་པས་ལྷ་བསང་དང་ཁྲུས་ཀྱིས།  བོར་བ་ནུབ་བམ་བྱང་ཕྱོགས་སུ་བཙལ་ན་རྙེད།  དགྲ་མི་འབྱུང་ཞིང་ཕར་རྒོལ་ན་རང་ཉིད་རྒྱལ།  མགྲོན་པོ་ཤིན་ཏུ་མགྱོགས་ཤིང་ལམ་བདེ།  ཡི་དམ་ཚེ་དཔག་མེད་དང་།  ཐུགས་རྗེ་ཆེན་པོ་ཞི་དྲག  ཀུ་རུ་ཀུལླེ་སོགས་པདྨའི་རིགས་དང་།  ཆོས་སྐྱོང་ལྷ་ཆེན་ཛམ་དམར་བཙན་རྒད་སོགས་བརྟེན།  མར་མེ་དང་སྦྱིན་སྲེག་ལ་འབད་ན་དགེ་བ་མེ་བཞིན་འབར།  གཞན་དབང་དུ་བྱེད་པ་སོགས་དབང་གི་ལས་ཐམས་ཅད་འགྲུབ་ཟེར།  གང་ལའང་ལེགས་ཏེ་རིན་པོ་ཆེའི་སྒྲོམ་བུ་ལྟ་བུའི་མོའོ།  ། ༈    །ལྔ་དང་ལྔ་ནང་འཕྲད་ན།  ལྷ་མོ་ཏལ་དཀར་འགྲོ་བཟང་མ་ན་རེ།  ཆོས་ཕྱྭ་ནི་ཆོས་ཀྱི་དར་ཤིང་ལ།  ཕྲིན་ལས་ཀྱི་བ་དན་སྒྲོན།  ཕྱོགས་ལས་རྣམ་པར་རྒྱལ།  ཁྱིམ་ཕྱྭ་ལ་སྐྱེས་པ་འཕན་པོའི་བུ་ཡིས་གསོ།  ཕ་མེས་བྱས་པའི་ལག་རྗེས་ {{TibChung|[4b]}} ཆེ།  འོན་ཀྱང་ཉེ་དུའི་འདྲེ་ཕྱི་ལ་འབྲངས་འདུག་པས་ལན་ཆགས་གཏོར་མ་ཐོང་།  རྔམས་གྲགས་ཆེ་ན་འཕྲལ་རྐྱེན་འདུག་པས་གཡུལ་མདོས་དང་མནན་སྲེག་གིས།  སྤྱིར་མི་ཁྱོད་སྤྲོ་ཐུང་ཞིང་རྒྱུད་འཁྲུགས་ཚིག་པ་ཟ་བ་ཞིག་རྒྱུན་དུ་གདའ།  གྲོགས་དང་ནོར་ཕྱྭ་ལ་སྟོབས་ཀྱིས་རྙེད་པ་འབྱུང་ཞིང་ལྷག་པར་གནག་ཕྱུགས་ཀྱི་རིགས་འཕེལ།  དོན་ཕྱྭ་སྐབས་འགར་བྱ་ལམ་རྗེས་མེད་དུ་མ་སོང་ན་བཟང་སྟེ་རིམ་གྲོ་ལ་འབུང་།  སྲོག་ཕྱྭ་ལ་བླ་འཁྱར་འདུག་པས་བླ་འགུགས་དང་ཚེ་སྒྲུབ་ལ་འབད།  ནད་པ་རིམ་གྲོ་དཔུང་བསྐྱེད་ན་མི་སྐྱོན།  གདོན་མོ་འདྲེ་དང་དམ་སྲིས་གནོད་པས་མདོས་གླུད་བོར།  བོར་བ་བྱང་ངམ་ཤར་ཕྱོགས་ནས་མྱུར་དུ་རྗེས་ལས་ཆེ།  དགྲ་ལ་དོགས་མི་དགོས།  མགྲོན་པོ་ལམ་བདེ་ཞིང་ཆེས་མགྱོགས་པར་འཁོད།  ཡི་དམ་ཕུར་པ་སེང་གདོང་སྒྲོལ་མ་སོགས་ལས་ཀྱི་རིགས་དང་།  ཆོས་སྐྱོང་རྡོར་ལེགས་ཞིང་སྐྱོང་སེང་གདོང་ངན་ནེ་མ་སོགས་དང་གནོད་སྦྱིན་རིགས་བརྟེན།  རླུང་རྟ་དང་དར་ཆེན་ཕྱར།  འཁོར་ལོ་བཙུག་ན་ཕྲིན་ལས་གང་བརྩམས་རླུང་ལྟར་མྱུར་ཞིང་འགྲུབ།  ཕྱིར་བཟློག་པ་དང་ཚར་གཅོད་པ་སོགས་དྲག་པོའི་ལས་ཐམས་ཅད་འགྲུབ་ཟེར།  གང་ལའང་དགེ་ཞིང་མྱུར་ཏེ་ལྷ་མདའ་དར་གྱིས་སྤུད་པ་ལྟ་བུའི་མོའོ།  ། ༈    །དྲུག་དང་དྲུག་ནང་འཕྲད།  བདུད་མོ་ཁྲག་རྐུན {{TibChung|[5a]}} གསེར་མིག་མ་ན་རེ།  ཆོས་ཕྱྭ་ནི་རྔ་མོང་གྭ་པ་དཔའ་འདྲེ་སྟེ་ཐན་རིགས་ཐམས་ཅད་ཚང་བས་ཆོས་ཅི་ལ་འོང་།  ཁྱིམ་ཕྱྭ་ལ་མཚན་མོ་གཉིད་སྲུང་།  ཉིན་མོ་གཡེང་བ་སྤོང་བ་ལ་གཟབ་དགོས།  མི་ཁྱོད་རྒྱལ་ཁམས་ཐགས་སུ་འཐག    །རི་ཀླུང་སྤྱང་ལྟར་ཉུལ།  དོན་མེད་ཨ་ཐང་ཆད།  མགོ་དཔོན་བཟང་པོ་ཞིག་བཙལ་ན་ཕུག་ཏུ་རྙེད་ཙམ་འོང་ལས་ཆེ།  གྲོགས་དང་ནོར་ཕྱྭ་ནི་ཡོད་པ་བོར་མེད་པ་རྙེད།  ཕར་འཇལ་ཚུར་ལེན་ངང་དུ་མི་ཚེ་ཟད།  དོན་ཕྱྭ་ཁ་མཆུ་དང་ཐུག་དོགས་ཡོད།  སྲོག་ཕྱྭར་འཆི་བསླུ་དང་བརྒྱ་བཞི་ཐོང་།  རྒྱལ་བའི་བཀའ་བསྒྲགས་པ་སོགས་རིམ་གྲོ་དཔུང་བསྐྱེད་ན་མི་འཆི་ཙམ་ཡོང་བ་སྲིད།  ནད་པ་ལ་ཤིན་ཏུ་ངན།  སྨན་དཔྱད་མི་ཚུགས།  ཡས་གླུད་མི་ལེན།  ལྷ་སྲུང་གིས་མི་སྐྱོབ།  གདོན་བྱད་ཕུར་རྦོད་གཏོང་གིས་གནོད།  བྱད་བཀྲོལ་དང་བྱད་ཟློག་སོགས་བྱ།  བོར་བ་ཤུལ་རྗེས་ཀྱང་མི་མཐོང་།  དགྲ་ངོ་ཤིན་ཏུ་ཆེ་ཞིང་ནོར་སྙིང་དང་འདྲ་བ་དགྲ་ལག་ཏུ་ཤོར་དོགས་ཡོད་པས་གཟོབ།  དགྲ་བྲུབ་དང་ཟློག་པ་གྱིས།  མགྲོན་པོ་ལམ་གེགས་ཆེ།  བཟང་པོའི་ལས་གང་ཡང་མི་འགྲུབ་པས་བཤོལ་ན་འཐད།  ཁྲོ་བོ་རོལ་པའི་གཏོར་ཟློག་དང་།  མ་མགོན་གཡུལ་མདོས་སོགས་སྲུང་རིམ་དྲག་པོ་ལ་མྱུར་དུ་འབད་དགོས།  གཞན་གསོད་པ་སོགས་མ་རུང་ {{TibChung|[5b]}} པའི་ལས་ཁ་ཅིག་ལ་དགེ་བ་ཙམ་ལས་དེ་མིན་གང་ལའང་ངན་ཟེར་རོ།  །ངན་པ་ཀུན་ཚང་རྔ་མོང་ལྟ་བུའི་མོའོ།  ། ༈    །གཅིག་དང་གཉིས་འཕྲད་ན།  ཁ་རག་ཁྱུང་བཙུན་མ་ན་རེ།  ཆོས་ཕྱྭ་ནི་ཚེ་སྟོད་ལ་ཆོས་བྱས།  ཚེ་སྨད་ལ་སྡིག་བསགས།  གཞོན་ཚེ་བཙུན་པ་བྱས།  རྒས་དུས་བུ་དང་འཕྲད།  ཁྱིམ་པ་སྐྱ་པོ་བྱས་ན་མི་རྒོད་པོ་ཞིག་འོང་།  ཁྱིམ་ཕྱྭ་ནི་ཁང་པའི་ནང་ལ་གསེར་ཡོད་དེ་སྒོ་ལ་ནོར་མེད།  འབྲང་ལྟོག་སྙོམས་ཙམ་འདུག    གསེར་འོད་གྲངས་མང་སྒྲོགས།  ཕ་མེས་ཀྱི་དུར་ས་འཆུག་འདུག་པས་དེ་སྤོས་ན་བཟང་།  གྲོགས་དང་ནོར་ཕྱྭ་ནི་རི་བོང་གི་ཤ་ཙམ་ལའང་ངལ་དུབ་དཀའ་བ་ཆེན་པོ་བསྐྱེད་དགོས་པར་གདའ།  དོན་ཕྱྭ་ལ་ཕྱི་དལ་ཆེ།  སྲོག་ཕྱྭ་ལ་ཚེ་སྲོག་ལྕགས་མཁར་དགུ་རིམ་ནང་དུ་ཚུད།  ཕྱི་ནས་སྲུང་འཁོར་མེ་ལྟར་འབར་བས་བཟང་།  ནད་པ་ནད་ཡུན་རིང་བར་བྱེད་ཀྱང་ག་ལེར་སོས་འོང་།  རིམ་གྲོར་དགེ་འདུན་བཞི་སྡེ་མཆོད་ཅིང་གསུང་རབ་བཀླག    སྔགས་པ་དགུས་མདོས་གཏོར་ཐོང་།  གདོན་རྒྱལ་པོས་གནོད་པས་རྒྱལ་མདོས་ཀྱིས།  བོར་བ་མྱུར་དུ་མ་རྙེད་ན་ཕྱིས་དཀའ།  དགྲ་ངོ་ཡོད་པས་འབྲོས་སམ་འཐབ་ན་ད་ནི་རན།  རང་འགོ་ཐོན་ཙམ་འོང་ལས་ཆེ།  མགྲོན་པོ་ད་ལྟ་མ་སླེབ་ན་རེ་ཞིག་མི་འོང་།  གཞན་གང་ལའང་འབྲིང་ཙམ་ཡིན་ཟེར་རོ།  །{{TibChung|[6a]}}     གཅིག་དང་གསུམ་འཕྲད་ན།  རྡོ་རྗེ་ཟུ་ལེ་མ་ན་རེ།  ཆོས་ཕྱྭ་ནི་སྨན་སྒྲོམ་ཁ་ཕྱེས་ན་འདོད་རྒུའི་རྩ་བ་སྟེ་ཤིན་ཏུ་ལེགས།  ཁྱིམ་ཕྱྭ་ལ་ལྷོ་གསེར་གྱི་ཆུ་བྲན་གཡང་དུ་འཁྱིལ་བས་བཟང་།  གྲོགས་དང་ནོར་ཕྱྭ་ལ་རྙེད་པ་དགའ་བ་འཕེལ།  དོན་ཇི་ལྟར་བསམ་པ་འགྲུབ།  ཚེ་སྲོག་ས་གཞི་ལྟར་བརྟན།  ནད་པར་ལྷ་རྗེ་བརྟེན་ན་ཕན་ངོ་གསལ།  གདོན་ནི་མེད།  བོར་བ་ལྷོ་བྱང་དུ་འཚོལ་དང་རྙེད།  དགྲ་མི་འདུག    མགྲོན་པོ་ལམ་བདེ་ཕྱི་དལ་ཆེ།  །ལྷ་ལ་ལྟོས་པ་གྱིས་དང་མི་བསླུ།  གཞན་གང་ལའང་མི་དགེ་བ་མེད་ཟེར་རོ།  ། ༈    གཅིག་དང་བཞི་འཕྲད་ན།  བདུད་མོ་ཤུ་རེ་མོ་ན་རེ།  ཆོས་ཕྱྭ་ནི་ཕུ་ཡི་རབ་ཆད་དང་མདའ་ཡི་སྲིན་མོ་གཉིས་འཕྲད།  གར་ཕྱིན་གར་བསྡད་ཀྱང་བཀྲ་མི་ཤིས།  ཁྱིམ་ཕྱྭ་ཐེའུ་རང་གྲི་བོ་གྲི་མོས་གནོད་པས་བདུད་མདོས་ཐོང་།  