DJYD-KABUM-25-AA-006: Difference between revisions

From Dudjom Wiki
DJYD-KABUM-25-AA-006
m (Text replacement - "༴" to "༴ ")
m (Text replacement - "༈" to " ༈ ")
 
Line 35: Line 35:


༄༅།  །{{TibChung|གཏུམ་ཆེན་རྡོ་རྗེ་གྲོ་ལོད་ཀྱི་གསང་སྒྲུབ་རྒྱུན་ཁྱེར་བཞུགས།}} ན་མོ།  གདོད་ནས་མ་བཅོས་རིག་པའི་གཤིས།  །སྐྱེ་མེད་སྤྲོས་བྲལ་ཡེ་ཤེས་ཆེ།  །རང་བྱུང་དོན་གྱི་ཧེ་རུ་ཀར།  །འདུ་འབྲལ་མེད་པ་སྐྱབས་སུ་མཆི།  །ཧོཿ    ཡེ་སངས་རྒྱས་པའི་རང་བཞིན་ལ།  །འཁོར་འདས་འཁྲུལ་གྲོལ་མཚན་མ་བྲལ།  །གཉིས་མེད་བློ་ལས་འདས་པའི་ངང་།  །ཅོག་བཞག་ཆེན་པོར་སེམས་བསྐྱེད་དོ།  །ཧཱུཾ་ཧཱུཾ་ཧཱུཾ།  ཆོས་རྣམས་ཀ་དག་འོད་གསལ་དབྱིངས།  །རང་བྱུང་ཡེ་ཤེས་ཀུན་ཁྱབ་བརྡལ།  །རིག་སྟོང་ {{TibChung|[2a]}} ཟུང་འཇུག་ཐིག་ལེ་ཆེ།  །ཡེ་གྲོལ་ཁྲོ་བོའི་རྒྱལ་པོར་ཤར།  །ཆོས་ཉིད་མི་འགྱུར་སྨུག་ནག་མདངས།  །འཁོར་འདས་ཟིལ་གནོན་ཁྲོ་གཏུམ་རྔམས།  །བདེ་ཆེན་གར་དགུའི་ཉམས་དང་ལྡན།  །ཕོད་ཀ་ཆོས་གོས་མགོ་ཕྲེང་སོགས།  །ཁྲོ་བོ་འཆོལ་བའི་ཆས་ཀྱིས་བརྗིད།  །ཕྱག་མཚན་རྡོ་རྗེ་རྩེ་དགུ་ལས།  །ཧཱུཾ་རྃ་མེ་ཡི་ཚྭ་ཚྭ་འཕྲོ།  །གནམ་ལྕགས་ཕུར་པ་བགེགས་ལ་གཟིར།  །སྡིག་མཛུབ་རྩེ་ལས་ལྕགས་སྡིག་འགྱེད།  །སྟག་མོ་གྲུས་མའི་སྟེང་དུ་འགྱིང་།  །ཡེ་ཤེས་མེ་དཔུང་འབར་བའི་{{TibChung|[2b]}} དབུས།  །ཆེ་བཙན་འགྲན་ཟླ་བྲལ་བར་གྱུར།  །ཐུགས་ཀར་ཉི་སྟེང་ཧཱུྃ་དམར་མཐར།  །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས།  །འོད་ཟེར་སྔགས་སྒྲ་མེ་འོད་འཕྲོས།  །རྩ་གསུམ་རྒྱལ་བའི་བྱིན་ནུས་བསྡུས།  །ཁམས་གསུམ་འགྲོ་ཀུན་བདེ་ལ་བཀོད།  །སྡེ་བརྒྱད་དྲེགས་པའི་མཐུ་ནུས་བཅོམ།  །རྒྱལ་བསེན་དམ་སྲི་ཐལ་བར་བརླག    །ཐམས་ཅད་རིག་རྩལ་ཀ་དག་ཀློང་།  །སྣང་སྲིད་གཞིར་བཞེངས་འཁོར་ལོ་ཆེ།  །འཕོ་འགྱུར་མེད་པའི་གདིང་ཐོབ་བསམ།  །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ།  {{TibChung|ཞེས་དང་སླར་ཡང་ཧཱུྃ་བཟླས་བྱ།  །རྟག་ཆད་མཐའ་བྲལ་གཉུག་མའི་གཤིས།  །རང་གྲོལ་ཆེན་པོར་ལ་བཟླའོ།  །ཞེས་པའང་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་ཨཽ་ཌིའི་མཚན་གྱི་བཞེད་པ་སྐོང་ཕྱིར།  ལམ་འདིའི་རིག་སྔགས་འཆང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤར་མར་བྲིས་པ་དགེ།  །།}}  
༄༅།  །{{TibChung|གཏུམ་ཆེན་རྡོ་རྗེ་གྲོ་ལོད་ཀྱི་གསང་སྒྲུབ་རྒྱུན་ཁྱེར་བཞུགས།}} ན་མོ།  གདོད་ནས་མ་བཅོས་རིག་པའི་གཤིས།  །སྐྱེ་མེད་སྤྲོས་བྲལ་ཡེ་ཤེས་ཆེ།  །རང་བྱུང་དོན་གྱི་ཧེ་རུ་ཀར།  །འདུ་འབྲལ་མེད་པ་སྐྱབས་སུ་མཆི།  །ཧོཿ    ཡེ་སངས་རྒྱས་པའི་རང་བཞིན་ལ།  །འཁོར་འདས་འཁྲུལ་གྲོལ་མཚན་མ་བྲལ།  །གཉིས་མེད་བློ་ལས་འདས་པའི་ངང་།  །ཅོག་བཞག་ཆེན་པོར་སེམས་བསྐྱེད་དོ།  །ཧཱུཾ་ཧཱུཾ་ཧཱུཾ།  ཆོས་རྣམས་ཀ་དག་འོད་གསལ་དབྱིངས།  །རང་བྱུང་ཡེ་ཤེས་ཀུན་ཁྱབ་བརྡལ།  །རིག་སྟོང་ {{TibChung|[2a]}} ཟུང་འཇུག་ཐིག་ལེ་ཆེ།  །ཡེ་གྲོལ་ཁྲོ་བོའི་རྒྱལ་པོར་ཤར།  །ཆོས་ཉིད་མི་འགྱུར་སྨུག་ནག་མདངས།  །འཁོར་འདས་ཟིལ་གནོན་ཁྲོ་གཏུམ་རྔམས།  །བདེ་ཆེན་གར་དགུའི་ཉམས་དང་ལྡན།  །ཕོད་ཀ་ཆོས་གོས་མགོ་ཕྲེང་སོགས།  །ཁྲོ་བོ་འཆོལ་བའི་ཆས་ཀྱིས་བརྗིད།  །ཕྱག་མཚན་རྡོ་རྗེ་རྩེ་དགུ་ལས།  །ཧཱུཾ་རྃ་མེ་ཡི་ཚྭ་ཚྭ་འཕྲོ།  །གནམ་ལྕགས་ཕུར་པ་བགེགས་ལ་གཟིར།  །སྡིག་མཛུབ་རྩེ་ལས་ལྕགས་སྡིག་འགྱེད།  །སྟག་མོ་གྲུས་མའི་སྟེང་དུ་འགྱིང་།  །ཡེ་ཤེས་མེ་དཔུང་འབར་བའི་{{TibChung|[2b]}} དབུས།  །ཆེ་བཙན་འགྲན་ཟླ་བྲལ་བར་གྱུར།  །ཐུགས་ཀར་ཉི་སྟེང་ཧཱུྃ་དམར་མཐར།  །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས།  །འོད་ཟེར་སྔགས་སྒྲ་མེ་འོད་འཕྲོས།  །རྩ་གསུམ་རྒྱལ་བའི་བྱིན་ནུས་བསྡུས།  །ཁམས་གསུམ་འགྲོ་ཀུན་བདེ་ལ་བཀོད།  །སྡེ་བརྒྱད་དྲེགས་པའི་མཐུ་ནུས་བཅོམ།  །རྒྱལ་བསེན་དམ་སྲི་ཐལ་བར་བརླག    །ཐམས་ཅད་རིག་རྩལ་ཀ་དག་ཀློང་།  །སྣང་སྲིད་གཞིར་བཞེངས་འཁོར་ལོ་ཆེ།  །འཕོ་འགྱུར་མེད་པའི་གདིང་ཐོབ་བསམ།  །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ།  {{TibChung|ཞེས་དང་སླར་ཡང་ཧཱུྃ་བཟླས་བྱ།  །རྟག་ཆད་མཐའ་བྲལ་གཉུག་མའི་གཤིས།  །རང་གྲོལ་ཆེན་པོར་ལ་བཟླའོ།  །ཞེས་པའང་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་ཨཽ་ཌིའི་མཚན་གྱི་བཞེད་པ་སྐོང་ཕྱིར།  ལམ་འདིའི་རིག་སྔགས་འཆང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤར་མར་བྲིས་པ་དགེ།  །།}}  
༈  {{TibChung|གུ་རུ་དྲག་པོའི་རྒྱུན་ཁྱེར་ནི།}} བླ་མ་དབང་དྲག་འབར་བར་སྐྱབས་སུ་འཆི།  །འགྲོ་ཀུན་དོན་དུ་རྣལ་འབྱོར་བསྒོམ་པར་བགྱི།  །སྐད་ཅིག་དྲན་རྫོགས་རང་རིག་ཧཱུྃ་དམར་ལས།  །གཏུམ་དྲག་འབར་བ་དམར་ནག་འཇིགས་པའི་གཟུགས།  །རྡོ་རྗེ་ལྕགས་སྡིག་འཛིན་པ་ཁྲོ་ཆས་རྫོགས།  །པད་ཉི་མེ་ {{TibChung|[3a]}} ཀློང་རྒྱལ་བསེན་བསྣོལ་ཞིང་བརྫིས།  །ཐུགས་ཀར་ཉི་སྟེང་ཧཱུྃ་མཐར་སྔགས་ཕྲེང་ནི།  །ལྕགས་སྲེག་མདོག་ཅན་རང་སྒྲ་དང་བཅས་འཁོར།  །དེ་ལས་འོད་འཕྲོས་སྲིད་ཞིའི་དྭངས་བཅུད་བསྡུས།  །བདག་ཐིམ་ཆེ་བཙན་འགྲན་བྲལ་སྐུ་རུ་གྱུར།  །ཨོཾ་ཨཱཿ་ཧཱུཾ་ཨརྩིག་ནི་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཧཱུྃ་ཕཊ།  ལྟར་སྣང་མི་དམིགས་འོད་གསལ་སྟོང་ཉིད་ལས།  །ཟུང་འཇུག་རྡོ་རྗེའི་སྐུར་ཤར་གཞོམ་གཞིག་བྲལ།  །དགེ་འདིས་དབང་དྲག་གོ་འཕང་མྱུར་ཐོབ་ནས།  །བདུད་སྡེའི་གཡུལ་ལས་རྣམ་རྒྱལ་བཀྲ་ཤིས་ཤོག    །{{TibChung|ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།  །།}}
༈    {{TibChung|གུ་རུ་དྲག་པོའི་རྒྱུན་ཁྱེར་ནི།}} བླ་མ་དབང་དྲག་འབར་བར་སྐྱབས་སུ་འཆི།  །འགྲོ་ཀུན་དོན་དུ་རྣལ་འབྱོར་བསྒོམ་པར་བགྱི།  །སྐད་ཅིག་དྲན་རྫོགས་རང་རིག་ཧཱུྃ་དམར་ལས།  །གཏུམ་དྲག་འབར་བ་དམར་ནག་འཇིགས་པའི་གཟུགས།  །རྡོ་རྗེ་ལྕགས་སྡིག་འཛིན་པ་ཁྲོ་ཆས་རྫོགས།  །པད་ཉི་མེ་ {{TibChung|[3a]}} ཀློང་རྒྱལ་བསེན་བསྣོལ་ཞིང་བརྫིས།  །ཐུགས་ཀར་ཉི་སྟེང་ཧཱུྃ་མཐར་སྔགས་ཕྲེང་ནི།  །ལྕགས་སྲེག་མདོག་ཅན་རང་སྒྲ་དང་བཅས་འཁོར།  །དེ་ལས་འོད་འཕྲོས་སྲིད་ཞིའི་དྭངས་བཅུད་བསྡུས།  །བདག་ཐིམ་ཆེ་བཙན་འགྲན་བྲལ་སྐུ་རུ་གྱུར།  །ཨོཾ་ཨཱཿ་ཧཱུཾ་ཨརྩིག་ནི་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཧཱུྃ་ཕཊ།  ལྟར་སྣང་མི་དམིགས་འོད་གསལ་སྟོང་ཉིད་ལས།  །ཟུང་འཇུག་རྡོ་རྗེའི་སྐུར་ཤར་གཞོམ་གཞིག་བྲལ།  །དགེ་འདིས་དབང་དྲག་གོ་འཕང་མྱུར་ཐོབ་ནས།  །བདུད་སྡེའི་གཡུལ་ལས་རྣམ་རྒྱལ་བཀྲ་ཤིས་ཤོག    །{{TibChung|ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།  །།}}
༈  །{{TibChung|གུ་རུ་བདུད་གཤེད་ཀྱི་རྒྱུན་ཁྱེར་ནི།}
༈    །{{TibChung|


}}
}}

Latest revision as of 16:42, 23 December 2025

Wylie title lhag pa'i lha'i rgyun khyer gyi rim pa phyogs gcig tu bsdebs pa dngos grub 'dod 'jo'i gter bum DJYD-KABUM-25-AA-006.pdf
Location bdud 'joms rin po che bka' 'bum
Volume 25, Text 6, Pages 155-268 (Folios 1a1 to 57b1)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Lhag pa'i lha'i rgyun khyer gyi rim pa phyogs gcig tu bsdebs pa dngos grub 'dod 'jo'i gter bum. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 25: 155-268. Kalimpong: Dupjung Lama, 1979-1985.
Side notes Recto: rgyun khyer   Verso: sna tshogs skor
More details More details
Genre Daily Practice - rgyun khyer
[edit]
༄༅། །ལྷག་པའི་ལྷའི་རྒྱུན་ཁྱེར་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་དངོས་གྲུབ་འདོད་འཇོའི་གཏེར་བུམ་ཞེས་བྱ་བ་བཞུགས་སོ། །


༄༅། །གཏུམ་ཆེན་རྡོ་རྗེ་གྲོ་ལོད་ཀྱི་གསང་སྒྲུབ་རྒྱུན་ཁྱེར་བཞུགས། ན་མོ། གདོད་ནས་མ་བཅོས་རིག་པའི་གཤིས། །སྐྱེ་མེད་སྤྲོས་བྲལ་ཡེ་ཤེས་ཆེ། །རང་བྱུང་དོན་གྱི་ཧེ་རུ་ཀར། །འདུ་འབྲལ་མེད་པ་སྐྱབས་སུ་མཆི། །ཧོཿ ཡེ་སངས་རྒྱས་པའི་རང་བཞིན་ལ། །འཁོར་འདས་འཁྲུལ་གྲོལ་མཚན་མ་བྲལ། །གཉིས་མེད་བློ་ལས་འདས་པའི་ངང་། །ཅོག་བཞག་ཆེན་པོར་སེམས་བསྐྱེད་དོ། །ཧཱུཾ་ཧཱུཾ་ཧཱུཾ། ཆོས་རྣམས་ཀ་དག་འོད་གསལ་དབྱིངས། །རང་བྱུང་ཡེ་ཤེས་ཀུན་ཁྱབ་བརྡལ། །རིག་སྟོང་ [2a] ཟུང་འཇུག་ཐིག་ལེ་ཆེ། །ཡེ་གྲོལ་ཁྲོ་བོའི་རྒྱལ་པོར་ཤར། །ཆོས་ཉིད་མི་འགྱུར་སྨུག་ནག་མདངས། །འཁོར་འདས་ཟིལ་གནོན་ཁྲོ་གཏུམ་རྔམས། །བདེ་ཆེན་གར་དགུའི་ཉམས་དང་ལྡན། །ཕོད་ཀ་ཆོས་གོས་མགོ་ཕྲེང་སོགས། །ཁྲོ་བོ་འཆོལ་བའི་ཆས་ཀྱིས་བརྗིད། །ཕྱག་མཚན་རྡོ་རྗེ་རྩེ་དགུ་ལས། །ཧཱུཾ་རྃ་མེ་ཡི་ཚྭ་ཚྭ་འཕྲོ། །གནམ་ལྕགས་ཕུར་པ་བགེགས་ལ་གཟིར། །སྡིག་མཛུབ་རྩེ་ལས་ལྕགས་སྡིག་འགྱེད། །སྟག་མོ་གྲུས་མའི་སྟེང་དུ་འགྱིང་། །ཡེ་ཤེས་མེ་དཔུང་འབར་བའི་[2b] དབུས། །ཆེ་བཙན་འགྲན་ཟླ་བྲལ་བར་གྱུར། །ཐུགས་ཀར་ཉི་སྟེང་ཧཱུྃ་དམར་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་ཟེར་སྔགས་སྒྲ་མེ་འོད་འཕྲོས། །རྩ་གསུམ་རྒྱལ་བའི་བྱིན་ནུས་བསྡུས། །ཁམས་གསུམ་འགྲོ་ཀུན་བདེ་ལ་བཀོད། །སྡེ་བརྒྱད་དྲེགས་པའི་མཐུ་ནུས་བཅོམ། །རྒྱལ་བསེན་དམ་སྲི་ཐལ་བར་བརླག །ཐམས་ཅད་རིག་རྩལ་ཀ་དག་ཀློང་། །སྣང་སྲིད་གཞིར་བཞེངས་འཁོར་ལོ་ཆེ། །འཕོ་འགྱུར་མེད་པའི་གདིང་ཐོབ་བསམ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ། ཞེས་དང་སླར་ཡང་ཧཱུྃ་བཟླས་བྱ། །རྟག་ཆད་མཐའ་བྲལ་གཉུག་མའི་གཤིས། །རང་གྲོལ་ཆེན་པོར་ལ་བཟླའོ། །ཞེས་པའང་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་ཨཽ་ཌིའི་མཚན་གྱི་བཞེད་པ་སྐོང་ཕྱིར། ལམ་འདིའི་རིག་སྔགས་འཆང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤར་མར་བྲིས་པ་དགེ། །།

གུ་རུ་དྲག་པོའི་རྒྱུན་ཁྱེར་ནི། བླ་མ་དབང་དྲག་འབར་བར་སྐྱབས་སུ་འཆི།   །འགྲོ་ཀུན་དོན་དུ་རྣལ་འབྱོར་བསྒོམ་པར་བགྱི།   །སྐད་ཅིག་དྲན་རྫོགས་རང་རིག་ཧཱུྃ་དམར་ལས།   །གཏུམ་དྲག་འབར་བ་དམར་ནག་འཇིགས་པའི་གཟུགས།   །རྡོ་རྗེ་ལྕགས་སྡིག་འཛིན་པ་ཁྲོ་ཆས་རྫོགས།   །པད་ཉི་མེ་ [3a] ཀློང་རྒྱལ་བསེན་བསྣོལ་ཞིང་བརྫིས།   །ཐུགས་ཀར་ཉི་སྟེང་ཧཱུྃ་མཐར་སྔགས་ཕྲེང་ནི།   །ལྕགས་སྲེག་མདོག་ཅན་རང་སྒྲ་དང་བཅས་འཁོར།   །དེ་ལས་འོད་འཕྲོས་སྲིད་ཞིའི་དྭངས་བཅུད་བསྡུས།   །བདག་ཐིམ་ཆེ་བཙན་འགྲན་བྲལ་སྐུ་རུ་གྱུར།   །ཨོཾ་ཨཱཿ་ཧཱུཾ་ཨརྩིག་ནི་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཨཱཿཧཱུྃ་ཧཱུྃ་ཕཊ།   ལྟར་སྣང་མི་དམིགས་འོད་གསལ་སྟོང་ཉིད་ལས།   །ཟུང་འཇུག་རྡོ་རྗེའི་སྐུར་ཤར་གཞོམ་གཞིག་བྲལ།   །དགེ་འདིས་དབང་དྲག་གོ་འཕང་མྱུར་ཐོབ་ནས།   །བདུད་སྡེའི་གཡུལ་ལས་རྣམ་རྒྱལ་བཀྲ་ཤིས་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈    །གུ་རུ་བདུད་གཤེད་ཀྱི་རྒྱུན་ཁྱེར་ནི། བླ་མའི་བདུད་འདུལ་འབར་བར་སྐྱབས་སུ་མཆི།   །བར་ཆད་འཇོམས་ཕྱིར་ཟབ་མོའི་རྣལ་འབྱོར་བསྒོམ།   །སྟོང་ཉིད་ངང་ལས་སྐད་ཅིག་དྲན་རྫོགས་སུ།   །རང་ཉིད་གུ་རུ་བདུད་ཀྱི་གཤེད་ཆེན་པོ།   །སྐུ་མདོག་མཐིང་ནག་སྒེག་ཅིང་ཁྲོས་པའི་ཉམས།   །ཕྱག་གཡས་གནམ་ལྕགས་རྡོ་རྗེ་གསོར་ཞིང་འཕྱར།   །གཡོན་པས་ཕུར་ཐུན་གནམ་ལྕགས་ཐོག་ལྟར་འབེབས།   །པད་ཞྭ་བེར་མཐིང་ཆོས་གོས་སག་ལྷྭམ་གསོལ།   ། [3b] པད་ཉི་དམ་སྲི་སྲིན་པོ་བསྣོལ་བའི་ཁྲིར།   །ཞབས་གཉིས་འཆམས་སྟབས་ཁམས་གསུམ་ཟིལ་གྱིས་གནོན།   །མེ་དཔུང་རླུང་ནག་འཁྲུགས་པའི་ཀློང་ན་བཞེངས།   །ཉི་མའི་སྤྱན་གྱིས་བགེགས་དཔུང་ཐལ་བར་བསྲེག    །སངས་རྒྱས་ཀུན་གྱི་སྟོབས་རྩལ་ཡོངས་སུ་རྫོགས།   །ཐུགས་ཀར་ཉི་སྟེང་ཧཱུཾ་ཡིག་འབར་བའི་མཐར།   །སྔགས་ཕྲེང་མགལ་མེ་ལྟ་བུར་འཁོར་བ་ལས།   །སྔགས་ཀྱི་མེ་འོད་རྡོ་རྗེའི་མཚོན་ཆར་འཕྲོས།   །སྡེ་བརྒྱད་འབྱུང་པོ་ཐམས་ཅད་དམ་ལ་གཟིར།   །བར་ཆད་བདུད་ཚོགས་ཀ་དག་དབྱིངས་སུ་བསྒྲལ།   །འཁོར་འདས་དྭངས་བཅུད་ཀུན་བསྡུས་བདག་ལ་ཐིམ།   །སྲིད་ཞི་ཀུན་གྱི་སྤྱི་དཔལ་ཆེན་པོར་གྱུར།   །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ།   ལྷར་སྣང་མི་དམིགས་འོད་གསལ་ཀློང་དུ་ཡལ།   །འགག་མེད་ལྷར་ཤར་རྡོ་རྗེ་གོ་དང་ལྡན།   །དགེ་བས་བར་ཆད་གཡུལ་ལས་རྣམ་པར་རྒྱལ།   །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དཔལ་འབར་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།འཇམ་དཀར་རྒྱུན་ཁྱེར་མདོར་བསྡུས་ནི།   སྐྱབས་སེམས་སྔོན་དུ་འགྲོ་བས། སྐད་ཅིག་ [4a] རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས།   །སྟོན་ཟླའི་མདངས་ཅན་མཆོག་སྦྱིན་ཨུཏྤལ་འཛིན།   །ལོངས་སྤྱོད་རྒྱན་རྫོགས་པད་ཟླར་སྐྱིལ་ཀྲུང་བཞུགས།   ཐུགས་དབུས་ཟླ་དཀྱིལ་ཨ་མཐར་སྔགས་ཀྱིས་བསྐོར།   །འོད་འཕྲོས་བདག་གཞན་རྨོངས་པའི་མུན་བསལ་ཏེ།   །ཡང་དག་ཤེས་རབ་སྣང་བ་རྒྱས་པར་གྱུར།   །ཨོཾ་ཝ་ཀྱེ་དཾ་ན་མ།   ཞེས་ཅི་ནུས་སུ་བཟླས་མཐར་མི་རྟོག་པའི་ངོ་བོར་མཉམ་པར་བཞག་གོ།   །ཅེས་པའང་ཨོ་རྒྱན་སྐལ་བཟང་གི་ཉམས་ལེན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།དབྱངས་ཅན་མའི་སྒོམ་བཟླས་རྒྱུན་ཁྱེར་བཞུགས། ན་མོ།   བླ་མ་མཆོག་གསུམ་འཕགས་མ་དབྱངས་ཅན་མར།   །གུས་པས་སྐྱབས་མཆི་བདག་སོགས་མཁའ་མཉམ་འགྲོ།   །མ་རིག་རྨོངས་པའི་མུན་འཐུག་བསལ་བྱའི་ཕྱིར།   །རྒྱལ་ཡུམ་དབྱངས་ཅན་ཟླ་བ་བསྒོམ་པར་བགྱི།   །ཨོཾ་སྭ་བྷཱ་ཝ་སོགས།   སྟོང་པའི་ངང་ལས་པད་དཀར་ཟླ་གདན་ལ།   །རང་སེམས་ཧྲཱིཾཿཡིག་དཀར་པོའི་འཕྲོ་འདུ་ལས།   །དབྱངས་ཅན་ལྷ་མོ་སྟོན་ཀའི་ཟླ་བའི་གདམས།   །ཞི་འཛུམ་མཛེས་སྡུག་བཅུ་དྲུག་ལང་ཚོས་སྒེག    །ཕྱག་མཚན་བཻ་ཌཱུར་རྒྱུད་མང་སྦྲེང་ལ་ [4b] བརྩོན།   །ལྷ་རྫས་རིན་ཆེན་སྣ་ཚོགས་གོས་རྒྱན་སྤྲས།   །།   ཙོག་པུའི་སྟབས་ཀྱིས་ཟླ་བར་རྒྱབ་བརྟེན་པ།   །མ་འདྲེས་སྣང་སྟོང་འཇའ་ཚོན་ལྟ་བུར་གསལ།   །སྙིང་དབུས་པད་དཀར་འདབ་བརྒྱད་ལྟེ་བར་ཧྲཱིཾཿ   །   འདབ་མར་དབྱངས་ཡིག་མར་མེའི་ཕྲེང་བ་ལྟར།   །གསལ་བརྟན་འབར་བའི་འོད་ཀྱིས་ལུས་ངག་གང་བས།   །མི་ཤེས་རྨོངས་པའི་མུན་པ་དྲུང་ཕྱུངས་ཏེ།   །ཇི་སྙེད་ཤེས་བྱར་ཆགས་ཐོགས་མི་མངའ་བའི།   །ཡང་དག་བློ་གྲོས་སྣང་བ་རྒྱས་པར་གྱུར།   །ཅེས་བསྒོམས། ཧྲཱིཾཿགཙོ་བོར་བཟླ་ཞིང་།   མཐར་དབྱངས་བཅུ་དྲུག་པའང་ཅུང་ཟད་བཟླ། ལྷ་དང་རང་སེམས་དབྱེར་མེད་བདེ་བ་ཆེ།   །དོན་གྱི་འཕགས་མའི་རང་ཞལ་མངོན་དུ་བལྟ།   །དགེ་བ་འདི་ཡིས་བདག་གཞན་ཚོགས་གཉིས་རྫོགས།   །མྱུར་དུ་སྒྲ་དབྱངས་ལྷ་མོའི་ས་བརྙེས་ཏེ།   །ཕུལ་བྱུང་བློ་གྲོས་སྣང་བ་དམ་པ་ཡིས།   །ཕན་བདེའི་དགེ་མཚན་བཞད་པའི་བཀྲ་ཤིས་ཤོག    །ཅེས་པའང་རྣམ་པར་དགེ་བའི་ཐུགས་བསྐྱེད་ལྡན་པ་རྡོ་རྗེ་དགྲ་འདུལ་གྱི་གསུང་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །།ནཱ་ག་རཀྴའི་རྒྱུན་ཁྱེར་ནི། ན་མོ།   བླ་མ་མཆོག་གསུམ་ལྷག་པའི་ལྷར།   །གུས་པས་སྐྱབས་མཆི་མཁའ་ [5a] མཉམ་འགྲོ།   །གཏི་མུག་ཀླུ་གདོན་ལས་སྐྱོབ་ཕྱིར།   །འཇམ་དཔལ་ཁྲག་འཐུང་བསྒྲུབ་པར་བགྱི།   །སྐད་ཅིག་རང་ཉིད་རིག་པའི་རྒྱལ།   །ནཱ་ག་རཀྴ་ཧ་ལའི་མདོག    །ཁྲོ་གཏུམ་མི་བཟད་འཇིགས་པའི་གཟུགས།   །གྲི་གུག་སྦྲུལ་འཛིན་གཏུབ་ཅིང་རོལ།   །སྦྲུལ་གྱི་རྒྱན་དང་གདེངས་ཀ་འཕྱོ།   །སྐུ་སྨད་སྦྲུལ་མཇུག་རྒྱ་མཚར་འཁྱིལ།   །རི་རབ་རྒྱབ་བརྟེན་མེ་རླུང་འཁྲུགས།   །ཐུགས་ཀར་ཉི་སྟེང་ཕེ་ཡིག་མཐར།   །སྔགས་ཀྱིས་བསྐོར་ལས་འོད་ཟེར་དང་།   །སྔགས་སྒྲ་མེ་དཔུང་ཚྭ་ཚྭ་འཕྲོས།   །རང་ལུས་ནད་གདོན་བག་ཆགས་བཅས།   །ལྷག་མེད་གཞོབ་ཏུ་བསྲེག་ཅིང་སྦྱངས།   །སྣང་གྲགས་ལྷ་སྔགས་ཆོས་ཉིད་ངང་།   །སྒོ་གསུམ་རྡོ་རྗེ་གསུམ་དུ་ཤར།   །ཨོཾ་ཕེ་ལཾ་ཧཱུཾ།   ལྷར་སྣང་མི་དམངས་འོད་གསལ་ངང་།   །གསལ་སྟོང་རིག་པའི་རྒྱལ་པོར་ཤར།   །དགེ་བ་འདི་ཡིས་མྱུར་དུ་བདག     །   ནཱ་ག་རཀྴ་འགྲུབ་གྱུར་ནས།   །སོགས་ཀྱིས་བསྔོ་སྨོན་བྱའོ།   །ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     བླ་མ་འཇམ་དཔལ་དཔའ་བོར་སྐྱབས་སུ་མཆི།   །ཀླུ་འདུལ་ཁྲག་འཐུང་བསྒྲུབ་པར་སེམས་བསྐྱེད་དེ།   །སྐད་ཅིག་ [5b] རང་ཉིད་ནཱ་ག་རཀྴ་ནི།   །ཁྲོ་གཏུམ་མི་བཟད་དུག་ཆེན་ཧ་ལའི་མདོག    །ཕྱག་གཉིས་གྲི་གུག་སྦྲུལ་འཛིན་གཏུབ་ཅིང་རོལ།   །སྐུ་སྨད་སྦྲུལ་འཁྱིལ་སྦྲུལ་རྒྱན་གདེངས་ཀ་འཕྱོ།   །རི་རབ་རྒྱབ་བརྟེན་མི་རླུང་དུག་རླུང་འཁྲུགས།   །ཐུགས་ཀར་ཉི་སྟེང་ཕྱེ་མཐར་སྔགས་ཀྱིས་བསྐོར།   །རང་ལུས་ནད་གདོན་ལྷག་མེད་བསྲེགས་ཅིང་སྦྱངས།   །སྒོ་གསུམ་མི་ཤིགས་རྡོ་རྗེའི་ངོ་བོར་གྱུར།   །ཨོཾ་ཕེ་ལཾ་ཧཱུྃ།   མཐར། ཧཱུྃ་ཧཱུྃ་ཧཱུྃ།   ཕཊ་ཕཊ་ཕཊ།   དགེ་བ་འདི་ཡིས་མྱུར་དུ་བདག    །ནཱ་ག་རཀྴ་འགྲུབ་གྱུར་ནས།   །འགྲོ་བ་གཅིག་ཀྱང་མ་ལུས་པ།   །དེ་ཡི་ས་ལ་འགོད་པར་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།ཐུགས་རྗེ་ཆེན་པོའི་རྒྱུན་ཁྱེར་ཟབ་གསང་བཅུད་འདུས་བཞུགས། བླ་མ་ཐུགས་རྗེ་ཆེན་པོར་སྐྱབས་སུ་མཆི།   །གཞན་དོན་སངས་རྒྱས་ཐོབ་ཕྱིར་འཕགས་པ་བསྒྲུབ།   །ཨ།   སྤྲོས་བྲལ་དབྱིངས་ལས་འགགས་མེད་སྙིང་རྗེའི་གཏེར།   །རང་སེམས་ཧྲཱིཿལས་འཕགས་མཆོག་སྤྱན་རས་གཟིགས།   །གུར་གུམ་མདོག་ཅན་ཞི་འཛུམ་ཆགས་པའི་ཉམས།   །ཕྱག་གཡས་མཆོག་སྦྱིན་པུས་མོའི་སྟེང་དུ་བརྐྱང་།   །ཕྱག་གཡོན་པདྨ་ [6a] དམར་པོའི་སྡོང་བུ་འཛིན།   །དར་དང་རིན་ཆེན་རྒྱན་རྫོགས་ཕྱེད་སྐྱིལ་བཞུགས།   །གསང་ཡེ་དམར་མོ་གྲི་ཐོད་འཛིན་པས་འཁྱུད།   །པདྨ་ཉི་སྟེང་འཇའ་ཟེར་འོད་གུར་ཀློང་།   །ཁམས་གསུམ་དབང་སྡུད་ཆེན་པོར་བཞུགས་པ་ཡི།   །ཐུགས་ཀར་ཧྲཱིཿམཐར་སྔགས་ཀྱི་ཕྲེང་བས་བསྐོར།   །འོད་འཕྲོས་རྒྱལ་བའི་དབང་བྱིན་དངོས་གྲུབ་བསྡུས།   །འགྲོ་ཀུན་ཕྱིར་མི་ལྡོག་བའི་ས་ལ་བཀོད།   །སྣང་གྲགས་རིགས་གསུམ་འཕགས་པའི་གསང་བར་སད།   །ཨོཾ་ཨཱཿཧཱུཾ་ཧྲཱིཿ   ཨོཾ་མ་ཎི་པདྨེ་ཧཱུཾ།   སྣང་བའི་ཆོས་རྣམས་སྟོང་ཉིད་དབྱིངས་སུ་ཡལ།   །སྟོང་པའི་རང་མདངས་འགག་མེད་ལྷ་རུ་ཤར།   །སྣང་སྟོང་དབྱེར་མེད་ཐུགས་རྗེ་ཆེན་པོའི་ངང་།   །རྒྱུན་དུ་འགྲོ་བ་འདྲེན་པའི་སྤྱོད་ལམ་བྱ།   །དགེ་བས་འགྲོ་ཀུན་བདེ་ཆེན་དབྱིངས་སུ་གྲོལ།   །འཁོར་བ་དོང་སྤྲུགས་བཀྲ་ཤིས་དཔལ་འབར་ཤོག    །ཅེས་པའང་འཁྲུལ་ཞིག་རྡོ་རྗེའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཐོལ་བྱུང་དུ་སྨྲས།།   །།ཀློང་གསལ་ཐུགས་ཆེན་སེང་གེ་སྒྲའི་རྒྱུན་ཁྱེར་བཞུགས།   སྐྱབས་སེམས་ནི། ན་མོ།   སྒོ་གསུམ་ཐུགས་རྗེ་ཆེན་པོར་སྐྱབས་སུ་མཆི༔    མ་གྱུར་འགྲོ་བ་ [6b] དྲང་ཕྱིར་སྒྲུབ་པ་བརྩམ༔    ལན་གསུམ། ཆོས་རྣམས་གདོད་ནས་སྟོང་ཉིད་འོད་གསལ་ངང༔    སྣོད་བཅུད་རྣམ་དག་རང་བྱུང་གཞལ་ལས་དབུས༔    སིཾ་ལས་སེང་གེ་དཀར་མོའི་གདན་སྟེང་དུ༔    ཧྲཱིཿཡིག་དཀར་པོའི་འཕྲོ་འདུ་ལས་བྱུང་བའི༔   བདག་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔    སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔    ཕྱག་གཡས་གདན་གནོན་ཚུལ་དུ་ཁ་ཊྭཱཾ་འཛིན༔    ཁ་ཊྭཱཾ་ག་ལ་སྦྲུལ་གྱིས་རྣམ་པར་དཀྲིས༔      གཡོན་པས་པུས་མོའི་ཐོད་དུ་སྦྲུལ་ཞགས་འཛིན༔  དར་རྫས་སྟོང་གཡོགས་དམར་པོའི་ཤམ་ཐབས་ཅན༔   སྣ་ཚོགས་རིན་ཆེན་རྒྱན་གྱིས་རྣམ་པར་སྤྲས༔   ཞབས་གཉིས་ཕྱེད་སྐྱིལ་རོལ་པའི་སྟབས་ཀྱིས་བཞུགས༔  དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས༔    འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཡས་འཕྲོས༔     བདེ་ཆེན་པོ་ཏ་ལ་ཡི་གནས་མཆོག་ནས༔    ཡེ་ཤེས་སེམས་དཔའ་སྤྱན་དྲངས་གཉིས་མེད་ཐིམ༔     རང་གི་ཐུགས་ཀར་ཟླ་བའི་གདན་སྟེངས་སུ༔    །   ཧྲཱིཿཡིག་དཀར་པོ་ཚེག་དྲག་བཅས་པའི་མཐར།   །རྩ་བའི་སྔགས་ཀྱིས་བསྐོར་ལས་འོད་ [7a] ཟེར་འཕྲོས།   །འཕགས་པ་མཆོད་ཅིང་འགྲོ་ཀུན་སྒྲིབ་པ་སྦྱངས།   །བྱིན་རླབས་ཆུར་འདུས་རང་གི་སྒོ་གསུམ་ཐིམ།   །སྡིག་སྒྲིབ་ནད་གདོན་བར་ཆད་ཀུན་ཞི་ནས།   །འཕགས་པ་སེང་གེ་སྒྲ་དང་དབྱེར་མེད་གྱུར།   །ཅེས་པའི་དམིགས་པ་རྩེ་གཅིག་བསྒོམས་ལ། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ༔   ཅེས་བཟླ།   བསྙེན་པའི་གྲངས་ཚད་འབུམ་ཕྲག་དགུ་ཡིན་ལ།   རྟགས་ནི།   ཉི་མ་ཤར་དང་ཤེལ་ཕྲེང་རྙེད༔   དར་ཕྱར་དུང་དཀར་འབུད་པ་སོགས༔    ཡ་མཚན་ལྟས་བཟང་དཔག་མེད་འབྱུང་༔    ཞེས་གསུངས་པ་ལྟར་རོ།   །ཐུན་མཐར། ལྷར་སྣང་གདོད་མའི་སྟོང་ཆེན་ངང་དུ་ཐིམ།   །སླར་ཡང་མ་བཅོས་གཉུག་མའི་ཕྱག་རྒྱར་ཤར།   །ཅེས་འོད་གསལ་དུ་འཇུག་ལྡངས་བྱས་ལ།   བསྔོ་སྨིན་ནི། འདུས་བྱས་འདུས་མ་བྱས་པའི་དགེ་བའི་ཚོགས༔    མཁའ་མཉམ་སེམས་ཅན་ཡོངས་ལ་ཁྱབ་པར་བསྔོ༔     བདག་གིས་སེམས་བསྐྱེད་སྨོན་ལམ་ཁྱབ་བྱེད་འགྲོ༔     མྱུར་དུ་ཀུན་མཁྱེན་གོ་འཕང་མྱུར་ཐོབ་ཤོག༔   བཀྲ་ཤིས་ནི།  ཧྲཱིཿ    ཐུགས་རྗེ་ཆེན་པོ་འགྲོ་བ་འདུལ་བའི་ལྷ༔    གང་ལ་གང་འདུལ་མཛད་པ་ཕྲིན་ལས་ཀྱིས༔    ཡེ་ཤེས་སྟོང་ཉིད་སྙིང་རྗེ་ནུས་པའི་ཆར༔    ཁམས་གསུམ་ [7b] སེམས་ཅན་ཀུན་ལ་བདེ་ལེགས་སྩོལ༔    ཅེས་དགེ་ལེགས་སུ་བྱའོ།   །ཞེས་པའང་དོན་གཉེར་ཅན་འགའ་ཞིག་གི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་ལས་ཁོལ་དུ་ཕྱུངས་པ་དགེ།   །། 
༈     ཨ།   མ་བཅོས་རིག་སྟོང་རྗེན་པ་འདི།   །ཡེ་ཡིན་དོན་གྱི་སྤྱན་རས་གཟིགས།   །ཀ་དག་དྲི་མེད་དཀར་གསལ་སྐུ།   །ལྷུན་གྲུབ་ལོངས་སྐུའི་ཆ་ལུགས་ཅན།   །ཐུགས་རྗེས་འགྲོ་འདུལ་ཕྲིན་ལས་རྫོགས།   །གདོད་ནས་རང་དང་ལྷན་ཅིག་སྐྱེས།   །དམ་ཚིག་ཡེ་ཤེས་གཉིས་སུ་མེད།   །སྣང་གྲགས་ཆོས་ཉིད་གཉུག་མའི་ངང་།   །སྤང་བླང་བྱ་རྩོལ་བྲལ་བའི་ཀློང་།   །འོད་གསལ་ཁོར་ཡུག་ཏིང་འཛིན་གྱིས།   །འཁོར་འདས་ཡེ་དག་འགྲོ་དོན་གྲུབ།   །རང་བྱུང་རིག་པ་ངོ་མཚར་ཆེ།   །ཨོཾ་མ་ཎི་པདྨེ་ཧཱུྃ།   ཞེས་པའང་འཇིགས་མེད་ཆོས་དབྱིངས་ནོར་བུའི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།རྟ་མགྲིན་རྒྱུན་ཁྱེར་མདོར་བསྡུས་ནི། བླ་མ་དབང་ཆེན་འབར་བར་སྐྱབས་སུ་མཆི།   །འགྲོ་ཀུན་དོན་དུ་རྣལ་འབྱོར་བསྒོམ་པར་བྱ།   །ལན་གསུམ། སྐད་ཅིག་དྲན་རྫོགས་རང་ཉིད་རྟ་མཆོག་དཔལ།   །དམར་ནག་ཁྲོ་གཏུམ་མི་བཟད་འཇིགས་པའི་གཟུགས།   །ཕྱག་གཉིས་ཐོད་དབྱུག་མེ་ཡི་ [8a] ཞགས་པ་འཛིན།   །ཞབས་ཟུང་འདོར་སྟབས་ཀླུ་གདོན་ཕོ་མོ་བརྫིས།   །དུར་ཁྲོད་ཆས་རྫོགས་བསྐལ་མེ་འཁྲུགས་པའི་ཀློང་།   །ཁམས་གསུམ་ཟིལ་གནོན་སྐུ་རུ་གསལ་བ་ཡི།   །ཐུགས་དབུས་ཉི་སྟེང་ཧྲཱིཿཡིག་དམར་པོའི་མཐར།   །སྔགས་ཕྲེང་ལྕགས་སྲེག་མདོག་ཅན་རང་སྒྲར་བཅས།   །མགལ་མེ་ལྟ་བུར་འཁོར་ལས་འོད་འཕྲོས་པས།   །རང་ལུས་ནད་གདོན་སྡིག་སྒྲིབ་ལྷག་མེད་སྦྱངས།   །དོན་གཉིས་བྱས་འདུས་དབང་བྱིན་དངོས་གྲུབ་ཐོབ།   །སྣོད་བཅུད་ལྷ་སྔགས་ཡེ་ཤེས་འཁོར་ལོར་གྱུར།   །ཨོཾ་པདྨནྟ་ཀྲྀར་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ།   ལྷར་སྣང་མི་དམིགས་འོད་གསལ་ངང་དུ་ཐིམ།   །སླར་ཡང་ཟུང་འཇུག་སྒྱུ་མའི་ཕྱག་རྒྱར་སད།   །དགེ་འདིས་འགྲོ་ཀུན་གསུང་མཆོག་ཧེ་རུ་ཀའི།   །གོ་འཕང་མྱུར་ཐོབ་བདུད་ལས་རྣམ་རྒྱལ་ཤོག    །ཅེས་པའང་བཙུན་མ་རིག་འཛིན་སྒྲོལ་མའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།རྟ་མགྲིན་རྒྱུན་ཁྱེར་ནི།   སྐྱབས་སེམས་སྔོན་དུ་འགྲོ་བས། སྐད་ཅིག་རང་ཉིད་དབང་ཆེན་རྟ་མགྲིན་དམར།   །རལ་གྲི་མེ་ཞགས་འཛིན་པ་འདོར་སྟབས་ཅན།   །དུར་ཁྲོད་ཆས་ [8b] རྫོགས་མེ་དཔུང་ཀློང་དུ་བཞུགས།   །ཐུགས་ཀར་ཉི་སྟེང་ཧྲཱིཿམཐར་སྔགས་ཀྱིས་བསྐོར།   །འོད་འཕྲོས་གདོན་བགེགས་ཚར་བཅད་འཁོར་འདས་ཀྱི།   །དྭངས་བཅུད་རང་ཐིམ་ཆེ་བཙན་འགྲན་བྲལ་གྱུར།   །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུཾ་ཕཊ།   ཅེས་བཟླས་མཐར།   ཧཱུཾ་གསུམ་གྱིས་བསྡུ་ཞིང་ཕཊ་གསུམ་གྱིས་ལྡངས་ཏེ་བསྔོ་སྨོན་བྱའོ།   །ཞེས་པའང་བཛྲ་ཛྙཱ་ནས་སོ།།   །།གསང་བདག་རྡོ་རྗེ་གཏུམ་པོའི་རྒྱུན་ཁྱེར་བཞུགས།  ན་མོ་གུ་རུ་ཡེ།   འདིར་གསང་བདག་རྡོ་རྗེ་གཏུམ་པོའི་རྣལ་འབྱོར་ལ་འཇུག་པར་འདོད་པས།   སྦྱོར་བ་སྐྱབས་སེམས་ནི། ན་མོ།   བདག་ནི་དེང་བཟུང་བྱང་ཆུབ་བར།   །ཡི་དམ་ལྷ་ལ་སྐྱབས་སུ་མཆི།   །ཟབ་མོའི་རྣལ་འབྱོར་ལ་བརྩོན་ནས།   །འགྲོ་ཀུན་བསྒྲལ་བར་སེམས་བསྐྱེད་དོ།   །ལན་གསུམ།   དངོས་གཞི་བསྐྱེད་བཟླས་ནི། ཨོཾ་སྭ་བྷཱ་ཝ་སོགས།   སྟོང་པའི་ངང་ལས་སྐད་ཅིག་གིས།   །པད་ཉི་གཟའ་ཀླུ་སྡེ་བརྒྱད་ཁྲིར།   །རང་རིག་ཧཱུཾ་ལས་གསང་བའི་བདག    །མཐིང་ནག་རབ་འཛིགས་ཁྲོ་གཏུམ་རྔམས།   །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་།   །སྡིག་མཛུབ་དང་བཅས་སྦྲུལ་ཞགས་འཛིན།   །ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད།   །དུར་ཁྲོད་ཆས་རྫོགས་ཡེ་ཤེས་ཀྱི།   ། [9a] མེ་དཔུང་འབར་བའི་ཀློང་དཀྱིལ་ན།   ཚེ་བཙན་འགྲན་བྲལ་སྐུ་རུ་གསལ།   །ཐུགས་ཀར་ཉི་སྟེང་རྡོ་རྗེའི་ལྟེར།   །ཧཱུཾ་མཐར་སྔགས་ཕྲེང་འཁོར་བ་ལས།   །འོད་འཕྲོས་རྒྱལ་མཆོད་འགྲོ་སྒྲིབ་སྦྱངས།   །གདོན་བགེགས་འབྱུང་པོ་ཐམས་ཅད་བརླག       །   ཚུར་འདུས་གཟི་བྱིན་ནུས་སྟོབས་རྒྱལ།   །རྣམ་བཞིའི་ཕྲིན་ལས་གྲུབ་པར་གྱུར།   །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ།   ཅེས་ཅི་ནུས་བཟླ།   ཀླུ་གདོན་བསྲུང་བར་འདོད་ན།   སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་མེ་དཔུང་གི་ཚྭ་ཚྭ་འཕྲོས་ནས་ཀླུ་གཉན་གདུག་པའི་ཚོགས་རྣམ་སཚར་བཅད་པར་བསམས་ལ།   རྩ་སྔགས་མཐར། ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ།   ཅེས་པའང་ཅུང་ཟད་བཟླ།   རྗེས་སུ་བསྡུ་ལྡང་ནི། བདག་སྣང་འོད་གསལ་དབྱིངས་སུ་ཐིམ།   །སླར་ཡང་སྒྱུ་མའི་སྐུ་རུ་ཤར།   །ཁྲོ་རྒྱལ་སྐུ་གསུང་ཐུགས་ཀྱི་ངང་།   །མི་ཤིགས་རྡོ་རྗེའི་གོ་ཆ་བགོ།   །དགེ་བ་འདི་ཡིས་མྱུར་དུ་བདག    །རྡོ་རྗེ་གཏུམ་པོ་འགྲུབ་གྱུར་ནས།   །ཞེས་སོགས་ཀྱི་བསྔོ་སྨོན་ཤིས་བརྗོད་བྱའི།   །ཅེས་པའང་ཁྱབ་བདག་བླ་མ་ངེས་དོན་དབང་པོའི་བཀའ་གནང་བ་ལྟར།   འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་མཆོག་གི་རྒྱུར་གྱུར་ཅིག།   །། 
༈    །མི་གཡོ་བ་དཀར་པོའི་རྒྱུན་ཁྱེར་ [9b] ནི། ན་མོ།   བླ་མ་མཆོག་གསུམ་ཡིད་དམ་ལྷར།   །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ།   །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར།   །མི་གཡོ་མགོན་པོ་བསྒོམ་པར་བགྱི།   །སྟོང་པའི་ངང་ལས་སྐད་ཅིག་གིས།   །རང་རིག་ཧཱུཾ་ལས་མི་གཡོ་བ།   །དཀར་གསལ་ཁྲོ་ཞིང་བརྗིད་པའི་ཉམས།   །དབུ་སྐྲ་དམར་སེར་གྱེན་དུ་བརྫེས།   །ཕྱག་གཡས་ཡེ་ཤེས་རལ་གྲི་ཕྱར།   །གཡོན་པས་རྡོ་རྗེའི་ཞགས་པ་བསྣམས།   །ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་ཀྱིས།   །པད་ཉིར་འཆི་བདག་བདུད་ཆེན་མནན།   །ཡེ་ཤེས་མི་དཔུང་དབུས་ན་རོལ།   །ཐུགས་ཀར་ཉི་སྟེང་ཧཱུྃ་གི་མཐར།   །སྔགས་ཕྲེང་གཡས་སུ་འཁོར་བ་ལས།   །འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱངས།   །སྣོད་བཅུད་གཏུམ་པོའི་ཞིང་དང་སྐུ།   །སྔགས་ཀྱི་རང་སྒྲར་སད་པར་གྱུར།   །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ།   ལྷར་སྣང་འོད་གསལ་དབྱིངས་སུ་ཐིམ།   །སླར་ཡང་ཟུང་འཇུག་སྐུ་རུ་ལྡང་།   །དགེ་བ་འདི་ཡིས་མྱུར་དུ་བདག    །ཁྲོ་རྒྱལ་མི་གཡོ་འགྲུབ་གྱུར་ནས།   །སོགས་ཀྱིས་བསྔོ་སྨོན་བྱའོ།   །ཞེས་པའང་ཚེ་རིང་ལྷ་མོའི་ངག་འདོན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།  [10a]   ༈    །དཔལ་རྡོ་རྗེ་ཕུར་བུའི་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་བ་བཞུགས་སོ།   །   ན་མོ།   བླ་མ་མཆོག་གསུམ་དཔལ་ཆེན་ཧེ་རུ་ཀར།   །གུས་པས་སྐྱབས་མཆི་བདག་སོགས་མཁའ་མཉམ་འགྲོ།   །བདུད་དགྲ་དམ་སྲིའི་གཡུལ་ལས་རྣམ་རྒྱལ་ཕྱིར།   །ཁྲག་འཐུང་རྡོ་རྗེ་གཞོན་ནུ་བསྒོམ་པར་བགྱི།   །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོཉ་ཧཾ།   སྟོང་ཉིད་དབྱིངས་ལས་འགགས་མེད་སྙིང་རྗེའི་སྤྲིན།   །སོར་རྟོག་ཡེ་ཤེས་རང་རིག་ཧཱུྃ་མཐིང་ནག    །འབར་བའི་འོད་ཀྱིས་སྣོད་བཅུད་དངོས་འཛིན་སྦྱངས།   །གཟུང་བའི་ཡུལ་སྣང་མེ་རི་འབར་བའི་དལ།   །རང་བྱུང་ལྷུན་གྲུབ་བཀོད་པ་འབྱམས་ཀླས་དབུས།   འཛིན་སེམས་དག་པ་རྒྱུ་ཡི་འཕྲོ་འདུ་ལས།   །སངས་རྒྱས་ཀུན་གྱི་སྤྱི་གཟུགས་དཔལ་ཆེན་པོ།   །མཐིང་ནག་དབུ་གསུམ་གཡས་དཀར་གཡོན་དམར་ཞལ།   །ཕྱག་དྲུག་གཡས་གཉིས་རྡོ་རྗེ་རྩེ་དགུ་ལྔ།   །གཡོན་གཉིས་འབར་བའི་མེ་དང་ཁ་ཊྭཱཾ་ཀ།   །ཐ་གཉིས་རི་རབ་ཕུར་བུ་འདྲིལ་ཞིང་འདེབས།   །ཞབས་བཞི་འདོར་སྟབས་ལྷ་ཆེན་ཕོ་མོ་བརྫིས།   །ཁྲོ་གཏུམ་བཟོད་པར་དཀའ་བའི་ལང་ཚོ་ཅན།   །རྡོ་རྗེའི་གཤོག་པ་དུར་ཁྲོད་དཔལ་ཆས་རྫོགས།   ། [10b] རྒྱས་འདེབས་སྔོ་སྐྱ་གཡོན་ནས་འཁྲིལ་བའི་ཡུམ།   །ཁ་ཊྭཱཾ་དུང་ཁྲག་འཛིན་དང་མཉམ་པར་སྦྱོར།   །སྤྱི་བོར་ཡེ་ཤེས་བྱ་ཁྱུང་འཕུར་ཞིང་ལྡིང་།   །སྣ་ཚོགས་པདྨ་ཉི་མ་འབར་བའི་སྟེང་།   །བསྐལ་མེ་དྲག་ཏུ་འཁྲུགས་པའི་ཀློང་དུ་རོལ།   །ཙིཏྟ་མཆོང་སྨུག་འོད་ཀྱི་གུར་ཁྱིམ་དབུས།   །ཡེ་ཤེས་སེམས་དཔའ་རྡོར་སེམས་མཐིང་གསལ་གྱི།   །ཐུགས་དབུས་ཏིང་འཛིན་སེམས་དཔའ་རྡོ་རྗེའི་ལྟེར།   །ཧཱུཾ་མཐར་སྔགས་ཕྲེང་བཻཌཱུརྱ་ཞུན་མའི་མདངས།   །གཡས་སུ་བསྐོར་ལས་བསམ་ཡས་འོད་ཟེར་འཕྲོས།   །འཕགས་མཆོད་འགྲོ་བའི་སྒྲིབ་བསལ་དམ་ཅན་བསྐུལ།   །དགྲ་བགེགས་ཚར་བཅད་སྣང་གྲགས་རྟོག་པའི་ཆོས།   །ལྷ་སྔགས་ཆོས་ཉིད་ཡེ་ཤེས་རོལ་པར་ཤར།   །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ།   ཛཿཧཱུྃ་ཨཱཿ   སྣོད་བཅུད་འོད་ཞུ་རང་ཐིམ་རང་ཉིད་ཀྱང་།   །མཁའ་ལ་སྤྲིན་བཞིན་འོད་གསལ་དབྱིངས་སུ་ཡལ།   །སླར་ཡང་ཟུང་འཇུག་སྒྱུ་མའི་ཕྱག་རྒྱར་སད།   །སྒོ་གསུམ་མི་ཤིགས་རྡོ་རྗེའི་གོ་དང་ལྡན།   །དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན།   །བདུད་ལས་རྣམ་རྒྱལ་བར་ཆད་ཀུན་ཞི་ཞིང་།   །རྡོ་རྗེ་ [11a] གཞོན་ནུ་མྱ་ངན་འདས་པའི་མཆོག    །འབྲས་བུ་བྱང་ཆུབ་ངེས་པར་བརྙེས་གྱུར་ཅིག    །བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་།   །དངོས་གྲུབ་ཆར་འབེབས་ཡི་དམ་ཀཱི་ལ་ཡ།   །ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་སོགས།   །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་བཀྲ་ཤིས་ཤོག    །ཅེས་པའང་པདྨའི་མཚན་གྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤར་མར་སྤེལ།།   །།རྗེ་བཙུན་སྒྲོལ་མའི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས། ན་མོ་གུ་རུ་ཨཱརྱ་ཏཱ་ར་ཡེ།   རྗེ་བཙུན་སྒྲོལ་མ་བསྡུས་པའི་ཚུལ་གྱིས་བསྒོམ་པར་འདོད་པས།   བྱང་ཆུབ་སེམས་གཉིས་ཡིད་ལ་བྱས་ཏེ། ན་མོ།   བདག་སོགས་འགྲོ་ཀུན་བྱང་ཆུབ་བར།   །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི།   །གཞན་དོན་སངས་རྒྱས་ཐོབ་བྱའི་ཕྱིར།   །འཕགས་མ་སྒྲོལ་མ་བསྒོམ་པར་བགྱི།   །ཞེས་ལན་གསུམ་གྱིས་སྐྱབས་སེམས་བྱ། གནས་ཡུལ་པདྨོ་བཀོད་པའི་ཞིང་།   །ངོ་མཚར་མཆོད་སྤྲིན་འཁྲིགས་པའི་དབུས།   །རང་ཉིད་སྐད་ཅིག་དྲན་རྫོགས་སུ།   །རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་།   །ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི།   །དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས།   ། [11b] ཨུཏྤལ་གསར་པའི་སྡོང་བུ་བསྣམས།   །དར་དང་རིན་ཆེན་རྒྱན་གྱིས་མཛེས།   །ཞབས་ཟུང་སེམས་མའི་སྐྱིལ་ཀྲུང་གིས།   །པད་དཀར་ཟླ་བའི་སྟེང་ན་བཞུགས།   །གནས་གསུམ་ཨོཾ་ཨཱཿཧཱུཾ་གསུམ་དང་།   །ཐུགས་དབུས་ཟླ་སྟེང་ཏཱྃ་ལྗང་གུ།   །དེ་ལས་འཕྲོས་པའི་འོད་ཟེར་གྱིས།   །རང་འདྲའི་ཡེ་ཤེས་སེམས་མའི་སྐུ།   །སྤྱན་དྲངས་རང་ཐིམ་དབྱེར་མེད་གྱུར།   །བདག་གི་ཐུགས་ཀར་ཏཱྃ་ཡིག་མཐར།   །སྔགས་ཕྲེང་གཡོན་དུ་འཁོར་བ་ལས།   །འོད་ཟེར་སྤྲོ་བསྡུའི་སྦྱོར་བ་ཡིས།   །འཕགས་མཆོད་འགྲོ་བའི་སྡུག་བསྔལ་བསལ།   །ཐ་མལ་སྣང་ཞེན་རྒྱུ་བཅས་སྦྱངས།   །སྣང་གྲགས་རིག་གསུམ་རྗེ་བཙུན་མའི།   །གསང་བ་གསུམ་གྱི་རོལ་པར་སད།   །ཅེས་པའི་ཏིང་ངེ་འཛིན་ལ་ཡིད་རྩེ་གཅིག་ཏུ་གནས་པས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།   ཞེས་རྩ་བའི་སྙིང་པོ་ཅི་ནུས་དང་། ཨོཾ་ཏཱ་རེ་ཏཱྃ་སྭཱཧཱ།   ཞེས་པའང་ཅི་རིགས་པར་བཟླས་ནས། ལྷ་དང་རང་སེམས་དབྱེར་མེད་པ།   །གཉུག་མ་དོན་གྱི་འཕགས་མའི་སྐུ།   །ཡེ་ཤེས་འཁོར་ལོའི་རོལ་པར་ཤར།   །མི་ཤིགས་སྲུང་བ་ཆེན་པོར་གྱུར།   །ཅེས་སྤྲོས་པའི་སྣང་ཆ་འོད་གསལ་དུ་བསྡུས་ཏེ་མཉམ་པར་བཞག    །དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་ [12a] མྱུར་དུ་བདག    །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ན།   །ཞེས་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་འཇུག་གོ།   །ཞེས་པའང་རྣམ་པར་དགེ་བའི་བློ་ལྡན་མ་ངག་དབང་དཔལ་མོས་བསྐུལ་བའི་ངོར་རིག་འཛིན་གྱི་མྱུ་གུ་བཛྲཱ་བྷ་ཡ་ཛྙཱ་ནས་སྤེལ་བ་དགེ།   །།འཆི་མེད་འཕགས་མའི་སྙིང་ཐིག་གི་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས། ཨོཾ་སྭསྟི།   འཕགས་མ་ཚེ་སྦྱིན་མའི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པར་འདོད་པས།   སྦྱོར་བ་ནི། ན་མོ།   སྐྱབས་གནས་ཀུན་འདུས་རྗེ་བཙུན་མར།   །བྱང་ཆུབ་བར་དུ་བདག་སྐྱབས་མཆི།   །འགྲོ་ཀུན་སྡུག་བསྔལ་ལས་སྒྲོལ་ཕྱིར།   །འཆི་མེད་བསྒྲུབ་པར་སེམས་བསྐྱེད་དོ།   །དངོས་གཞི་ནི། ཨ།   ཆོས་རྣམ་མི་དམིགས་སྟོང་པའི་ངང་།   །ཟུང་འཇུག་འོད་གསལ་སྙིང་རྗེའི་རྩལ།   །རིག་པ་ཏཱཾ་ཡིག་དཀར་པོ་ཤར།   །དེ་ལས་འོད་འཕྲོས་དོན་གཉིས་བྱས།   །ཚུར་འདུས་ཡོངས་གྱུར་སྐད་ཅིག་གིས།   །རང་ཉིད་ཡིད་བཞིན་འཁོར་ལོ་ནི།   །དྲི་མེད་ཡིད་འོང་སྟོན་ཟླའི་མདངས།   །ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི།   །དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས།   །ཨུཏྤལར་གནས་ཚེ་བུམ་བསྣམས།   །ཞི་འཛུམ་ཡེ་ཤེས་སྤྱན་བདུན་ལྡན།   །དར་ [12b] དང་རིན་ཆེན་རྒྱན་གྱིས་མཛེས།   །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས།   །པདྨ་ཟླ་བའི་གདན་ལ་བཞུགས།   །རང་འོད་ཐབས་མཆོག་གར་གྱི་དབང་།   །པདྨ་ཚེ་བུམ་བསྣམས་པས་འཁྲིལ།   །གནས་གསུམ་རྡོ་རྗེའི་འབྲུ་གསུམ་ལས།   །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར།   །བཛྲ་ས་མཱ་ཛཿ   