གྲོགས་དང་ནོར་ཕྱྭ་ལ་ནང་ནས་རྐུན་མས་ཁྱེར།  ཕྱི་ནས་ཇག་པས་བདས།  བར་དུ་གོད་ཁ་མང་བས་གོད་སྲི་དང་དགྲ་སྲི་གནོན།  ཕ་མེས་ཀྱི་ལྷ་སྲུང་ལ་བསང་གསོལ་འབུང་།  དོན་བསམ་བསམ་མང་སྟེ་འགྲུབ་འགྲུབ་དཀོན།  ཚེ་སྲོག་བྱིའུ་མགོ་དམར་ལ།  ཁྲ་ཡི་སྦར་མོ་དམ་པོས་ཟིན།  ལྷག་པའི་ལྷ་མཆོག་མ་གཏོགས་པ།  སུས་ཀྱང་དེ་ཉིད་བླང་བ་དཀའ།  ནད་པ་ལ་ཁྲག་ངོ་ཡོད།  ཆུང་ {{TibChung|[6b]}} སྲིའི་གནོད་པས་གདོན་ཆེན་བཅོ་ལྔའི་མདོས་གླུད་ཀྱིས།  བོར་བ་སེང་གེའི་ཁར་ཤ་ཚུད་པ་དང་འདྲ།  དགྲ་ཡོད་ཀྱང་དེ་ཙམ་གནོད་མི་ནུས།  མགྲོན་པོ་ལམ་དུ་ངལ་དུབ་ལུས་ཁ་འགྱེད་ཆེ།  འགོང་པོ་བཅུད་མེད་ཀྱི་མོ་འདི་གང་ལའང་ངན་ཟེར་རོ།  ། ༈    །གཅིག་དང་ལྔ་འཕྲད་ན།  རྡོ་རྗེ་སྨན་གཅིག་མ་ན་རེ།  ཆོས་ཕྱྭ་ནི་དཔག་བསམ་ལྗོན་ཤིང་གསར་པ་ལ།  འདོད་པའི་ལོ་འདབ་ཕྱར་མ་ཕྱུར།  །མཛེས་པའི་མེ་ཏོག་སི་ལི་ལི།  །དགོས་དགུའི་འབྲས་བུ་ཐ་ར་ར།  །རྩེ་ན་ལྷ་བྱ་ཁུ་བྱུག་ལྡིང་།  །སྙན་པའི་གསུང་སྐད་ལྷངས་སེ་ལྷང་།  །སང་ད་ཚོད་ཙམ་ན་མི་ཁྱོད་འདོད་རྒུའི་དབུས་ན་འགྲེང་སྐད།  ཁྱིམ་ཕྱྭ་ལ་ཕ་སྲིད་བུས་དབང་།  ཡུལ་མཁར་གྱི་བདག་པོ་བྱེད།  འོན་ཀྱང་ཁྱོད་ལ་སྔར་བློ་ཉེས་དང་གོད་པ་བྱུང་ན་དེས་ཐུབ།  མ་བྱུང་ན་འོང་བར་གདའ་བས་གཟོབ།  བློ་གཏད་མི་ཡིས་བློ་སྙིང་རྐུ་ཉེན་ཆེ།  རླུང་པོ་ཁྱིམ་ཕུག་ནས་ལྡང་བ་ལ་སྒོ་མོ་བཅད་པས་མི་ཕན།  གྲོགས་དང་ནོར་ཕྱྭ་ལ་བློ་དལ་གྱིས་བག་ཕོབ་དང་ཕུག་གྲོགས་ཤིན་ཏུ་ཆེ།  ཚོང་ལ་བཏང་ན་ཁེ་སྤོགས་ཧ་ཅང་བཟང་།  དོན་འགྲུབ་པས་ཡིད་དགའ་འཕེལ།  ཚེ་སྲོག་བརྟན།  ནད་ཞི།  གདོན་ནི་མེད་དེ་གདོན་དུ་བལྟས་ཀྱང་གཡང་ཡིན།  བོར་བ་ཤར་ལྷོའམ་དབུས་ནས་རྙེད།  དགྲ་མེད།  མགྲོན་པོ་དོན་བཟང་དུས་འགྱང་ཙམ་ {{TibChung|[7a]}} ནས་དགའ་བར་སླེབ།  འདོད་པའི་ལྷ་བསྒྲུབ་ན་དངོས་གྲུབ་མྱུར།  གཞན་གང་ལའང་བཟང་ཟེར་རོ།       །གཅིག་དང་དྲུག་འཕྲད་ན།  རྡོ་རྗེ་ཀུན་གྲགས་མ་ན་རེ།  ཆོས་ཕྱྭ་ནི་རང་སེམས་བརྟན་པར་གྱིས་ལ་བློ་སྣ་གཅིག་ཏུ་གཏད་ན་བཟང་།  ཁྱིམ་ཕྱྭ་ལ་བྱེར་ཞིག་འགྲོ་དོགས་ཡོད་པས་རིམ་གྲོ་སྒྲོལ་མ་སོགས་བར་ཆད་སེལ་བའི་ཐབས་ལ་འབད།  ཚེ་སྟོད་ལས་ཚེ་སྨད་སྐྱིད་པར་འོང་།  བན་བོན་གྱི་ནོར་ཁྱིམ་ལ་མ་བཞག་མ་གཏོགས་འདྲེ་འཁོར་འདུག  །གྲོགས་དང་ནོར་ཕྱྭ་ལ་དཔག་བསམ་ཤིང་དུ་འདུག་པས་ལེགས།  དོན་ཧ་ཅང་རྔམས་ཆེན་ཡིན་ན་འགྲུབ་དཀའ་བ་ཙམ་ལས།  དེ་མིན་མྱུར་དུ་འགྲུབ།  ཚེ་སྲོག་བདུད་རྩིས་འཚོ་བས་བཟང་།  ནད་པ་ནད་གཞི་ཆེ་སྟེ་མི་འཆི།  གདོན་དུ་མོ་འདྲེ་གནོད་པས་དེ་ལ་ཕན་པའི་ཡས་བྱིན།  བོར་བའི་རིགས་གཞན་དུ་སོང་ཡང་མྱུར་དུ་རྩད་བཅད་ན་བྱང་ངམ་ཤར་ནས་རྙེད་ཀྱང་སྲིད།  དགྲ་མེད།  མགྲོན་པོ་ལམ་བདེ་ཞིང་མྱུར།  འདི་མཛའ་བོ་མཐུན་འཇུག་གི་མོ་ལ་ཤིན་ཏུ་བཟང་ཟེར་རོ།  ། ༈      །གཉིས་དང་གསུམ་འཕྲད་ན།  ཀོང་བཙུན་དེ་མོ་ན་རེ།  ཆོས་ཕྱྭ་ནི་བདུད་རྩིས་བཀང་བའི་བུམ་པ་ལ།  དཔག་བསམ་ཤིང་གི་ཁ་རྒྱན་བྱས།  །ཐུགས་རྗེའི་གཟུངས་ཐག་དམར་པོ་ལ།  །རྡོ་རྗེ་ཚེ་ཡི་རིག་པར་ལྡན།  །བརྟེན་པའི་ཡི་དམ་འགྲུབ་པས་ {{TibChung|[7b]}} བཟང་།  ཁྱིམ་ཕྱྭ་ནི་མཁར་ཁྲ་བོ་ནོར་གྱི་རྫོང་།  སྨན་ཁྲ་མོ་ཟས་ཀྱི་རྫོང་།  བག་ཡངས་དྲག་ན་ཁྱི་དང་རྐུན་མས་ཀྱང་བག་ཡངས་སུ་སྤྱོད་ཉེན་གདའ་སྐད།  གྲོགས་དང་ནོར་ཕྱྭ་ལ་མི་ཁྱོད་ཀྱི་སྡོང་གྲོགས་ལྷས་བྱེད་པའི་གྲོགས་ངོ་སོ་དང་བཅས་ཏེ་འོང་།  དོན་བསམ་པ་ལྟར་འགྲུབ།  རླུང་རྟ་ལ་འབད།  ཚེ་སྲོག་གཡུང་དྲུང་འཁྱིལ་བ་ལ།  བདུད་ཀྱི་སྤར་མོས་མི་ཐེབ་བཟང་།  ནད་པ་ཟིང་ལང་ཆེ་བས་འཆི་བསླུ་དང་ཚེ་སྒྲུབ་ཀྱིས།  གདོན་དུ་བྱད་གཏད་ཀྱི་ངོ་འདུག་པས་བྱད་ཟློག་བྱ།  བོར་བ་ལྷོའམ་བྱང་ཕྱོགས་སུ་འཚོལ།  དགྲ་ངོ་འུར་ཟིང་ཆེ་ཙམ་འདུག་པས་དགྲ་བྲུབ་ཀྱིས།  མགྲོན་པོ་ལམ་བདེ་མྱུར་བུལ་འབྲིང་།  གཞན་གང་ལའང་དགེ།  ལྷག་པར་ཚེ་སྒྲུབ་སོགས་སྒྲུབ་པ་བྱེད་པའི་མོ་ལ་བཟང་ཟེར་རོ།  ། ༈      །གཉིས་དང་བཞི་འཕྲད་ན།  རྨ་རི་རབ་འབྱམས་མ་ན་རེ།  ཆོས་ཕྱྭ་ནི།  ཡིད་བཞིན་ནོར་བུ་རིན་ཆེན་ཡིན།  བསམ་པ་ཀུན་འགྲུབ་ཀུན་གྱིས་མཆོད།  ཁྱིམ་ཕྱྭ་ལ་གཏམ་སྙན་པོས་རྒྱལ་ཁམས་གང་།  མི་ཁྱོད་ལ་སྨོན་ལམ་ལྷས་འདེབས།  སྡང་བ་དགྲས་མི་ཚུགས།  ཐམས་ཅད་དབང་དུ་འདུ།  ཕ་བས་བུ་ཕྱུག་པས་བཟང་།  གྲོགས་དང་ནོར་ཕྱྭ་ལ་ལན་ཆགས་གཏོར་མ་དང་ཚོགས་བསགས་ནན་ཏན་འབད་ན་ལེགས།  ཚོང་བྱས་ན་ཁེ་སྤོགས་ཆེ།  དོན་ཆེན་པོ་ཡིན་ན་འགྲུབ  ཕྲན་ཚེགས་ {{TibChung|[8a]}} ཡིན་ན་ཡལ་ངོ་ཡོད།  སྲོག་ཕྱྭར་བཟང་།  ནད་པ་རིམ་གྲོར་འབད་ན་འཚོ།  གདོན་དུ་འགོང་པོ་དང་བཙན་གནོད་པས་མདོས་གླུད་ཐོངས།  བོར་བ་ཁ་གསལ་ཡོད།  དགྲ་རྒྱང་ན་ཡོད་སྐད་ཐོས་ཀྱང་དངོས་སུ་གནོད་མི་ནུས།  མགྲོན་པོ་ལམ་བདེ།  གཞན་གང་ལའང་དགེ།  ཁྱད་པར་གཉེན་སྦྱོར་བྱེད་པའི་མོ་ལ་བཟང་ཟེར་རོ།  ། ༈    །གཉིས་དང་ལྔ་འཕྲད་ན།  རྡོ་རྗེ་རླུང་མོ་རྩལ་ན་རེ།  ཆོས་ཕྱྭ་ནི་སུས་ཀྱང་མི་ཐུད་རྡོ་རྗེའི་གུར་དུ་ཚུད།  ལྷག་པའི་ལྷ་ཡིས་བྱིན་གྱིས་རློབ་པས་ལེགས།  ཁྱིམ་ཕྱྭ་ལ་བསོད་ནམས་ལས་འཕྲོ་འཛོམ།  ཆོས་ནོར་གཉིས་ཀ་ལ་དབང་བས་བཟང་།  གྲོགས་དང་ནོར་ཕྱྭ་ནི།  རྒྱུན་འབབ་ཀྱི་ཆུ་བོ་དང་འདྲ།  དོན་ངང་གིས་འགྲུབ།  ཚེ་སྲོག་བརླིང་།  ནད་པ་ཚབ་ཆེ་རུང་རིམ་གྲོས་བསླུ།  གདོན་དུ་རྒྱལ་བསེན་ཀླུ་དང་ས་བདག་གནོད་པས་དེ་ལ་ཕན་པའི་རིམ་གྲོ་བྱ།  བོར་བ་གཉེན་གྱིས་རྙེད་པའམ།  ཤར་རམ་བྱང་ཕྱོགས་ནས་རྙེད་ངོ་གསལ།  དགྲ་མི་འབྱུང་ལ་སྔོན་ཡོད་པ་འདུམ།  མགྲོན་པོ་ལམ་བདེ་མྱུར་དུ་སླེབ།  གཞན་གང་ལའང་བར་ཆད་མེད་ཅིང་།  ཁྱད་པར་ཆོས་བསྒྲུབ་པ་ལ་བཟང་ཟེར་རོ།  ། ༈    །གཉིས་དང་དྲུག་འཕྲད་ན།  རྡོ་རྗེ་གཡེར་མོ་བའིལ་ན་རེ།  ཆོས་ཕྱྭ་ནི་བཀྲ་ཤིས་དུང་དཀར་གཡས་སུ་འཁྱིལ།  སྙན་པའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས།  མི་ཁྱོད་རྟག་ཏུ་སྙན་གྲགས་ཆེ་བར་འོང་སྐད།  ཁྱིམ་ཕྱྭ་ལ་ལྷ་སྲུང་བཟང་པོས་འགོ་བས་ལེགས།  རྟག་ཏུ་ཐབ་གཞོབ་དང་ {{TibChung|[8b]}} འཁོན་ལ་འཛེམ།  མི་ཕོ་རྒས་ཁར་སྐྱིད།  སྐྱིད་ཀྱི་ཉི་མས་ཕྱིར་བལྟས་བྱེད་ཀྱིན་འདུག་པས་བློ་བདེ་བར་གྱིས།  གྲོགས་དང་ནོར་ཕྱྭ་ལ་གཡང་ཉམས་ཀྱི་ངོ་ཡོད་པས་གཡང་སྒྲུབ་ལ་འབད།  དོན་ཕྱྭར་ཁ་ཚེགས་ཅུང་ཙམ་འདུག  སྲོག་ཕྱྭ་ལ་ཚ་སྒྲུབ་གཟོབ།  རྟས་བསྡབ་བམ་གཡང་ལ་ལྷུང་དོགས་གདའ།  ནད་པ་མྱུར་དུ་སོས།  སྨན་མི་དགོས་ལྟོ་ཡིས་ཆོག  གདོན་དུ་འགོང་པོས་གནོད།  བོར་བ་གཞི་ནས་མ་གཡོས་ན་མ་གཏོགས་རྙེད་དཀའ།  དགྲ་གང་ཡང་མེད།  མགྲོན་པོ་དོན་བཟང་ཞིང་ལམ་བདེ།  གཞན་གང་ལའང་དགེ  ལྷག་པར་གཞན་དོན་བསྒྲུབ་པ་ལ་བཟང་ཟེར་རོ།  ། ༈    གསུམ་དང་བཞི་འཕྲད་ན།  ཤིང་རྩེ་སྤྲེའུའི་སྨན་མོ་ན་རེ།  ཆོས་ཕྱྭ་ནི་སྤྲེའུའི་བྱ་བྱེད་དང་འདྲ།  བྱ་བ་མང་ཡང་འགྲུབ་པ་དཀོན།  ཁྱིམ་ཕྱྭ་ལ་ཁ་མཆུ་འོང་དོགས་ཡོད་པས་ཟློག་སྒྱུར་རིམ་གྲོ་གྱིས།  གྲོགས་དང་ནོར་ཕྱྭ་ལ་གོད་ཁ་དང་གཡང་ཉམས་འདུག་པས་གཡང་སྒྲུབ་བྱ།  དོན་ཕྱྭར་དཀའ་ངལ་ཆེ་སྟེ་དོན་ཆུང་།  ནད་པའི་སྲོག་ཕྱར་སྨན་དང་རིམ་གྲོ་སྟོབས་ཅན་གྱིས་འཚོ་ན་མ་གཏོགས་འཚུབས་ཆ་ཆེ།  གདོན་དུ་ཀླུ་དང་རྒྱལ་བསེན་གནོད་པས་མདོས་གླུད་དང་ཟློག་པ་སོགས་བྱ།  བོར་བ་རྙེད་དཀའ།  དགྲ་ངོ་ཆེ་ཞིང་ཤར་རམ་དབུས་སམ་རང་གནས་ན་གཉའ་ནོན་ཡོད་པས་དགྲ་བྲུབ་སོགས་ལ་འབུང་།  མགྲོན་ {{TibChung|[9a]}} པོ་འགྱོད་ཞི་ཆེ་བས་སླེབ་པ་དཀའ།  འདི་གང་ལའང་འཕོ་འགྱུར་ཆེ་སྟེ་ཤོག་སྐྱ་རླུང་གིས་བསྐྱོད་པ་དང་འདྲ་བས་མི་བཟང་ཟེར་རོ།       །གསུམ་པ་ལྔ་འཕྲད་ན།  གངས་ཀྱི་གཡུ་བུན་མ་ན་རེ།  ཆོས་ཕྱྭ་ནི་གསེར་གྱི་ས་གཞིའི་དཀྱིལ་ནས་ལྷ་ཤིང་སྐྱེས།  དགོས་འདོད་མེ་ཏོག་འབྲས་བུ་སི་ལི་ལི།  བྱེད་པ་ལྷས་བྱས།  བྱམས་པ་དགྲས་བྱམས།  བཀུར་བ་ལྷ་འདྲེས་བཀུར།  དེ་སྔོན་བསགས་ཀྱི་བསོད་ནམས་རེད་སྐད།  ཁྱིམ་ཕྱྭ་ལ་མི་ཁྱོད་རྟག་ཏུ་ཟས་གོས་དང་འཕྲད།  བསམ་པ་ཡིད་བཞིན་དུ་འགྲུབ་ངེས།  གྲོགས་དང་ནོར་ཕྱྭ་ལ་འཕེལ་རྒྱས་ཆེ།  དོན་གང་བསམ་འགྲུབ་ཚེ་སྲོག་གི་གཡུང་དྲུང་བརླིང་།  ནད་པའི་ཕོར་པ་སྨན་གྱིས་གང་བས་ནད་ལས་གྲོལ།  གདོན་དུ་ཀླུ་བཙན་གནོད་པས་ཀླུ་གཏོར་དང་བཙན་མདོས་བྱ།  བོར་བ་ཤར་རམ་བྱང་ནས་རྙེད།  དགྲ་མེད་པས་བློ་བདེ།  མགྲོན་པོ་གྲོགས་བཟང་དང་བཅས་ཏེ་འོང་།  གཞན་གང་ལའང་ཞི་ཞིང་དགེ་བས་བཟང་ཟེར་རོ།     །གསུམ་དང་དྲུག་འཕྲད་ན།  འབྲོག་ཆེན་འཁོར་འདུལ་མ་ན་རེ།  ཆོས་ཕྱྭ་ནི་ད་ལྟ་དབུལ་ཞིང་ཕོངས་ཀྱང་ཆོས་བྱས་ན་མཐར་བསམ་པ་ལག་ཏུ་འབྱོར་བས་བདེ་བར་འགྱུར།  ཁྱིམ་ཕྱྭ་ལ་འཕྲལ་སྐྱིད་པ་ཙམ་མ་བྱུང་རུང་ཕུག་ཏུ་སྐྱིད་པོ་ལྷས་སྟེར་བ་གདའ།  གྲོགས་དང་ནོར་ཕྱྭ་ལ་ {{TibChung|[9b]}} གསེར་འོད་བཀླག  ནོར་ལྷ་བསྒྲུབ་ན་བཟང་།  དོན་ཕྱྭ་ལ།  ཕྱི་འཁོན་ནམ་ནང་འཁོན་འོང་དོགས་འདུག་པས་གཟོབ།  སྲོག་ཕྱྭར་ཚེ་སྒྲུབ་འབད་ན་ལེགས།  ནད་པ་ནད་ཡུན་རིང་ཙམ་ལས་མ་སྐྱོན།  གདོན་དུ་སྔ་མའི་ལན་ཆགས་འདུག་པས་གླུད་གཏོར་ཐོང་།  ཚོགས་བསགས་དང་སྒྲིབ་སྦྱོང་ལ་འབད།  བོར་བ་རྩད་ཞིབ་པར་བཅད་ན་ཕུག་ཏུ་ཁ་གསལ་ཡོང་།  དགྲ་སེམས་ལས་ཅན་འདྲ་འདུག་སྟེ་དངོས་སུ་ཆེར་མི་གནོད།  མགྲོན་པོ་ད་ལྟ་མ་སླེབ་ན་འགོར་ཡུན་རིང་།  གཞན་གང་ལའང་འབྲིང་གི་སྟོད་ཙམ་ཡིན་ཟེར་རོ།       བཞི་དང་ལྔ་འཕྲད་ན།  བདུད་མི་རྭ་ཡོན་ནག་མོ་ན་རེ།  ཆོས་ཕྱྭ་ནི།  ལས་འཕྲོ་ངན་པས་ནམ་ཡང་སྡུག  །གང་དུ་ཕྱིན་ཀྱང་འཁོན་དང་འཕྲད།  །མ་བྱས་པ་ལ་གྱོང་ཚབ་ཆེ།  །འབད་ཀྱང་མི་ཕན་འཇལ་ཡང་མི་སོབ་སྐད།  ཁྱིམ་ཕྱྭ་ནི་ཡི་དྭགས་ཁྱིམ་དུ་བསེ་རག་ཕྱིར།  །རླུང་དང་ཆུ་ལས་ལོངས་སྤྱོད་མེད།  །ཅུང་ཞིག་རྙེད་པ་བཙན་པོས་འཕྲོག །  ད་དུང་མི་ཚད་ན་ཤི་ཡོང་དོགས་འདུག  །གྲོགས་དང་ནོར་ཕྱྭ་ནི་ལྟོས་དང་སྟོང་ཧ་རེ་གདའ།  དོན་ཕྱྭ་འཛའ་ཚོན་གྱི་རྗེས་སུ་རྒྱུག་པ་དང་འདྲ།  ཚེ་སྲོག་རྟ་རྔ་ཙམ་དེ་གདའ་བས་ཚེ་སྒྲུབ་དང་འཆི་བསླུ་གྱིས།  མིང་བརྗེ་ལུས་བསྒྱུར་སྤོང་དག་བྱས་ན་དགའ།  ནད་པ་འཆི་བདག་སྦར་མོའི་འགྲམ་ན་འདུག་པས་གཟོབ།  གདོན་དུ་མི་ {{TibChung|[10a]}} གདོན་བྱ་བ་གཅིག་ཀྱང་འདུག་པས་བརྒྱ་བཞི་ཐོང་།  བོར་བ་རྙེད་ནས་ཤོར་སྐད།  དགྲ་ཐམས་ཅད་ཀྱིས་བལྟསནས་འདུག    །བྲོས་པ་འཐད་དམ་བཀྱེ་བ་འཐད་བསམ་མནོ་ཐོང་།  མགྲོན་པོ་ཁ་འགྱོད་དལ་ཆད་ཆད་ངང་དུ་གདབ།  ལྗོན་ཤིང་སྐམ་པོ་ལྟ་བུའི་མོ་འདི་གང་ལ་བཏབ་ཀྱང་ངན་པ་ཞིག་ལས་ཅི་ཡོད་ཟེར་རོ།       །བཞི་དང་དྲུག་འཕྲད་ན།  གངས་དཀར་ཤ་མེད་མ་ན་རེ།  ཆོས་ཕྱྭ་ནི་ཟླ་བ་དང་འདྲ་སྟེ་ཡར་འཕེལ་མར་འགྲིབ་གཉིས་ཀ་འོང་།  ཁྱིམ་ཕྱྭར་བུ་སྲིང་ངམ་བུད་མེད་ཀྱི་རྗེས་སུ་འདྲེ་འབྲངས་ནས་བསགས་ཚད་ཟ།  ཡོད་ཚད་ལ་གནོད།  དེ་ཁྱི་ཐོད་ནང་དུ་མནན་པ་གྱིས་དང་བཟང་སྐད།  གྲོགས་དང་ནོར་ཕྱྭ་ལ་ཚུར་འོང་ཕར་གཏོང་གཉིས་ཀ་དགོས།  དོན་ཕྱྭ་ནི་བསམ་པ་ཁ་མ་གང་ཙམ་ཞིག་འོང་།  ནད་པའི་ཚེ་སྲོག་ཟླ་བ་གཟའ་ཡིས་ཟིན་པ་འདྲ།  གདོན་དུ་གཟའ་དང་གྲིབ་ངོ་ཡོད་པས་བཅོས་ལ་འབུང་།  བོར་བ་བཏང་སྙོམས་ངོ་།  དགྲ་ཡོད་པ་འདུམ་རེས་རྩོད་རེས་ཡོང་།  མགྲོན་པོ་ལམ་ཞུགས་ཀྱི་མོ་ལ་བཟང་།  དེ་མིན་གང་ལའང་འབྲིང་གི་སྨད་ཙམ་ཡིན་ཟེར་རོ།       །ལྔ་དང་དྲུག་འཕྲད་ན།  རྡོ་རྗེ་གཡའ་མ་སྐྱོང་ན་རེ།  ཆོས་ཕྱྭ་ནི།  དུག་གསུམ་རྩད་གཅོད་ཤེས་རབ་རལ་གྲི་འདྲ།  རྒོལ་བ་ཀུན་འཇོམས་ཕྱོགས་ལས་རྣམ་པར་ {{TibChung|[10b]}} རྒྱལ།  ཁྱིམ་ཕྱྭ་ལ་གཞན་ནོར་དབང་དུ་འདུས།  འབྲུ་ནོར་བང་མཛོད་ཁེངས།  