ཛཿཧཱུཾ་བཾ་ཧོཿ གཉིས་མེད་གྱུར།   །ཐུགས་ཀར་པད་ཟླར་ཚེ་དཔག་མེད།   །དེ་ཡི་ཐུགས་དབུས་ཉི་ཟླའི་ནང་།   །ཏཱྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར།   །དེ་ལས་འོད་ཟེར་ཕོ་ཉ་མོ།   །འཕགས་མ་རྣམ་པར་རྒྱལ་མའི་སྤྲིན།   །གྲངས་མེད་ཉི་ཟེར་རྡུལ་ལྟར་འཕྲོས།   །བརྟན་གཡོའི་ཚེ་བཅུད་དྭངས་མ་ཀུན།   །འོད་ཟེར་བདུད་རྩིའི་རྣམ་པར་བསྡུས།   །བདག་ཐིམ་འཆི་མེད་སྐུ་འགྲུབ་གྱུར།   །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།   ཞེས་གཙོ་བོར་བཟླ་ཞིང་། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧྲཱིཿབྷྲཱུྃ་བཛྲ་ཛྙཱ་ན་ཨ་ཡུ་ཥེ་སྭཱ་ཧཱ།   ཞེས་པའང་ཅུང་ཟད་བཟླ།   ཐུན་མཚམས་སུ་ཚོགས་མཆོད་འབུལ་བར་སྤྲོ་ན། རཾ་ཡཾ་ཁཾ།   ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ   ཧ་ཧོ་ཧྲཱིཿཧྲཱིཿ    སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས༔    རྗེ་བཙུན་འཁོར་བ་སྒྲོལ་མཛད་ཡུམ༔     རྩ་གསུམ་ཆོས་སྲུང་རྒྱལ་མཚོར་བཅས༔    ཚོགས་ཀྱི་འདུ་བར་སྤྱན་འདྲེན་ [13a] གཤེགས༔    སརྦ་ས་མ་ཡ་ཛཿཛཿ   ཧོཿ    རང་བྱུང་བྷཉྫ་སྣང་བ་སྣོད༔    རྩ་འཁོར་དབྱིངས་ཀྱི་ཀ་པཱ་ལར༔    བཟའ་བཏུང་སྲིད་བཅུད་བྱང་ཆུབ་སེམས༔    རིག་པ་རང་གསལ་ཚོགས་གཏོར་བཤམས༔    ཕྱི་ནང་གསང་བ་བླ་མེད་པའི༔    ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔   །   རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔    གསང་གསུམ་དམ་ཚིག་ཉམས་པ་བཤགས༔    བདུད་བཞིའི་བར་ཆད་དབྱིངས་སུ་སྒྲོལ༔    སྐུ་གསུང་ཐུགས་ཀྱི་ཚེ་དབང་སྩོལ༔    ས་མ་ཡ་པཉྩ་ཀཱ་མ་མ་ཧཱ་སུ་ཁ་ཛྙཱ་དྷ་ཏུ་ག་ཎ་ཙཀྲ་པཱུ་ཛ་ཧོཿ    ཧྲཱིཾཿ   ཕེཾ།   དཔའ་བོ་མཁའ་འགྲོ་ཞིང་སྐྱོང་ཚོགས༔    ལྷག་མའི་གཏོར་མ་འདི་བཞེས་ལ༔    བར་ཆད་ཀུན་སོལ་ཚེ་དཔལ་བསྐྱེད༔    རྣམ་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད༔    ཨུཙྪིཥྚ་ག་ཎ་ཙཀྲ་པཱུ་ཛ་ཧོཿ     རྗེས་ནི། སྣོད་བཅུད་འོད་ཞུ་རང་ཉིད་དང་།   །རང་ཡང་མི་དམིགས་སྤྲོས་བྲལ་དང་།   །འཕགས་མའི་གསང་གསུམ་ཕྱག་རྒྱར་སད།   །འཆི་མེད་གཉུག་མའི་ངོ་བོར་གྱུར།   །དགེ་འདིས་བདག་གི་ཚོགས་གཉིས་རྫོགས།   །མྱུར་དུ་སྒྲོལ་མའི་ས་མཆོག་བརྙེས།   །འགྲོ་ཀུན་ [13b] སྒྲིབ་པ་གཉིས་སྤངས་ཏེ།   །འཆི་མེད་རིག་འཛིན་ཐོབ་པར་ཤོག    །རྒྱལ་མཚོག་ཚེ་དཔག་མེད་པའི་ཡུམ།   །འཆི་མེད་ངེས་པར་སྟེར་བ་མོ།   །ལྷག་པའི་ལྷ་མཆོག་བཅོམ་ལྡན་མ།   །ཡིད་བཞིན་འཁོར་ལོའི་བཀྲ་ཤིས་ཤོག    །ཅེས་པའང་ལྷ་ལྕམ་གཡུ་སྒྲོན་སྒྲོལ་དཀར་གྱི་ཐུགས་དམ་རྒྱུན་གྱི་ཉམས་བཞེས་སུ་ཚད་ལྡན་གྱི་གཞུང་ལ་བརྟེན་ནས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ཨཱ་ཡུ་སིདྡྷི་རསྟུ།།   །། 
༈     །འཆི་མེད་ཚེ་ཡུམ་ཙཎྜ་ལིའི་རྒྱུན་ཁྱེར་ཉམས་ལེན། ཧྲཱིཿ   སྲིད་ཞིའི་དྭངས་མ་མི་འགྱུར་ཐིག་ལེའི་དབྱིངས༔    ཡེ་ཤེས་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི༔   སེམས་བསྐྱེད་མཁའ་ཁྱབ་འགྲོ་བ་ཀུན་དོན་དུ༔    འཆི་མེད་ཚེ་ཡི་རིག་འཛིན་བསྒྲུབ་པར་བགྱི༔   ཧྲཱིཿ    སྟོང་ཉིད་མཁའ་ལས་བདེ་ཆེན་སྙིང་རྗེའི་གདངས༔    ཧྲཱིཿཡིག་ཡོངས་གྱུར་པདྨ་ཙཎྜ་ལི༔    རཱ་གའི་མདངས་ཅན་ཁྲོ་འཛུམ་རྗེས་ཆགས་ཉམས༔    སྤྱན་གསུམ་རབ་གཡོ་དབུ་སྐྲ་བསིལ་བུར་གྲོལ༔    ནུ་མ་འབུར་ཞིང་གསང་བ་ཆུ་སྐྱེས་རྒྱས༔     དར་སྣའི་ཅོད་པན་སྟོད་གཡོགས་སྨད་ཤམ་དང་༔    རིན་ཆེན་རུས་པ་མེ་ཏོག་ཕྲེང་བས་བརྒྱན༔   ཕྱག་གཡས་ལྕགས་ཀྱུས་སྲིད་ཞིའི་ཚེ་བཅུད་འགུགས༔    གཡོན་པས་ [14a] བུམ་བཟང་ཚེ་དང་ཡེ་ཤེས་སྩོལ༔   ཞབས་ཟུང་གཡོན་བརྐྱང་གར་གྱི་ཉམས་འགྱུར་བཅས༔     ཐབས་ཤེས་ཟུང་འཇུག་ཆུ་སྐྱེས་ཉི་ཟླའི་སྟེང་༔    ཡིད་འོང་འོད་ཟེར་འཁྲུགས་པའི་ཀློང་ན་རོལ༔    སྐུ་ལ་རྩ་གསུམ་ཚེ་ལྷའི་དཀྱིལ་འཁོར་རྫོགས༔   སྤྱི་བོར་རིགས་བདག་སྣང་བ་མཐའ་ཡས་བརྒྱན༔    དམ་ཚིག་ཡེ་ཤེས་གཉིས་སུ་མེད་པ་ཡི༔    ཐུགས་ཀར་ཆུ་སྐྱེས་ཟེའུ་འབྲུར་ཟླ་བའི་དབུས༔    ཚེ་དཔག་མེད་མགོན་ཡབ་ཡུམ་ཐུགས་དབུས་སུ༔    ཉི་ཟླའི་གྭའུ་ཧྲཱིཿས་མཚན་སྔགས་ཀྱིས་བསྐོར།   །འོད་ཟེར་ལྕགས་ཀྱུས་འཁོར་འདས་ཚེ་བཅུད་ཀུན༔    བདུད་རྩིའི་རྣམ་པར་བཀུག་སྟེ་ཧྲཱིཿལ་ཐིམ༔    འཆི་མེད་ཚེ་དང་ཡེ་ཤེས་མཆོག་འགྲུབ་གྱུར༔   ཨོཾ་ཨཱཿཧཱུཾ་པདྨ་ཙཎྜ་ལི་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུཾ༔    བསྐྱེད་པའི་སྣང་ཆ་རིམ་འདུས་ཧྲཱིཿལ་ཐིམ།   །དེ་ཡང་མི་དམིགས་བརྗོད་བྲལ་ཀ་དག་ཀློང་།   །སླར་ཡང་ལྷུན་གྲུབ་རིག་རྩལ་ལྷའི་འཁོར་ལོ།   །འཆི་མེད་གཉུག་མ་མི་ཤིགས་རྡོ་རྗེར་སད།   །བདག་གིས་འཆི་མེད་ལྷ་མོ་བསྒྲུབས་པའི་མཐུས།   །འགྲོ་རྣམས་རིག་འཛིན་ཚེ་ཡི་སྣོད་གྱུར་ནས།   །མཐོང་ཐོས་དྲན་རེག་ཚེ་དབང་དངོས་གྲུབ་བརྙེས།   །རྟག་ [14b] ཏུ་དཔལ་ནས་བཀྲ་ཤིས་བདེ་ལེགས་ཤོག    །ཅེས་པའང་བུ་མོ་ནོར་འཛིན་དབང་མོའི་ཉམས་ལེན་དུ།   འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་ལས་བཏུས་པ་དགེ།   །།རྣམ་རྒྱལ་མའི་རྒྱུན་ཁྱེར་ནི།   སྐྱབས་སེམས་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་པད་ཟླའི་སྟེང་།   །རང་ཉིད་འཕགས་མ་རྣམ་པར་རྒྱལ།   །ཆུ་ཤེལ་མདོག་ཅན་ཞི་འཛུམ་མཛེས།   །ཕྱག་གཡས་སྐྱབས་སྦྱིན་ལྕགས་ཀྱུ་དང་།   །གཡོན་པས་མཆོག་སྦྱིན་ཚེ་བུམ་བསྣམས།   །ལོངས་སྤྱོད་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས།   །ཐུགས་ཀར་ཉི་སྟེང་བྷྲཱུཾ་དཀར་མཐར།   །སྔགས་ཀྱིས་བསྐོར་ལས་འོད་ཟེར་སྤྲིན།   །ཉི་ཟེར་རྡུལ་ལྟར་མཁའ་ཁྱབ་འཕྲོས།   །བདག་གཞན་ནད་གདོན་སྡིག་སྒྲིབ་སོགས།   །མི་མཐུན་ཉེས་ཚོགས་ལྷག་མེད་སྦྱངས།   །འཁོར་འདས་བརྟན་གཡོའི་དྭངས་བཅུད་ཀུན།   །འོད་ཟེར་བདུད་རྩིའི་རྣམ་པར་བསྡུས།   །རང་ཐིམ་ཡེ་ཤེས་སྐུ་གྲུབ་སྟེ།   །བདེ་ཆེན་རྡོ་རྗེའི་སྲོག་ཐོབ་གྱུར།   །ཨོཾ་ཨ་མྲྀ་ཏ་ཨ་ཡུརྡཱ་དེ་སྭཱ་ཧཱ།   ཞེས་བཟླ། ལྷར་སྣང་འོད་གསལ་དབྱིངས་སུ་ཐིམ།   །ཟུང་འཇུག་སྒྱུ་མའི་ཕྱག་རྒྱར་སད།   །དགེ་བ་འདི་ཡིས་མྱུར་དུ་བདག    །རྣམ་པར་རྒྱལ་མ་འགྲུབ་གྱུར་ནས།   །སོགས་ཀྱིས་ [15a] བསྔོ་སྨོན་བྱའོ།   །ཞེས་པའང་འཁྲུལ་ཞིག་རྡོ་རྗེའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།ཁྱུང་དམར་རྒྱུན་ཁྱེར་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ།   །སོགས་རྒྱུན་བཤགས་ཡན་ལག་བརྒྱད་པས་ཚོགས་བསགས་པ་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་དྲན་རྫོགས་སུ༔    ཁྲོ་རྒྱལ་མ་ལུས་འདུས་པའི་སྐུ༔     ཁྱུང་དམར་མེ་ཡི་གཤོག་པ་ཅན།   །གནམ་ལྕགས་མཆུ་སྡེར་ཁྲོ་ཆུའི་མིག༔    རྡོ་རྗེའི་རྭ་ལྡན་དཔྲལ་བའི་དཀྱིལ༔   ཉི་ཟླའི་འོད་འབར་ནོར་བུས་སྤྲས༔   ཕྱག་གཉིས་ཀླུ་གཉན་སྦྲུལ་རིགས་བཟུང་༔    གཟི་བརྗིད་འོད་དང་ལྡན་པར་བསྒོས༔   གནས་གསུམ་ཡི་གེ་གསུམ་ཁྱད་པར༔    ཐུགས་ཀའི་ཁྲོཾ་ལས་འོད་འཕྲོས་པས༔   ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀུན༔   རང་ལ་ཐིམ་ཞིང་བྱིན་བརླབས་གྱུར༔    བཛྲ་ག་རུ་ཌ་ས་མཱ་ཛཿ   ཛཿཧཱུྃ་བྃ་ ཧོཿ      ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔    ས་མ་ཡ་ཏིཥྛ་ལྷན༔   ཨ་ཏི་པུ་ཧོཿ     པྲ་ཏཱིཙྪ་ཧོཿ     ཁྲོཾ་ག་རུ་ཌ་ཨརྒྷཾ་ནས།   ཤཔྡ་སརྦ་པཱུ་ཛ་ཁཱ་ཧི༔    མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔   ཞེས་མཆོད་ཅིང་། དུས་གསུམ་སངས་རྒྱས་ཕྲིན་ལས་བདག༔   ཐུགས་རྗེ་བྱིན་རླབས་གཅིག་བསྡུས་སྐུ༔    གདུག་པའི་ཀླུ་གཉན་ [15b] འདུལ་མཛད་པའི༔    ཁྱུང་ཆེན་འབར་བའི་སྐུ་ལ་བསྟོད༔    སྤྲོ་ན།  བསྙེན་དང་བསྟོད་པའི་ཕྲིན་ལས་ཀྱིས༔    བདག་སོགས་གདུག་པ་ཀླུ་ཡི་ནད༔    མཛེ་ཤུ་འབྲུམ་བུ་སྐྲན་གྲུམ་ནད༔   མཛེ་རིགས་བཅོ་བརྒྱད་ནད་ལ་སོགས༔    རླུང་མཁྲིས་བད་ཀན་ཆུ་སྲིན་རྒྱུ༔    ཀླུ་གདོན་ནད་ལས་བསྐྱབ་ཏུ་གསོལ༔   ཞེས་ཕྲིན་ལས་བཅོལ་ཞིང་།   ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྲོཾ་དམར་ནག་ལ། ཨོཾ་ཨཱཿཧཱུཾ་བཛྲ་ཁྲོཾ་ག་རུ་ཌ་ཙ་ལེ་ལེ་ཧཱུཾ་ཕཊ༔   ཅེས་པས་བསྐོར་བར་བསམ་ལ་ཅི་འགྲུབ་བཟླ། རང་ཉིད་ཁྱུང་ལས་འོད་འཕྲོས་པས༔    ཀླུ་གཉན་ས་བདག་མ་ལུས་ཀུན༔    ཚ་བའི་ཟེར་ལམ་བཟོད་ནས༔   རང་ལ་སྲོག་སྙིང་ཕུལ་བར་བསམ༔   ནཱ་ག་གནོད་བྱེད་མཱ་ར་ཡ་རྦད༔  ཅེས་པའང་ཅུང་ཟད་བཟླས་མཐར། ཧཱུྃ་ཧཱུྃ་ཧཱུྃ་གིས་བསྡུ། ཕཊ་ཕཊ་ཕཊ་ཀྱིས་ལྡང་། དགེ་བ་འདི་ཡིས་མྱུར་དུ་བདག  །   ཡེ་ཤེས་བྱ་ཁྱུང་འགྲུབ་གྱུར་ནས།   །འགྲོ་བ་གཅིག་ཀྱང་མ་ལུས་པ།   །དེ་ཡིས་ལ་འགོད་པར་ཤོག    །ཅེས་བསྔོ་སྨོན་དང་ཤིས་བརྗོད་བྱའོ།   །ཞེས་གཏེར་ཁ་གསུམ་འདུས་ཀྱི་ཁྱུང་དམར་རྒྱུན་ཁྱེར་འདིའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཞུང་ལས་ཁོལ་ཕྱུངས་སུ་བྲིས་པ་དགེ།   །།རྡོ་རྗེ་ཕུར་པའི་རྒྱུན་གྱི་རྣལ་འབྱོར་བཞུགས།  [16a] ན་མོ་བཛྲ་ཀུ་མཱ་ར་ཡེ།   སྦྱོར་བ་སྐྱབས་སེམས་སྔོན་དུ་འགྲོ་བས། ཧཱུྃ།   སྣང་སྲིད་མེ་རིའི་འབར་བའི་དལ།   །རང་བྱུང་ལྷུན་གྲུབ་གཞལ་ཡས་དབུས།   །པད་ཉི་བདུད་བཞི་བསྣོལ་བའི་སྟེང་།   །རང་རིག་ཧཱུྃ་ལས་སྐད་ཅིག་གིས།   །དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི།   །མཐིང་ནག་ཞལ་གསུམ་ཕྱག་དྲུག་པ།   །གཡས་དཀར་གཡོན་དམར་ཁྲོ་གཏུམ་རྔམས།   །རྡོ་རྗེ་རྩེ་དགུ་རྩེ་ལྔ་གཡས།   །ཡེ་ཤེས་མེ་དཔུང་ཁ་ཊྭཱྃ་གཡོན།   །ཐ་གཉིས་རི་རབ་ཕུར་བུ་འདྲིལ།   །ཞབས་བཞི་གྱད་ཀྱི་འདོར་སྟབས་བགྲད།   །འཁོར་ལོ་རྒྱས་འདེབས་ཡུམ་གྱིས་འཁྱུད་།   མཐིང་སྐྱ་ཁ་ཊྭཱྃ་ཐོད་ཁྲག་སྟོབ།   །དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས།   །ཡེ་ཤེས་མེ་དཔུང་ཀློང་དུ་བསྐྱེད།   །ཐུགས་གསང་ཡེ་ཤེས་སེམས་དཔའ་ཡི།   །ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ།   །མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར།   །སྣང་གྲགས་རིག་གསུམ་རྡོ་རྗེའི་ངང་།   །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ།   ཞེས་པའང་སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུའི་གསུང་གིས་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །།བྱད་གྲོལ་གསེར་གྱི་ལྡེ་མིག་ཉམས་ [16b] ལེན་རྒྱུར་ཁྱེར་བཞུགས། ན་མོ།   བླ་མ་མཆོག་གསུམ་ཡི་དམ་ལྷག་པའི་ལྷར།   །གུས་པས་སྐྱབས་མཆི་བདག་སོགས་མཁའ་མཉམ་འགྲོ།   །ཕས་རྒོལ་རིགས་སྔགས་དམོད་པ་ལས་རྒྱལ་ཕྱིར།   །ཁྲག་འཐུང་རྡོ་རྗེ་གཙུག་ཏོར་བསྒོམ་པར་བགྱི།   །ཧཱུྃ།   ཆོས་ཀུན་མ་བཅོས་གདོད་ནས་སྤྲོས་བྲལ་དབྱིངས།   །མ་རྟོགས་འགྲོ་ལ་མཁའ་ཁྱབ་སྙིང་རྗེ་ཤར།   །ཟུང་འཇུག་རིག་པ་མཐིང་ནག་ཡི་གེ་ཧཱུྃ།   །དེ་ལས་འོད་འཕྲོས་སངས་རྒྱས་སྲས་བཅས་མཆོད།   །ཕས་རྒོལ་རིགས་སྔགས་དམོད་པའི་སྦྱོར་བ་བཤིག    །བྱིན་རླབས་དངོས་གྲུབ་དྭངས་བཅུད་ཧཱུྃ་ལ་ཐིམ།   །དེ་ཉིད་ཡོངས་གྱུར་པདྨ་ཉི་ཟླའི་སྟེང་།   །བདག་ཉིད་ཁྲོ་རྒྱལ་རྡོ་རྗེ་གཙུག་ཏོར་ཅན།   །དབུ་སྟོང་རྩ་ཞལ་ཉིས་བརྒྱ་མཐིང་ནག་རྔམས།   །གཡས་ཞལ་ཉིས་བརྒྱ་གསེར་མདོག་འཛུམ་ཉམས་རྒྱས།   །རྒྱབ་ཞལ་ཉིས་བརྒྱ་དམར་པོ་ཆགས་པའི་ཉམས།   །གཡོན་ཞལ་ཉིས་བརྒྱ་ལྗང་གུ་གཏུམ་པའི་ཚུལ།   །སྟེང་ཞལ་ཉིས་བརྒྱ་དཀར་པོ་བཞད་པའི་ཞལ།   །བྱེ་བ་ཕྲག་བརྒྱའི་སྡང་མིག་ཕྱོགས་བཅུར་བལྟ།   །རྫི་སྨིན་ཨག་ཚོམ་དམར་སེར་མེ་ལྟར་འབར།   །ཞལ་གདངས་ཡ་སོ་ [17a] ཧཱུྃ་ལས་ཁྲོ་བོ་བཅུ།   །མ་སོ་ཧྲཱིཿ་ལས་ཁྲོ་མོ་བཅུ་རུ་གཙིགས།   །མགྲིན་པ་ཉི་ཟླ་ལྕེ་ནི་གཅོད་བྱེད་ཀྱི།   །རྣོ་ངར་རལ་གྲི་འབར་བའི་རྣམ་པར་གདེངས།   །སྟོང་ཕྲག་ཕྱག་ན་གནམ་ལྕགས་རལ་གྲི་བསྣམས།   །ཐོད་སྐམ་དབུ་རྒྱན་ཞིང་གླང་སྟོད་གཡོགས་དང་།   །སྟག་ཤམ་མགོ་ཕྲེང་དུར་ཁྲོད་རྒྱན་ཆས་བརྗིད།   །ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་དྲག་པོར་བགྲད།   །གར་དགུའི་ཉམས་རྒྱས་དབང་སྔོན་ལྷུན་པོ་ལ།   །ཉི་མ་སྟོང་གིས་འཁྱུད་བཞིན་གཟི་བརྗིད་འབར།   །བསྐལ་པའི་མེ་དཔུང་འཁྲུགས་པའི་ཀློང་ན་བཞུགས།   །དེ་ཡི་སྤྱི་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ།   །རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྱིས་གྲུབ།   །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་རང་འདྲ་བའི།   །ཡེ་ཤེས་སེམས་དཔའ་སྤྱན་དྲངས་གཉིས་མེད་གྱུར།   །བདག་གིས་སྐུ་ཡི་ཆ་ལས་མེ་འབར་བའི་།   །སྔགས་ཀྱི་ཚྭ་ཚྭ་རྡོ་རྗེའི་ཞུགས་སུ་འཕྲོས།   །གནོད་བྱེད་ཕས་རྒོལ་རིགས་སྔགས་བྱད་མ་མཁན།   །ཐམས་ཅད་བསྲེགས་ཤིང་སྦྱངས་ནས་སྟོང་པར་གྱུར།   །ཏདྱ་ཐཱ༔    ཨོཾ་ཨ་ན་ལེ་ཨ་ན་ལེ༔    བིཤ་དྷེ་བི་ཤ་དྷེ༔    བཻ་ར་བཻ་ར༔    བཛྲ་དྷ་ར་ཎི༔    བྷནྡྷ་བྷནྡྷ༔    [17b] བཛྲ་པཱ་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔     ཧཱུྃ་བྷྲཱུྃ་བྷནྡྷ་ཕཊ་སྭཱ་ཧཱ༔    བདག་ཅག་འཁོར་དང་བཅས་པའི་ལུས་ངག་ཡིད་གསུམ་བཅིངས་པ་ཕྱེ་ཕྱེ་ཁྲོལ་ཁྲོལ༔   ཞེས་པ་གཙོ་བོར་བཟླ་ཞིང་། ཨོཾ་ཨཱཿཧཱུཾ༔     ཀཱ་ཡ་ཝཱ་ཀ་ཙིཏྟ་ཡཀྵ་ཡ༔    བཛྲ་ཚིནྡྷ་ཙ་ཧ་ཤཱནྟིཾ་ཤཱནྟིཾ་ཤག་བྱེར༔    ཡར་ཡར་སྟམྦྷ་ཡ་བྱེར༔   མོ་ཧ་ཡ་བྱེར༔    ཛམྦྷ་ཡ་བྱེར།   ཡ་ར་ཟློག་བྷྱོ༔    བན་བོན་སྔགས་པའི་བསམ་སྦྱོར་ངན་པས་མནན་པ་དང་༔   བཅིང་པ་དང་༔    བསྡམས་པ་དང་༔    གཟིར་བ་དང་༔    བྱད་དུ་བཅུག་པ་ཐམས་ཅད་ཕྱེ་ཕྱེ་ཁྲོལ་ཁྲོལ༔   གནོད་པའི་རིགས་ཐམས་ཅད་ཞི་བ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔   ཞེས་པའང་ཅུང་ཟད་རེ་བཟླ། སྣོད་བཅུད་འོད་ཞུ་བདག་ཉིད་ལྷར་ཐིམ་ཞིང་།   །དེ་ཡང་ཧཱུྃ་ཡིག་ལ་ཐིམ་ནཱ་དའི་བར།   །མི་དམིགས་ངང་གྱུར་སླར་ཡང་སྐད་ཅིག་གིས།   །སྣང་སྟོང་སྒྱུ་མ་ཁྲོ་རྒྱལ་སྐུ་རུ་གྱུར།   །དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན།   །ཕས་རྒོལ་རིགས་སྔགས་གཡུལ་ངོ་ལས་རྒྱལ་ཏེ།   །ཕན་བདེའི་བསམ་རྒུ་ལྷུན་གྱིས་གྲུབ་པ་ཡི།   །བཀྲ་ཤིས་ཕྱོགས་དུས་ཀུན་ཏུ་ཁྱབ་པར་ཤོག    །ཅེས་ཉེ་བར་མཁོ་བའི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། [18a]པད་གླིང་ཕྱག་རྡོར་གཏུམ་པོའི་རྒྱུན་ཁྱེར་བཞུགས། ཨོཾ་སྭསྟི།   ཕྱག་རྡོར་གཏུམ་པོའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས།   མདུན་གྱི་ནམ་མཁར་ཚོགས་ཞིང་ཕྱག་རྡོར་དམིགས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ།   །སོགས་རྒྱུན་བཤགས་ཡན་ལག་བརྒྱད་པས་ཚོགས་བསགས་ཤིང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག    །སྡུག་བསྔལ་ཀུན་དང་བྲལ་བར་ཤོག    །བདེ་དང་རྟག་ཏུ་མི་འབྲལ་ཞིང་།   །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག    །ཅེས་ཚད་མེད་བཞི་བསྒོམ་ལ་ཚོགས་ཞིང་རང་ལ་བསྡུ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོཉཧཾ་གིས་སྟོང་པར་སྦྱངས། སྟོང་པའི་ངང་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་འོད་གསལ་གྱི་རང་མདངས་རྡོ་རྗེ་སྲུང་བའི་འཁོར་ལོ་ཆེན་པོས་བར་མཚམས་མེད་པར་ཁྱབ་པའི་དབུས་སུ་པདྨ་ཉི་ཟླ་བརྩེགས་པའི་ཁར་གཟའ་བརྒྱད་ཀླུ་བརྒྱད་བསྣོལ་བའི་སྟེང་དུ་རང་གི་རིག་པ་ཧཱུྃ་སྔོན་པོ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ།   དེ་ལས་འོད་ཟེར་འཕྲོས།   འཕགས་པ་མཆོད།   སེམས་ཅན་གྱི་དོན་བྱས།   ཚུར་འདུས་ཡོངས་སུ་གྱུར་པ་ལས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་གཏུམ་ཞིང་ཁྲོས་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་པ།    [18b] སྐུ་ལུས་སྦོམ་ཞིང་ཐུང་ལ་གསུས་པ་ཆེ་བ།   ཡན་ལག་རགས་གཔ།   །ཁྲོས་པའི་ཞལ་གདངས་ཤིང་ལྗགས་འདྲིལ་བ།   །སྤྱན་གསུམ་དམར་ལ་ཟླུམ་པ།   །སྨིན་མ་དང་སྨ་ར་དབུ་སྐྲ་གྱེན་དུ་འཁྱིལ་ཞིང་མེ་སྟག་གི་ཚྭ་ཚྭ་འཕྲོ་བ།   ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁའ་ལ་འཕྱར་ཞིང་།   ཕྱག་གཡོན་སྡིགས་མཛུབ་ཀྱིས་དུག་སྦྲུལ་ཐུགས་ཀར་བཟུང་བའི་མགོ་བོ་ཞལ་དུ་གསོལ་བ།   ཐོད་སྐམ་ལྔའི་དབུ་རྒྱན་སོགས་དུར་ཁྲོད་ཀྱི་ཆས་བརྒྱད་དང་།   །སེང་གེའི་གོང་སློག་དང་དར་སྔོན་པོའི་སྟོད་གཡོགས་ཅན།   ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་སྟབས་ཀྱིས་བཞེངས་པ།   མི་བསྐྱོད་པའི་ཅོད་པན་ཅན་སྒེག་ཅིང་དཔའ་བའི་ཆ་བྱད་ཡོངས་སུ་རྫོགས་ཤིང་མེ་དཔུང་འབར་ཞིང་འཁྱིལ་བའི་ཀློང་ན་བཞུགས་པ།   དེའི་སྤྱི་བོར་ཁྱུང་མཐིང་ག    །དཔུང་པ་གཡས་སུ་ཁྱུང་དཀར་པོ།   དཔུང་པ་གཡོན་ན་ཁྱུང་སེར་པོ།   པུས་མོ་གཡས་སུ་ཁྱུང་དམར་པོ།   པུས་མོ་གཡོན་ན་ཁྱུང་ལྗང་གུ་རྣམས་གནམ་ལྕགས་ཀྱི་མཆུ་སྡེར་ཅན།   །མེའི་གཤོག་པ་གཡབ་ཅིང་རྡེབ་པ།   བདག་ཉིད་ཀྱི་དཔྲལ་བར་ཨོཾ་དཀར་པོ།   མགྲིན་པར་ [19a] ཨཱཿདམར་པོ།   སྙིང་གར་ཧཱུྃ་སྔོན་པོ།   ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ས་གཉིས་སུ་མེད་པར་གྱུར་པའི་ང་རྒྱལ་བསྐྱེད། རང་གི་སྙིང་གར་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་སྔོན་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་འདུས་དོན་གཉིས་བྱས།   སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་འཁོར་ལར་སད་པར་མོས་ལ།   ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔   ཅེས་ཅི་ནུས་སུ་བཟླ།   ཐུན་གྱི་མཐར། ཧཱུྃ་ཧཱུྃ་ཧཱུྃ་གིས་འོད་གསལ་དུ་བསྡུ། ཕཊ་ཕཊ་ཀྱིས་ཐུན་མཚམས་ཀྱི་ལྷར་ལྡངས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག    །རྡོ་རྗེ་གཏུམ་པོ་འགྲུབ་གྱུར་ནས།   །འགྲོ་བ༴    །དེ་ཡི༴    །ཅེས་བསྔོ་སྨོན་དང་ཤིས་བརྗོད་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ།   །ཞེས་པའང་རིག་འཛིན་མཆོག་ལྡན་མགོན་པོའི་གདུང་རིགས་སྔགས་འཆང་པདྨ་རྣམ་གྲོལ་གྱི་གསུང་གི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཆོས་རྒྱལ་གཏེར་བདག་གླིང་པའི་གསུང་གི་བཅུད་བསྡུས་ཏེ་སྦྱར་བ་ཛ་ཡནྟུ།།   །།པདྨ་རྒྱལ་པོའི་གསང་སྒྲུབ་རྒྱུན་ཁྱེར་ནི། སྐད་ཅིག་དྲན་རྫོགས་ཆུ་སྐྱེས་ཉི་ཟླའི་སྟེང་།   །རང་ [19b] ཉིད་གུ་རུ་པདྨ་རྒྱལ་པོ་ནི།   །རཱ་གའི་མདངས་ལྡན་ཁྲོ་འཛུམ་གཟི་བརྗིད་འབར།   །ཟིལ་གནོན་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན།   །ཕྱག་གཡས་ཅང་ཏེའུ་འཁྲོལ་བས་ཁམས་གསུམ་གཡོ།   །གཡོན་པས་སྣང་སྲིད་ཀུན་གསལ་མེ་ལོང་འཛིན།   །འོད་དམར་ཀློང་དུ་རོལ་པའི་སྟབས་ཀྱིས་བཞུགས།   །ཐུགས་ཀར་ཉི་སྟེང་ཧཱུཾ་མཐར་སྔགས་ཕྲེང་ལས།   །འོད་འཕྲོས་རྒྱལ་མཆོད་འགྲོ་བའི་ལས་སྒྲུབ་བསལ།   །སྲིད་ཞིའི་དྭངས་བཅུད་མ་ལུས་ཀུན་བསྡུས་ནས།   །རང་ཐིམ་ཆེ་བའི་གཟི་བྱིན་མཆོག་ཏུ་བསྐྱེད།   །འཁོར་འདས་ཡོངས་ལ་དབང་བསྒྱུར་དབང་ཐོབ་བསམ།   །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་རཱ་ཛ་སིདྡྷི་ཧཱུྃ།   ཞེས་བཟླ་ཞིང་དམིགས་མེད་ཀྱི་ངང་དུ་བཞག་གོ།   །ཞེས་པའང་པདྨ་རིག་འཛིན་གྱི་འདོད་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།འཆི་མེད་བི་མ་མི་ཏྲ་ལ།   །བརྟེན་ནས་རྡོ་རྗེའི་ཚེ་མཆོག་བསྒྲུབ།   ། རང་ཉིད་སྐད་ཅིག་དྲན་རྫོགས་སུ།   །འཆི་མེད་རིག་འཛིན་བི་མ་ལ།   །དཀར་གསལ་ཞི་འཛུམ་པཎ་གྲུབ་ཆས།   །མཉམ་གཞག་ཕྱག་རྒྱས་ཚེ་བུམ་འཛིན།   །རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་རོལ།   །ཐུགས་དབུས་ཉི་ཟླའི་གྭའུའི་སྦུབས།   །ཨ་དཀར་ཁོག་པར་ནྲྀ་ལྗང་མཚན།   །མཐའ་སྐོར་སྔགས་ཕྲེང་ [20a] གཡས་སུ་བསྐོར།   །འོད་འཕྲོས་སྣང་སྲིད་འཁོར་འདས་ཀྱི།   །ཚེ་བཅུད་བསྡུས་ནས་རང་ལ་ཐིམ།   །འཆི་མེད་རྡོ་རྗེའི་སྐུ་འགྲུབ་བསམ།   །ཨོཾ་ཨཱཿཧཱུཾ་གུ་རུ་བི་མ་མི་ཏྲ་བཛྲ་ཨ་ཡུརྫྙཱ་ན་སིདྡྷི་ཧཱུཾ་བྷྲཱུཾ་ནྲྀ་ཛཿ   ཞེས་བཟླས་འཆི་མེད་རིག་འཛིན་འགྲུབ།   །ཕུན་ཚོགས་དབང་འདུས་བཞེད་སྐོང་དུ།   །བཛྲ་ཛྙཱ་ནས་ཤར་མར་བྲིས།།   །།འཇམ་དཔལ་སྒོམ་བཟླས་བློའི་མུན་སེལ་བཞུགས།  །   རང་རིག་འཇམ་དཔལ་དཔའ་བོ་ལ།   །རང་ངོ་ཤེས་པས་སྐྱབས་སུ་མཆི།   །མ་རིག་གཉིས་སྣང་འཁྲུལ་པའི་བློ།   །རང་གྲོལ་ཆེན་པོར་སེམས་བསྐྱེད་དོ།   །ཨ།   སྐད་ཅིག་དྲན་རྫོགས་དང་ཉིད་ལས།   །རང་ཉིད་འཇམ་དཔལ་གཞོན་ནུའི་སྐུ།   །དམར་སེར་གུར་གུམ་གསར་པའི་མདངས།   །ཞི་འཛུམ་མཚན་དང་དཔེ་བྱད་ལྡན།   །ཕྱག་གཉིས་རལ་གྲི་གླེགས་བམ་འཛིན།   །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས།   །པད་ཉི་ཟླ་བའི་གདན་ལ་བཞུགས།   །ལོངས་སྤྱོད་ཡོངས་རྫོགས་རྒྱན་གྱིས་སྤྲས།   །འོད་དང་འོད་ཟེར་བསམ་ཡས་འཕྲོ།   །སྣང་སྟོང་ཆུ་ཟླ་ལྟ་བུར་གསལ།   །ཐུགས་དབུས་ཟླ་སྟེང་རལ་གྲིའི་ལྟེར།   །དྷྲཱིཿཡིག་གསེར་ཞུན་འབར་བའི་མཐར།   །སྔགས་ཀྱི་ཕྲེང་བས་གཡས་ [20b] སུ་བསྐོར།   །འོད་འཕྲོས་རྒྱལ་མཆོད་འགྲོ་སྒྲིབ་སྦྱངས།   །སྲིད་ཞིའི་དྭངས་བཅུད་མ་ལུས་བསྡུས།   །རང་ཐིམ་ནུས་བསྐྱེད་བླུན་རྨོངས་བཅམ།   །མཁྱེན་རླབས་སྣང་བ་རྒྱས་པར་གྱུར།   །ཨོཾ་ཨར་པ་ཙ་ན་དྷྲཱིཿ   ཞེས་བཟླ་ཞིང་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ།   །ཞེས་པའང་རས་སྤྲུལ་གྱི་གསུང་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།རྡོ་རྗེའི་ཚེ་སྒྲུབ་པའི་མན་ངག་ཟབ་གསང་བཅུད་འདུས་འཆི་མེད་ལམ་བཟང་ཞེས་བྱ་བ་བཞུགས། ན་མོ་གུ་རུ་བཛྲ་ཨ་ཡུརྫྙཱ་ན་ཡེ།   ཚེ་སྒྲུབ་ཟབ་མོ་རྒྱུན་གྱི་ཉམས་ལེན་དུ་བྱ་བར་འདོད་པས།   ཐོ་རངས་བྱ་རོག་མ་ལྡང་བའི་གོང་དུ་བདེ་བའི་སྟན་ལ་འཁོད་དེ་ལུས་གནད་དྲང་པོར་བསྲང་ཞིང་རླུང་རོ་བསལ་ལ།   ལྷག་པའི་བསམ་པ་རྩེ་གཅིག་པའི་སྒོ་ནས། ན་མོ།   སྐྱབས་གནས་ཀུན་འདུས་བླ་མ་ཚེ་ཡི་ལྷར།   །གུས་པས་སྐྱབས་མཆི་བདག་སོགས་མཁའ་མཉམ་འགྲོ།   །འཆི་བདག་བར་ཆད་གཡུལ་ལས་རྣམ་རྒྱལ་ཕྱིར།   །ཚེ་ཡི་རིག་འཛིན་བསྒྲུབ་པར་སེམས་བསྐྱེད་དོ།   །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། ཨ།   སྐད་ཅིག་དྲན་རྫོགས་ཆུ་ལས་ཆུ་ལྦུར་བཞིན།   །གནས་ཡུལ་པདྨོ་བདེ་ཆེན་ཕོ་བྲང་དབུས།   །རང་སེམས་དག་པ་ཧྲཱིཿདམར་འཕྲོ་འདུ་ལས།   །བཅོམ་ལྡན་མགོན་པོ་ [21a] རིག་འཛིན་ཚེ་དཔག་མེད།   །རཱ་གའི་མདངས་ལྡན་བརྒྱད་གཉིས་ལང་ཚོ་ཅན།   །ཞ་འཛུམ་ཡིད་འོང་མཚན་དཔེའི་གཟི་བྱིན་འབར།   །མཉམ་གཞག་ཕྱག་ན་འཆི་མེད་ཚེ་བུམ་བསྣམས།   །གསང་ཡེ་དམར་སེརམདའ་བུམ་འཛིན་འཁྱུད།   །བདེ་ཆེན་མཉམ་སྦྱོར་ལོངས་སྐུའི་རྒྱན་ཆས་རྫོགས།   །ཉི་ཟླ་པད་སྟེང་རྡོ་རྗེའི་སྐྱིལ་ཀྲུང་གིས།   །འཇའ་ཟེར་དྭངས་མར་འཁྲིགས་པའི་ཀློང་དུ་རོལ།   །ཕུང་ཁམས་སྐྱེ་མཆེད་རྟོག་ཚོགས་མ་ལུས་ཀུན།   །གདོད་ནས་ཚེ་ལྷའི་དཀྱིལ་འཁོར་ལྷུན་གྱིས་གྲུབ།   །སྤྱི་བོར་པདྨ་ཉི་ཟླའི་གདན་སྟེང་དུ།   །རིགས་ཀྱི་བདག་པོ་པད་འབྱུང་ཚེ་ཡི་བདག    །དཀར་དམར་ཞི་འཛུམ་མཉམ་གཞག་ཚེ་བུམ་རྡོ་རྗེའི་ཁ་རྒྱན་ཅན། ཅན།   །ཡུམ་མཆོག་མནྡྷ་ར་དང་གཉིས་མེད་སྦྱོར།   །ལོངས་སྤྱོད་ཆས་རྫོགས་རྡོ་རྗེའི་སྐྱིལ་ཀྲུང་ཅན།   །བདེ་དྲོད་འོད་ཕུང་རབ་འབར་འཁོར་འདས་ཀྱི།   །ཚེ་བཅུད་དྭངས་མ་སྡུད་པའི་ཚུལ་དུ་བཞུགས།   །རང་གི་སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེར།   །ཉི་ཟླའི་གྭའུར་ལྔ་ལྡན་ཐིག་ལེའི་སྦུབས།   །རླུང་སེམས་དྭངས་མ་ཧྲཱིཿདམར་མར་མེ་ལྟར།   །འབར་བའི་འོད་ཀྱིས་སྣོད་བཅུད་སྟོང་ [21b] ཁམས་ཁྱབ།   །དངོས་སྣང་མ་ལུས་ཧྲཱིཿཡིག་གསལ་འཚེར་འབར།   །མེར་མེར་ཤིགས་ཤིག་ཉི་ཟེར་རྡུལ་ལྟར་གཡོ།   །གྲགས་པའི་སྒྲ་སྐད་ཧྲཱིཿསྒྲ་སྙན་བརྗིད་གདངས།   །བུང་བ་ཚང་ཞིག་ལྟ་བུར་འུར་ཆེམ་ལྡིར།   །རྟོག་ཚོགས་རང་གྲོལ་འཛིན་མེད་ཁྱབ་བརྡལ་ཀློང་།   །བདེ་སྟོང་འཕོ་བྲལ་རྡོ་རྗེའི་སྲོག་ཏུ་རྫོགས།   །ཞེས་པའི་དམིགས་གནད་དང་བཅས་ཧྲཱིཿབཟླས་ཅི་འགྲུབ་བྱ་ཞིང་།   རེས་འགའ་བུམ་པ་ཅན་གྱི་རླུང་སྦྱོར་དང་བསྟུན་ཏེ་འགོག་བཟླས་སམ་རྡོར་བཟླས་ཀྱང་བྱ།   །ཁྱད་པར་འབར་འཛག་གིས་དྲངས་པའི་བདེ་ཆེན་འཆི་མེད་རྡོ་རྗེའི་ལང་ཚོ་སྤེལ་བའི་ཚུལ་མན་ངག་གི་ངེས་པ་བཞིན་ཉམས་སུ་བླང་ངོ་།   །ཐུན་གྱི་མཐར་སྤྱི་བོའི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས། ཧྲཱིཿ   རྒྱལ་བ་ཀུན་དངོས་བཅོམ་ལྡན་ཚེ་དཔག་མེད༔    མཁྱེན་བརྩེ་ནུས་པའི་བདག་ཉིད་པདྨ་འབྱུང་༔    བཀའ་དྲིན་མཉམ་མེད་སྐྱབས་མགོན་རིན་པོ་ཆེ༔   མོས་གུས་གདུང་བ་དྲག་པོས་གསོལ་བ་འདེབས༔    ཡེ་ཤེས་ཆེན་པོས་དགོངས་པའི་རྩལ་བསྐྱེད་ལ༔    འཆི་མེད་རྡོ་རྗེ་ཡི་དངོས་གྲུབ་སྩོལ༔     བདག་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔    ཞེས་གསོལ་བ་དྲག་ཏུ་བཏབ་པས།  སྤྱི་བོའི་རིགས་བདག་ཐུགས་རྒྱུད་དབང་མེད་བསྐུལ༔    །   དགྱེས་པས་མི་བཟོད་ཡབ་ཡུམ་ [22a] མཉམ་སྦྱོར་གྱི།   །བདེ་བའི་སྒྲ་དང་འོད་ཀྱིས་ཞིང་ཀུན་ཁྱབ།   །སྲིད་ཞིའི་ཚེ་བཅུད་ཡོངས་བསྡུས་སྐུ་ལ་ཐིམ།   །བླ་མ་དབུ་མའི་ལམ་བརྒྱུད་སྙིང་དབུས་བྱོན།   ཐབས་ཤེས་དགྱེས་རོལ་བྱང་སེམས་དཀར་དམར་རྒྱུན།   །སྦྱོར་མཚམས་ནས་བབས་རང་ལུས་ལྟེམས་སེ་གང་།   །དྭངས་བཅུད་ཐུགས་སྲོག་ཧྲཱིཿལ་འུབ་ཀྱིས་འདྲིལ།   །ཉི་ཟླའི་ཁ་འགྲིགས་སྣ་ཚོགས་རྡོ་རྗེའི་རྭ།   །སྟེང་དུ་མདུད་པས་བསྡམས་ཤིང་རྒྱས་བཏབ་པས།   །རང་ལུས་སྟོང་གསལ་ནམ་མཁའི་རང་བཞིན་ཅན།   །འཆི་མེད་འཇའ་ལུས་ཡེ་ཤེས་རྡོ་རྗེའི་སྐུ།   །རྟག་བརྟན་འགྱུར་བ་མེད་པའི་དབྱིག་ཐོབ་གྱུར།   །ཅེས་མོས་ལ་འོད་གསལ་བདེ་བ་ཆེན་པོའི་འཆི་མེད་གཉུག་མའི་ངང་དུ་མཉམ་པར་བཞག    །དེ་ལས་ལྡང་བ་ན། བདག་གིས་འཆི་མེད་བསྒྲུབས་པའི་དགེ་ཚོགས་མཐུས།   །འགྲོ་ཀུན་རིག་འཛིན་ཚེ་ཡི་སྣོད་གྱུར་ནས།   །འཆི་བདག་མུན་པའི་གཡུལ་ངོ་མཐར་བྱས་ཏེ།   །ཕན་བདེའི་སྣང་བ་རྒྱས་པས་བཀྲ་ཤིས་ཤོག    །ཅེས་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་པར་བྱའོ།   །ཚུལ་འདི་ནི་གཏེར་བྱོན་ཚེ་སྒྲུབ་ཟབ་རྒྱས་ [22b] ཅན་མང་པོའི་དོན་གྱི་བཅུད་ཕྱུངས་ཏེ་ཉམས་ལེན་འཇུག་བདེ་སྙིང་པོར་དྲིལ་བ་སྟེ།   བརྩོན་པས་ཉམས་སུ་བླང་ན་དུས་མ་ཡིན་པའི་འཆི་བ་ངེས་པར་བཟློག་ཅིང་ཚེ་རིང་དུ་བསྲིང་བར་འགྱུར་བ་ཐེ་ཚོམ་མེད་པའི་གདམས་པ་མྱོང་བས་གྲུབ་པ་ཡིན་ནོ།   །ཞེས་པའང་རང་གཞན་རྣམས་འཆི་མེད་རྡོ་རྗེའི་སྲོག་འགྲུབ་པར་དམིགས་པའི་རྒྱུ་དང་།   ཟ་ཧོར་རཏྣ་པཱུ་རིའི་གྲོང་གི་སྔགས་བཙུན་བསྟན་འཛིན་ཆོས་འཕེལ་ནས་གསེར་གྱི་མེ་ཏོག་དང་བཅས་བསྐུལ་བའི་རྐྱེན་ལས།   འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འགྲུབ་པའི་སྦྱོར་བ་དང་ལྡན་པའི་དུས་བཟང་པོར་བྲིས་པ་ཨཱ་ཡུ་སིདྡྷི་རསྟུ།།   །། 
༈     །ནོར་བདག་ཛམྦྷ་ལའི་སྒྲུབ་ཐབས་རྒྱུན་ཁྱེར་ནི།   སྒྲུབ་རྟེན་མཆོད་གཏོར་ལ་རྟེན་བཅས་ཏེ། རང་མདུན་རཏྣའི་ཁང་བཟང་དབུས།   །པདྨ་ཉི་ཟླའི་གདན་སྟེང་དུ།   །རིན་ཆེན་ནོར་བདག་ཛམྦྷ་ལ།   །སེར་གསལ་སྒེག་བརྗིད་ཁྲོ་འཛུམ་ཉམས།   །ཕྱག་གཡས་ཀ་ར་སྤུ་ར་འཛིན།   །གཡོན་པས་ནོར་སྐྱུག་ནེའུ་ལེ་བཙིར།   །ཞབས་ཟུང་ཕྱེད་སྐྱིལ་སྟབས་ཀྱིས་བཞུགས།   །དར་དང་རིན་ཆེན་རྒྱན་ཆས་སྤྲས།   །རང་འོད་འཇའ་ཟེར་ཀློང་དུ་རོལ།   །རབ་འབྱམས་ནོར་ལྷའི་སྤྲིན་ཕུང་འཕྲོ།   །གནས་གསུམ་འོད་ཀྱིས་ཡེ་ཤེས་པ།   །སྐད་ཅིག་སྤྱན་དྲངས་གཉིས་མེད་གྱུར།   །ཐུགས་ [23a] ཀར་ཟླ་སྟེང་ཛཾ་ཡིག་མཐར།   །སྔགས་ཕྲེང་གསེར་མདོག་འབར་བས་བསྐོར།   །དེ་ལས་འོད་འཕྲོས་འཁོར་འདས་ཀྱི།   །དྭངས་བཅུད་དཔལ་ཡོན་མ་ལུས་བསྡུས།   །རང་དང་རྟེན་རྫས་ལ་ཐིམ་པས།   །འདོད་རྒུའི་དཔལ་འབྱོར་རྒྱས་པར་བསམ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ།   ཞེས་ཅི་འགྲུབ་དང་སྐབས་སུ། སརྦ་བ་སུ་རཏྣ་སིདྡྷི་ཧཱུཾ།   ཞེས་ལས་སྔགས་བཏགས་པའང་ཅི་རིགས་བཟླ་ཞིང་།   ཐུན་མཚམས་སུ་མཆོད་གཏོར་ཨོཾ་ཨཱཿཧཱུྃ་གིས་བརླབས། ཛཿ   ནོར་བདག་ཆེན་པོ་ཛམྦྷ་ལ།   །འཁོར་བཅས་འདིར་གཤེགས་རྟེན་ལ་བཞུགས།   །དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ།   །གུས་པས་མཆོད་ཅིང་བསྟོད་པར་བགྱི།   །རྟག་ཏུ་མི་འབྲལ་བརྩེར་དགོངས་ལ།   །འདོད་རྒུའི་དངོས་གྲུབ་དུས་འདིར་སྩོལ།   །ཞེས་གྲངས་མང་གསོལ་ཞིང་བརྟན་བཞུགས་བྱའོ།   །ཞེས་པའང་ངག་དབང་ཡེ་ཤེས་ཀྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ།།   །།གནམ་ཆོས་བདེ་ཆེན་ཞིང་སྒྲུབ་རྒྱུན་ཁྱེར་ནི། ན་མོ།   དཀོན་མཆོག་གསུམ་དང་རྩ་བ་གསུམ།   །སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི།   །འགྲོ་ཀུན་སངས་རྒྱས་ལ་འགོད་ [24b]   ཕྱིར།   །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།   །ལན་གསུམ། སྣང་སྲིད་བདེ་ཆེན་ཞིང་ཁམས་དབུས།   །སྐད་ཅིག་རང་ཉིད་སེམས་དཔའ་དཀར།   །ཞལ་གཅིག་ཕྱག་བཞི་ཐལ་སྦྱར་དང་།   །གཡས་གཡོན་ཕྲེང་བ་པདྨ་འཛིན།   །རྡོ་རྗེ་སྐྱིལ་ཀྲུང་པད་ཟླར་བཞུགས།   །མདུན་དུ་པདྨ་ཟླ་གདན་ལ།   །འོད་དཔག་མེད་མགོན་སྐུ་མདོག་དམར།   །ཞལ་གཅིག་ཕྱག་གཉིས་མཉམ་གཞག་སྟེང་།   །ལྷུང་བཟེད་འཛིན་ཅིང་ཆོས་གོས་གསོལ།   །སྐྱིལ་མོ་ཀྲུང་གིས་བཞུགས་པ་ལ།   །གཡས་སུ་འཇིག་རྟེན་དབང་ཕྱུག་དང་།   །གཡོན་དུ་ཕྱག་རྡོར་མཐུ་ཆེན་ཐོབ།   །མཐའ་སྐོར་སངས་རྒྱས་བྱང་སེམས་དང་།   །ཉན་ཐོས་དགྲ་བཅོམ་དཔག་མེད་བསྐོར།   གཙོ་བོ་གསུམ་གྱི་གནས་གསུམ་གྱི།   །འབྲུ་གསུམ་ལས་ནི་འོད་འཕྲོས་པས།   །བདེ་བ་ཅན་ནས་སྤྱན་དྲངས་ཏེ།   །བསྒོམ་པ་དེ་ལ་དབྱེར་མེད་ཐིམ།   །གཙོ་བོའི་ཐུགས་ཀའི་ཧྲཱིཿཡིག་ལས།   །འོད་ཟེར་ནམ་མཁའ་ཁྱབ་པར་འཕྲོས།   །སེམས་ཅན་ཀུན་གྱི་སྡིག་སྒྲིབ་སྦྱངས།   །འཁོར་བ་དོང་ནས་སྤྲུགས་པར་གྱུར།   །ཨོཾ་ཨཱ་མི་དྷེ་ཝ་ཧྲཱིཿ   ཞེས་ཅི་ནུས་བཟླས་མཐར། མཐར་ནི་མདུན་གྱི་བཅོམ་ [24a] ལྡན་འདས།   །འོད་དུ་ཞུ་ནས་རང་ལ་ཐིམ།   །རང་ལུས་ནམ་མཁའི་འཇའ་ཚོན་ལྟར།   །བཅོམ་ལྡན་འདས་ཀྱི་སྐུར་སྣང་བ།   །གསལ་སྟོང་ཟུང་དུ་འཇུག་པར་གྱུར།   །ཅེས་པའང་དགེ་སློང་ཕན་བདེ་རྡོ་རྗེས་བསྐུལ་ངོར།   འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །།ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་སྒྲུབ་ཐབས་སྙིང་པོའི་བཅད་ཐིག་བཞུགས། ཨོཾ་སྭསྟི།   རྒྱལ་བ་ཀུན་གྱི་ཐུགས་རྗེའི་གཟུགས།   །ཁྱབ་བདག་གར་དབང་བླ་མ་ལ།   །བཏུད་ནས་དེ་ཉིད་སྒྲུབ་པའི་ཐབས།   །ཟབ་ལམ་སྙིང་པོའི་བཅུད་ཐིག་ཕྱེ།   །དེའང་བདེ་གཤེགས་ཀུན་འདུས་གར་དབང་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ཤིན་ཏུ་མདོར་བསྡུས་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད་པས།   སྤྲོས་པ་དང་བཅས་པའི་ཚེ་ན་མཎྜལ་ཕྱི་ནང་གི་མཆོད་ཚོགས་གཞུང་བཞིན་དུ་བཤམས་ཞིང་།   སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་སྐབས་སུ་ཏིང་ངེ་འཛིན་ཁོ་ནས་ཁྱབ་པར་བྱས་ཏེ།   ཐོག་མར་སྐྱབས་སེམས་ནི། ན་མོ༔   བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔    བླ་མ་སངས་རྒྱས་དམ་པའི་ཆོས༔     ཚོགས་མཆོག་བདེ་གཤེགས་དཀྱིལ་འཁོར་ལྷ༔    མཁའ་འགྲོར་བཅས་ལ་སྐྱབས་སུ་མཆི༔  བརྒལ་དཀའ་སྲིད་པའི་རྒྱ་མཚོ་ལས༔    [24b] མཁའ་མཉམ་འགྲོ་རྣམས་བསྒྲལ་བའི་ཕྱིར༔     བླ་མེད་རྫོགས་པའི་བྱང་ཆུབ་སེམས༔    དམ་པ་བདག་གིས་བསྐྱེད་པར་བགྱི༔   ལན་གསུམ།   ཚོགས་བསགས་ནི། སྲས་བཅས་རྒྱལ་བར་གུས་ཕྱག་འཚལ།   །ཕྱི་ནང་མཆོད་འབུལ་སྡིག་ཚོགས་བཤགས།   །དགེ་ལ་ཡི་རང་ཆོས་འཁོར་བསྐུལ།   །མི་འདར་བཞུགས་གསོལ་བསོད་ནམས་ཚོགས།   །ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ།   །།   དངོས་སུ་བཤམས་པའི་མཆོད་པ་ཡོད་ན། རཾ་ཡཾ་ཁཾ།   ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔    བྷྲཱུཾ་ལས་རིན་ཆེན་སྣོད་ནང་དུ༔    ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས།   །སོ་སོའི་ལྷ་མོའི་རོལ་པར་བཅས༔     རབ་འབྱམས་ནམ་མཁའ་གང་བར་གྱུར༔    ཞེས་དང་། ཨོཾ་མཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨཱཿཧཱུྃ༔   ལན་གསུམ་གྱིས་བརླབ།   དངོས་གཞི་ལྷ་བསྐྱེད་པའི་རྣལ་འབྱོར་ཡན་ལག་དང་བཅས་པ་ནི། ཆོས་ཀུན་སྤྲོས་བྲལ་དེ་བཞིན་ཉིད།   །འགགས་མེད་ཀུན་སྣང་སྙིང་རྗེའི་སྤྲིན།   །ཟུང་འཇུག་འགྱུར་མེད་ཡི་གེ་ཧྲཱིཿ    །   དེ་ལས་རང་བྱུང་གཞལ་ཡས་ཁང་།   །དྭངས་གསལ་སྒྲིབ་མེད་འོད་ལྔའི་ཀློང་།   །པདྨ་ཉི་ཟླའི་དཀྱིལ་འཁོར་སྟེང་།   །ཧྲཱིཿཡིག་ཨུཏྤལ་དམར་པོ་ལས།   ། [25a] བདེ་གཤེགས་ཀུན་འདུས་སྤྱན་རས་གཟིགས།   །དམར་པོ་ཞལ་གཅིག་ཕྱག་བཞི་པ།   །ཡིད་འོང་ཁྲོ་འཛུམ་ཆགས་ཉམས་རྒྱས།   །ཕྱག་བཞི་དང་པོ་ཐལ་སྦྱར་བར།   །རྡོ་རྗེ་འཛིན་པས་ཡུམ་ལ་འཁྱུད།   །གཉིས་པ་པད་ཕྲེང་ཨུཏྤལ་འཛིན།   །ཞབས་གཉིས་གཡོ་མེད་སྐྱིལ་ཀྲུང་བཞུགས།   །པང་དུ་གསང་བ་ཡེ་ཤེས་ཡུམ།   །དམར་གསལ་གཞོན་ཚུལ་ལང་ཚོ་རྒྱས།   །ཕྱག་བཞི་གྲི་ཐོད་རལ་གྲི་དང་།   །ཁ་ཊྭཱཾ་འཛིན་པས་ཡབ་ལ་འཁྱུད།   །གཉིས་ཀ་དར་དང་རིན་ཆེན་དང་།   །རུས་པའི་རྒྱན་གྱིས་རྣམ་པར་བརྒྱན།   །ཐུགས་ཀར་དཔའ་བོ་རྟ་མགྲིན་དང་།   །སྤྱི་བོར་རིགས་བདག་འོད་དཔག་མེད།   །འཁོར་དུ་རིགས་བཞི་མཁའ་འགྲོ་དང་།   །སྒོ་སྐྱོང་སྤྲུལ་དང་ཡང་སྤྲུལ་བཅས།   །མཐའ་ཡས་འོད་ཟེར་སྤྲོ་བའི་ཚུལ།   །གནས་གསུམ་ཨོཾ་དང་ཨཱཿཧཱུཾ་མཚན།   །ཡེ་ཤེས་ལྔ་ཡི་དབང་བསྐུར་རྫོགས།   །ཨོཾ་ཨཱཿཧཱུཾ༔    ཧྲཱིཿཧཱུཾ་ཏྲཾ་ཨོཾ།   ཨ་བྷི་ཥིཉྩ་ཧཱུཾ༔    སྙིང་གའི་ཧཱུཾ་གི་འོད་ཟེར་གྱིས།   །ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་བསམ།   །ཧཱུཾ༔  འགྱུར་མེད་བདེ་ཆེན་ཆོས་དབྱིངས་ནས༔    རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས༔    མ་གཡེལ་ [25b] ཐུགས་རྗེས་བརྩེར་དགོངས་ལ༔   འདིར་གཤེགས་དབང་བསྐུར་དངོས་གྲུབ་སྩོལ༔    ཨོཾ་ཨཱཿཧཱུཾ་སརྦ་ས་མ་ཡ་ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ས་མ་ཡ་ཛ་ཛཿ   ཛཿཧཱུཾ་བཾ་ཧོཿ   ས་མ་ཡ་ཏིཥྛ་ལྷན༔   ཨ་ཏི་པུ་ཧོཿ    པྲ་ཏཱིཙྪ་ཧོཿ    ཕྱི་ནང་གསང་བ་བླ་མེད་པའོ།   །དཔག་གཡས་མཆོད་པ་འདི་དག་ཀུན།   །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ།   །ཐུགས་རྗེས་དགོངས་ནས་བཞེས་སུ་གསོལ།   ཨོཾ་སརྦ་པཱུ་ཛ་ས་མ་ཡ་ཧོཿ    ཧྲཱིཿ  ཁྱབ་གདལ་བདེ་ཆེན་ཆོས་དབྱིངས་ལས།   །འགགས་མེད་གཟུགས་སྐུའི་རོལ་པར་ཤར།   །བདེ་གཤེགས་ཀུན་འདུས་སྤྱན་རས་གཟིགས།   །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད།   །གསུང་བཟླས་པའི་རྣལ་འབྱོར་ནི། ཐུགས་ཀར་པད་ཉིས་ཧྲཱིཿཡིག་ལ།   །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས།   །འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས།   །སེམས་ཅན་སྒྲིབ་སྦྱངས་བྱང་ཆུབ་བཀོད།   །སྣོད་བཅུད་ཡེ་ཤེས་འཁོར་ལོར་གྱུར།   །ཨོཾ་ཨཱཿཧཱུཾ་ཧྲཱིཿ   ཨོཾ་མ་ཎི་པདྨེ་ཧཱུཾ༔   ཞེས་གཙོ་བོར་བཟླ་ཞིང་། ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔   ཨོཾ་དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ༔   དྷཱ་ཀི་ནཱི་ཧ་རི་ན་ས་ར་ཙ་ཧྲི་ཡ་ཛཿཧཱུཾ་བཾ་ ཧོཿ    ཞེས་པའང་ཅུང་ཟད་རེ་ [26a] བཟླའོ།   །ཐུན་མཚམས་སུ་ཚོགས་མཆོད་འབུལ་བར་འདོད་ན།   ཚོགས་ཀྱི་ཡོ་བྱད་བཤམས་པར་བདུད་རྩི་བྲན་ཅིང་། ཧཱུཾ༔   བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾ༔   འཕྲོས་པས་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔    རང་བྱུང་བདེ་སྐྱོང་ཀ་པཱ་ལར༔     དམ་རྫས་ཤ་ལྔ་བདུད་རྩི་ལྔ༔    འདོད་ཡོན་ཟག་མེད་བདུད་རྩིར་ཞུ༔    དངོས་གྲུབ་ཀུན་གྱི་སྙིང་པོར་བསྐྱིལ༔    ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ   ཧཱུཾ༔   རང་བཞིན་རྣམ་དག་ཕོ་བྲང་ནས༔    བཅོམ་ལྡན་མགོན་པོ་ཐུགས་རྗེའི་གཏེར༔    གཙོ་དང་འཁོར་དུ་བཅས་པ་རྣམས༔   འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔    མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔    གུ་རུ་དེ་ཝ་དྷཱ་ཀི་ནཱི་ས་མ་ཡ་ཛཿཛཿ      ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ༔    ཁ་དོག་དྲི་དང་རོ་ལྡན་པའི༔   ཐམས་ཅད་སྦྱར་བའི་ཚོགས་མཆོད་འདི༔   རྣལ་འབྱོར་མཆོད་པ་བླ་ན་མེད༔    དཀྱིལ་འཁོར་ལྷག་ཚོགས་དགྱེས་པར་རོལ༔    ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔    ཐོག་མེད་དུས་ནས་ད་ལྟའི་བར༔    ཉོན་མོངས་དབང་གྱུར་སྒོ་གསུམ་གྱིས༔    མི་དགེ་སྤྱད་པས་དཀྱིལ་འཁོར་ལྷའི༔     ཐུགས་དང་འགལ་བ་ཅི་མཆིས་བཤགས༔    ཞེས་དང་ཡིག་བརྒྱ་བཟླ། ནྲྀ་ཏྲི་བཛྲ་ [26b] ཨངྐུ་ཤ་ཛཿ   ཛཿཧཱུཾ་བཾ་ཧོཿ     མ་རིག་དུག་ལྔའི་དགྲ་བགེགས་རྣམས༔    རྟོག་བྲལ་ཡེ་ཤེས་དབྱིངས་སུ་བསྒྲལ༔   འདོད་ཡོན་རྡོ་རྗེའི་དམ་ཚིག་ཆེ༔    འཁོར་བ་བསྒྲལ་ཕྱིར་བཞེས་སུ་གསོལ༔   ཨོཾ་པདྨ་ཀྲོ་ཏ་སརྦ་དུཥྚཾ་བཛྲ་ཀཱི་ལ་ཡ་སརྦ་ཤ་ཏྲཱུཾ་མཱ་ར་རྦད༔    མཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་གུ་ཧྱ་ས་མ་ཡ་ཁ་རཾ་ཁཱ་ཧིཿ  དེ་ནས་ཚོགས་ཀྱི་དམ་རྫས་ནང་གི་སྲེག་བླུག་ཏུ་ལོངས་སྤྱད་པའི་ལྷག་མ། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བདུད་རྩིར་བརླབ་ལ། ཕེཾ༔    ཧཱུཾ༔   ཐུགས་རྗེ་ཆེན་པོའི་བཀའ་འཁོར་ན༔    བསྟན་པ་སྐྱོང་བའི་དམ་ཅན་རྣམས༔   དཔལ་གྱི་ཕམ་ཕབ་འདི་གསོལ་ལ༔    དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔    ཨོཾ་ཨུཙྪཥྚ་བ་ལིཾ་ཏ་ཁཱ་ཧིཿ  ཞེས་བསྔོ།   རྗེས་མདུན་རྟེན་དང་འབྲེལ་ན་གཏང་རག་གི་མཆོད་བསྟོད་དང་།   ཡི་གེ་བརྒྱ་པས་ནོངས་པ་བཟོད་པར་གསོལ་ནས་རྟེན་ཡོད་ན་བརྟན་བཞུགས་དང་།   མེད་ན་གཤེགས་སུ་གསོལ།   བདག་བསྐྱེད། ཕྱི་ནང་སྣོད་བཅུད་འོད་དུ་ཞུ།   །ཐུགས་ཀའི་ཧྲཱིཿལས་གྱེན་རྫོགས་སུ།   །མི་དམིགས་སྤྲོས་བྲལ་དབྱིངས་སུ་ཐིམ།   །སླར་ཡང་འཕགས་པའི་སྐུ་རུ་གྱུར།   །དགེ་བའི་འདི་ཡིས་འགྲོ་བ་ཀུན།   །བདེ་ཆེན་གར་དབང་སྐུ་འགྲུབ་ནས།   །སྐུ་བཞི་ཡེ་ཤེས་ལྔ་ལྡན་པའི།   །གོ་འཕང་བྱང་ཆུབ་མྱུར་ [27a] ཐོབ་ཤོག    །བྱིན་རླབས་དངོས་གྲུབ་རྒྱ་མཚོའི་གཏེར།   །གར་དབང་ཐུགས་རྗེའི་ལྷ་ཚོགས་ཀྱིས།   །དེང་འདིར་རྒུད་པ་ཀུན་ཞི་ནས།   །རྟག་ཏུ་དཔལ་གནས་བཀྲ་ཤིས་ཤོག    །ཅེས་དགེ་བ་བསྔ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ།   །བདེ་གཤེགས་རིགས་འདུས་གར་གྱི་དབང་།   །སྒྲུབ་ཐབས་སྙིང་པོར་དྲིལ་འདི་ལ།   །ཡོངས་ཐོབ་བསོད་ནམས་གང་མཆིས་པ།   །རྣམ་མང་འགྲོ་བའི་དཔལ་གྱུར་ཅིག   ཅེས་པའང་ཞེ་དེའུ་འཁྲུལ་ཞིག་ཆེན་པོའི་རྣམ་འཕྲུལ་ངག་དབང་མདོ་སྔགས་བསྟམན་འཛིན་ནོར་བུ་འགྱུར་མེད་ཆོས་ཀྱི་བློ་གྲོས་ཀྱི་བཀས་བསྐུལ་བ་ལས།   གཏེར་ཆེན་རྗེའི་རྒྱུན་ཁྱེར་ཞལ་གསུང་མར་ཚོགས་མཆོད་གཏེར་གཞུང་ལས་བཏུས་ཏེ་ངག་འདོན་འཇུག་བདེ་ཆཆུ་འབབས་སུ།   འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་རིན་ཆེན་གཏོར་མཛོད་ཀྱི་ཆོས་ཐུན་གྱི་གསེང་གཅིག་ལ་བྲིས་པ་སིདྡྷི་རསྟུ།།   །།ཚེ་སྒྲུབ་གསང་བ་འདུས་པའི་རྒྱུན་ཁྱེར་བཞུགས།   ཨོཾ་སྭསྟི།   རཏ་གླིང་གཏེར་བྱོན་ཚེ་སྒྲུབ་གསང་བ་འདུས་པའི་རྒྱུན་གྱི་རྣལ་འབྱོར་ཤིན་ཏུ་མདོར་བསྡུས་པའི་ཚུལ་གྱིས་ཉམས་སུ་ལེན་པར་འདོད་པས།   སྦྱོར་བ་སྐྱབས་སེམས་ནི། ན་མོ༔   འཆི་མེད་ཚེ་བདག་མགོན་པོ་ལ༔    བྱང་ཆུབ་བར་དུ་སྐྱབས་སུ་མཆི༔    སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔    [27b] ཚེ་ཡི་རིག་འཛིན་བསྒྲུབ་པར་བགྱི༔   ལན་གསུམ།   དངོས་གཞི་བསྐྱེད་བཟླས་ནི། ཧཱུྃ༔   སྟོང་པ་ཆེན་པོ་ཆོ་འཕྲུལ་ཆེ༔    གསང་ཆེན་ཡུམ་ལྔའི་མཁའ་ཀློང་ན༔    རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་དབུས༔     རྨ་བྱ་ཉི་ཟླ་པདྨའི་སྟེང་༔    ཡི་གེ་ཧྲཱིཿཡིག་འཕྲོ་འདུ་ལས༔    ཚེ་ཡི་བདག་པོ་སྐུ་མདོག་དམར༔    མཉམ་གཞག་ཚེ་ཡི་བུམ་པ་འཛིན༔    རིན་ཆེན་རྒྱན་རྫོགས་ཅོད་པན་ཅན༔   གོས་དཀར་ཡུམ་དང་གཉིས་མེད་འཁྲིལ༔   དམར་སེར་གཞོན་ཚུལ་བདེ་བ་རྒྱས༔    ཚེ་མདའ་གཡས་ལ་ཚེ་བུམ་གཡོན༔    བདེ་ཆེན་ཡབ་དང་གཉིས་མེད་འཁྲིལ༔    ཚེ་དང་དཔལ་གྱི་འཕྲོ་འདུ་གསལ༔    དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔   ཐུགས་དབུས་སྣ་ཚོགས་རྡོ་རྗེའི་ལྟེར༔    ཐིག་ལེ་ཉི་ཟླ་ཁ་སྦྱོར་དབུས༔   རླུང་སེམས་དབྱེར་མེད་ཧྲཱིཿདམར་གསལ༔    ཁོག་པར་ནྲྀ་ཡིག་ཨ་ཡིས་མཚན༔    མཐའ་མར་རྡོ་རྗེའི་སྔགས་ཀྱིས་བསྐོར༔    བསྐུལ་ཞིང་བཟླས་པའི་འོད་ཟེར་དང་༔    ལྷ་མོ་མགྱོགས་མའི་ཚོགས་བཅས་སྤྲོས༔    འཁར་འདས་སྣོད་བཅུད་ཐམས་ཅད་ཁྱབ༔    རང་གི་བླ་ཚེ་ཆད་ཡར་དང་༔    འབྱུང་ལྔ་འཇིགས་རྟེན་དྭངས་མའའི་བཅུད༔    ཡེ་ཤེས་ [28a] ཆེན་པོའི་གཟི་བྱིན་དབྱིག༔    སྤྱི་བོ་ནས་ཞུགས་ལུས་ཀུན་གང་༔    རྡོ་རྗེ་ཚེ་དང་ལང་ཚོ་ཡི༔    ཡེ་ཤེས་ནུས་སྟོབས་རྒྱས་པར་གྱུར༔     ཅེས་གསལ་བཏབ་ལ། ཨོཾ་གུ་རུ་ཨཱ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ    ཨ་མཱ་ར་ཎི་ཛི་ཝནྟི་ཡེ་སྭཱ་ཧཱ༔   ཞེས་ཅི་ནུས་སུ་བཟླ།   ཐུན་མཐར་ཚེ་འགུགས་སྤྲོ་ན   ཧཱུྃ༔    བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔    སྐུ་ནི་ནམ་མཁའི་རྡུལ་བག་མེད༔   མཁའ་དང་མཉམ་པའི་སྐུ་མངའ་བ༔    འགྱུར་བ་མེད་པ་རྡོ་རྗེའི་སྐུ༔   སྐུ་མདོག་དམར་པོ་འོད་ཟེར་འབར༔     ཕྱག་གཡས་རྡོ་རྗེ་ཚེ་དར་བསྣམས༔     གཡོན་པས་ཚེ་ཡི་བུམ་པ་འཛིན༔     གསང་བའི་ཡུམ་མཆོག་གོས་དཀར་མོ༔    ཚེ་བུམ་བསྣམས་ནས་གཉིས་མེད་འཁྲིལ༔     ཡང་གསང་ཐུགས་ཀྱི་གྭའུ་ནས༔    སྙིང་པོ་ཐུགས་ཀྱི་ཨཱ་ཡུ་སྩོལ༔    མགོན་པོའི་ཚེ་བཞག་གནས་འདིར་ལགས༔    བདག་ཅག་ཚེ་སྲོག་བརྟན་པར་མཛོད༔    ཅེས་དང་།   རྒྱས་གདབ་ནི། ཧཱུྃ་ཏྲ་ཏྲ་ཤག༔    མུ་ཏྲ་ཧོཿ    ཏིཥྛ་ལྷན༔   ཧཱུྃ༔   སྙིང་པོ་བརྟན་པར་མི་ནུས་ཏེ༔   རྡོ་རྗེ་འཆང་གི་ཚེ་ཡང་ཚེ༔    སྤྲོས་པས་ཁམས་གསུམ་བཀྲག་མདངས་ལྡན༔    བསྡུས་ནས་ལུས་ལ་གཟི་མདངས་འབར༔     བཅིངས་ [28b] པས་རྡོ་རྗེ་ལུ་གུ་རྒྱུད༔     བརྟན་པས་མི་འགྱུར་རྡོ་རྗེ་འདྲ༔    བདག་ཅག་རྡོ་རྗེའི་དམ་ཚིག་ཅན༔    སྐུ་གསུང་ཐུགས་ཀྱི་ཚེ་མཆོག་སྩོལ༔   ཚེ་མཆོག་རྡོ་རྗེའི་དོན་རྟོགས་ཤོག༔    རྗེས་རིམ་ནི། ཚེ་ཡི་དཀྱིལ་འཁོར་གསལ་བཏབ་པ༔    ས་བོན་ཧྲཱིཿལ་ཧྲིལ་གྱིས་འདུས༔     ད་ཡང་འཆི་མེད་རྫོགས་པ་ཆེ༔     རང་བྱུང་ཡེ་ཤེས་ཀློང་དུ་ཐིམ༔     ཨཱ་ཡུརྫྙཱ་ན་ཨ་ཨཱཿ   སླར་ཡང་རང་ཉིད་ཚེ་དཔག་མེད༔    འཆི་མེད་རྡོ་རྗེའི་ཕྱག་རྒྱར་སད༔     ཚད་མེད་བྱང་ཆུབ་སེམས་ཀྱི་ངང་༔    རྒྱུན་དུ་འགྲོ་བའི་དོན་ལ་འཇུག༔      ཨོཾ་བྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔    དགེ་འདིས་བདག་གི་ཚོགས་གཉིས་རྗོགས།   །མྱུར་དུ་རྡོ་རྗེའི་སྐུ་མཆོག་བརྙེས།   །འགྲོ་ཀུན་སྒྲིབ་པ་གཉིས་སྤངས་པའི།   །འཆི་མེད་རིག་འཛིན་ཐོབ་པར་ཁོག    །ཆོས་དབྱིངས་ངང་ལས་རང་བྱུང་བ།   །འགྲོ་བའི་འཆི་བདག་འཇོམས་མཛད་མགོན།   །བཀྲ་ཤིས་ཚེ་ཡི་ལྷ་ཚོགས་ཀྱིས།   །དེང་འདིར་རྟག་ཏུ་བདེ་ལེགས་ཤོག    །ཅེས་ཚེ་སྒྲུབ་ཀུན་གྱི་རྒྱལ་པོ་གསང་འདུས་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་འདིའང་དན་གཉེར་ཅན་རྣམས་ལ་སྨན་པའི་བསམ་པས་གཏེར་གཞུང་གི་སྙིང་པོའི་བཅུད་བསྡུས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཨཱ་ཡུ་སིདྡྷི་རསྟུ།།   །།སྤྱི་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུན་ཁྱེར་ནི།  [29a] བླ་མ་གཤིན་རྗེ་གཤེད་པོར་བདག་སྐྱབས་མཆི།   །འགྲོ་ཀུན་དོན་དུ་ཁྲག་འཐུང་བསྒོམ་པར་བགྱི།   །ལན་གསུམ། སྟོང་པའི་ངང་ལས་ཆུ་གླང་པད་ཉིའི་སྟེང་།   །རང་རིག་ཧཱུྃ་ལས་འཇམ་དཔལ་གཤིན་རྗེའི་གཤེད།   །མཐིང་ནག་རབ་འཇིགས་ཁྲོ་གཏུམ་མི་བཟད་འབར།   །ཕྱག་གཡས་གནམ་ལྕགས་འཁོར་ལོ་བསྐོར་ཞིང་འདེབས།   །གཡོན་པས་ལྕགས་ཀྱུ་དང་ནི་ཞགས་པ་འཛིན།   །ཞབས་ཟུང་འདོར་སྟབས་རུ་དྲ་ཕོ་མོ་རྫིས།   །དུར་ཁྲོད་ཆས་རྫོགས་བསྐལ་པའི་མེ་དཔུང་ཀློང་།   །ཚེ་བཙན་འགྲན་བྲལ་སྐུར་བསྒོམ་ཐུགས་དབུས་སུ།   །ཉི་སྟེང་ཧཱུཾ་མཐར་སྔགས་ཕྲེང་སྒྲར་བཅས་འཁོར།   །འོད་ཟེར་མེ་དཔུང་ཚྭ་ཚྭས་ལོག་འདྲེན་བསྲེག    །སྲིད་ཞིའི་དྭངས་བཅུད་ཀུན་བསྡུས་རང་ལ་ཐིམ།   །འཁོར་འདས་ཀུན་གྱི་དབང་ཕྱུག་ཆེན་པོར་གྱུར།   །ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧཱུྃ་ཕཊ།   ཅེས་ཅི་འགྲུབ་བཟླས་མཐར། ལྷར་སྣང་མི་དམིགས་ཆོས་དབྱིངས་ཀློང་དུ་ཡལ།   །སྐྱེ་མེད་དབྱིངས་ནས་འགགས་མེད་ལྷ་སྐུར་ལྡང་།   །དགེ་འདིས་འགྲོ་ཀུན་བདུད་བཞིའི་གཡུལ་ལས་རྒྱལ།   །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དཔལ་འབར་ཤོག    །ཅེས་པའང་འཇིགས་ [29b] བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།ཚེ་སྒྲུབ་རྒྱུན་ཁྱེར། བླ་མ་འཆི་མེད་མགོན་པོར་སྐྱབས་སུ་མཆི།   །སེམས་ཅན་དོན་དུ་ཚེ་ཡི་རིག་འཛིན་བསྒྲུབ།   །ཨ།   གནས་ཡུལ་འོག་མིན་བདེ་ཆེན་ཞིང་ཁམས་དབུས།   །པད་ཟླ་རང་སེམས་ཧྲཱིཿལས་ཚེ་དཔག་མེད།   །དམར་གསལ་ཞི་འཛུམ་མཉམ་གཞག་ཚེ་བུམ་འཛིན།   །ལོངས་སྤྱོད་རྫོགས་སྐུ་འཇའ་ཟེར་ཀློང་དུ་བཞུགས།   །ཐུགས་ཀར་ཉི་ཟླའི་གྭའུའི་ནང་ཁོངས་སུ།   །ཧྲཱིཿམཐར་སྔགས་ཀྱིས་བསྐོར་ལས་འོད་ཟེར་འཕྲོས།   །བརྟན་གཡོའི་ཚེ་བཅུད་ཀུན་བསྡུས་བདག་ལ་ཐིམ།   །མི་ཤིགས་འཆི་མེད་རྡོ་རྗེའི་སྐུ་འགྲུབ་གྱུར།   །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ།   ཞེས་ཅི་ནུས་བཟླས་མཐར། སྐྱེ་འགག་གཉིས་མེད་འཇའ་ལུས་རྡོ་རྗེའི་སྐུ།   །མཁའ་ཁྱབ་འགྲོ་བ་འདྲེན་པའི་དོན་ལ་འཇུག    །དགེ་འདིས་དུས་མིན་འཆི་བའི་འཇིགས་པ་ཞི།   །ཚེ་དབང་བཀྲ་ཤིས་སྣང་བས་རྟག་ཁྱབ་ཤོག  །   ཅེས་པའང་བསམ་ཕོ་ལྷ་སྲས་འཇིགས་མེད་ལགས་ཀྱི་ཐུགས་དམ་རྒྱུན་གྱི་ཉམས་བཞེས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།བདུད་འཇོམས་གཏེར་གསར་རྟ་ཕྱག་ཁྱུང་གསུམ་རྒྱུན་ཁྱེར་ནི།   སྐྱབས་སེམས་སྔོན་དུ་འགྲོ་བས། སྐད་ [30a] ཅིག་དྲན་རྫོགས་རང་ཉིད་རྟ་མཆོག་དཔལ།   །ཁྲོ་གཏུམ་མི་བཟད་རལ་གྲི་སྦྲུལ་ཞགས་འཛིན།   །དུར་ཁྲོད་ཆས་རྫོགས་པད་ཉི་མེ་དབུས་རོལ།   །རྟ་སྐད་འཚེར་བས་ལོག་འདྲེན་དབང་དུ་སྡུད།   །ཐུགསཀར་གསང་བདག་རྡོ་རྗེ་སྦྲུལ་ཞགས་ཅན།   །སྤྱི་བོར་མེ་ཁྱུང་ཀླུ་གདོན་ཟས་སུ་ཟ།   །གསང་བདག་ཐུགས་དབུས་ཉི་ཟླའི་གྭའུའི་ནང་།   །ཧྲཱིཿམཐར་སྔགས་ཕྲེང་མགལ་མེ་བཞིན་དུ་འཁོར།   །དེ་ལས་འོད་ཟེར་འཕྲོས་འདུས་དོན་གཉིས་བྱས།   །རང་ལུས་ནད་གདོན་བག་ཆགས་ལྷག་མེད་སྦྱངས།   །སྣང་གྲགས་དབང་ཆེན་དྲག་པོ་ལྷ་གསུམ་གྱི།   །གསང་གསུམ་ཡེ་ཤེས་རྡོ་རྗེ་ངོ་བོར་སད།   །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་པཱ་ཎི་ཁྲོཾ་ག་རུ་ཌ་ཡཀྵ་རཀྵ་ཧཱུཾ་ཕཊ༔  མཐར་ཧཱུཾ་གསུམ་གྱིས་བསྡུ།   ཕཊ་གསུམ་གྱིས་ལྡང་།   དགེ་བ་བསྔོ་ཞིང་ཤིས་བརྗོད་བྱའོ།   །ཞེས་པའང་ཛྙཱ་ནས་སོ།།   །། 
༈     སྐད་ཅིག་རང་ཉིད་རྡོ་རྗེ་གཞོན་ནུ་ནི།   །མཐིང་ནག་དབུ་གསུམ་གཡས་དཀར་གཡོན་དམར་ཞལ།   །ཕྱག་དྲུག་གཡས་གཉིས་རྡོ་རྗེ་རྩེ་དགུ་ལྔ།   །གཡོན་གཉིས་འབར་བའི་མེ་དང་ཁ་ཊྭཱཾ་ཀ   །ཐ་གཉིས་རི་རབ་ཕུར་བུ་འདྲིལ་ཞིང་འདེབས།   །ཞབས་ [30b] བཞི་འདོར་སྟབས་རུ་དྲ་ཕོ་མོ་མགོན།   །སྐུ་ལ་དཔལ་དང་དུར་ཁྲོད་ཆས་རྣམས་རྫོགས།   །པང་དུ་ཡུམ་མཆོག་འཁོར་ལོ་རྒྱུས་འདེབས་མ།   །མཐཐིང་སྐྱ་ཨུཏྤལ་དུང་ཁྲག་འཛིན་པས་འཁྲིལ།   །པདྨ་ཉི་སྟེང་ཡེ་ཤེས་མེ་དབུས་རོལ།   །ཐུགས་དབུས་ཡེ་ཤེས་སེམས་དཔའ་རྡོར་སེམས་ཀྱི།   །སྙིང་གར་ཧཱུཾ་མཐིང་སྔགས་ཀྱིས་བསྐོར་བ་ལས།   །འོད་འཕྲོས་སྒོ་གསུམ་མ་དག་འཁྲུལ་ཞེན་སྦྱངས།   །སྣང་གྲགས་རིག་པ་ལྷ་སྔགས་ཆོས་སྐུར་སད།   །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུཾ་ཕཊ།   མཐར་ཧའུཾ་གསུམ་གྱིས་བསྡུས། ཕཊ་གསུམ་གྱིས་ལྡང་ལ། དགེ་ཚོགས་མཐའ་ཡས་འགྲོ་བ་ཡོངས་ལ་བསྔོ།   །ཀུན་ཀྱང་རྡོ་རྗེ་གཞོན་ནུའི་ས་ཐོབ་ཅིང་།   །བདག་ཅག་ཚེ་དང་སྒྲུབ་པ་མཐར་ཕྱིན་ནས།   །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག    །ཅེས་པའང་པདྨ་ཡེ་ཤེས་ཆོས་སྒྲོན་གྱི་ངོར་ཛྙཱ་ནས་སོ།།   །། 
༈      ན་མོ།   བླ་མ་གསང་བའི་བདག་པོར་སྐྱབས་སུ་མཆི།   །འགྲོ་ཀུན་དོན་དུ་ཟབ་མོའི་རྣལ་འབྱོར་བསྒོམ།   །ལན་གསུམ། སྐད་ཅིག་རང་ཉིད་གསང་བདག་གཏུམ་པོ་མཐིང་།   །ཁྲོ་གཏུམ་མི་བཟད་རྡོ་རྗེ་སྦྲུལ་ཞགས་འཛིན།   །དུར་ཁྲོད་ཆས་རྫོགས་  [31a] པད་ཉིར་དོར་སྟབས་བགྲད།   །སྡིག་ས་མཛུབ་རྩེ་ནས་ཁྱུང་གི་ཚྭ་ཚྭ་འཕྲོ།   །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་རོལ།   །།   ཐུགས་དབུས་ཉི་སྟེང་ཧཱུཾ་མཐར་སྔགས་ཀྱི་བསྐོར་།   །དེ་ལས་འོད་ཟེར་སྔགས་སྒྲ་མེ་དཔུང་འཕྲོས།   །རང་ལུས་ཐ་མལ་ནད་སྡིག་སྒྲིབ་གདོན་བཅས།   །ལྷག་མེད་བསྲེགས་སྦྱངས་སྟོང་གསལ་འོད་ཀྱི་སྐུ།   །སྣང་གྲགས་རྡོ་རྗེ་གསུམ་གྱི་ཕྱག་རྒྱར་སད།   །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ།   རྗེས་ནི།  བསྐྱེད་པའི་སྣང་ཆ་མི་དམིགས་ཆོས་ཀྱི་དབྱིངས།   །སྟོང་པའི་རང་མདངས་འགགས་མེད་ལྷ་རུ་ཤར།   །དགེ་འདིས་བདག་གཞན་གསང་བདག་གོ་འཕང་ཐོབ།   །།   བདུད་ལས་རྣམ་རྒྱལ་བཀྲ་ཤིས་དཔལ་འབར་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།ཚེ་སྒྲུབ་རྒྱུན་ཁྱེར་ནི། བླ་མ་ཚེ་དཔག་མེད་ལ་སྐྱབས་སུ་མཆི།   །འགྲོ་བའི་དོན་དུ་ཚེ་ཡི་རིག་འཛིན་བསྒྲུབ།   །ལན་གསུམ། སྣོད་བཅུད་བདེ་ཆེན་དག་པའི་གྲོང་ཁྱེར་དབུས།   །རང་ཉིད་ཚེ་དཔག་མེད་མགོན་ཡབ་ཡུམ་གྱི།   །ཐུགས་དབུས་ཉི་ཟླའི་གྭའུ་ཁ་སྦྱོར་ནང་།   །ཧྲཱིཿམཐར་སྔགས་ཕྲེང་རང་སྒྲ་དང་བཅས་འཁོར།   །དེ་ལས་འོད་འཕྲོས་སྲིད་ཞིའི་ [31b] ཚེ་བཅུད་བསྡུས།   །རང་དང་བསྒྲུབ་བྱའི་སྒོ་གསུམ་ལ་ཐིམ་པས།   །བླ་ཚེ་ཉམས་པ་སོར་ཆུད་གནས་པ་འཕེལ།   །མི་འགྱུར་ཚེ་ཡི་དངོས་གྲུབ་ཐོབ་པར་གྱུར།   །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ།   སྣང་གྲགས་འཆི་མེད་མགོན་པོའི་སྐུ་གསུང་ཐུགས།   །ཡེ་ཡིན་གཉུག་མ་རྡོ་རྗེའི་སྲོག་རྩ་གྲུབ།   །དགེ་ཚོགས་མཐའ་ཡས་འགྲོ་བ་ཡོངས་ལ་བསྔོ།   །ཀུན་ཀྱང་ཚེ་ཡི་བསམ་པ་མཐར་ཕྱིན་ནས།   །ཚེ་དང་ཡེ་ཤེས་སྣང་བ་ཚད་མེད་པས།   །ཞིང་ཁམས་ཀུན་ཁྱབ་བཀྲ་ཤིས་དཔལ་འབར་ཤོག    །འདི་ཡང་ཚེ་སྙིང་དུང་འཁོར་བསྐོར་མཁན་གྱི་ཉམས་ལེན་འཇུག་བདེར་ཛྙཱ་ནས་སྤེལ་བ་དགེ།   །། པད་གླིང་རྟ་མགྲིན་སྒོས་སྒྲུབ་རྒྱུན་ཁྱེར་བཞུགས།   ། ཨོཾ་སྭསྟི།   པདྨ་གསུང་གི་སྒྲུབ་ཐབས་འདི་ལ་མདུན་རྟེན་དང་འབྲེལ་ན་མཎྜལ་ཟླ་གམ་སིནྡྷུ་རས་ཆག་ཆག་བཏབ་པར་པདྨ་དམར་པོ་འདབ་མ་བཞི་པའི་ཟེའུ་འབྲུར།   སྒྲུབ་རྟེན་སེང་ལྡེང་གི་ཕུར་པ་མཐོ་གང་བ་དར་དམར་གྱི་ཅོད་པན་ཅན་གཟུག    །འབྲུ་གསུམ་གྱིས་བྱིན་བརླབས།   སྐྱབས་སེམས་སྔོན་དུ་འགྲོ་བས། ཧྲཱིཿ   མི་དམིགས་སྟོང་པའི་ངང་ཉིད་ལས།   །ཉི་ཟླ་པདྨའི་གདན་སྟེང་དུ།   །རང་རིག་ཧྲཱིཿདམར་འོད་དང་ལྡན།   ཛདེ་ལས་འོད་འཕྲོས་བདེ་གཤེགས་མཆོད།   །སྐུ་གསུང་ཐུགས་ [32a] ཀྱི་དངོས་གྲུབ་བསྡུས།   །ཧྲཱིཿལ་ཐིམ་པས་ཡོངས་གྱུར་པ།   །རང་ཉིད་དབང་ཆེན་རྟ་མགྲིན་སྐུ།   །དམར་པོ་ཞལ་གཅིག་ཕྱག་གཉིས་པ།   །ཕྱག་གཡས་དབྱུག་ཏོ་སྡིགས་མཛུབ་གཡོན།   །ཞབས་གཉིས་བརྐྱང་བསྐུམ་དགྲ་གེགས་བརྫིས།   །ཡེ་ཤེས་མེ་དཔུང་དབུས་ན་འགྱིང་།   །བཛྲ་ས་མ་ཡ་ཛཿ    ཛཿཧཱུཾ་བཾ་ཧོཿ    ཨོཾ་བཛྲ་ཨརྒྷཾ་སོགས་ཤཔྡ་མ་ཧཱ་སརྦ་པཱུ་ཛ་ཧོཿ     ཧཱུཾ།   གསུང་གི་སྤྲུལ་པ་ཁྲོ་བོ་རྟ་མགྲིན་ནི།   །སྐུ་མདོག་དམར་པོ་མེ་དཔུང་འབར་བ་འདྲ།   །དབུ་གཙུག་རྟ་མགོ་ལྗང་གུ་འཚེར་བ་ལས།   །འཇིག་རྟེན་དྲེགས་པ་མ་ལུས་བསྔངས་ཤིང་སྐྲག    །ཕྱག་གཡས་མཆོག་གི་དབྱུག་ཏོ་འཕྱར་བ་ཡིས།   །གདུག་པའི་ཀླུ་གདོན་ཐམས་ཅད་བརླག་པར་བྱེད།   །གཡོན་ན་ཞགས་པ་ནག་པོ་བསྣམས་པ་ཡིས།   །རྒྱལ་འགོང་དམ་སྲི་རྣམས་ཀྱི་ཡན་ལག་འཆིངས།   །གླང་ཆེན་ཀོ་རློན་སྐུ་ཡི་རྒྱན་དུ་གསོལ།   །གཡང་གཞི་ཁྲག་འཛག་སྐུ་སྨད་ཤམ་ཐབས་དཀྲིས།   །ཐོད་རློན་ཕྲེང་བ་སྐུ་ཡི་དོ་ཤལ་མཛད།   །ཁྲོ་ཆེན་རྟ་མགྲིན་སྐུ་ལ་ཕྱག་འཚལ་ [32b] བསྟོད།   །ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་།   །ཧྲཱིཿཡིག་དམར་པོའི་མཐའ་བསྐོར་དུ།   །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས།   །འོད་འཕྲོས་རྒྱལ་མཆོད་དོན་གཉིས་བྱས།   །ཚུར་འདུས་སྐུ་གསུང་ཐུགས་དབང་ཐོབ།   །སྣང་གྲགས་དབང་ཆེན་ཧེ་རུ་ཀའི།   །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་རྫོགས།   །ཨོཾ་ཨཱཿཧཱུཾ་ཧྲཱིཿཔདྨཱནྟ་ཀྲྀཏ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ།   སྣང་སྲིད་འོད་ཞུ་རང་ལ་ཐིམ།   །རང་ཡང་མི་དམིགས་སྤྲོས་བྲལ་ངང་།   །སླར་ཡང་དབང་ཆེན་སྐུ་རུ་གསལ།   །མི་ཤིགས་རྡོ་རྗེའི་གོ་དང་ལྡན།   །དགེ་འདིས་བདག་གཞན་མཁའ་མཉམ་འགྲོ།   །དབང་ཆེན་ཁྲག་འཐུང་ཧེ་རུ་ཀའི།   །གོ་འཕང་བྱང་ཆུབ་མྱུར་ཐོབ་ནས།   །བདུད་ལས་རྣམ་པར་རྒྱལ་བར་ཤོག  །   ཅེས་པའང་པད་གླིང་གཏེར་གཞུང་ལས་ངག་འདོན་ཁྱེར་བདེར་བསྡེབས་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།ཐུགས་སྒྲུབ་གསང་འདུས་རྒྱུན་ཁྱེར་བཞུགས།   སྦྱོར་བ་སྐྱབས་སེམས་ནི། ན་མོ༔    བླ་མ་བདེ་གཤེགས་འདུས་པའི་སྐུ༔    དཀོན་མཆོག་གསུམ་གྱི་རང་བཞིན་ལ༔    བདག་དང་འགྲོ་དྲུག་སེམས་ཅན་རྣམས༔     བྱང་ཆུབ་བར་དུ་སྐྱབས་སུ་མཆི༔     ལན་གསུམ། སེམས་ [33a] བསྐྱེད་འགྲོ་བ་ཀུན་དོན་དུ༔    བླ་མ་སངས་རྒྱས་བསྒྲུབས་ནས་སུ༔      གང་ལ་གང་འདུལ་ཕྲིན་ལས་ཀྱིས༔   འགྲོ་བ་བསྒྲལ་བར་དམ་བཅའོ༔    ལན་གསུམ།   དངོས་གཞི་ནི། ཧྲཱིཿ    དམིགས་མེད་དེ་བཞིན་ཉིད་དབྱིངས་ལས།   །རོལ་རྩལ་མ་འགགས་སྙིང་རྗེའི་མདངས།   །རང་རིག་ཧྲཱིཿལས་འོད་འཕྲོས་པས།   །སྣོད་བཅུད་མ་དག་དངོས་འཛིན་སྦྱངས།   །རང་བྱུང་ལྷུན་གྲུབ་གཞལ་ཡས་ཁང་།   །བདེ་ཆེན་ཕོ་བྲང་འོད་དུ་འབར།   །དེ་དབུས་པདྨ་ཉི་ཟླའི་སྟེང་།   །བདག་ཉིད་དབང་ཆེན་རྟ་མགྲིན་དམར།   །གཡས་གཡོན་གྲི་གུག་ཐོད་ཁྲག་བསྣམས།   །དབུ་གཙུག་པདྨ་ཉི་ཟླའི་སྟེང་།   །རྩ་བའི་བླ་མ་ཐོད་ཕྲེང་རྩལ།   །རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན།   །རྡོ་རྗེ་དྲིལ་འཛིན་སྐྱིལ་ཀྲུང་བཞུགས།   །མཚོ་རྒྱལ་གྲི་ཐོད་འཛིན་པས་འཁྱུད།   །རིན་ཆེན་རུས་རྒྱན་དར་དཔྱངས་མཛེས།   །གསལ་འཚེར་གཟི་བརྗིད་ལྡན་ [33b] པར་བསྐྱེད།   །རང་རྩལ་སྐུ་ལྔ་མཚན་བརྒྱད་དང་།   །རིགས་བཞིའི་དཔའ་བོ་མཁའ་འགྲོ་མ།   །རིག་འཛིན་ཆོས་སྐྱོང་དམ་ཅན་སོགས།   །རྩ་བ་གསུམ་གྱི་ལྷ་ཚོགས་རྣམས།   །ཆར་སྤྲིན་གཏིབས་པ་ལྟ་བུར་བསྐྱེད།   །དུ་མར་སྣང་ཡང་ངོ་བོར་གཅིག    །སྣང་སྲིད་གཞལ་གཡས་བླ་མ་ལྷ།   །ཐམས་ཅད་ཕྱག་རྒྱའི་དཀྱིལ་འཁོར་ཆེ།   །དཔེར་ན་ཆུ་ཟླ་འཇའ་ཚོན་ལྟར།   །སྣང་ལ་རང་བཞིན་མེད་པར་བསྒོམ།   །ཞེས་གསལ་གདབ།   སྤྱི་བོའི་བླ་མ་ལ་མོས་གུས་དྲག་པོས། ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ།   ཞེས་གསོལ་འདེབས་ཀྱི་ཚུལ་དུ་བཟླ་བ་བསྙེན་པ།   བླ་མ་སྙིང་དབུས་སུ་བསྒོམ་ལ།  ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུཾ་ཨཱཿ   ཞེས་འོད་ཟེར་སྤྲོ་བསྡུས་དངོས་གྲུབ་བསྡུ་བ་སྒྲུབ་པ།   རང་ཉིད་བླ་མ་ཡི་དམ་དབྱེར་མེད་ཐོད་ཕྲེང་རྩལ་གྱི་ང་རྒྱལ་དང་བཅས། ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿ     སརྦ་སིདྡྷི་ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་རྦད༔  ཅེས་སྦྱར་ཏེ་བཟླ་བ་ལས་སྦྱོར་རོ།   །ཐུན་མཐར། བླ་མ་རྡོ་རྗེ་ཐོད་ཕྲེང་ཉིད༔   དགྱེས་པ་ཆེན་པོས་རང་ལ་ཐིམ༔    རང་ཡང་ཀུན་གཞི་མ་བཅོས་པའི༔     ངང་ལ་ཡིད་ནི་འཛིན་པ་བྲལ༔     རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔     ཞེས་མཉམ་པར་བཞག  །    [34a] རྗེས་ནི། བདག་གིས་བླ་མ་བསྒྲུབས་ལ་སོགས།   །དུས་གསུམ་ཚོགས་གཉིས་ཅི་བསགས་པའི།   །འབྲས་བུ་དུས་འདིར་སྨིན་གྱུར་ནས།   །ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག    །ཅེས་སྨོན་ལམ་གདབ་བོ།   །ཞེས་པདྨ་ཡེ་ཤེས་དཔལ་མོའི་ངག་འདོན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།འཕགས་མ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་རྒྱུན་ཁྱེར་བཞུགས། ཨོཾ་སྭསྟི།   རྒྱལ་མཚན་རྩེ་མོའི་དཔུང་རྒྱན་བསྒོམ་པར་འདོད་པས།   སྦྱོར་བ་སྐྱབས་སེམས་ནི། བླ་མ་མཆོག་གསུམ་ཡི་དམ་ལྷར།   །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ།   །བླ་མེད་བྱང་ཆུབ་ཐོབ་བྱའི་ཕྱིར།   །རིག་པའི་རྒྱལ་མོ་བསྒོམ་པར་བགྱི།   །ལན་གསུམ།   དངོས་སུ་བཤམས་པའི་མཆོད་པ་ཡིན་ན། རཾ་ཡཾ་ཁཾ།   ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔    བྷྲཱུྃ་ལས་རིན་སྣོད་ནང་དུ༔     ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔    སོ་སོའི་ལྷ་མོའི་རོལ་པར་བཅས༔    རབ་བྱམས་ནམ་མཁའ་གང་བར་གྱུར༔   ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤཔྡའི་བར་དང་།  ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིང་ཏ་ཨཱཿཧཱུྃ༔   ལན་གསུམ།   གཉིས་པ་དངོས་གཞི་ལའ།   ལྷ་བསྐྱེད་པ་ནི།  ངྷྭྃ༔   པད་ཟླའི་ [34b] སྟེང་དུ་རང་སེམས་ངྷྃ་སེར་ལས༔    རྒྱལ་མཚན་རྩེ་མོའི་ལྷ་མོ་སྐུ་མདོག་སེར༔    ཞལ་བཞི་སེར་དཀར་དམར་སྟེང་དུད་ཁའི་མདངས༔    ཞལ་རེར་སྤྱན་གསུམ་ཁྲོ་ཞིང་ལྟོ་བ་འཕྱང་༔    གཡས་གཉིས་ཕྱག་ན་རལ་གྲི་འཁོར་ལོ་དང་༔    ཞགས་པ་རྡོ་རྗེས་མཚན་པའི་གཏུན་ཤིང་གཡོན༔    རབ་བརྫེས་ཐོད་སྐམ་དབུ་བརྒྱན་གཡོན་བརྐྱངས་བཞུགས༔    དར་དང་རིན་ཆེན་སྣ་ཚོགས་མཛེས་པས་བརྒྱན༔     ཐུགས་ཀར་ཟླ་སྟེང་ངྷྭྃ་མཐར་སྔགས་ཀྱིས་བསྐོར༔   དེ་ལས་འོད་འཕྲོས་ཡེ་ཤེས་སེམས་དཔའ་དྲངས༔      སྤྱན་འདྲེན་པ་ནི།  ངྷྭྃ༔   རྒྱལ་བ་ཐམས་ཅད་ཡེ་ཤེས་ལས་བསྐྱེད་ཅིང་༔      ཡེ་ཤེས་ཀུན་གྱི་གཙོ་མོ་བཅོམ་ལྡན་འདས༔    ཆོས་དབྱིངས་ཤེས་རབ་ཕ་རོལ་ཕྱིན་མའི་ཡུམ༔     རྒྱལ་ཡུམ་གནས་འདིར་མྱུར་དུ་གཤེགས་སུ་གསོལ༔     ཨོཾ་ན་མོ་བྷ་ག་བ་ཏེ་ངྷྭ་ཛ་ཨ་གྲ་ཀེ་ཡཱུ་རས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔     བཞུགས་སུ་གསོལ་བ་ནི། ཧྲཱིཿ   དད་པ་མཆོག་གི་ཉམས་དགའི་རྟེན་མཆོག་ལ༔      ཐུགས་རྗེ་རོལ་པའི་གཟི་མདངས་དགྱེས་མཛད་ཅིང་༔    སྒྲུབ་མཆོག་གྲོགས་སུ་རྟག་ཏུ་བཞུགས་གསོལ་འཚལ༔     ས་མ་ཡ་ཧོཿ      ཕྱག་འཚལ་བ་ནི། ཧྲཱིཿ     ཡེ་ཤེས་རྩེ་མོ་ [35a] ཡོན་ཏན་བཀོད་པའི་གཏེར༔   མཁྱེན་བརྩེས་རྗེས་སུ་སྐྱོང་ལ་གུས་ཕྱག་འཚལ༔    ན་མོ་པུ་རུ་ཤ་ཡ་ཧོཿ    མཆོད་པ་འབུལ་བ་ནི། ཧྲཱིཿ    ཡེ་ཤེས་ལྷ་ཚོགས་འདོད་པའི་སྐྱོན་བྲལ་ཡང་༔    བདག་སོགས་འགྲོ་ཀུན་བསོད་ནམས་ཐོབ་བྱའི་ཕྱིར༔     ཆོས་དབྱིངས་ལྷ་ཡི་ལོངས་སྤྱོད་འཇིག་རྟེན་རྫས༔   ཇི་ལྟར་རྣམ་པར་དགྱེས་པའི་མཆོད་སྤྲིན་འབུལ༔     ཨོཾ་ན་མོ་བྷ་ག་བ་ཏི་ས་རི་ཝཱ་ར་བཛྲ་ཨ་རྒྷཾ་པཱ་དྱཾ་སོགས་ནས། ཤཔྡ་རཱུ་པ་ཤཔྡ་གྷནྡྷེ་ར་ས་སྤ་རྴེ་པཱ་ཛ་ཧོཿ    ཨོཾ་ཨཱ་ཧཱུྃ་མ་ཧཱ་སརྦ་པཉྩཨ་མྲྀ་ཏ་མ་ཧཱ་རཀྟ་མ་མ་ཧཱ་བ་ལིཾ་ཏ་ཁཱ་ ཧོཿ    བསྟོད་པ་ནི། ཡེ་ཤེས་མངོན་པར་མཐོ་བའི་རྒྱལ་མཚན་རྩེར༔     ཡོན་ཏན་མཚན་དཔེའི་དཔུང་གིས་མངོན་པར་བསྟོད༔     ཕ་རོལ་གཡུལ་ལས་རྒྱལ་བའི་མཐུ་སྟོབས་བདག༔   ཡིད་བཞིན་ལྷུན་པོ་ཁྱེད་ལ་ཕྱག་འཚལ་བསྟོད༔   སྙིང་པོ་བཟླ་བ་ནི། ཐུགས་ཀའི་སྔགས་ལས་འོད་ཟེར་དཔག་མེད་འཕྲོས།   །རྒྱལ་བ་མ་ལུས་མཆོད་ཅིང་ཐུགས་དམ་བསྐུལ།   །འགྲོ་ཀུན་འཇིགས་དང་བར་གཅོད་ཐམས་ཅད་བསལ།   །ཕས་རྒོལ་རྣམས་ཀྱི་ནུས་སྟོབས་རྩད་ནས་བཅོམ།   །འོད་ཟེར་ཚུར་འདུས་རང་ལ་ཐིམ་ [35b] པ་ཡིས།   །གཟི་བརྗིད་མཐུ་སྟོབས་རབ་ཏུ་རྒྱས་པ་ར་གྱུར།   །ཅེས་དམིགས་ལ། ཨོཾ་དྷྭ་ཛ་ཨ་གྲ་ཀེ་ཡཱུ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱཧཱ༔    ཞེས་རྩ་བའི་སྙིང་པོ་ཉིད་གཙོ་བོར་བཟླ་ཞིང་།   རྗེས་སུ་སྤྲོ་ཞིང་ནུས་ན་མདོ་གཟུངས་ལས་འབྱུང་བའི་སྙིང་པོ་ཉིད་སྐབས་དང་བསྟུན་ལ་བཟླའོ།   །ཐུན་མཐར་མཆོད་བསྟོད་མདོར་བསྡུས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས།   ཉེར་བསྡུ་ནི། གསལ་བའི་རང་མདངས་དྷྭྃ་ཡིག་ངོ་བོ་སྐྱོང་།   །འཕྲོ་འདུའི་སྐུར་གྱུར་ཕྲིན་ལས་ཅིར་ཡང་གྲུབ།   །མ་འགགས་ཆོ་འཕྲུལ་དོན་གྱི་རིག་རྩལ་གཏེར།   །རང་སྣང་ངེས་པ་དོན་གྱི་ལྷ་ཞལ་མཇལ།   །ཞེས་ལྷར་སྣང་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལངས་ལ། ཨོཾ་ཨཱཿཧཱུྃ་གིས་གནས་གསུམ་བསྲུང་། ཡེ་ཤེས་དབྱིངས་ཀྱི་ཆོ་འཕྲུལ་གཟུགས་ཀྱི་སྐུ༔    བསྙེན་སྒྲུབ་སྨིན་ཅིང་གྲོལ་བའི་བཅུད་བླངས་ནས༔    དངོས་གྲུབ་གྲུབ་པ་བརྒྱད་ཀྱི་ཕྲིན་ལས་མཆོག༔   ཁྱོད་དང་གོ་འཕང་མཉམ་པ་ཉིད་ཐོབ་ཤོག༔    ཅེས་སྨོན་ལམ་གདབ། བདེ་ཆེན་ཡེ་ཤེས་ཤེས་རབ་ཡུམ་གྱི་ཀློང་༔    རིག་མདངས་གྲངས་མེད་རྒྱལ་བའི་འབྱུང་གནས་ཀྱི༔   མཐའ་ཡས་སྟོང་ཉིད་སྙིང་རྗེ་ནུས་པའི་ཆར༔    ཁམས་གསུམ་སེམས་ཅན་ཀུན་ལ་བདེ་ལེགས་སྩོལ༔     ཞེས་ཤིས་པ་བརྗོད་དོ།   །འདི་ཉིད་རྒྱུན་གྱི་ཉམས་ལེན་ [36a] དཀྱུས་སུ་ལྷ་བསྐྱེད་ནས་བཟླས་པ་ལ་འཇུག་ཅིང་རྗེས་ཉེར་བསྡུ་སོགས་མཐར་དབྱུང་བས་དོན་གྲུབ་བོ།   །ཞེས་པའང་རང་གཞན་ལ་ཉེ་བར་མཁོ་བའི་བཙས་སུ་མཐོང་ནས་ཀློང་གསལ་གཏེར་གཞུང་ལས་ཁོལ་ཕྱུངས་ཁྱེར་བདེར་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྤེལ་བ་ཤྲཱི་བི་ཛ་ཡནྟུ།།   །།རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་རྒྱུན་ཁྱེར་ནི། ན་མོ།   བླ་མ་མཆོག་གསུམ་ཡི་དམ་ལྷར།   །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ།   །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར།   །རིག་པའི་རྒྱལ་མོ་བསྒོམ་པར་བགྱི།   །ལན་གསུམ་གྱིས་སྐྱབས་སེམས་བྱ། དྷྭྃ༔    པད་ཟླའི་སྟེང་དུ་རང་སེམས་དྷྭྃ་སེར་ལས།   །རྒྱལ་མཚན་རྩེ་མོའི་ལྷ་མོ་སྐུ་མདོག་སེར།   །ཞལ་བཞི་སེར་དཀར་དམར་སྟེང་དུད་ཁའི་མདངས།   །ཞལ་རེར་སྤྱན་གསུམ་ཁྲོ་ཞིང་ལྟོ་བ་འཕྱང་།   །གཡས་གཉིས་ཕྱག་ན་རལ་གྲི་འཁོར་ལོ་དང་།   །ཞགས་པ་རྡོ་རྗེས་མཚན་པའི་གཏུན་ཤིང་གཡོན།   །རབ་བརྫེས་ཐོད་སྐམ་དབུ་བརྒྱན་གཡོན་བརྐྱང་བཞུགས།   །དར་དང་རིན་ཆེན་སྣ་ཚོགས་མཛེས་པས་བརྒྱན།   །ཐུགས་ཀར་ཟླ་སྟེང་དྷྭྃ་མཐར་སྔགས་ཀྱིས་བསྐོར།   །དེ་ལས་འོད་འཕྲོས་རྒྱལ་མཆོད་ཐུགས་རྒྱུད་བསྐུལ།   །།   འགྲོ་ཀུན་འཇིགས་དང་བར་ [36b] ཆད་ཐམས་ཅད་བསལ།   །ཕས་རྒོལ་རྣམས་ཀྱི་ནུས་སྟོབས་རྩད་ནས་བཅོམ།   །འོད་ཟེར་ཚུར་འདུས་རང་ལ་ཐིམ་པ་ཡིས།   །གཟི་བརྗིད་མཐུ་སྟོབས་རབ་ཏུ་རྒྱས་པར་གྱུར།   །ཨོཾ་དྷྭ་ཛ་ཨ་གྲ་ཀེ་ཡཱུ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱཧཱ།   ཞེས་ཅི་ནུས་བཟླ།   མཐར་ ཧཱུྃ་ཧཱུྃ་ཧཱུྃ་གིས་ལྷར་སྣང་བསྡུ། ཕཊ་ཕཊ་ཕཊ་ཀྱིས་སླར་ཡང་སྐུར་ལྡང་ལ། ཨོཾ་ཨཱཿཧཱུྃ་གིས་གནས་གསུམ་བསྲུང་། དགེ་བ་འདི་ཡིས་མྱུར་དུ་བདག    །རྒྱལ་མཚན་རྩེ་མོའི་ལྷ་མོ་འགྲུབ།   །འགྲོ་བ་གཅིག་ཀྱང་མ་ལུས་པ།   །དེ་ཡི་ས་ལ་འགོད་པར་ཤོག    །ཉིན་མོ་བདེ་ལེགས་སོགས་བཀྲ་ཤིས་བརྗོད་དོ།   །ཞེས་ཀློང་གསལ་གཏེར་བྱོན་ལས་བཏུས་པ་སྟེ་ཛྙཱ་ནས་སོ།།   །།གྲོ་ལོད་རྒྱུན་ཁྱེར་ནི། སྐད་ཅིག་རང་ཉིད་ཁྲག་འཐུང་གྲོ་བོ་ལོད།   །དམར་ནག་ཁྲོས་འཁྲུགས་ཨམ་གཙིགས་ཧཱུྃ་སྒྲ་སྒྲོགས།   །རྡོ་རྗེ་ཕུར་གདེངས་ལྕགས་སྡིག་ཁྲ་ཐབས་འགྱེད།   །གསང་ཕོད་ཆོས་གོས་སག་ལྷྭམ་མགོ་ཕྲེང་སྤྲས།   །པད་ཉི་རྒྱལ་བསེན་སྟག་མོ་གྲུས་མའི་སྟེང་།   །འགྱིང་སྟབས་བསྐལ་མེ་འབར་བའི་ཀློང་དུ་རོལ།   །ཐུགས་ཀའི་ཧཱུྃ་དམར་འོད་ཟེར་འཕྲོ་འདུ་ཡིས།   །འཁོར་འདས་སྲོག་ལ་དབང་བསྒྱུར་མཐུ་ཐོབ་བསམ།   །ཨོཾ་ཨཱཿཧཱུྃ་ [37a] བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ།   ཞེས་པའང་འཁྲུལ་ཞིག་གི་ངོར་ཛྙཱ་ནས་སོ།།   །། 
༈     །ཐུགས་ཆེན་གསང་འདུས་རྒྱུན་ཁྱེར་ནི། ཧྲཱིཿ   སྟོང་ཉིད་དབྱིངས་ལས་འགག་མེད་སྙིང་རྗེའི་རྩལ།   །ཟུང་འཇུག་རིག་པ་ཧྲཱིཿཡི་འཕྲོ་འདུ་ལས།   །རང་ཉིད་ཐུགས་རྗེ་ཆེན་པོ་རཱ་གའི་མདངས།   །ཕྱག་གཡས་པད་ཕྲེང་གཡོན་པས་བུམ་པ་འཛིན།   །མཚན་དཔེའི་གཟི་འབར་ལོངས་སྐུའི་རྒྱན་ཆས་སྤྲས།   །འཇའ་ཟེར་ཀློང་དུ་པད་ཟླར་སྐྱིལ་ཀྲུང་བཞུགས།   །ཐུགས་ཀར་ཟླ་སྟེང་ཧྲཱིཿལ་ཡིག་དྲུག་འཁོར།   །དེ་ལས་འོད་འཕྲོས་རྒྱལ་མཆོད་བྱིན་རླབས་བསྡུས།   །འགྲོ་བའི་སྒྲིབ་བསལ་འཁོར་བ་དོང་ནས་སྤྲུགས།   །སྣང་གྲགས་རྡོ་རྗེ་གསུམ་གྱི་ཕྱག་རྒྱར་སད།   །ཨོཾ་མ་ཎི་པདྨེ་ཧཱུཾ།   ཞེས་པའང་འཁྲུལ་མེད་ཡེ་གྲོལ་རྡོ་རྗེའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །ཀུ་རུ་ཀུལླེའི་རྒྱུན་ཁྱེར་ནི།  བླ་མ་དབང་གི་ལྷ་མོར་སྐྱབས་སུ་མཆི།   །བསྟན་འགྲོའི་དོན་དུ་རིག་བྱེད་དབང་མོ་བསྒྲུབ།   ལན་གསུམ། སྐད་ཅིག་རང་ཉིད་དབང་མཛད་ལྷ་མོའི་སྐུ།   །ཞིི་ཆགས་སྒེག་ཉམས་བཅུ་དྲུག་ལང་ཚོ་ཅན།   །ཕྱག་གཉིས་པདྨའི་ལྕགས་ཀྱུ་ཞགས་ [37b] པ་འཛིན།   །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས།   །པད་ཉིའི་གདན་ལ་གཡོན་བརྐྱང་གར་གྱིས་རོལ།   །གདོད་ནས་དམ་ཡེ་དབྱེར་མེད་སྐུར་གསལ་བའི།   །ཐུགས་ཀར་ཉི་སྟེང་ཧྲཱིཿམཐར་སྔགས་ཀྱིས་བསྐོར།   །དེ་ལས་འོད་འཕྲོས་འཁོར་འདས་དྭངས་བཅུད་བསྡུས།   །རང་ཐིམ་གཟི་བརྗིད་ནུས་པ་མཆོག་ཏུ་འབར།   །སྣང་སྲིད་ཁམས་ལ་དབང་བསྒྱུར་དབང་ཐོབ་གྱུར།   །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱཧཱ།   ཞེས་བཟླས་མཐར་མི་དམིགས་པར་བཞག་ལ་དགེ་བ་བསྔོའོ།   །ཞེས་པའང་ཨ་ཞེ་དཀོན་མཆོག་ཆོས་སྒྲོན་གྱི་ཉམས་བཞེས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈      ན་མོ།   བླ་མ་དབང་ཆེན་འབར་བར་སྐྱབས་སུ་མཆི།   །འགྲོ་བའི་དོན་ཕྱིར་ཟབ་མོའི་རྣལ་འབྱོར་བསྒོམ།   །ལན་གསུམ། ཨ།   སྟོང་ཆེན་དབྱིངས་ལས་ཀུན་སྣང་སྙིང་རྗེའི་འཕྲུལ།   །རང་རིག་ཧྲཱིཿ་ལས་སྐད་ཅིག་དྲན་རྫོགས་སུ།   །དབང་ཆེན་རྟ་མགྲིན་དམར་ནག་ཁྲོ་གཏུམ་རྔམས།   །ཕྱག་གཉིས་གྲི་ཐོད་དུར་ཁྲོད་དཔལ་ཆས་རྫོགས།   །ཞབས་ཟུང་འདོར་སྟབས་བདུད་བགེགས་ཕོ་མོ་བརྫིས།   །དབུ་གཙུག་རྟ་ཞལ་འཚེར་བས་ས་གསུམ་གཡོ།   །ཕག་མོ་མཐིང་ནག་གྲི་ཐོད་འཛིན་པས་འཁྱུད།   །པད་ཉིའི་ [38a] གདན་སྟེང་ཡེ་ཤེས་མེ་དཔུང་ཀློང་།   །དམ་ཡེ་དབྱེར་མེད་སྲིད་གསུམ་ཟིལ་གནོན་སྐུར།   །གསལ་བའི་ཐུགས་དབུས་ཉི་སྟེང་ཧྲཱིཿདམར་མཐར།   །སྔགས་ཀྱིས་བསྐོར་ལས་འོད་འཕྲོས་དོན་གཉིས་བྱས།   །བརྟན་གཡོའི་དྭངས་བཅུད་ཀུན་བསྡུས་རང་ལ་ཐིམ།   །ཁམས་གསུམ་ཟིལ་གནོན་ཆེ་བའི་གཟི་བྱིན་འབར།   །སྣང་གྲགས་ལྷ་སྔགས་ཡེ་ཤེས་འཁོར་ལོར་ཤར།   །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊ།   ཅེས་བཟླས་མཐར། སྣོད་བཅུད་ལྷ་སྔགས་མི་དམིགས་སྟོང་གསལ་ངང་།   །སྟོང་པའི་རང་མདངས་འགགས་མེད་ལྷ་རུ་ཤར།   །།   འདིར་འབད་བསོད་ནམས་ཆི་མཆིས་འགྲོ་ལ་བསྔོ།   །འཁོར་བ་དོང་སྤྲུགས་བཀྲ་ཤིས་དཔལ་འབར་ཤོག    །ཅེས་པའང་ཀུན་བཟང་ཆོས་འཛོམ་གྱི་ངག་འདོན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །རྟ་མགྲིན་རྒྱུན་ཁྱེར་ཟབ་པའི་ཡང་བཅུད་ནི། བླ་མ་དབང་ཆེན་འབར་བར་སྐྱབས་སུ་མཆི།   །འགྲོ་བའི་དོན་དུ་ཟབ་མོའི་རྣལ་འབྱོར་བསྒོམ།   །ཨ།   སྐད་ཅིག་དྲན་རྫོགས་རང་ཉིད་རྟ་མཆོག་དཔལ།   །གྲི་གུག་ཐོད་འཛིན་ཕག་མོ་ཡུམ་དང་འཁྲིལ།   །དུར་ཁྲོད་ཆས་རྫོགས་པད་ཉི་མེ་ཀློང་རོལ།   །དབུ་ [38b] གཙུག་རྟ་ཞལ་ཕག་གདོང་རྔམས་སྒྲོགས་པས།   །སྣང་སྲིད་ཐམས་ཅད་ཡོམ་ཡོམ་ཤིག་ཤིག་གཡོ།   །ཡབ་ཡུམ་ཐུགས་ཀར་ཉི་སྟེང་ཧྲཱིཿམ་ལ།   །སྔགས་ཀྱིས་བསྐོར་ལས་འོད་འཕྲོས་དོན་གཉིས་བྱས།   །འཁོར་འདས་དྭངས་བཅུད་རང་ཐིམ་གཟི་བྱིན་འབར།   །ཁམས་གསུམ་སྲོག་ལ་དབང་བསྒྱུར་མཐུ་ཐོབ་གྱུུར།   །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཀྲོ་དྷི་ཀ་ལི་སརྦ་སིདྡྷི་ཧཱུཾ།   ཞེས་བཟླ་ཞིང་མཐར་དམིགས་མེད་དུ་བཞག་ལ་བསྔོ་སྨོན་བྱའོ།   །ཞེས་པའང་པདྨ་དབང་ཆེན་གྱི་ཉམས་ལེན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།
༈     །རྩ་གསུམ་རྣལ་འབྱོར་ཟབ་ལམ་བབཅུད་འདུས་བཞུགས། ན་མོ།   མཆོག་གསུམ་ངོ་བོ་བླ་མར་སྐྱབས་སུ་མཆི།   །འགྲོ་བའི་དོན་དུ་ཟབ་མོའི་ལམ་འཇུག་བྱ།   །ཨ།   རང་སྣང་རྣམ་དག་འོག་མིན་ཞིང་ཁམས་དབུས།   །རང་ཉིད་གཞི་ལུས་དབང་ཆེན་རྟ་མགྲིན་དམར།   །གྲི་གུག་ཐོད་འཛིན་ཕག་མོ་ཡུམ་དང་འཁྲིལ།   །ཁྲོ་བོའི་ཆས་རྫོགས་པད་ཉི་མེ་ཀློང་རོལ།   །སྤྱི་བོར་པདྨ་འབུམ་བརྡལ་ཉི་ཟླའི་སྟེང་།   །རིགས་བདག་བླ་མ་ཨོ་རྒྱན་ཐོད་ཕྲེང་རྩལ།   །སྣང་སྲིད་ཟིལ་གྱིས་གནོན་པའི་ཆ་བྱད་ཅན།   །གཡས་སུ་ཡི་དམ་གཏུམ་དྲག་དམར་ནག་རྔམས།   ། [39a] འབར་བའི་ཆས་ཅན་རྡོ་རྗེ་ལྕགས་སྡིག་འཛིན།   །གཡོན་དུ་ཌཱ་ཀི་བདུད་འདུལ་སེང་གདོང་མ།   །མཐིང་ནག་ཕྱག་གཉིས་ཉི་ཟླའི་ཆ་ལང་རྡེབ།   །གུ་རུའི་སྤྱི་བོར་པདྨ་ཟླ་གདན་ལ།   །འཇིག་རྟེན་དབང་ཕྱུག་སེམས་ཉིད་ངལ་གསོའི་ཆས།   །གཡས་སུ་མྱུར་མ་དཔའ་མོ་སྐྱབས་སྦྱིན་ཅན།   གཡོན་དུ་ཡིད་བཞིན་འཁོར་ལོ་མཆོག་སྦྱིན་ཅན།   །གསུམ་ཀའང་ཞི་འཛུམ་ཉམས་ལྡན་ལོངས་སྐུའི་ཆས།   །འཕགས་པའི་སྤྱི་བོར་མགོན་པོ་འོད་དཔག་མེད།   །སྤྲུུལ་སྐུའི་ཆ་ལུགས་མཉམ་གཞག་ལྷུང་བཟེད་བསྣམས།   །རང་རྩལ་སངས་རྒྱས་བྱང་སེམས་སྤྲིན་ཕུང་སྤྲོ།   །གང་འདུལ་མོས་ངོར་ཅིར་ཡང་འཆར་བར་གྱུར།   །ཅེས་གསལ་བཏབ་ལ། སྐྱབས་གནས་དཀོན་མཆོག་རྩ་གསུམ་རྒྱ་མཚོ་ལ།   །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད།   །ཡོན་ཏན་རྗེ་དྲན་རྡོ་རྗེའི་གླུ་ཡིས་བསྟོད།   ཉམས་ཆགས་ཀུན་བཤགས་དག་ཚངས་དངོས་གྲུབ་སྩོལ།   །ཅེས་ཚོགས་བསགས། སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས།   །འགྲོ་ཀུན་བདེ་ཆེན་ཞིང་དུ་དབྱུག་དབྱུང་གསོལ།   །ཨོཾ་ཨ་མི་ངྷེ་ཝ་ཧྲཱིཿ  ཞེས་ཅི་ནུས་བཟླས་མཐར། སྣང་ [39b] མཐའ་འོད་ཞུ་འཕགས་པའི་སྐུ་ལ་ཐིམ།   །འཕགས་པའི་སྐུ་ལས་འོད་འཕྲོས་སྟོང་ཁམས་ཁྱབ།   །རིགས་དྲུག་འཁོར་བ་དོང་ནས་སྤྲུགས་པར་གྱུར།   །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ   རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ།   །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ།   །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།   འཕགས་མ་ཡིད་བཞིན་འཁོར་ལོ་ཁྱེད་མཁྱེན་ནོ།   །བདག་ལ་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ།   །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨ་ཡུ་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ།   སྒྲོལ་མ་རྣམ་གཉིས་འཕགས་པའི་སྐུ་ལ་འདུས།   །འཕགས་པ་འོད་ཞུ་གུ་རུའི་སྐུ་ལ་ཐིམ།   །གུ་རུ་དགྱེས་པས་དགོངས་ཏེ་བཞུགས་པར་གྱུར།   །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།   །བར་ཆད་ཀུན་ཞི་བསམ་དོན་མྱུར་འགྲུབ་མཛོད།   །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།   དབང་དྲག་སྐུ་ལས་ལྕགས་སྡིག་མེ་མཚོན་འཕྲོས།   །ལོག་འདྲེན་རྒྱལ་བསེན་གདོན་ཚོགས་ཚར་བཅད་གྱུར།   །ཨོཾ་ཨཱཿཧཱུྃ་ཨརྩིག་ནི་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ་ཨ་ཧཱུྃ་ཧཱུྃ་ཕཊ།   བདུད་འདུལ་དྲག་མོས་ཉི་ཟླའི་ཆ་ལང་བརྡབ།   །བྱད་མ་དཔུང་བཅས་ཐལལ་བའི་རྡུལ་བརླགག་གྱུར།   །ཨ་ཀ་ས་མ་ར་ཙ་ཤ་ད་ར་ས་མ་ར་ཡ་ [40a] ཕཊ།   ཡི་དམ་མཁའ་འགྲོ་གུ་རུའི་སྐུ་ལ་འདུས།   །གུ་རུ་བདེ་ཆེན་རྒྱལ་པོའི་སྐུར་བཞེངས་ཏེ།   །དབུ་མའི་ལམ་བརྒྱུད་སྙིང་དབུས་པདྨོར་བཞུགས།   །ཕྱག་གི་བྷནྡྷའི་བདུད་རྩི་ཁོལ་ཞིང་ལུད།   །ལུས་ཀྱི་ནང་ཁེངས་ཟག་མེད་བདེ་བས་ཁྱབ།   །འཕོ་བྲལ་བདེ་ཆེན་རྡོ་རྗེའི་སྲོག་འགྲུབ་གྱུར།   །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ།   རང་ཉིད་དབང་ཆེན་སྐུ་ལས་འོད་དམར་འཕྲོས།   །སྣང་སྲིད་ཀུན་ཁྱབ་ལྷ་འདྲེ་མི་ལ་སོགས།   །རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་ནོན།   །མཐུ་སྟོབས་གཟི་བརྗིད་ཕྱོགས་ལས་རྣམ་རྒྱལ་གྱུར།   །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ།   སརྦ་ལོ་ཀ་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ།   སྣང་གྲགས་རྟོག་ཚོགས་ལྷ་ཡི་སྐུ་གསུང་ཐུགས།   །ཡེ་ཡིན་མ་བཅོས་ངང་དུ་མཉམ་པར་བཞག    །འདིར་འབད་བསོད་ནམས་འགྲོ་བ་ཡོངས་ལ་བསྔོ།   །དོན་གཉིས་ལྷུན་འགྲུབ་བཀྲ་ཤིས་དཔལ་འབར་ཤོག    །ཅེས་པའང་གདོང་ཐོག་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་གྱི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །། 
༈     །ཁྲོ་རྒྱལ་ཧཱུྃ་ཀཱ་རའི་རྒྱུན་ཁྱེར་ནི། ན་མོ།   བླ་མ་མཆོག་གསུམ་ཡི་དམ་ལྷར།   །གུས་པས་སྐྱབས་མཆི་ [40b] མཁའ་མཉམ་འགྲོ།   །བླ་མེད་བྱང་ཆུབ་མྱུར་ཐོབ་ཕྱིར།   །ཁྲོ་བོའི་རྒྱལ་པོ་བསྒོམ་པར་བགྱི།   །ཨོཾ་སྭ་བྷཱ་ཝ༴    སྐད་ཅིག་རང་ཉིད་ཁྲོ་རྒྱ་ཧཱུྃ་ཀཱ་ར༔   མཐིང་ནག་ཞལ་གསུམ་ཕྱག་དྲུག་འཇིགས་པའི་གཟུགས༔    གཡས་ཞལ་དཀར་གསལ་གཡོན་ཞལ་དམར་ནག་རྔམ༔     དང་པོའི་ཕྱག་གཉིས་རྡོ་རྗེས་དུང་ཁྲག་དཀྲུག༔     བར་མའི་ཕྱག་གཉིས་མདའ་གཞུ་འགེང་ཞིང་འཕེན༔   ཐ་མ་གཉིས་ཀྱི་རི་རབ་ཕུར་བུ་འདྲིལ༔    ཞབས་བཞི་གྱད་ཀྱི་འདོར་སྟབས་ལྷ་གདོན་བརྫིས༔     དུར་ཁྲོད་ཆས་རྫོགས་མེ་དཔུང་ཀློང་དུ་རོལ༔    ཐུགས་ཀར་ཉི་སྟེང་ཧཱུྃ་མཐར་སྔགས་ཀྱིས་བསྐོར༔   དེ་ལས་འོད་ཟེར་ཕར་འཕྲོས་དོན་གཉིས་བསྒྲུབ༔   ཚུར་འདུས་རང་ལུས་ནད་གདོན་སྡིག་སྒྲིབ་སྦྱང་༔    སྒོ་གསུམ་ཁྲག་འཐུང་ཆེན་པོའི་སྐུ་གསུང་ཐུགས༔     ཡེ་ཤེས་རྡོ་རྗེའི་ངོ་བོར་ལྷུན་རྫོགས་གྱུར༔    ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་གཟའ་སྐར་གྲིབ་གདོན་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ༔   ཅེས་བཟླས་མཐར་ཧཱུྃ་གསུམ་གྱིས་བསྡུ།   །ཕཊ་གསུམ་གྱིས་ལྡང་ལ་དགེ་བ་བསྔོའོ།   །ཞེས་པའང་བཻ་རེ་སྤྲུལ་སྐུ་པདྨ་རྒྱལ་མཚན་གྱི་གསུང་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བདུད་འཇོམས་ཕུར་པའི་གཞུང་ལས་ཁོལ་ཕྱུངས་སུ་བྲིས་པ་དགེ།   །། 

[41a] ༈ །རྡོ་རྗེ་སྡེར་མོའི་རྒྱུན་ཁྱེར་ནི། ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར། །རྡོ་རྗེ་སྡེར་མོ་བསྒོམ་པར་བགྱི། །ལན་གསུམ། དབྱིངས་ཡེ་ཟུང་འཇུག་ཧཱུཾ་ཡིག་འབར། །དེ་ལས་དུར་ཁྲོད་གཞལ་ཡས་སུ། །བདག་ཉིད་ལས་ཀྱི་མཁའ་འགྲོ་མ། །མཐིང་ནག་ཞལ་གཅིིག་ཕྱག་གཉིས་པ། །གཡས་པས་རལ་གྲི་བསམ་གཅོད་ཕྱར། །གཡོན་པས་རྡོ་རྗེ་ཕུར་བུ་འདྲིལ། །ཞབས་གཉིས་གར་སྟབས་དགྲ་བགེགས་བརྫིས། །དུར་ཁྲོད་འབར་བའི་ཆས་རྣམས་རྫོགས། །ཡེ་ཤེས་མེ་ཡི་ཀློང་ན་རོལ་། །ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་མཐར། །སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། །འོད་ཟེར་མེ་ཡི་ཚྭ་ཚྭ་འཕྲོས། །། ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེག །སྐུ་ལས་སྐུ་འཕྲོས་འཇིག་རྟེན་གང་། །གསུང་གི་དྲག་སྔགས་འབྲུག་ལྟར་སྒྲོགས། །ཐུགས་ནི་སྒྲོལ་མཛད་ཡེ་ཤེས་འབར། །བྱང་མ་ལྷ་དང་བཅས་པ་དང་། །བདུད་བགེགས་དགྲ་དང་དམ་སྲིའི་ཚོགས། །ཕུར་བུས་གདབ་ཅིང་ཐོ་བས་བརྡུང་། །ཕྱག་རྒྱས་མནན་ཅིང་བརླག་པར་བསམ། ། [41b] ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚན་བཛྲ་ངྷ་རོད་ཨ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝ་ཀ་ཙིིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་བཟླས་མཐར། ཧཱུྃ་ཧཱུྃ་ཧཱུྃ་གིས་བསྡུ། ཕཊ་ཕཊ་ཕཊ་ཀྱིས་ལྡང་། ཨོཾ་ཨཱཿཧཱུྃ་གིས་བསྲུང་། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སྡེར་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ས་ལ་འགོད་པར་ཤོག །ཅེས་ཟབ་བདུན་རྩ་གསུམ་ཚེ་ཟབ་ཆ་ལག་ལས་ཁོལ་དུ་ཕྱུངས་པ་པོ་ཛྙཱ་ནའོ།། །།

༈    ། གྲོ་ལོད་གསང་སྒྲུབ་རྒྱུན་ཁྱེར་བཞུགས། ན་མོ།   བླ་མ་དབང་དྲག་ཧེ་རུ་ཀར།   །སྐྱབས་མཆི་འགྲོ་དོན་བྱང་སེམས་བསྐྱེད།   །ལན་གསུམ། ཧཱུྃ།   སྐད་ཅིག་རང་ཉིད་གྲོ་བོ་ལོད།   །སྨུག་ནག་ཁྲོ་གཏུམ་ཨམ་གཙིགས་བསྡམས།   །གཡས་གཡོན་རྡོ་རྗེ་ལྕགས་ཕུར་གདེངས།   །ཟབ་བེར་ཆོས་གོས་སག་ལྷྭམ་གསོལ།   །དབུ་སྐྲ་གཡས་འཁྱིལ་དུང་ལུང་འཁྲོལ།   །ཐོད་རློན་ཕྲེང་བ་དོ་ཤལ་འཕྱང་།   །ཡེ་ཤེས་མེ་དཔུང་འབར་བའི་ཀློང་།   །སྟག་མོ་གྲུས་མའི་སྟེང་ན་འགྱིང་།   །ཐུགས་ཀར་ཉི་སྟེང་ཧཱུྃ་དམར་མཐར།   །རྩ་བའི་སྔགས་ཀྱིས་བསྐོར་བར་བསྒོམ།   །ཧཱུྃ་ཧཱུྃ་ཧཱུྃ།   ཞེས་དང་། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ [42a] ཧཱུྃ།   ཞེས་ཅི་འགྲུབ་བཟླས་མཐར།  ཧཱུྃ་ཧཱུྃ་ཧཱུྃ་གིས་འོད་གསལ་དུ་བསྡུ། ཕཊ་ཕཊ་ཕཊ་ཀྱིས་སླར་ཡང་སྐུར་ལྡང་།  དགེ་འདིས་བདག་དང་འགྲོ་བ་ཀུན།   །བདུད་འདུལ་གྲོ་ལོད་སྐུར་སྨིན་ནས།   །བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཏེ།   །འཁོར་བ་དོང་སྤྲུགས་བཀྲ་ཤིས་ཤོག    །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་བྱའོ།   །ཞེས་པའང་ཨ་རིའི་མོས་ལྡན་འགའི་ཉམས་ལེན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །རྟ་མགྲིན་རྒྱུན་ཁྱེར་ནི། སྐད་ཅིག་རང་ཉིད་དབང་ཆེན་ཧེ་རུ་ཀ   །ཁྲོ་གཏུམ་མི་བཟད་ཐོད་དབྱུག་མེ་ཞགས་འཛིན།   །དུར་ཁྲོད་ཆས་རྫོགས་སྤྱི་བོར་རྟ་ཞལ་མཚེར།   །ཞབས་གཉིས་འདོར་སྟབས་རྒྱལ་བསེན་གདོན་བགེགས་བརྫིས།   །མེ་དཔུང་ཀློང་དུ་ཆེ་བཙན་སྐུར་གསལ་བའི།   །ཐུགས་ཀར་ཉི་སྟེང་ཧྲཱིཿམཐར་སྔགས་ཀྱིས་བསྐོར།   །དེ་ལས་འོད་འཕྲོས་བརྟན་གཡོའི་དྭངས་བཅུད་བསྡུས།   །རང་ཐིམ་འཁོར་འདས་ཡོངས་ལ་དབང་བསྒྱུར་བསམ།   །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ།   ཅེས་པའང་ཛྙཱ་ནས་སོ།།   །། 
༈     །རྟ་ཕྱག་ཁྱུང་གསུམ་གྱི་རྒྱུན་ཁྱེར་ཤིན་ཏུ་བསྡུས་པ་ནི། སྐད་ཅིག་རང་ཉིད་རྟ་མགྲིན་སྐུར་གསལ་བའི།   །སྙིང་གར་ཕྱག་རྡོར་ [42b] སྤྱི་བོར་ཁྱུང་དམར་ལྡིང་།   །སྐུ་ལས་ཡེ་ཤེས་མེ་དཔུང་ཚྭ་ཚྭ་འཕྲོས།   །ནད་གདོན་མ་ལུས་གཞོབ་ཏུ་བསྲེག་པར་གྱུར།   །ཧྲཱིཿཧཱུྃ་ཁྲོཾ་ཕཊ༔   ཅེས་བཟླའོ།   །ཛྙཱ་ནས་སོ།།   །། 
༈     །རྟ་མགྲིན་རྒྱུན་ཁྱེར་མདོར་བསྡུས་ནི། བླ་མ་དབང་ཆེན་འབར་བར་སྐྱབས་སུ་མཆི།   །འགྲོ་ཀུན་དོན་དུ་རྣལ་འབྱོར་བསྒོམ་པར་བྱ།   །ལན་གསུམ། སྐད་ཅིག་དྲན་རྫོགས་རང་ཉིད་རྟ་མཆོག་དཔལ།   །དམར་ནག་ཁྲོ་གཏུམ་མི་བཟད་འཇིགས་པའི་སྐུ།   །ཕྱག་གཉིས་ཐོད་དབྱུག་མེ་ཡི་ཞགས་པ་འཛིན།   །ཞབས་ཟུང་འདོར་སྟབས་ཀླུ་གདོན་ཕོ་མོ་བརྫིས།   དུར་ཁྲོད་ཆས་རྫོགས་བསྐལ་མེ་འཁྲུགས་པའི་ཀློང་།   །ཁམས་གསུམ་ཟིལ་གནོན་སྐུ་རུ་གསལ་བ་ཡི།   །ཐུགས་དབུས་ཉི་སྟེང་ཧྲཱིཿཡིག་དམར་པོའི་མཐར།   །སྔགས་ཕྲེང་ལྕགས་སྲེག་མདོག་ཅན་རང་སྒྲར་བཅས།   །མགལ་མེ་ལྟ་བུར་འཁོར་ལས་འོད་འཕྲོས་པས།   །རང་ལུས་ནད་གདོན་སྡིག་སྒྲིབ་ལྷག་མེད་སྦྱངས།   །དོན་གཉིས་བྱས་འདུས་དབང་བྱིན་དངོས་གྲུབ་ཐོབ།   །སྣོད་བཅུད་ལྷ་སྔགས་ཡེ་ཤེས་འཁོར་ལོར་གྱུར།   །ཨོཾ་པདྨནྟ་ཀྲིཏ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ།   ཨོཾ་ཐིམ་ཐ་ར་ཏི་ས་ཏུནྟེ་ཛྭ་ལ་རཾ་པ་ཡེ་ [43a] སྭཱཧཱ།   ལྷར་སྣང་མི་དམིགས་འོད་གསལ་ངང་དུ་ཐིམ།   །སླར་ཡང་ཟུང་འཇུག་སྒྱུ་མའི་ཕྱག་རྒྱར་སད།   །དགེ་འདིས་འགྲོ་ཀུན་གསུང་མཆོག་ཧེ་རུ་ཀའི།   །གོ་འཕང་མྱུར་བ་བདུད་ལས་རྣམ་རྒྱལ་ཤོག    །ཅེས་པའང་བཙུན་མ་རིག་འཛིན་སྒྲོལ་མའི་ངོར་འཇིགསས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །ཉང་གཏེར་ཐུགས་རྗེ་ཆེན་པོའི་སྤྱན་འབྱེད་རྒྱུན་ཁྱེར་ནི།   བླ་མ་མཆོག་ལ་གུས་པས་འདུས།   ། སངས་རྒྱས་ཆོས་ཚོགས་ལན་གསུམ་བྱ།   ཚད་མེད་བཞི་བསྒོམ། སྭ་བྷཱ་ཝས་སྟོང་པར་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རང་སེམས་ཧྲཱིཿཡིག་དཀར་པོ་ལས་འོད་ཟེར་འཕྲོས།   འཕགས་པ་མཆོད།   སེམས་ཅན་གྱི་དོན་བྱས།   ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་གསལ་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ་ཞལ་གཅིག་ཕྱག་བཞི།   རྩ་བའི་ཕྱག་གཉིས་མིག་འབྱེད་སྔགས་ཆུ་མིག་ལ་བྱུག་པའི་ཕྱག་རྒྱ་ཅན།   གཡས་འོག་མས་དངུལ་དཀར་གྱི་བུམ་པ་བདུད་རྩིས་གང་བ་དང་།   གཡོན་འོག་མས་དངུལ་དཀར་གྱི་མེ་ལོང་རབ་འབྱམས་ཞིང་ཁམས་གསལ་བར་སྐུ་ཁྲུས་གསོལ་བ།   ཞབས་གཉིས་འགྲོ་ [43b] བའི་དོན་ལ་མངོན་པར་བཞེངས་པ།   སྐུ་ལ་དར་དང་རིན་པོ་ཆེའི་རྒྱན་སོགས་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཡོངས་སུ་རྫོགས་པ།   རི་དྭགས་ཀྲྀཥྞ་ས་རཱའི་ལྤགས་པས་ནུ་མ་གཡོན་པ་བཀབ་པ།   རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཧྲཱིཿཡིག་གི་མཐར་གཟུངས་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བ་ལས།   འོད་ཟེར་སྔགས་ནུས་ཕྱག་རྒྱའི་རྩེ་ལ་སྤྲོས་པས།   རླུང་མཁྲིས་བད་ཀན་འདུས་པའི་ནད་ལ་སོགསས་པ་ཕྱི་ནང་བར་འགྲིབ།   །སྔོ་རིབ་རྩ་དྲྭ་འཛེར།   སྐམ་རློན་འཚག་པ།   ལྤགས་ཚད་ལིང་ཐོག་ལ་སོགས་མིག་སྐྱོན་མིག་ནད་ཐམས་ཅད་སེལ་བའི་ནུས་སྟོབས་དང་ལྡན་པར་བསམ་ལ། ཏདྱ་ཐཱ།   ཨོཾ་ཧུ་ཡ་ཧུ་ཡ།   ཧུ་དུ་ཧུ་དུ།   ཀི་ལི་ཀི་ལི་ཙཀྵུཿམཻ་ཏྲི་ཤཱ་ཏྲཱུ་ན་ཡེ་སྭཱ་ཧཱ།   ཞེས་གཟུངས་སྔགས་གང་མང་བཟླས་མཐར།   སྔགས་ཆུའམ་སྔགས་མཆིལ་ལ་ཕུས་གདབ་ཅིང་མིག་གི་ནང་ནས་ཕྱིར་ཕྱིས།   དེ་ནས། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡོང་།   །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས།   །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས།   །སངས་རྒྱས་ཡེ་ཤེས་ [44a] སྤྱན་ནི་ཐོབ་པར་ཤོག    །ནམ་མཁའ་མེད་པར་གྱུར་ན་ཡང་།   །སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར།   །ལྷ་དང་དྲང་སྲོང་གིས་བཤད་པའི།   །རིག་སྔགས་བསླུ་བར་མི་འགྱུར་ན།   །འདོད་ཆགས་བྲལ་བས་བྱས་པ་ཡི།   །གསང་སྔགས་སྦྱོར་བས་བསླུས་པ་ནི།   །མ་བྱུང་འབྱུང་བར་མི་འགྱུར་རོ།   །སྔགས་དང་རྟེན་འབྲེལ་མི་བསླུ་ཞིང་།   །ཏིང་འཛིན་ནུས་པས་བསམ་མི་ཁྱབ།   །དཀོན་མཆོག་གསུམ་དང་རྩ་གསུམ་གྱི།   །བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས།   །བདག་གི་མིག་གི་དབང་པོ་འདི།   །འགྲིབ་མེད་རྟག་ཏུ་གསལ་གྱུར་ཅིག    །ཛ་ཡ་ཛ་ཡ་སུ་ཛ་ཡ།   ཅེས་བདེན་སྟོབས་བརྗོད། སྐྱོན་གྱིས་མ་གོས་སོགས་ཀྱིས་བསྟོད།   མཐར་ལྷང་སྣང་མི་དམིགས་པར་བཞག་ལ། དགེ་བ་འདི་ཡིས་མྱུར་དུ་བདག    །སྤྱན་རས་གཟིགས་དབང་འགྲུབ་སོགས་ཀྱིས་དགེ་བ་བསྔོའོ།   །ཞེས་པའང་རྩ་བའི་གཞུང་ལས་ཛྙཱ་ནས་བཏུས་པ་དགེ།   །། 
༈      །ཉང་གཏེར་ཐུགས་ཆེན་མིག་འབྱེད་རྒྱུན་ཁྱེར་ནི།  སྐད་ཅིག་དྲན་རྫོགས་རང་ཉིད་སྤྱན་རས་གཟིགས།   ཞལ་གཅིིག་ཕྱག་བཞི་ཞབས་གཉིས་མཉམ་པར་བཞེངས།   །རྩ་བའི་ཕྱག་གཉིས་མིག་འབྱེད་ཕྱག་རྒྱ་ཅན།   །ལྷག་ [44b] གཉིས་བུམ་པ་དང་ནི་མེ་ལོང་འཛིན།   །རབ་འབྱམས་རྒྱལ་བའི་ཞིང་ལ་སྐུ་ཁྲུས་གསོལ།   །སྐུ་ལ་དར་དང་རིན་པོ་ཆེ་ཡིས་བརྒྱན།   །ཐུགས་ཀར་ཟླ་སྟེང་ཧྲཱིཿམཐར་སྔགས་ཀྱིས་བསྐོར།   །དེ་ལས་འོད་འཕྲོས་ཕྱག་རྒྱའི་རྩེ་བརྒྱུད་དེ།   །མིག་འབྲས་ལ་ཐིམ་མིག་ནད་ཀུན་སྦྱངས་ཏེ།   །འགྲིབ་མེད་ཡེ་ཤེས་སྤྱན་ལ་དབང་ཐོབ་བསམ།   ཏདྱ་ཐཱ།   ཨོཾ་ཧུ་ཡ་ཧུ་ཡ།   ཧུ་དུ་ཧུ་དུ།   ཀཱི་ལི་ཀཱི་ལི་ཙཀྵུཿམཻ་ཏྲི་ཤཱ་ཏྲཱུ་ན་ཡེ་སྭཱ་ཧཱ།   ཞེས་བརྒྱའམ་ཉེར་གཅིག་ཉུང་མཐའ་བྱས་ཏེ་བཟླས་པའི་སྔགས་ཆུའམ་སྔགས་མཆིལ་སྲིན་ལག་གཉིས་ཀྱིས་མིག་གི་ཁུག་ནས་ཕྱིར་དེད་པའི་ཚུལ་གྱིས་བྱུགས།   མཐར་མི་དམིགས་པར་བཞག་ལ། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་།   །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས།   །ནམ་མཁའི་མཐའ་ཀླས་གྱུར་པའི་སེམས་ཅན་རྣམས།   །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག    །དགེ་བ་འདི་ཡིས་མྱུར་དུ་བདག    །སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས།   །འགྲོ་བ་གཅིག་ཀྱང་མ་ལུས་པ།   །དེ་ཡི་ས་ལ་འགོད་པར་ཤོག    །ཅེས་དགེ་བ་བསྔོས་ཏེ་སྤྱོད་ལམ་ལ་འཇུག་གོ།   །ཞེས་པའང་ཛྙཱ་ནས་གཏེར་གཞུང་ལས་བཏུས་པ་དགེ།   །། 

[45a] ༈ །ཀུན་བཟང་སྒྲུབ་ཐབས་ཉམས་ལེན་ནི། རང་རིག་ཀུན་ཏུ་བཟང་པོ་ལ། །འདུ་འབྲལ་མེད་པར་སྐྱབས་སུ་འཆི། །མ་རིག་འཁྲུལ་པའི་སེམས་ཅན་ལ། །རང་གྲོལ་ཁྱམ་བརྡལ་སེམས་མཆོག་བསྐྱེད། །ཨ། རང་སྣང་རྣམ་དག་འོག་མིན་ཞིང་། །ཡེ་ཤེས་ལྔ་ལྡན་གཞལ་ཡས་དབུས། །མ་ཆགས་པདྨ་ཉི་ཟླའི་སྟེང་། །རང་རིག་མ་བཅོས་ཀུན་ཏུ་བཟང་། །མཐིང་གསལ་མཉམ་གཞག་ཕྱག་རྒྱ་ཅན། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །པང་དུ་ཆོས་ཉིད་ཀུན་བཟང་མོ། །དཀར་གསལ་མགུལ་ནས་འཁྱུད་དང་སྦྱོར། །གཉིས་ཀའང་གཅེར་བུ་གཞོན་ཚུལ་མཛེས། །འཇའ་ཟེར་འོད་ཕུང་འཕྲོ་བའི་ཀློང་། །སྣང་སྟོང་སྒྱུ་མའི་སྐུ་རུ་གསལ། །ཐུགས་ཀར་ཟླ་སྟེང་ཨ་དཀར་ལ། །སྔགས་ཀྱིས་བསྐོར་ལས་འོད་ཟེར་འཕྲོས། །ཁམས་གསུམ་བརྟན་གཡོའི་དངོས་ཀུན་ཁྱབ། །ཀུན་ཀྱང་ཡེ་ཤེས་རོལ་པའི་རྒྱན། །ལྷ་སྔགས་ཆོས་ཉིད་བདེ་བ་ཆེ། །ཧཱུྃ་བཛྲ་ཙིཏྟ་བཛྲ་ས་མནྟ་བྷ་དྲ་ཨོཾ། ཞེས་བཟླས་ལ་དམིགས་མེད་དུ་བཞག ། འཁོར་འདས་གཉིས་སུ་སྣང་བའི་ཆོས། །གཉིས་མེད་མཉམ་ཉིད་ཆེན་པོར་སྨིན། །འཕོ་འགྱུར་ [45b] བྲལ་བའི་གཤིས་ཐོག་ཏུ། །རང་ས་ཟིན་པའི་བཀྲ་ཤིས་ཤོག །ཅེས་པའང་ཆོས་ཉིད་ལྷ་མོས་བསྐུལ་བའི་ངོར་ཛྙཱ་ནས་སོ།། །།

༈     །སྐད་ཅིག་རང་ཉིད་དབང་ཆེན་རྟ་མགྲིན་རྒྱལ།   །དམར་ནག་དུར་ཁྲོད་ཆས་རྫོགས་གྲི་ཐོད་འཛིན།   །ཕག་མོ་ཡུམ་འཁྲིལ་ཡེ་ཤེས་མེ་ཀློང་འགྱིང་།   །སྣང་སྲིད་ཟིལ་གྱིས་གནོན་པའི་སྐུ་རུ་གྱུར།   །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ།   ཅེས་བཟླས་ལ་མཉམ་པར་གཞག་གོ།   །ཞེས་པའང་ཛྙཱ་ནས་སོ།།   །། 