ཁ་ཐུར་གསེར་ལ་བྱེད།  ལུས་ལ་དར་གྱིས་བརྒྱན་སྐད།  གྲོགས་དང་ནོར་ཕྱྭར་སེམས་སྤྲོ་བ་འཕེལ་བར་འོང་།  དོན་ཕྱྭ་ནི་བློ་རྩལ་སྟག་མོ་བས་ངར།  ཡོན་ཏན་གྱི་ཆེ་བ་དང་བཅས་ཏེ་རེ་བ་ལས་ལྷག་པར་འགྲུབ་ངེས།  སྲོག་ཕྱྭ་ན་ལྕགས་བུམ་ནང་དུ་མི་སྲོག་སྦས།  དེ་ལ་རྡོ་རྗེས་ཁ་ཆོད་བྱས།  བཤས་ལུག་ཤན་པའི་ལག་ནས་ཤོར་མ།  ནད་ཕྱྭ་ནི།  ནད་པ་ལུག་ལྟར་འཁུན་ཀྱང་སྨན་པ་དགོད་ཅིག་ཤོར།  སང་ནད་གྲོལ་ནས་རྟ་རྒྱུག་པར་འོང་།  གདོན་དུ་ཀླུ་དང་ས་བདག་གནོད་པས་འཁྲུགས་བཅོས་དངགཞི་བསང་འབད་ན་བཟང་།  བོར་བ་ཐེང་གསུམ་རྙེད་ཀྱང་ཐེང་གསུམ་བོར།  ད་ཉར་ཚག་ལེགས་པར་གྱིས།  དགྲ་ཡོད་ཀྱང་ཚུར་ལ་རྒོལ་བའི་ནུས་པ་མེད།  ཕར་རྒོལ་ན་རང་ཉིད་རྒྱལ་ངེས།  མགྲོན་པོ་ཕར་འགྲོ་ལ་བཟང་།  ཚུར་འོང་ལ་ཕྱི་དལ་ཅུང་ཟད་ཡོད་སྲིད།  རླུང་རྟ་དང་དགྲ་བླ་གསོལ།  གཞན་གང་ལའང་ཕུག་བརླིང་ཞིང་དགེ་མཚན་འཕེལ་བས་བཟང་ཟེར།  ཤིན་ཏུ་སྟོབས་དང་ལྡན་ཏེ།  ཕྱོགས་ལས་རྣམ་པར་རྒྱལ་བའི་རྟགས་སུ་ནོར་བུའི་རྒྱལ་མཚན་བསྒྲེངས་པ་ལྟ་བུའི་མོ་ཡིན་ནོ།  །ཟག་མེད་ཀློང་བརྡོལ་མཁྱེན་པ་ལྟ་ཞོག་གི།  ཟག་བཅས་མངོན་པར་ཤེས་ཙམ་མེད་བཞིན་དུ།  །ཨུ་ཚུགས་ {{TibChung|[11a]}} གཞན་མགོ་བསྐོར་ལ་རྟག་བྲེལ་བའི།  །འདོད་ཆེན་སྐྱེ་བོའི་གསོས་སུ་ངས་འདི་བྱས།  །དོན་དམ་གཤིས་ལ་སྤྲོས་མཚན་མ་དམིགས་ཀྱང་།  །སྣང་ཚུལ་རྟེན་འབྲེལ་འཆར་སྒོ་མི་འགག་ཕྱིར།  །ཐེ་ཚོམ་བྲལ་བའི་ཡིད་ཆེས་སྐྱེས་གྱུར་ན།  །ཡང་དག་བསླུ་མེད་ལུང་དུ་སྟོན་ཀྱང་སྲིད།  །ཅེས་པའང་སྒྲུབ་གནས་ཀྱི་རྒྱལ་པོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཉེ་འདབ་འཁོར་ཡུག་སཱ་ལའི་ལྗོན་བཟང་གིས་ཀུན་ནས་བསྐོར་བའི་སྐྱེད་མོས་ཚལ།  རང་བྱུང་བདུད་རྩིའི་ཆུ་བོ་ལྷུང་ལྷུང་འབབ་པའི་འགྲམ།  གཡུའི་ནེའུ་སིང་ཐང་མར་བརྡལ་བའི་སྨན་ལྗོངས་ཉམས་དགའ་བ་ན་བག་ཕེབས་པར་རྒྱུ་ཞིང་ངལ་གསོ་བའི་སྐབས་ཤིག་ཏུ་བྲིས་པ་སྟེ།  འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་རྣམ་པར་རྟོག་པའི་རླབས་ཕྲེང་གི་ཆ་ཤས་སོ།།  །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།  །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 16:41, 23 December 2025

Wylie title bkra shis tshe ring ma'i 'phrul mo snang gsal me long DJYD-KABUM-18-TSHA-032.pdf
Location bdud 'joms rin po che bka' 'bum
Volume 18, Text 32, Pages 693-713 (Folios 1a1 to 11a4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bkra shis tshe ring ma'i 'phrul mo snang gsal me long. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 18: 693-713. Kalimpong: Dupjung Lama, 1979-1985.
Side notes Recto: 'phrul mo   Verso: tshe ring ma
More details More details
Genre Protector Rituals - gsol mchod  ·  Ritual and Liturgical Texts - cho ga phyag len
Deity Bkra shis tshe ring ma
Colophon

།ཅེས་པའང་སྒྲུབ་གནས་ཀྱི་རྒྱལ་པོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཉེ་འདབ་འཁོར་ཡུག་སཱ་ལའི་ལྗོན་བཟང་གིས་ཀུན་ནས་བསྐོར་བའི་སྐྱེད་མོས་ཚལ། རང་བྱུང་བདུད་རྩིའི་ཆུ་བོ་ལྷུང་ལྷུང་འབབ་པའི་འགྲམ། གཡུའི་ནེའུ་སིང་ཐང་མར་བརྡལ་བའི་སྨན་ལྗོངས་ཉམས་དགའ་བ་ན་བག་ཕེབས་པར་རྒྱུ་ཞིང་ངལ་གསོ་བའི་སྐབས་ཤིག་ཏུ་བྲིས་པ་སྟེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་རྣམ་པར་རྟོག་པའི་རླབས་ཕྲེང་གི་ཆ་ཤས་སོ།། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།

ces pa'ang sgrub gnas kyi rgyal po stag tshang seng ge bsam 'grub kyi nye 'dab 'khor yug sA la'i ljon bzang gis kun nas bskor ba'i skyed mos tshal/___rang byung bdud rtsi'i chu bo lhung lhung 'bab pa'i 'gram/___g.yu'i ne'u sing thang mar brdal ba'i sman ljongs nyams dga' ba na bag phebs par rgyu zhing ngal gso ba'i skabs shig tu bris pa ste/___'jigs bral ye shes rdo rje'i rnam par rtog pa'i rlabs phreng gi cha shas so//___//sarba dA ka l+yA NaM b+ha ba tu//_

[edit]
༄༅། །བཀྲ་ཤིས་ཚེ་རིང་མའི་འཕྲུལ་མོ་སྣང་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །


༄༅། །ཨོཾ་སྭསྟི། མི་འགྱུར་བདེ་ཆེན་རྣམ་བཅས་སྒྱུ་མའི་གར། །ལྷན་སྐྱེས་སྨན་མོ་མཆེད་ལྔར་ཉེར་བཏུད་ནས། ལྐོག་གྱུར་མུན་པའི་སྣང་བ་སེལ་བྱེད་པའི། རབ་གསལ་ལུང་གི་མེ་ལོང་འདི་ན་སྤྲོད། དེ་ཡང་གུ་རུ་རྩ་བ་གསུམ་གྱི་བསྙེན་གྲུབ་ལེགས་པར་ཐིམ་ཞིམ་གཏེར་སྲུང་མཆེད་ལྔའི་གསོལ་མཆོད་ལ་རྒྱུན་དུ་བརྩོན་པའི་རྣལ་འབྱོར་པ་རྣམས་ཀྱིས་ཐུན་མོང་གི་རྟེན་འབྲེལ་བླང་དོར་བརྟག་པའི་འཕྲུལ་མོ་བྱ་བར་འདོད་པས། དུང་ཤྭ་གཙང་མ་གཞན་གྱིས་ལོངས་མ་སྤྱད་པར་ལྷ་མོ་གཙོ་འཁོར་གྱི་སྙིང་པོ་དང་། མྃ་བཛྲ་དྷཱ་ཀི་ནཱི་པྲ་མོ་ཧྲིང་ཧྲིང་སལ་སལ་ཕྱེ་ཕྱེ༔ ཞེས་བརྒྱ་སྟོང་ཁྲི་འབུམ་སོགས་བཟླས་པས་བྱིན་གྱིས་བརླབ། དུས་སུ་ [2a] བབས་པ་ན་ཤྭ་ལག་ཏུ་བཟུང་ལ། ཕྱག་འཚལ་སྐྱབས་མཆི་དཀོན་མཆོག་གསུམ༔ ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས༔ ཡེཤེས་ལས་གྲུབ་ལྷ་མོའི་ཚོགས༔ དེ་རིང་སྣང་སྲིད་ས་ལེར་སྟོན༔ བདག་གི་ཡིད་ལ་གང་འདོད་པའི༔ རྟེན་འབྲེལ་མངོན་སུམ་བསྟན་དུ་གསོལ༔ ཁྱད་པར་མཐིང་གི་ཞལ་བཟང་མ༔ དམ་བཅས་ཐུགས་དམ་མ་གཡེལ་ཅིག༔ ཅེས་དམོད་པ་བོར་ཏེ་གང་ལ་སྨོན་པའི་དོན་དྲན་བཞིན་དུ་ལན་གཉིས་འཕང་བས། ཤྭ་མིག་གི་གྲངས་ཇི་ལྟར་བབས་པའི་མཚན་མ་ལ་འདི་ལྟར་དཔྱད་པར་བྱ་སྟེ། ༈ ཐོག་མར་ཤྭ་མིག་གཅིག་དང་གཅིག་ནང་འཕྲད་ན། གཙོ་མོ་བཀྲ་ཤིས་ཚེའི་དབང་ཕྱུག་མའི་ [2b] ཞལ་ན་རེ། མི་ཁྱོད་ཀྱི་བསྟན་པའི་ཆོས་ཕྱྭ་ནི་ཧ་ཅང་བཟང་སྟེ། བླ་མའི་ཐུགས་རྗེ་དང་རང་གི་ལས་འཕྲོ་འཛོམ། ཆོས་སྒྲུབ་པའི་སྐལ་པ་དང་ལྡན། སྐྱེ་བོ་ཡིན་ན་རྒྱལ་པོའི་བང་མཛོད་ལ་དབང་། མ་བསམ་པའི་ས་ནས་ནོར་འབྱུང་། མ་བྱས་པའི་ལས་བཟང་པོ་དང་འཕྲད། ཁྱིམ་ཕྱྭ་ནི་ཕུ་ན་གངས་རི་མཐོ། དེ་ལ་ལྷ་སྲུང་འཁོར བར་ན་མི་ནོར་དར། དེ་ལ་དཔལ་གཡང་ཆགས། མདའ་ན་ཆུ་ཀླུང་རྒྱས། དེ་ལ་ཀླུ་ཕྱུག། ཁྱིམ་ལ་སྲུང་མ་འཁོར་བས་གཞི་བརླིང་། གྲོགས་དང་ནོར་ཕྱྭ་ལ་དབང་ཐང་ཆེ། དོན་ཆེན་པོ་མྱུར་དུ་འགྲུབ། སྲོག་ཤིན་ཏུ་བརྟན་པས་རྡོ་རྗེ་དང་འདྲ། ནད་རང་བཞིན་གྱིས་ཞི་ནས་འགྲོ། །གདོན་གང་ཡང་མེད་དེ་ད་ཡང་མི་འབྱུང་། བོར་བ་འཕྲལ་དུ་བཙལ་ན་དབུས་སམ་རང་གནས་ནས་རྙེད། དགྲ་ཐམས་ཅད་གུས་པས་འདུད། མགྲོན་པོ་དགའ་ཞིང་ལམ་བདེ་མྱུར་བར་སླེབ། །ཡི་དམ་རྡོ་རྗེ་སེམས་དཔའ་དང་། པདྨ་འབྱུང་གནས ཕག་མོ་སོགས་འཁོར་ལོའི་རིགས་བརྟེན་ཅིང་ཆོས་སྐྱོང་དམ་ཅན་ལྕམ་དྲལ་དང་ཚེ་རིང་མཆད་ལྔ་བརྟེན་ན་དངོས་གྲུབ་ཆེན་པོ་ཡོད་ཟེར། མོ་འདི་བཟང་པོའི་རྩེར་སོང་བས་ཕལ་པས་ཐེག་དཀའ་བ་ཙམ་ལས། ཅི་ལ་བཏབ་ཀྱང་རབ་ཀྱི་མཆོག་སྟེ་བདུད་རྩིའི་བུམ་པ་བཟང་པོ་ལྟ་བུའི་མོའོ། ། ༈ །གཉིས་དང་གཉིས་ནང་འཕྲད་ན། ལྷ་མོ་མཐིང་ [3a] གི་ཞལ་བཟང་མ་ན་རེ། ཆོས་ཕྱྭ་ལ་སློབ་དཔོན་གྱིས་ཟིན། བསྒྲུབ་ན་ལྷ་འགྲུབ། མཆོད་ན་མགོན་བྱེད། རྟག་ཏུ་ཆོས་བྱས་ན་དགའ། ཁྱིམ་ཕྱྭ་ལ་དགེ་སྟེ་རང་ནོར་མི་ལ་སྟེར། མི་ནོར་དབང་དུ་བསྡུ་བའི་ངོ་། གྲོགས་ནོར་རྒྱ་ཆེན་པོ་འབྱུང་། དོན་བསམ་པ་ལྟར་ཕུག་ཏུ་འགྲུབ། ལྷ་མོ་ལ་བརྟེན་པའི་ཚེ་སྒྲུབ་བྱས་ན་ཚེ་སྲོག་བརྟན། ནད་པ་ལ་སྔགས་བོན་གྱི་དཀོར་བདག་ཆགས་པའི་ནོར་རྗེས་འབྲང་བའི་འདྲེ་གདོན་དང་དམ་གྲིབ་ཀྱི་ངོ་ཆེ་བས། རྒྱལ་མདོས་དང་བརྒྱ་བཞི་བྱ། རྣམ་འཇོམས་དང་ཡིག་བརྒྱ་སྐོང་བཤགས་གྲངས་མང་བསྒྲུབ་ན་ཕན། བོར་བ་ཐབས་མཁས་ཀྱིས་བཙལ་ན་ཤར་རམ་ལྷོ་ཕྱོགས་ནས་རྙེད། དགྲ་མེད། མགྲོན་པོ་ལམ་བདེ་ཞིང་ག་ལེར་དོན་བཅས་སླེབས། ཡི་དམ་ཡང་དག་དང་། མི་གཡོ་བ་སོགས་རྡོ་རྗེའི་རིགས་དང་། ཆོས་སྐྱོང་སྔགས་བདག་རེ་མ་ཏཱི་སོགས་བརྟེན། པྲ་དབབ་པ་སོགས་མཐོང་བའི་ལས་དང་། ནད་གདོན་སྡིག་སྒྲིབ་སྦྱོང་བ་སོགས་ཞི་བའི་ལས་བསྒྲུབ་ན་འགྲུབ་ཟེར། གང་ལའང་བཟང་སྟེ་འཕྲུལ་གྱི་མེ་ལོང་དྭངས་པ་ལྟ་བུའི་མོའོ། ། ༈ །གསུམ་དང་གསུམ་ནང་འཕྲད་ན། ལྷ་མོ་མི་གཡོ་ཀློང་བཟང་མ་ན་རེ། ཆོས་ཕྱྭ་ལ་ལྷ་མི་ཀུན་གྱི་རྗེ། ཆོས་ཀྱི་ཆུ་འཛིན་དཀྲིག ཆོས་ཆར་འགྲོ་ལ་འབེབས། [3b] དངོས་གྲུབ་འབྲས་བུ་སྨིན། ཁྱིམ་ཕྱྭ་ལ་ལྷས་སྐྱོབ། གཉེན་གྱིས་མགོན། མངའ་རིས་མཐོ། གྲོགས་ནོར་ཕུན་སུམ་ཚོགས་པ་འཕེལ། ཁྱད་པར་འབྲུ་ཟས་ལོ་ཏོག་རིགས་རྒྱས། དོན་བཟང་པོ་འགྲུབ། ཚེ་སྲོག་གཞི་བརྟན། ནད་ཇེ་དྭངས་ལ་རིམ་གྱིས་འགྲོ། གདོན་དྲི་ཟ་ལན་ཆགས་ཀྱི་ངོ་འདུག་པས། གསུར་བསྔོ་གླུད་འཇལ་བྱས་ན་བཟང་། བོར་བ་མྱུར་དུ་བཙལ་ན་ལྷོའམ་ནུབ་ཕྱོགས་ནས་རྙེད། དགྲ་ཡོད་ཀྱང་རང་སྟོབས་བརྟན་པས་གནོད་མི་ནུས། མགྲོན་པོ་དགའ་བའི་འཛུམ། སྙན་པའི་གཏམ། ནོམ་པའི་ནོར་དང་བཅས་ཏེ་མྱུར་བར་འོང་། ཡི་དམ་ཆེ་མཆོག་སོགས་བདུད་རྩི་ཡོན་ཏན་གྱི་རིགས་དང་། ཆོས་སྐྱོང་རྣམ་སྲས་ཛམ་ལྷ་ནོར་རྒྱུན་མ་སོགས་བརྟེན། ཚོགས་བསགས་ལ་འབད་ན་དགེ་ལེགས་དབྱར་གྱི་ཆུ་གཏེར་བཞིན་འཕེལ། ཆོས་ནོར་བསྒྲུབ་པ་སོགས་རྒྱས་པའི་ལས་ཐམས་ཅད་འགྲུབ་ཟེར། གང་ལའང་བཟང་སྟེ་འདོད་འབྱུང་ནེའུ་ལེའི་རྐྱལ་པ་ལྟ་བུའི་མོའོ། ། ༈ །བཞི་དང་བཞི་ནང་འཕྲད་ན། ལྷ་མོ་ཅོད་པན་མགྲིན་བཟང་མ་ན་རེ། ཆོས་ཕྱྭ་ལ་སེང་གེ་དཀར་མོ་འདྲ། སྡེར་ཆགས་ཡོངས་ཀྱི་རྗེ། དཔའ་རྩལ་སྟོབས་དང་ལྡན། གཞན་སྣང་ཟིལ་གྱིས་གནོན། ཁྱིམ་ཕྱྭ་ནི་གསེར་གཞོང་མར་ཁུས་གང་བ་ལྟར་ཕུན་སུམ་ཚོགས། གྲོགས་ནོར་གྱི་ཕྱྭ་ལ་གོད་འདྲེ་མནན་ཅིང་ [4a] གཡང་སྒོ་བསྡམ། གསེར་འོད་བཀླག བུམ་གཏེར་གཞུག་ན་བཟང་། རིན་པོ་ཆེའི་རིགས་དང་དར་ཟབ་སོགས་འཕེལ། དོན་ཕྱྭ་སྲུང་མས་གྲོགས་བྱེད་པས་མྱུར་དུ་འགྲུབ། སྲོག་གནམ་ལྕགས་ཀྱི་རྡོ་རྗེ་དང་མཚུངས། ནད་པ་ནད་ཐོག་ཏུ་སྨན་སོང་བས་མྱུར་དུ་འཚོ། གདོན་ཀླུ་གཉན་གྱིས་གནོད་པས་ས་བདག་བཅོས་ཤིང་ཀླུ་གཏོར་དང་ཀླུ་འབུམ་བྱ། བུད་མེད་སྦྲུམ་མའི་ནལ་གྲིབ་སོགས་ཀྱིས་ལྷ་སྲུང་མནོལ་འདུག་པས་ལྷ་བསང་དང་ཁྲུས་ཀྱིས། བོར་བ་ནུབ་བམ་བྱང་ཕྱོགས་སུ་བཙལ་ན་རྙེད། དགྲ་མི་འབྱུང་ཞིང་ཕར་རྒོལ་ན་རང་ཉིད་རྒྱལ། མགྲོན་པོ་ཤིན་ཏུ་མགྱོགས་ཤིང་ལམ་བདེ། ཡི་དམ་ཚེ་དཔག་མེད་དང་། ཐུགས་རྗེ་ཆེན་པོ་ཞི་དྲག ཀུ་རུ་ཀུལླེ་སོགས་པདྨའི་རིགས་དང་། ཆོས་སྐྱོང་ལྷ་ཆེན་ཛམ་དམར་བཙན་རྒད་སོགས་བརྟེན། མར་མེ་དང་སྦྱིན་སྲེག་ལ་འབད་ན་དགེ་བ་མེ་བཞིན་འབར། གཞན་དབང་དུ་བྱེད་པ་སོགས་དབང་གི་ལས་ཐམས་ཅད་འགྲུབ་ཟེར། གང་ལའང་ལེགས་ཏེ་རིན་པོ་ཆེའི་སྒྲོམ་བུ་ལྟ་བུའི་མོའོ། ། ༈ །ལྔ་དང་ལྔ་ནང་འཕྲད་ན། ལྷ་མོ་ཏལ་དཀར་འགྲོ་བཟང་མ་ན་རེ། ཆོས་ཕྱྭ་ནི་ཆོས་ཀྱི་དར་ཤིང་ལ། ཕྲིན་ལས་ཀྱི་བ་དན་སྒྲོན། ཕྱོགས་ལས་རྣམ་པར་རྒྱལ། ཁྱིམ་ཕྱྭ་ལ་སྐྱེས་པ་འཕན་པོའི་བུ་ཡིས་གསོ། ཕ་མེས་བྱས་པའི་ལག་རྗེས་ [4b] ཆེ། འོན་ཀྱང་ཉེ་དུའི་འདྲེ་ཕྱི་ལ་འབྲངས་འདུག་པས་ལན་ཆགས་གཏོར་མ་ཐོང་། རྔམས་གྲགས་ཆེ་ན་འཕྲལ་རྐྱེན་འདུག་པས་གཡུལ་མདོས་དང་མནན་སྲེག་གིས། སྤྱིར་མི་ཁྱོད་སྤྲོ་ཐུང་ཞིང་རྒྱུད་འཁྲུགས་ཚིག་པ་ཟ་བ་ཞིག་རྒྱུན་དུ་གདའ། གྲོགས་དང་ནོར་ཕྱྭ་ལ་སྟོབས་ཀྱིས་རྙེད་པ་འབྱུང་ཞིང་ལྷག་པར་གནག་ཕྱུགས་ཀྱི་རིགས་འཕེལ། དོན་ཕྱྭ་སྐབས་འགར་བྱ་ལམ་རྗེས་མེད་དུ་མ་སོང་ན་བཟང་སྟེ་རིམ་གྲོ་ལ་འབུང་། སྲོག་ཕྱྭ་ལ་བླ་འཁྱར་འདུག་པས་བླ་འགུགས་དང་ཚེ་སྒྲུབ་ལ་འབད། ནད་པ་རིམ་གྲོ་དཔུང་བསྐྱེད་ན་མི་སྐྱོན། གདོན་མོ་འདྲེ་དང་དམ་སྲིས་གནོད་པས་མདོས་གླུད་བོར། བོར་བ་བྱང་ངམ་ཤར་ཕྱོགས་ནས་མྱུར་དུ་རྗེས་ལས་ཆེ། དགྲ་ལ་དོགས་མི་དགོས། མགྲོན་པོ་ལམ་བདེ་ཞིང་ཆེས་མགྱོགས་པར་འཁོད། ཡི་དམ་ཕུར་པ་སེང་གདོང་སྒྲོལ་མ་སོགས་ལས་ཀྱི་རིགས་དང་། ཆོས་སྐྱོང་རྡོར་ལེགས་ཞིང་སྐྱོང་སེང་གདོང་ངན་ནེ་མ་སོགས་དང་གནོད་སྦྱིན་རིགས་བརྟེན། རླུང་རྟ་དང་དར་ཆེན་ཕྱར། འཁོར་ལོ་བཙུག་ན་ཕྲིན་ལས་གང་བརྩམས་རླུང་ལྟར་མྱུར་ཞིང་འགྲུབ། ཕྱིར་བཟློག་པ་དང་ཚར་གཅོད་པ་སོགས་དྲག་པོའི་ལས་ཐམས་ཅད་འགྲུབ་ཟེར། གང་ལའང་དགེ་ཞིང་མྱུར་ཏེ་ལྷ་མདའ་དར་གྱིས་སྤུད་པ་ལྟ་བུའི་མོའོ། ། ༈ །དྲུག་དང་དྲུག་ནང་འཕྲད། བདུད་མོ་ཁྲག་རྐུན [5a] གསེར་མིག་མ་ན་རེ། ཆོས་ཕྱྭ་ནི་རྔ་མོང་གྭ་པ་དཔའ་འདྲེ་སྟེ་ཐན་རིགས་ཐམས་ཅད་ཚང་བས་ཆོས་ཅི་ལ་འོང་། ཁྱིམ་ཕྱྭ་ལ་མཚན་མོ་གཉིད་སྲུང་། ཉིན་མོ་གཡེང་བ་སྤོང་བ་ལ་གཟབ་དགོས། མི་ཁྱོད་རྒྱལ་ཁམས་ཐགས་སུ་འཐག །རི་ཀླུང་སྤྱང་ལྟར་ཉུལ། དོན་མེད་ཨ་ཐང་ཆད། མགོ་དཔོན་བཟང་པོ་ཞིག་བཙལ་ན་ཕུག་ཏུ་རྙེད་ཙམ་འོང་ལས་ཆེ། གྲོགས་དང་ནོར་ཕྱྭ་ནི་ཡོད་པ་བོར་མེད་པ་རྙེད། ཕར་འཇལ་ཚུར་ལེན་ངང་དུ་མི་ཚེ་ཟད། དོན་ཕྱྭ་ཁ་མཆུ་དང་ཐུག་དོགས་ཡོད། སྲོག་ཕྱྭར་འཆི་བསླུ་དང་བརྒྱ་བཞི་ཐོང་། རྒྱལ་བའི་བཀའ་བསྒྲགས་པ་སོགས་རིམ་གྲོ་དཔུང་བསྐྱེད་ན་མི་འཆི་ཙམ་ཡོང་བ་སྲིད། ནད་པ་ལ་ཤིན་ཏུ་ངན། སྨན་དཔྱད་མི་ཚུགས། ཡས་གླུད་མི་ལེན། ལྷ་སྲུང་གིས་མི་སྐྱོབ། གདོན་བྱད་ཕུར་རྦོད་གཏོང་གིས་གནོད། བྱད་བཀྲོལ་དང་བྱད་ཟློག་སོགས་བྱ། བོར་བ་ཤུལ་རྗེས་ཀྱང་མི་མཐོང་། དགྲ་ངོ་ཤིན་ཏུ་ཆེ་ཞིང་ནོར་སྙིང་དང་འདྲ་བ་དགྲ་ལག་ཏུ་ཤོར་དོགས་ཡོད་པས་གཟོབ། དགྲ་བྲུབ་དང་ཟློག་པ་གྱིས། མགྲོན་པོ་ལམ་གེགས་ཆེ། བཟང་པོའི་ལས་གང་ཡང་མི་འགྲུབ་པས་བཤོལ་ན་འཐད། ཁྲོ་བོ་རོལ་པའི་གཏོར་ཟློག་དང་། མ་མགོན་གཡུལ་མདོས་སོགས་སྲུང་རིམ་དྲག་པོ་ལ་མྱུར་དུ་འབད་དགོས། གཞན་གསོད་པ་སོགས་མ་རུང་ [5b] པའི་ལས་ཁ་ཅིག་ལ་དགེ་བ་ཙམ་ལས་དེ་མིན་གང་ལའང་ངན་ཟེར་རོ། །ངན་པ་ཀུན་ཚང་རྔ་མོང་ལྟ་བུའི་མོའོ། ། ༈ །གཅིག་དང་གཉིས་འཕྲད་ན། ཁ་རག་ཁྱུང་བཙུན་མ་ན་རེ། ཆོས་ཕྱྭ་ནི་ཚེ་སྟོད་ལ་ཆོས་བྱས། ཚེ་སྨད་ལ་སྡིག་བསགས། གཞོན་ཚེ་བཙུན་པ་བྱས། རྒས་དུས་བུ་དང་འཕྲད། ཁྱིམ་པ་སྐྱ་པོ་བྱས་ན་མི་རྒོད་པོ་ཞིག་འོང་། ཁྱིམ་ཕྱྭ་ནི་ཁང་པའི་ནང་ལ་གསེར་ཡོད་དེ་སྒོ་ལ་ནོར་མེད། འབྲང་ལྟོག་སྙོམས་ཙམ་འདུག གསེར་འོད་གྲངས་མང་སྒྲོགས། ཕ་མེས་ཀྱི་དུར་ས་འཆུག་འདུག་པས་དེ་སྤོས་ན་བཟང་། གྲོགས་དང་ནོར་ཕྱྭ་ནི་རི་བོང་གི་ཤ་ཙམ་ལའང་ངལ་དུབ་དཀའ་བ་ཆེན་པོ་བསྐྱེད་དགོས་པར་གདའ། དོན་ཕྱྭ་ལ་ཕྱི་དལ་ཆེ། སྲོག་ཕྱྭ་ལ་ཚེ་སྲོག་ལྕགས་མཁར་དགུ་རིམ་ནང་དུ་ཚུད། ཕྱི་ནས་སྲུང་འཁོར་མེ་ལྟར་འབར་བས་བཟང་། ནད་པ་ནད་ཡུན་རིང་བར་བྱེད་ཀྱང་ག་ལེར་སོས་འོང་། རིམ་གྲོར་དགེ་འདུན་བཞི་སྡེ་མཆོད་ཅིང་གསུང་རབ་བཀླག སྔགས་པ་དགུས་མདོས་གཏོར་ཐོང་། གདོན་རྒྱལ་པོས་གནོད་པས་རྒྱལ་མདོས་ཀྱིས། བོར་བ་མྱུར་དུ་མ་རྙེད་ན་ཕྱིས་དཀའ། དགྲ་ངོ་ཡོད་པས་འབྲོས་སམ་འཐབ་ན་ད་ནི་རན། རང་འགོ་ཐོན་ཙམ་འོང་ལས་ཆེ། མགྲོན་པོ་ད་ལྟ་མ་སླེབ་ན་རེ་ཞིག་མི་འོང་། གཞན་གང་ལའང་འབྲིང་ཙམ་ཡིན་ཟེར་རོ། །[6a] ༈ གཅིག་དང་གསུམ་འཕྲད་ན། རྡོ་རྗེ་ཟུ་ལེ་མ་ན་རེ། ཆོས་ཕྱྭ་ནི་སྨན་སྒྲོམ་ཁ་ཕྱེས་ན་འདོད་རྒུའི་རྩ་བ་སྟེ་ཤིན་ཏུ་ལེགས། ཁྱིམ་ཕྱྭ་ལ་ལྷོ་གསེར་གྱི་ཆུ་བྲན་གཡང་དུ་འཁྱིལ་བས་བཟང་། གྲོགས་དང་ནོར་ཕྱྭ་ལ་རྙེད་པ་དགའ་བ་འཕེལ། དོན་ཇི་ལྟར་བསམ་པ་འགྲུབ། ཚེ་སྲོག་ས་གཞི་ལྟར་བརྟན། ནད་པར་ལྷ་རྗེ་བརྟེན་ན་ཕན་ངོ་གསལ། གདོན་ནི་མེད། བོར་བ་ལྷོ་བྱང་དུ་འཚོལ་དང་རྙེད། དགྲ་མི་འདུག མགྲོན་པོ་ལམ་བདེ་ཕྱི་དལ་ཆེ། །ལྷ་ལ་ལྟོས་པ་གྱིས་དང་མི་བསླུ། གཞན་གང་ལའང་མི་དགེ་བ་མེད་ཟེར་རོ། ། ༈ གཅིག་དང་བཞི་འཕྲད་ན། བདུད་མོ་ཤུ་རེ་མོ་ན་རེ། ཆོས་ཕྱྭ་ནི་ཕུ་ཡི་རབ་ཆད་དང་མདའ་ཡི་སྲིན་མོ་གཉིས་འཕྲད། གར་ཕྱིན་གར་བསྡད་ཀྱང་བཀྲ་མི་ཤིས། ཁྱིམ་ཕྱྭ་ཐེའུ་རང་གྲི་བོ་གྲི་མོས་གནོད་པས་བདུད་མདོས་ཐོང་། གྲོགས་དང་ནོར་ཕྱྭ་ལ་ནང་ནས་རྐུན་མས་ཁྱེར། ཕྱི་ནས་ཇག་པས་བདས། བར་དུ་གོད་ཁ་མང་བས་གོད་སྲི་དང་དགྲ་སྲི་གནོན། ཕ་མེས་ཀྱི་ལྷ་སྲུང་ལ་བསང་གསོལ་འབུང་། དོན་བསམ་བསམ་མང་སྟེ་འགྲུབ་འགྲུབ་དཀོན། ཚེ་སྲོག་བྱིའུ་མགོ་དམར་ལ། ཁྲ་ཡི་སྦར་མོ་དམ་པོས་ཟིན། ལྷག་པའི་ལྷ་མཆོག་མ་གཏོགས་པ། སུས་ཀྱང་དེ་ཉིད་བླང་བ་དཀའ། ནད་པ་ལ་ཁྲག་ངོ་ཡོད། ཆུང་ [6b] སྲིའི་གནོད་པས་གདོན་ཆེན་བཅོ་ལྔའི་མདོས་གླུད་ཀྱིས། བོར་བ་སེང་གེའི་ཁར་ཤ་ཚུད་པ་དང་འདྲ། དགྲ་ཡོད་ཀྱང་དེ་ཙམ་གནོད་མི་ནུས། མགྲོན་པོ་ལམ་དུ་ངལ་དུབ་ལུས་ཁ་འགྱེད་ཆེ། འགོང་པོ་བཅུད་མེད་ཀྱི་མོ་འདི་གང་ལའང་ངན་ཟེར་རོ། ། ༈ །གཅིག་དང་ལྔ་འཕྲད་ན། རྡོ་རྗེ་སྨན་གཅིག་མ་ན་རེ། ཆོས་ཕྱྭ་ནི་དཔག་བསམ་ལྗོན་ཤིང་གསར་པ་ལ། འདོད་པའི་ལོ་འདབ་ཕྱར་མ་ཕྱུར། །མཛེས་པའི་མེ་ཏོག་སི་ལི་ལི། །དགོས་དགུའི་འབྲས་བུ་ཐ་ར་ར། །རྩེ་ན་ལྷ་བྱ་ཁུ་བྱུག་ལྡིང་། །སྙན་པའི་གསུང་སྐད་ལྷངས་སེ་ལྷང་། །སང་ད་ཚོད་ཙམ་ན་མི་ཁྱོད་འདོད་རྒུའི་དབུས་ན་འགྲེང་སྐད། ཁྱིམ་ཕྱྭ་ལ་ཕ་སྲིད་བུས་དབང་། ཡུལ་མཁར་གྱི་བདག་པོ་བྱེད། འོན་ཀྱང་ཁྱོད་ལ་སྔར་བློ་ཉེས་དང་གོད་པ་བྱུང་ན་དེས་ཐུབ། མ་བྱུང་ན་འོང་བར་གདའ་བས་གཟོབ། བློ་གཏད་མི་ཡིས་བློ་སྙིང་རྐུ་ཉེན་ཆེ། རླུང་པོ་ཁྱིམ་ཕུག་ནས་ལྡང་བ་ལ་སྒོ་མོ་བཅད་པས་མི་ཕན། གྲོགས་དང་ནོར་ཕྱྭ་ལ་བློ་དལ་གྱིས་བག་ཕོབ་དང་ཕུག་གྲོགས་ཤིན་ཏུ་ཆེ། ཚོང་ལ་བཏང་ན་ཁེ་སྤོགས་ཧ་ཅང་བཟང་། དོན་འགྲུབ་པས་ཡིད་དགའ་འཕེལ། ཚེ་སྲོག་བརྟན། ནད་ཞི། གདོན་ནི་མེད་དེ་གདོན་དུ་བལྟས་ཀྱང་གཡང་ཡིན། བོར་བ་ཤར་ལྷོའམ་དབུས་ནས་རྙེད། དགྲ་མེད། མགྲོན་པོ་དོན་བཟང་དུས་འགྱང་ཙམ་ [7a] ནས་དགའ་བར་སླེབ། འདོད་པའི་ལྷ་བསྒྲུབ་ན་དངོས་གྲུབ་མྱུར། གཞན་གང་ལའང་བཟང་ཟེར་རོ། ༈ །གཅིག་དང་དྲུག་འཕྲད་ན། རྡོ་རྗེ་ཀུན་གྲགས་མ་ན་རེ། ཆོས་ཕྱྭ་ནི་རང་སེམས་བརྟན་པར་གྱིས་ལ་བློ་སྣ་གཅིག་ཏུ་གཏད་ན་བཟང་། ཁྱིམ་ཕྱྭ་ལ་བྱེར་ཞིག་འགྲོ་དོགས་ཡོད་པས་རིམ་གྲོ་སྒྲོལ་མ་སོགས་བར་ཆད་སེལ་བའི་ཐབས་ལ་འབད། ཚེ་སྟོད་ལས་ཚེ་སྨད་སྐྱིད་པར་འོང་། བན་བོན་གྱི་ནོར་ཁྱིམ་ལ་མ་བཞག་མ་གཏོགས་འདྲེ་འཁོར་འདུག །གྲོགས་དང་ནོར་ཕྱྭ་ལ་དཔག་བསམ་ཤིང་དུ་འདུག་པས་ལེགས། དོན་ཧ་ཅང་རྔམས་ཆེན་ཡིན་ན་འགྲུབ་དཀའ་བ་ཙམ་ལས། དེ་མིན་མྱུར་དུ་འགྲུབ། ཚེ་སྲོག་བདུད་རྩིས་འཚོ་བས་བཟང་། ནད་པ་ནད་གཞི་ཆེ་སྟེ་མི་འཆི། གདོན་དུ་མོ་འདྲེ་གནོད་པས་དེ་ལ་ཕན་པའི་ཡས་བྱིན། བོར་བའི་རིགས་གཞན་དུ་སོང་ཡང་མྱུར་དུ་རྩད་བཅད་ན་བྱང་ངམ་ཤར་ནས་རྙེད་ཀྱང་སྲིད། དགྲ་མེད། མགྲོན་པོ་ལམ་བདེ་ཞིང་མྱུར། འདི་མཛའ་བོ་མཐུན་འཇུག་གི་མོ་ལ་ཤིན་ཏུ་བཟང་ཟེར་རོ། ། ༈ །གཉིས་དང་གསུམ་འཕྲད་ན། ཀོང་བཙུན་དེ་མོ་ན་རེ། ཆོས་ཕྱྭ་ནི་བདུད་རྩིས་བཀང་བའི་བུམ་པ་ལ། དཔག་བསམ་ཤིང་གི་ཁ་རྒྱན་བྱས། །ཐུགས་རྗེའི་གཟུངས་ཐག་དམར་པོ་ལ། །རྡོ་རྗེ་ཚེ་ཡི་རིག་པར་ལྡན། །བརྟེན་པའི་ཡི་དམ་འགྲུབ་པས་ [7b] བཟང་། ཁྱིམ་ཕྱྭ་ནི་མཁར་ཁྲ་བོ་ནོར་གྱི་རྫོང་། སྨན་ཁྲ་མོ་ཟས་ཀྱི་རྫོང་། བག་ཡངས་དྲག་ན་ཁྱི་དང་རྐུན་མས་ཀྱང་བག་ཡངས་སུ་སྤྱོད་ཉེན་གདའ་སྐད། གྲོགས་དང་ནོར་ཕྱྭ་ལ་མི་ཁྱོད་ཀྱི་སྡོང་གྲོགས་ལྷས་བྱེད་པའི་གྲོགས་ངོ་སོ་དང་བཅས་ཏེ་འོང་། དོན་བསམ་པ་ལྟར་འགྲུབ། རླུང་རྟ་ལ་འབད། ཚེ་སྲོག་གཡུང་དྲུང་འཁྱིལ་བ་ལ། བདུད་ཀྱི་སྤར་མོས་མི་ཐེབ་བཟང་། ནད་པ་ཟིང་ལང་ཆེ་བས་འཆི་བསླུ་དང་ཚེ་སྒྲུབ་ཀྱིས། གདོན་དུ་བྱད་གཏད་ཀྱི་ངོ་འདུག་པས་བྱད་ཟློག་བྱ། བོར་བ་ལྷོའམ་བྱང་ཕྱོགས་སུ་འཚོལ། དགྲ་ངོ་འུར་ཟིང་ཆེ་ཙམ་འདུག་པས་དགྲ་བྲུབ་ཀྱིས། མགྲོན་པོ་ལམ་བདེ་མྱུར་བུལ་འབྲིང་། གཞན་གང་ལའང་དགེ། ལྷག་པར་ཚེ་སྒྲུབ་སོགས་སྒྲུབ་པ་བྱེད་པའི་མོ་ལ་བཟང་ཟེར་རོ། ། ༈ །གཉིས་དང་བཞི་འཕྲད་ན། རྨ་རི་རབ་འབྱམས་མ་ན་རེ། ཆོས་ཕྱྭ་ནི། ཡིད་བཞིན་ནོར་བུ་རིན་ཆེན་ཡིན། བསམ་པ་ཀུན་འགྲུབ་ཀུན་གྱིས་མཆོད། ཁྱིམ་ཕྱྭ་ལ་གཏམ་སྙན་པོས་རྒྱལ་ཁམས་གང་། མི་ཁྱོད་ལ་སྨོན་ལམ་ལྷས་འདེབས། སྡང་བ་དགྲས་མི་ཚུགས། ཐམས་ཅད་དབང་དུ་འདུ། ཕ་བས་བུ་ཕྱུག་པས་བཟང་། གྲོགས་དང་ནོར་ཕྱྭ་ལ་ལན་ཆགས་གཏོར་མ་དང་ཚོགས་བསགས་ནན་ཏན་འབད་ན་ལེགས། ཚོང་བྱས་ན་ཁེ་སྤོགས་ཆེ། དོན་ཆེན་པོ་ཡིན་ན་འགྲུབ ཕྲན་ཚེགས་ [8a] ཡིན་ན་ཡལ་ངོ་ཡོད། སྲོག་ཕྱྭར་བཟང་། ནད་པ་རིམ་གྲོར་འབད་ན་འཚོ། གདོན་དུ་འགོང་པོ་དང་བཙན་གནོད་པས་མདོས་གླུད་ཐོངས། བོར་བ་ཁ་གསལ་ཡོད། དགྲ་རྒྱང་ན་ཡོད་སྐད་ཐོས་ཀྱང་དངོས་སུ་གནོད་མི་ནུས། མགྲོན་པོ་ལམ་བདེ། གཞན་གང་ལའང་དགེ། ཁྱད་པར་གཉེན་སྦྱོར་བྱེད་པའི་མོ་ལ་བཟང་ཟེར་རོ། ། ༈ །གཉིས་དང་ལྔ་འཕྲད་ན། རྡོ་རྗེ་རླུང་མོ་རྩལ་ན་རེ། ཆོས་ཕྱྭ་ནི་སུས་ཀྱང་མི་ཐུད་རྡོ་རྗེའི་གུར་དུ་ཚུད། ལྷག་པའི་ལྷ་ཡིས་བྱིན་གྱིས་རློབ་པས་ལེགས། ཁྱིམ་ཕྱྭ་ལ་བསོད་ནམས་ལས་འཕྲོ་འཛོམ། ཆོས་ནོར་གཉིས་ཀ་ལ་དབང་བས་བཟང་། གྲོགས་དང་ནོར་ཕྱྭ་ནི། རྒྱུན་འབབ་ཀྱི་ཆུ་བོ་དང་འདྲ། དོན་ངང་གིས་འགྲུབ། ཚེ་སྲོག་བརླིང་། ནད་པ་ཚབ་ཆེ་རུང་རིམ་གྲོས་བསླུ། གདོན་དུ་རྒྱལ་བསེན་ཀླུ་དང་ས་བདག་གནོད་པས་དེ་ལ་ཕན་པའི་རིམ་གྲོ་བྱ། བོར་བ་གཉེན་གྱིས་རྙེད་པའམ། ཤར་རམ་བྱང་ཕྱོགས་ནས་རྙེད་ངོ་གསལ། དགྲ་མི་འབྱུང་ལ་སྔོན་ཡོད་པ་འདུམ། མགྲོན་པོ་ལམ་བདེ་མྱུར་དུ་སླེབ། གཞན་གང་ལའང་བར་ཆད་མེད་ཅིང་། ཁྱད་པར་ཆོས་བསྒྲུབ་པ་ལ་བཟང་ཟེར་རོ། ། ༈ །གཉིས་དང་དྲུག་འཕྲད་ན། རྡོ་རྗེ་གཡེར་མོ་བའིལ་ན་རེ། ཆོས་ཕྱྭ་ནི་བཀྲ་ཤིས་དུང་དཀར་གཡས་སུ་འཁྱིལ། སྙན་པའི་སྒྲ་དབྱངས་ཕྱོགས་བཅུར་སྒྲོགས། མི་ཁྱོད་རྟག་ཏུ་སྙན་གྲགས་ཆེ་བར་འོང་སྐད། ཁྱིམ་ཕྱྭ་ལ་ལྷ་སྲུང་བཟང་པོས་འགོ་བས་ལེགས། རྟག་ཏུ་ཐབ་གཞོབ་དང་ [8b] འཁོན་ལ་འཛེམ། མི་ཕོ་རྒས་ཁར་སྐྱིད། སྐྱིད་ཀྱི་ཉི་མས་ཕྱིར་བལྟས་བྱེད་ཀྱིན་འདུག་པས་བློ་བདེ་བར་གྱིས། གྲོགས་དང་ནོར་ཕྱྭ་ལ་གཡང་ཉམས་ཀྱི་ངོ་ཡོད་པས་གཡང་སྒྲུབ་ལ་འབད། དོན་ཕྱྭར་ཁ་ཚེགས་ཅུང་ཙམ་འདུག སྲོག་ཕྱྭ་ལ་ཚ་སྒྲུབ་གཟོབ། རྟས་བསྡབ་བམ་གཡང་ལ་ལྷུང་དོགས་གདའ། ནད་པ་མྱུར་དུ་སོས། སྨན་མི་དགོས་ལྟོ་ཡིས་ཆོག གདོན་དུ་འགོང་པོས་གནོད། བོར་བ་གཞི་ནས་མ་གཡོས་ན་མ་གཏོགས་རྙེད་དཀའ། དགྲ་གང་ཡང་མེད། མགྲོན་པོ་དོན་བཟང་ཞིང་ལམ་བདེ། གཞན་གང་ལའང་དགེ ལྷག་པར་གཞན་དོན་བསྒྲུབ་པ་ལ་བཟང་ཟེར་རོ། ། ༈ གསུམ་དང་བཞི་འཕྲད་ན། ཤིང་རྩེ་སྤྲེའུའི་སྨན་མོ་ན་རེ། ཆོས་ཕྱྭ་ནི་སྤྲེའུའི་བྱ་བྱེད་དང་འདྲ། བྱ་བ་མང་ཡང་འགྲུབ་པ་དཀོན། ཁྱིམ་ཕྱྭ་ལ་ཁ་མཆུ་འོང་དོགས་ཡོད་པས་ཟློག་སྒྱུར་རིམ་གྲོ་གྱིས། གྲོགས་དང་ནོར་ཕྱྭ་ལ་གོད་ཁ་དང་གཡང་ཉམས་འདུག་པས་གཡང་སྒྲུབ་བྱ། དོན་ཕྱྭར་དཀའ་ངལ་ཆེ་སྟེ་དོན་ཆུང་། ནད་པའི་སྲོག་ཕྱར་སྨན་དང་རིམ་གྲོ་སྟོབས་ཅན་གྱིས་འཚོ་ན་མ་གཏོགས་འཚུབས་ཆ་ཆེ། གདོན་དུ་ཀླུ་དང་རྒྱལ་བསེན་གནོད་པས་མདོས་གླུད་དང་ཟློག་པ་སོགས་བྱ། བོར་བ་རྙེད་དཀའ། དགྲ་ངོ་ཆེ་ཞིང་ཤར་རམ་དབུས་སམ་རང་གནས་ན་གཉའ་ནོན་ཡོད་པས་དགྲ་བྲུབ་སོགས་ལ་འབུང་། མགྲོན་ [9a] པོ་འགྱོད་ཞི་ཆེ་བས་སླེབ་པ་དཀའ། འདི་གང་ལའང་འཕོ་འགྱུར་ཆེ་སྟེ་ཤོག་སྐྱ་རླུང་གིས་བསྐྱོད་པ་དང་འདྲ་བས་མི་བཟང་ཟེར་རོ། ༈ །གསུམ་པ་ལྔ་འཕྲད་ན། གངས་ཀྱི་གཡུ་བུན་མ་ན་རེ། ཆོས་ཕྱྭ་ནི་གསེར་གྱི་ས་གཞིའི་དཀྱིལ་ནས་ལྷ་ཤིང་སྐྱེས། དགོས་འདོད་མེ་ཏོག་འབྲས་བུ་སི་ལི་ལི། བྱེད་པ་ལྷས་བྱས། བྱམས་པ་དགྲས་བྱམས། བཀུར་བ་ལྷ་འདྲེས་བཀུར། དེ་སྔོན་བསགས་ཀྱི་བསོད་ནམས་རེད་སྐད། ཁྱིམ་ཕྱྭ་ལ་མི་ཁྱོད་རྟག་ཏུ་ཟས་གོས་དང་འཕྲད། བསམ་པ་ཡིད་བཞིན་དུ་འགྲུབ་ངེས། གྲོགས་དང་ནོར་ཕྱྭ་ལ་འཕེལ་རྒྱས་ཆེ། དོན་གང་བསམ་འགྲུབ་ཚེ་སྲོག་གི་གཡུང་དྲུང་བརླིང་། ནད་པའི་ཕོར་པ་སྨན་གྱིས་གང་བས་ནད་ལས་གྲོལ། གདོན་དུ་ཀླུ་བཙན་གནོད་པས་ཀླུ་གཏོར་དང་བཙན་མདོས་བྱ། བོར་བ་ཤར་རམ་བྱང་ནས་རྙེད། དགྲ་མེད་པས་བློ་བདེ། མགྲོན་པོ་གྲོགས་བཟང་དང་བཅས་ཏེ་འོང་། གཞན་གང་ལའང་ཞི་ཞིང་དགེ་བས་བཟང་ཟེར་རོ། ༈ །གསུམ་དང་དྲུག་འཕྲད་ན། འབྲོག་ཆེན་འཁོར་འདུལ་མ་ན་རེ། ཆོས་ཕྱྭ་ནི་ད་ལྟ་དབུལ་ཞིང་ཕོངས་ཀྱང་ཆོས་བྱས་ན་མཐར་བསམ་པ་ལག་ཏུ་འབྱོར་བས་བདེ་བར་འགྱུར། ཁྱིམ་ཕྱྭ་ལ་འཕྲལ་སྐྱིད་པ་ཙམ་མ་བྱུང་རུང་ཕུག་ཏུ་སྐྱིད་པོ་ལྷས་སྟེར་བ་གདའ། གྲོགས་དང་ནོར་ཕྱྭ་ལ་ [9b] གསེར་འོད་བཀླག ནོར་ལྷ་བསྒྲུབ་ན་བཟང་། དོན་ཕྱྭ་ལ། ཕྱི་འཁོན་ནམ་ནང་འཁོན་འོང་དོགས་འདུག་པས་གཟོབ། སྲོག་ཕྱྭར་ཚེ་སྒྲུབ་འབད་ན་ལེགས། ནད་པ་ནད་ཡུན་རིང་ཙམ་ལས་མ་སྐྱོན། གདོན་དུ་སྔ་མའི་ལན་ཆགས་འདུག་པས་གླུད་གཏོར་ཐོང་། ཚོགས་བསགས་དང་སྒྲིབ་སྦྱོང་ལ་འབད། བོར་བ་རྩད་ཞིབ་པར་བཅད་ན་ཕུག་ཏུ་ཁ་གསལ་ཡོང་། དགྲ་སེམས་ལས་ཅན་འདྲ་འདུག་སྟེ་དངོས་སུ་ཆེར་མི་གནོད། མགྲོན་པོ་ད་ལྟ་མ་སླེབ་ན་འགོར་ཡུན་རིང་། གཞན་གང་ལའང་འབྲིང་གི་སྟོད་ཙམ་ཡིན་ཟེར་རོ། ༈ བཞི་དང་ལྔ་འཕྲད་ན། བདུད་མི་རྭ་ཡོན་ནག་མོ་ན་རེ། ཆོས་ཕྱྭ་ནི། ལས་འཕྲོ་ངན་པས་ནམ་ཡང་སྡུག །གང་དུ་ཕྱིན་ཀྱང་འཁོན་དང་འཕྲད། །མ་བྱས་པ་ལ་གྱོང་ཚབ་ཆེ། །འབད་ཀྱང་མི་ཕན་འཇལ་ཡང་མི་སོབ་སྐད། ཁྱིམ་ཕྱྭ་ནི་ཡི་དྭགས་ཁྱིམ་དུ་བསེ་རག་ཕྱིར། །རླུང་དང་ཆུ་ལས་ལོངས་སྤྱོད་མེད། །ཅུང་ཞིག་རྙེད་པ་བཙན་པོས་འཕྲོག ། ད་དུང་མི་ཚད་ན་ཤི་ཡོང་དོགས་འདུག །གྲོགས་དང་ནོར་ཕྱྭ་ནི་ལྟོས་དང་སྟོང་ཧ་རེ་གདའ། དོན་ཕྱྭ་འཛའ་ཚོན་གྱི་རྗེས་སུ་རྒྱུག་པ་དང་འདྲ། ཚེ་སྲོག་རྟ་རྔ་ཙམ་དེ་གདའ་བས་ཚེ་སྒྲུབ་དང་འཆི་བསླུ་གྱིས། མིང་བརྗེ་ལུས་བསྒྱུར་སྤོང་དག་བྱས་ན་དགའ། ནད་པ་འཆི་བདག་སྦར་མོའི་འགྲམ་ན་འདུག་པས་གཟོབ། གདོན་དུ་མི་ [10a] གདོན་བྱ་བ་གཅིག་ཀྱང་འདུག་པས་བརྒྱ་བཞི་ཐོང་། བོར་བ་རྙེད་ནས་ཤོར་སྐད། དགྲ་ཐམས་ཅད་ཀྱིས་བལྟསནས་འདུག །བྲོས་པ་འཐད་དམ་བཀྱེ་བ་འཐད་བསམ་མནོ་ཐོང་། མགྲོན་པོ་ཁ་འགྱོད་དལ་ཆད་ཆད་ངང་དུ་གདབ། ལྗོན་ཤིང་སྐམ་པོ་ལྟ་བུའི་མོ་འདི་གང་ལ་བཏབ་ཀྱང་ངན་པ་ཞིག་ལས་ཅི་ཡོད་ཟེར་རོ། ༈ །བཞི་དང་དྲུག་འཕྲད་ན། གངས་དཀར་ཤ་མེད་མ་ན་རེ། ཆོས་ཕྱྭ་ནི་ཟླ་བ་དང་འདྲ་སྟེ་ཡར་འཕེལ་མར་འགྲིབ་གཉིས་ཀ་འོང་། ཁྱིམ་ཕྱྭར་བུ་སྲིང་ངམ་བུད་མེད་ཀྱི་རྗེས་སུ་འདྲེ་འབྲངས་ནས་བསགས་ཚད་ཟ། ཡོད་ཚད་ལ་གནོད། དེ་ཁྱི་ཐོད་ནང་དུ་མནན་པ་གྱིས་དང་བཟང་སྐད། གྲོགས་དང་ནོར་ཕྱྭ་ལ་ཚུར་འོང་ཕར་གཏོང་གཉིས་ཀ་དགོས། དོན་ཕྱྭ་ནི་བསམ་པ་ཁ་མ་གང་ཙམ་ཞིག་འོང་། ནད་པའི་ཚེ་སྲོག་ཟླ་བ་གཟའ་ཡིས་ཟིན་པ་འདྲ། གདོན་དུ་གཟའ་དང་གྲིབ་ངོ་ཡོད་པས་བཅོས་ལ་འབུང་། བོར་བ་བཏང་སྙོམས་ངོ་། དགྲ་ཡོད་པ་འདུམ་རེས་རྩོད་རེས་ཡོང་། མགྲོན་པོ་ལམ་ཞུགས་ཀྱི་མོ་ལ་བཟང་། དེ་མིན་གང་ལའང་འབྲིང་གི་སྨད་ཙམ་ཡིན་ཟེར་རོ། ༈ །ལྔ་དང་དྲུག་འཕྲད་ན། རྡོ་རྗེ་གཡའ་མ་སྐྱོང་ན་རེ། ཆོས་ཕྱྭ་ནི། དུག་གསུམ་རྩད་གཅོད་ཤེས་རབ་རལ་གྲི་འདྲ། རྒོལ་བ་ཀུན་འཇོམས་ཕྱོགས་ལས་རྣམ་པར་ [10b] རྒྱལ། ཁྱིམ་ཕྱྭ་ལ་གཞན་ནོར་དབང་དུ་འདུས། འབྲུ་ནོར་བང་མཛོད་ཁེངས། ཁ་ཐུར་གསེར་ལ་བྱེད། ལུས་ལ་དར་གྱིས་བརྒྱན་སྐད། གྲོགས་དང་ནོར་ཕྱྭར་སེམས་སྤྲོ་བ་འཕེལ་བར་འོང་། དོན་ཕྱྭ་ནི་བློ་རྩལ་སྟག་མོ་བས་ངར། ཡོན་ཏན་གྱི་ཆེ་བ་དང་བཅས་ཏེ་རེ་བ་ལས་ལྷག་པར་འགྲུབ་ངེས། སྲོག་ཕྱྭ་ན་ལྕགས་བུམ་ནང་དུ་མི་སྲོག་སྦས། དེ་ལ་རྡོ་རྗེས་ཁ་ཆོད་བྱས། བཤས་ལུག་ཤན་པའི་ལག་ནས་ཤོར་མ། ནད་ཕྱྭ་ནི། ནད་པ་ལུག་ལྟར་འཁུན་ཀྱང་སྨན་པ་དགོད་ཅིག་ཤོར། སང་ནད་གྲོལ་ནས་རྟ་རྒྱུག་པར་འོང་། གདོན་དུ་ཀླུ་དང་ས་བདག་གནོད་པས་འཁྲུགས་བཅོས་དངགཞི་བསང་འབད་ན་བཟང་། བོར་བ་ཐེང་གསུམ་རྙེད་ཀྱང་ཐེང་གསུམ་བོར། ད་ཉར་ཚག་ལེགས་པར་གྱིས། དགྲ་ཡོད་ཀྱང་ཚུར་ལ་རྒོལ་བའི་ནུས་པ་མེད། ཕར་རྒོལ་ན་རང་ཉིད་རྒྱལ་ངེས། མགྲོན་པོ་ཕར་འགྲོ་ལ་བཟང་། ཚུར་འོང་ལ་ཕྱི་དལ་ཅུང་ཟད་ཡོད་སྲིད། རླུང་རྟ་དང་དགྲ་བླ་གསོལ། གཞན་གང་ལའང་ཕུག་བརླིང་ཞིང་དགེ་མཚན་འཕེལ་བས་བཟང་ཟེར། ཤིན་ཏུ་སྟོབས་དང་ལྡན་ཏེ། ཕྱོགས་ལས་རྣམ་པར་རྒྱལ་བའི་རྟགས་སུ་ནོར་བུའི་རྒྱལ་མཚན་བསྒྲེངས་པ་ལྟ་བུའི་མོ་ཡིན་ནོ། །ཟག་མེད་ཀློང་བརྡོལ་མཁྱེན་པ་ལྟ་ཞོག་གི། ཟག་བཅས་མངོན་པར་ཤེས་ཙམ་མེད་བཞིན་དུ། །ཨུ་ཚུགས་ [11a] གཞན་མགོ་བསྐོར་ལ་རྟག་བྲེལ་བའི། །འདོད་ཆེན་སྐྱེ་བོའི་གསོས་སུ་ངས་འདི་བྱས། །དོན་དམ་གཤིས་ལ་སྤྲོས་མཚན་མ་དམིགས་ཀྱང་། །སྣང་ཚུལ་རྟེན་འབྲེལ་འཆར་སྒོ་མི་འགག་ཕྱིར། །ཐེ་ཚོམ་བྲལ་བའི་ཡིད་ཆེས་སྐྱེས་གྱུར་ན། །ཡང་དག་བསླུ་མེད་ལུང་དུ་སྟོན་ཀྱང་སྲིད། །ཅེས་པའང་སྒྲུབ་གནས་ཀྱི་རྒྱལ་པོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཉེ་འདབ་འཁོར་ཡུག་སཱ་ལའི་ལྗོན་བཟང་གིས་ཀུན་ནས་བསྐོར་བའི་སྐྱེད་མོས་ཚལ། རང་བྱུང་བདུད་རྩིའི་ཆུ་བོ་ལྷུང་ལྷུང་འབབ་པའི་འགྲམ། གཡུའི་ནེའུ་སིང་ཐང་མར་བརྡལ་བའི་སྨན་ལྗོངས་ཉམས་དགའ་བ་ན་བག་ཕེབས་པར་རྒྱུ་ཞིང་ངལ་གསོ་བའི་སྐབས་ཤིག་ཏུ་བྲིས་པ་སྟེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་རྣམ་པར་རྟོག་པའི་རླབས་ཕྲེང་གི་ཆ་ཤས་སོ།། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།