༈    །རྡོར་སེམས་རྒྱུན་ཁྱེར་བཞུགས། ན་མོ།   བླ་མ་མཆོག་གསུམ་ཡི་དམ་ལྷར།   །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ།   །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར།   །རྡོ་རྗེ་སེམས་དཔའ་བསྒོམ་པར་བགྱི།   །ཨ།   སྟོང་གསལ་ངང་ལས་དྲན་རྫོགས་སུ།   །གནས་ཡུལ་བདེ་ཆེན་ཕོ་བྲང་དབུས།   །རང་ཉིད་རྡོ་རྗེ་སེམས་དཔའ་དཀར།   །ཞལ་གཅིག་ཕྱག་གཉིས་རྡོ་དྲིལ་འཛིན།   །སྙེམས་མ་ཡུམ་དང་བདེ་བར་སྦྱོར།   །ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན།   །པདྨ་ཉི་ཟླའི་གདན་སྟེང་དུ།   །སྐྱིལ་ཀྲུང་འོད་ཕུང་ལམ་མེར་བཞུགས།   །ཕུང་ཁམས་རྒྱལ་བ་ཞི་ཁྲོའི་ལྷ།   །མ་བསྐྱེད་ཡེ་རྫོགས་བདེ་བ་ཆེ།   །གདོད་ནས་དམ་ཡེ་ [46a] དབྱེར་མེད་པའི།   །ཐུགས་དབུས་ཟླ་སྟེང་རྡོ་རྗེའི་ལྟེར།   །ཧཱུྃ་མཐར་སྔགས་ཀྱིས་བསྐོར་བ་ལས།   །འོད་འཕྲོས་རྒྱལ་མཆོད་འགྲོ་སྒྲིབ་སྦྱངས།   །སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན།   །རྡོ་རྗེ་གསུམ་གྱི་རོལ་པར་བལྟ།   །ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་དང་ཡིག་དྲུག་བཟླ། ལྷར་སྣང་མི་དམིགས་སྟོང་ཆེན་དབྱིངས།   །སྟོང་པའི་རང་གདངས་ལྷ་སྐུར་ཤར།   །འགགས་མེད་ཡེ་ཤེས་སྒྱུ་མའི་སྐུས།   །མཁའ་མཉམ་འགྲོ་བའི་དོན་ལ་འཇུག    །དགེ་བ་འདི་ཡིས་མྱུར་དུ་བདག    །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས།   །འགྲོ་བ་གཅིག་ཀྱང་མ་ལུས་པ།   །དེ་ཡིས་ལ་འགོད་པར་ཤོག    །ཅེས་བསྔོ་སྨོན་དང་ཤིས་པ་བརྗོད།   ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །རྡོར་སེམས་རྒྱུན་ཁྱེར་ནི། སྐད་ཅིག་སྟོང་གསལ་ངང་ཉིད་ལས།   །སེང་ཁྲི་པཔདྨ་ཉི་ཟཟླའི་སྟེང་།   །རང་ཉིད་རྡོར་སེམས་ཟླ་བའི་མདོག    །ཞི་འཛུམ་མཚན་དཔེའི་ལང་ཚོ་འབར།   །རྡོ་དྲིལ་འཛིན་པས་ཡབ་ལ་འཁྱུད།   །ལོངས་སྤྱོད་རྒྱན་རྫོགས་སྐྱིལ་ཀྲུང་གིས།   །སྣང་སྟོང་འཇའ་འོད་ཀློང་དུ་རོལ།   །ཐུགས་དབུས་ཟླ་སྟེང་རྡོ་རྗེའི་ལྟེར།   །ཧཱུྃ་མཐར་ཡིག་བརྒྱས་བསྐོར་ [46b] བ་ལས།   །འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས།   །སྣང་གྲགས་རིག་པ་མ་བཅོས་པ།   །ཡེ་ཤེས་ཆེན་པོའི་རོལ་པར་སད།   །ཅེས་ཡིག་བརྒྱ་བཟླས་མཐར་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ།   །ཛྙཱ་ནས་སོ།།   །། 
༈    །རྗེ་བཙུན་སྒྲོལ་མའི་རྒྱུན་ཁྱེར་ནི། ན་མོ།   རྒྱལ་ཡུམ་རྗེ་བཙུན་འཕགས་མ་ལ།   །སྙིང་ནས་གུས་པས་སྐྱབས་སུ་མཆི།   །འགྲོ་ཀུན་སྡུག་བསྔལ་ལས་སྒྲོལ་ཕྱིར།   །ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི།   །ལན་གསུམ། ཨ།   ཆོས་ཉིད་སྟོང་པའི་ངང་ཉིད་ལས།   །ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་འཕྲུལ།   །གནས་ཡུལ་དག་པའི་ཞིང་གི་དབུས།   །རང་སེམས་ཏཱྃ་ལྗང་ཡོངས་གྱུར་ལས།   །འཕགས་མ་སྒྲོལ་མ་མརྒད་མདངས།   །ཞི་འཛུམ་བརྒྱད་གཉིས་ལང་ཚོས་མཛེས།   །ཕྱག་གཡས་པུས་སྟེང་མཆོག་སྦྱིན་མཛད།   །གཡོན་པས་ཐུགས་ཀར་མཐེབ་སྲིན་གྱིས།   །ཨུཏྤལ་འཛིན་སྙན་ཐོད་གྲོལ།   །ཞབས་གཡས་བརྐྱང་པའི་རོལ་སྟབས་ཀྱིས།   །པདྨ་ཟླ་བའི་གདན་ལ་བཞུགས།   །དབུ་སྐྲ་སྤྱིར་བཅིངས་ལྷག་མ་གྲོལ།   །སྤྱི་བོར་རིགས་བདག་སྣང་མཐས་མཚན།   །རིན་ཆེན་རྒྱན་ཕྲེང་དར་ཤམ་སོགས།   །ལོངས་སྤྱོད་ [47a] ཆས་རྫོགས་འོད་ཀློང་རོལ།   །གནས་གསུམ་ཨོཾ་ཨཱཿཧཱུྃ་དང་ནི།   །ཐུགས་ཀར་ཟླ་སྟེང་ཏཱྃ་ལྗང་ཀུ།   །དེ་ལས་འཕྲོས་པའི་འོད་ཟེར་གྱིས།   །གཡུ་ལོ་བཀོད་ནས་ཡེ་ཤེས་སེམས།   །སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར།   །ཨོཾ།   པོ་ཏ་ལ་ཡི་གནས་མཆོག་ནས།   །ཏཱྃ་ཡིག་ལྗང་ཁུ་ལས་འཁྲུངས་ཤིང་།   །ཏཱྃ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ།   །།   སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ།   །ཞེས་སྤྱན་དྲངས། པདྨ་ཀ་མ་ལ་ཡེ་སྟྭཾ་གྱིས་བཞུགས་སུ་གསོལ། ཨ་ཏི་པཱུ་ཧོཿ    པྲ་ཏཱིཙྪ་ཧོཿ ས་ཕྱག་བྱ། ཨོཾ་ཨརྻ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ལྷ་དང་ལྷ་མིན་ཅོད་པན་གྱིས།   །ཞབས་ཀྱི་པདྨོ་ལ་བཏུད་ཅིང་།   །ཕོངས་པ་ཀུན་ལས་སྒྲོལ་མཛད་མ།   །སྒྲོལ་མ་ཡུམ་ལ་ཕྱག་འཚལ་བསྟོད།   །ཅེས་བསྟོད། ཐུགས་ཁའི་ཏཱྃ་མཐར་སྔགས་ཀྱིས་བསྐོར།   །དེ་ལས་འོད་འཕྲོས་རྒྱལ་ཀུན་མཆོད།   །འགྲོ་བའི་སྒྲིབ་བསལ་འཁོར་འདས་ཀྱི།   །དྭངས་བཅུད་ཀུན་བསྡུས་རང་ལ་ཐིམ།   །ཁྱབ་བདག་མྱུར་མ་དཔའ་མོ་ཡི།   །ཕྲིན་ལས་མངའ་དབང་བརྙེས་པར་གྱུར།   །ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ།   ཞེས་ཅི་ནུས་སུ་བཟླ།   ཐུན་མཚམས་སུ་ཕྱག་ [47b] འཚལ་ཉེར་གཅིག་མ་སོགས་གང་འགྲུབ་དང་།   བསྡུ་ན། རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ།   །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ།   །ཞེས་གསོལ་འདེབས་ལན་བདུན་མཐར། དམ་ཚིག་ཡེ་ཤེས་དབྱེར་མེད་པའི།   །ལྷ་སྐུའི་སྣང་ཆ་དབྱིངས་སུ་ཡལ།   །སླར་ཡང་ཡེ་ཤེས་སྒྱུ་མའི་སྐུས།   །གང་འདུལ་འགྲོ་བའི་དོན་དུ་འཇུག    །ཨོཾ་ཨཱཿཧཱུྃ།   ཞེས་བསྡུ་ལྡང་བྱས་ལ། དགེ་བ་འདི་ཡིས་མྱུར་དུ་བདག    །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས།   །འགྲོ་བ་གཅིག་ཀྱང་མ་ལུས་པ།   །དེ་ཡི་ས་ལ་འགོད་པར་ཤོག  །ཅེས་དགེ་བ་བསྔོ། འཇིགས་པ་ཀུན་ལས་ཡོངས་སྐྱོབ་ཅིང་།   །འདོད་དོན་ཡིད་བཞིན་སྩོལ་མཛད་མ།   །རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཀྱིས།   །བཀྲ་ཤིས་མི་འགྱུར་འཕེལ་རྒྱས་ཤོག    །ཅེས་ཤིས་པ་བརྗོད་དོ།   །ཞེས་པའང་ཡེ་ཤེས་ཆོས་མཚོའི་ངག་འདོན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །མཚོ་རྒྱལ་སྒྲུབ་ཐབས་བཅུད་བསྡུས་ནི། བླ་མ་ཡེ་ཤེས་མམཁའ་འགྲོ་མར།   །སྐྱབས་མཆི་འགྲོ་དོན་བྱང་སེམས་བསྐྱེད།   །རང་ཉིད་སྐད་ཅིག་དྲན་རྫོགས་སུ།   །རྡོ་རྗེ་རྣལ་འབྱོར་མཚོ་རྒྱལ་སྐུར།   །གསལ་བའི་ཐུགས་སྲོག་སྔགས་ཕྲེང་ལས།   །འོད་ཟེར་འཕྲོ་འདུས་དོན་གཉིས་བྱས།   ། [48a] སྣང་གྲགས་ལྷ་སྔགས་ཆོས་ཉིད་དང་།   །བདེ་ཆེན་ཐིག་ལེ་གཅིག་ཏུ་འཁྱིལ།   །ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་བྃ་ཧ་རི་ནི་ས་སིདྡྷི་ཧཱུྃ།   བསྐྱེད་པའི་སྣང་ཆ་སྟོང་པར་སད།   །སྟོང་པའི་རང་རྩལ་ལྷ་རུ་ཤར།   །འདིར་འབད་བསོད་ནམས་འགྲོ་ལ་བསྔོ།   །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག    །ཨ་རིའི་དད་ལྡན་ཕོ་མོ་འགའི་ཉམས་ལེན་ཁྱེར་བདེར་ཛྙཱ་ནས་བྲིས།།   །། 
༈    །སྨེ་བརྩེགས་རྒྱུན་ཁྱེར་ནི། ན་མོ།   བླ་མ་མཆོག་གསུམ་ཡི་དམ་ལྷར།   །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ།   །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར།   །སྨེ་བ་བརྩེགས་པ་བསྒོམ་པར་བགྱི།   །ལན་གསུམ། སྟོང་པའི་ངང་ལས་སྐད་ཅིག་གིས།   །།   སྣ་ཚོགས་པད་ཉིའི་གདན་སྟེང་དུ།   །རང་ཉིད་ཁྲོ་ཆེན་སྨེ་བརྩེགས་ནི།   །མཐིང་ནག་འོད་ཟེར་ཀུན་འཕྲོ་བ།   །ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད།   །ཁྲོ་བོའི་ཆ་ལུགས་རྫོགས་པར་བསྒོམ།   །གནས་གསུམ་ཡི་གེའི་འཕྲོ་འདུ་ལས།   །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ།   །ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་མཐར།   །བཟླས་སྔགས་མགལ་མེའི་འཁོར་ལོ་བཞིན།   །མེ་ཡི་ཚྭ་ཚྭ་འཁྲུགས་ཤིང་འཕྲོས།   ། [48b] གནོད་བྱེད་ཉམས་ཆག་ཀུན་བསྲེག་གྱུར།   །ཨོཾ་བྷུར་ཀུར་མ་ཧཱ་པྲ་ཎཱ་ཡ་བྷུར་ཙི་བྷུར་ཀི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷོ་རཱ་ཛ་ཧཱུྃ་ཕཊ།   །ཅེས་ཉམས་གྲིབ་ཆེན་པོ་ལ་བརྒྱ་རྩ།   འབྲིང་པོ་ལ་ལྔ་བཅུ།   ཆུང་ངུར་ཉེར་གཅིག་རེ་བཟླས་ཏེ་སྣ་བུག་ཏུ་ཕུས་གདབ། སྣོད་བཅུད་རང་ཐིམ་རང་ཉིད་ཀྱང་།   །འོད་གསལ་གཉུག་མའི་ངང་དུ་ཡལ།   །སླར་ཡང་ཁྲོ་རྒྱལ་སྐུར་ཤར་ཏེ།   །མི་མཐུན་ཕྱོགས་ཀུན་བསྲུང་བར་གྱུར།   །དགེ་བ་འདི་ཡི་ས་མྱུར་དུ་བདག    །སྨེ་བ་བརྩེགས་པ་འགྲུབ་གྱུར་ནས།   །འགྲོ་བ་གཅིག་ཀྱང་མ་ལུས་པ།   །དེ་ཡིས་ལ་འགོད་པར་ཤོག    །ཅེས་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་དོ།   །ཞེས་པའང་ཛྙཱ་ནས་སོ།།   །། 
༈    །སྨེ་བརྩེགས་རྒྱུན་ཁྱེར་ཤིན་ཏུ་བསྡུས་པ་ནི།   སྐྱབས་སེམས་སྔོན་དུ་འགྲོ་བས། སྐད་ཅིག་རང་ཉིད་སྨེ་བ་བརྩེགས།   །མཐིང་ནག་ཁྲོ་གཏུམ་མི་བཟད་རྔམས།   །ཕྱག་གཉིས་ཐུགས་ཀར་སྡིགས་མཛུབ་མཛད།   །པད་ཉིར་ཞབས་གཉིས་འདོར་སྟབས་བསྒྲད།   །དུར་ཁྲོད་ཆས་རྫོགས་མེ་ཀློང་རོལ།   །ཐུགས་ཀར་ཉི་སྟེང་ཧཱུྃ་མཐིང་མཐར།   །བཟླས་སྔགས་མགལ་མེད་འཁོར་ལོ་བཞིན།   །མེ་ཡི་ཚྭ་ཚྭ་འཁྲུགས་ཤིང་འཕྲོས།   །གནོད་བྱེད་ཉམས་ཆག་ཀུན་བསྲེག་གྱུར།   ། [49a] ཨོཾ་བྷུར་ཀུར་མ་ཧཱ་པྲ་ཎཱ་ཡ་བྷུར་ཙི་བྷུར་ཀི་བི་མ་ལེ་ཨུ་ཙུཥྨ་ཀྲོ་དྷོ་རཱ་ཧཱུཾ་ཕཊ།   ཞེས་གང་མང་བཟླས་ལ་སྣ་བུག་ཏུ་ཕུས་གདབ།   ཁྲུས་ཆུ་བསྒྲུབ་ན་སྔགས་ཆུར་གདབ་སྟེ་ཁྲུས་བྱ།   མཐར་ལྷ་མི་དམིགས་པར་བཞག་ལ་དགེ་བ་བསྔོའོ།   །ཞེས་པའང་ཛྙཱ་ནས་སོ།།   །། 
༈     །འཕགས་མ་ནོར་རྒྱུན་མའི་རྒྱུན་ཁྱེར་ནི། ན་མོ།   བླ་མ་མཆོག་གསུམ་རྗེ་བཙུན་མར།   །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ།   །དབུལ་ཕོངས་སྡུག་བསྔལ་ལས་གྲོལ་ཕྱིར།   །ནོར་རྒྱུན་ལྷ་མོ་བསྒྲུབ་པར་བགྱི།   །ལན་གསུམ། རང་ཉིད་སྐད་ཅིག་དྲན་རྫོགས་སུ།   །འཕགས་མ་ནོར་རྒྱུན་ལྷ་མོ་ནི།   །སྐུ་མདོག་ལྗང་སེར་མཚན་དཔེས་མཛེས།   །ཕྱག་གཡས་འབྲས་ཀྱི་སྙེ་མ་དང་།   །གཡོན་པས་ཡིད་བཞིན་ནོར་བུ་འཛིན།   །སྐུ་ལ་དར་དང་རིན་ཆེན་བརྒྱན།   །ལོངས་སྤྱོད་ཆས་རྫོགས་ཕྱེད་སྐྱིལ་བཞུགས།   །འོད་དང་འོད་ཟེར་འཕྲོ་བའི་ཀློང་།   །དགྱེས་འཛུམ་མེར་གྱིས་བཞུགས་པ་ཡི།   །ཐུགས་དབུས་ཟླ་སྟེང་ཏཱྃཿལྗང་ཁུ།   །དེ་མཐར་སྔགས་ཕྲེང་གཡོན་དུ་འཁོར།   །བཟླས་པས་ཐུགས་དམ་རྒྱུད་བསྐུལ་ཏེ།   །འོད་དང་འོད་ཟེར་དཔག་ཡས་འཕྲོས།   །སྣོད་བཅུད་ཀུན་ཁྱབ་འགྲོ་ [49b] རྣམས་ཀྱི།   །དབུལ་ཕོངས་སྡུག་བསྔལ་རྒྱུ་བཅས་སྦྱངས།   །མི་ཟད་གཏེར་ལ་ལོངས་སྤྱད་ནས།   །བསོད་ནམས་ཡེ་ཤེས་ཚོགས་རྫོགས་གྱུར།   །ཨོཾ་བ་སུ་ངྷ་ར་ནི་སྭཱ་ཧཱཿ   ཞེས་དང་།  ཨོཾ་ཏཱྃ་སྭཱ་ཧཱཿ    ཞེས་གང་མང་བཟླས་མཐར། ལྷར་སྣང་འོད་གསལ་དབྱིངས་སུ་ཐིམ།   །སླར་ཡང་སྒྱུ་མའི་ཕྱག་རྒྱར་ཤར།   །དགེ་འདིས་མཐའ་ཡས་འགྲོ་བ་ཀུན།   །བསོད་ནམས་ཡེ་ཤེས་ཚོགས་རབ་རྫོགས།   །མི་ཟད་གཏེར་ལ་ལོངས་སྤྱོད་པས།   །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག    །ཅེས་བསོད་ནམས་ཆོས་སྒྲོན་གྱི་ངོར་ཛྙཱ་ནས་སོ།།   །། 
༈     །གཙུག་ཏོར་གདུགས་དཀར་མོའི་རྒྱུན་ཁྱེར་འབར་བའི་ཐོག་བརྩེགས་ནི། ན་མོ་གུ་རུ་ཨཥྞི་ཥ་ཡ།   སྦྱོར་བ་ནི། བླ་མ་མཆོག་གསུམ་གདུགས་དཀར་མོར།   །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ།   །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར།   །གཙུག་གཏོར་འབར་མ་བསྒོམ་པར་བགྱི།   །ཞེས་སྐྱབས་སེམས་དང་། སེམས་ཅན་བདེ་དང་ལྡན་གྱུར་ཅིག    །སྡུག་བསྔལ་ཀུན་དང་བྲལ་བར་ཤོག    །བདེ་དང་རྟག་ཏུ་མི་འབྲལ་ཞིང་།   །ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག    །ཅེས་ཚད་མེད་བཞི་བསྒོམ།   དངོས་གཞི་ནི། ཆོས་རྣམས་སྟོང་པའི་ངང་ཉིད་ལས།   ། [50a] མི་ཕྱེད་རྡོ་རྗེའི་སྲུང་འཁོར་དབུས།   །མཚན་རྫོགགས་རིན་ཆེན་གཞལ་ཡས་ལྟེར།   །སེང་ཁྲི་པད་ཟླའི་གདན་གྱི་སྟེང་།   །ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན།   །དེ་ལས་འོད་འཕྲོས་འཕགས་པ་མཆོད།   །སེམས་ཅན་དོན་བྱས་གདོན་བགེགས་བཅོམ།   །ཚུར་འདུས་ཡོངས་གྱུར་སྐད་ཅིག་གིས།   །རང་ཉིད་གཙུག་ཏོར་རྒྱལ་མོ་དཀར།   །ཞི་སྒེག་ཁྲོ་རྔམས་དབུ་སྟོང་ལྡན།   །བྱེ་བ་བརྒྱ་སྟོང་སྤྱན་གྱིས་གཏམས།   །ཕྱག་སྟོང་འཁོར་ལོ་གདུགས་དཀར་སོགས།   །འབར་བའི་མཚོན་ཆ་སྣ་ཚོགས་འཆང་།   །ཞབས་སྟོང་བརྐྱང་བསྐུམ་རོལ་སྟབས་ཀྱིས།   །གདོན་བགེགས་འབྱུང་པོའི་ཚོགས་རྣམས་གནོན།   །ལྷ་རྫས་རིན་ཆེན་རྒྱན་ཆས་ཀླུབས།   །འོད་ཟེར་སྣང་བ་འབྱམས་ཀླས་དབུས།   །རྡོ་རྗེ་ཡངས་པ་ཆེན་པོ་ཡིས།   །ས་གསུམ་དཀྱིལ་འཁོར་དབང་མཛད་མ།   །ཆེ་བའི་བདག་ཉིད་ཆེན་མོར་གྱུར།   །གནས་གསུམ་འབྲུ་གསུམ་ཐུགས་དབུས་སུ།   །ཟླ་སྟེང་ཨོཾ་ཡིག་དཀར་པོས་མཚན།   །དེ་ལས་འོད་འཕྲོས་རང་འདྲ་བའི།   །ཡེ་ཤེས་སེམས་མ་སྤྱན་དྲངས་ཐིམ།   །བཛྲ་ས་མཱ་ཛཿ   ཛ་ཧཱུྃ་བཾ་ཧོཿ གཉིས་མེད་གྱུར།   ། [50b] སླར་ཡང་དབང་ལྷ་སྤྱན་དྲངས་ཏེ།   །བུམ་པའི་བདུད་རྩིས་དབང་བསྐུར་བས།   །།   ལུས་ངག་སྒྲིབ་དག་རྣམ་སྣང་མཛད།   །གཙོར་བྱས་རིགས་ལྔས་དབུ་བརྒྱན་གྱུར།   །ཐུགས་སྲོག་མཐའ་མར་སྔགས་ཕྲེང་ནི།   །མུ་ཏིག་མདངས་འོད་འཚེར་བས་བསྐོར།   །འོད་འཕྲོས་སངས་རྒྱས་བྱང་སེམས་ཀྱི།   །བྱིན་རླབས་ནུས་པ་ཐམས་ཅད་བསྡུས།   །རང་ཐིམ་མཐུ་སྟོབས་ཡེ་ཤེས་རྒྱས།   །གང་འདུལ་ཕྲིན་ལས་རྣམ་པ་བཞི།   །ཐོགས་མེད་ཡིད་བཞིན་འགྲུབ་པར་གྱུར།   ཏདྱ་ཐཱ།   ཨོཾ་ཨ་ན་ལེ།   །ཨ་ན་ལེ།   ཁ་ས་མེ།   ཁ་ས་མེ།   བཻ་རེ་བཻ་རེ།   སཽ་མེ་སཽ་མེ།   སརྦ་བུདྡྷ་ཨ་དྷིཥྛི་ན་ཨ་དྷིཥྛི་ན་ཨ་དྷིཥྛི་ཏེ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུྃ་ཕཊ།   ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱ།   ཞེས་བསྙེན་པའི་སྔགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཧཱུཾ་ཕཊ།   ཧཱུྃ་མ་མ་ཧཱུྃ་ནི་སྭཱ་ཧཱ།   ཞེས་སྙིང་པོ་ཅི་འགྲུབ་བཟླ། ཕྱག་རྒྱ་བསྒོམས་ཤིང་རིགས་སྔགས་བཟླས་པའི་བདེན་སྟོབས་ཀྱིས་བདག་དང་བསྲུང་བྱ་གདོན་དང་འཇིགས་པ་ཐམས་ཅད་ལས་བསྲུང་བར་མོས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུག་དཀར་མོ་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ།   ཕྱག་སྟོང་མངའ་བ་ཆེན་མོ།   དབུ་སྟོང་ [51a] མངའ་བ་ཆེན་མོ།   །སྤྱན་བྱེ་བ་བརྒྱ་སྟོང་མངའ་བ་ཆེན་མོ།   །མི་ཕྱེད་འབར་བའི་མཚན་རྟགས་ཅན།   རྡོ་རྗེ་ཡངས་པ་ཆེན་པོ་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་པ་ཆེན་མོས་ཀུན་ནས་བདག་ཅག་འཁོར་དང་བཅས་པ་ལ་བསྲུང་དུ་གསོལ་ལོ།   །འཇིགས་པ་དང་གདོན་ཐམས་ཅད་ལས་བདག་བདེ་ལེགས་སུ་གྱུར་ཅིག  །   རིམས་ལ་སོགས་པའི་ནད་ཐམས་ཅད་རབ་ཏུ་བསལ་དུ་གསོལ་ལོ།   །རིག་པ་དང་ཕྱག་རྒྱའི་ཚོགས་ཐམས་ཅད་ཀྱིས་བདག་ལ་བསྲུང་དུ་གསོལ་ལོ།   །ཏདྱ་ཐཱ།   ཨོཾ་སརྦ་ཏ་ཐཱ་ག་ཏ་ཨོཾ་ཥྚོཾ་བནྡྷ་བནྡྷ་མ་མ་རཀྵ་རཀྵ་སྭཱ་ཧཱ།   ཨོཾ་ཥྚོཾ་བནྡྷ་བནྡྷ་བཛྲ་མ་མ་རཀྵ་རཀྵ་བཛྲ་པཱ་ཎི་ཧཱུཾ་ཕཊ་སྭཱ་ཧཱ།   ཅེས་ཅི་ནུས་བཟླས་ལ། སེམས་ཅན་གང་སུ་དག་བདག་ལ་གདུག་པ་དང་།   དྲག་ཤུལ་དང་།   །སྡིག་པ་དང་།   འཁྲུགས་པ་དང་།   སྡང་བ་དང་།   དེ་དག་གི་སེམས་དང་ལྡན་པ་རྣམས་བྱམས་པའི་སེམས་དང་ལྡན་པར་གྱུར་ནས་བདག་དང་སེམས་ཅན་ཐམས་ཅད་བསྲུང་དུ་གསོལ།  ལོ་བརྒྱ་འཚོ་བར་གྱུར་ཅིག    །སྟོན་བརྒྱ་མཐོང་བར་གྱུར་ཅིག  །ཅེས་བརྗོད། སྐུ་ལས་མེ་མཚོན་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་ཕས་རྒོལ་ [51b] བྱད་ཕུར་རྦོད་གཏོང་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་གཟིར་ཟློག་བཅིངས་ཏེ་ཚར་བཅད་པར་བསམ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་མོའི་རིག་པ་དང་ཕྱག་རྒྱ་དང་སྔགས་ཀྱི་ཚོགས་ཀྱི་བདེན་པའི་སྟོབས་དང་གཟི་བརྗིད་ཀྱི་མཐུ་ཡིས་བདག་འཁོར་དང་བཅས་པའི་སྡང་བ་དང་རྨི་ལམ་ངན་པ་དང་།   ལྟས་ངན་པ་དང་།   ནད་དང་།   དགྲ་དང་འཇིགས་པ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག  །   ལྷ་དང་།   དྲང་སྲོང་དང་།   རིག་སྔགས་འཆང་བ་དང་།   གདོན་དང་།   འབྱུང་པོ་དང་།   མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གང་སུའང་རུང་གདུག་པའི་སེམས་ཀྱིས་བྱས་པའི་རིགས་སྔགས་བཅད་དོ།   །ཕུར་བུས་གདབ་བོ།   །ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་ན་ལེ་ཨ་བ་ལོ་ཀི་ཏེ་ཙུརྞ་ཏེ་ཛོ་རཱ་སི་ཨོཾ་ཛྭ་ཛྭ་ལ།   ངྷ་ཀ་ངྷ་ཀ   །ངྷ་ར་ངྷ་ར།   བི་ངྷ་ར།   བི་ངྷ་ར།   ཙྪིནྡྷ་ཙྪིནྡྷ།   བྷིནྡྷ་བྷིནྡྷ།   ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ།   ཞེས་མང་དུ་བཟླ།   འདིར་སྤྱི་འགྲོའི་ཟློག་སྒྱུར་བྱ་བར་སྤྲོ་ན་གྲུབ་ཆེན་ལས་ཀྱི་རྡོ་རྗེས་མཛད་པ་འདི་ཉིད་སྦྱོར་ཏེ། བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས།   །མཐུ་ [52a] སྟོབས་ཐོགས་པ་མི་མངའ་ཞིང་།   །ཐུགས་རྗེ་སྨོན་ལམ་མཐུ་བཙན་པས།   །བདག་གིས་ཇི་ལྟར་གསོལ་བ་བཞིན།   །སངས་རྒྱས་བསྟན་པ་དར་བ་དང་།   །སེམས་ཅན་བདེ་དང་ལྡན་པར་མཛོད།   །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི།   །ཆག་ཆེ་ཉམ་ང་བཟློག་ཏུ་གསོལ།   །རྨི་ལམ་མཚན་མ་ངན་པ་ཟློག    །རྟགས་དང་རྟེན་འབྲེལ་ངན་པ་ཟློག    །དགྲ་འདྲེ་བསམ་སྦྱོར་ངན་པ་ཟློག    །ལྟས་ངན་བརྒྱད་ཅུ་རྩ་བཞི་ཟློག    །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག    །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག    །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག    །དུས་མིན་འཆི་བ་རྣམ་བརྒྱད་ཟློག  །   ཡས་ཀྱི་བདུད་དུ་གཡོས་པ་ཟློག    །མས་ཀྱི་ཉི་ལངས་པ་ཟློག  །   དཔྲལ་བའི་གཤེད་དུ་བསྐོས་པ་ཟློག    །ཕ་མེས་དུར་སྲི་ལངས་པ་ཟློག    །མི་ལ་ནད་དུ་གཏོང་བ་ཟློག    །ཕྱུགས་ལ་གོད་ཁ་བྱེད་པ་ཟློག  །   གནམ་གྱི་དལ་ཁ་ཐེབས་པ་ཟློག    །ས་ཡི་དུག་མདའ་གཡོས་པ་ཟློག  །   སྨེ་བ་སྤར་ཁ་ངན་པ་ཟློག    །སྐེག་དང་ཕུང་སྲི་ལངས་པ་ཟློག    །མི་མཐུན་ཕྱོགས་ཀུན་བཟློག་གྱུར་ཅིག    །ཅེས་ཐལ་རྡེབ་བྱ།   རྗེས་ནི། སྣོད་བཅུད་རང་ཐིམ་བདག་ཉིད་ [52b] ཀྱང་།   །མི་དམིགས་ཆོས་ཀྱི་དབྱིངས་སུ་ཡལ།   །སླར་ཡང་གཟུགས་ཀྱི་སྐུར་ཤར་ཏེ།   །རྡོ་རྗེ་གསུམ་གྱིས་བསྲུང་བར་གྱུར།   །དགེ་བ་འདི་ཡིས་མྱུར་དུ་བདག    །གཙུག་ཏོར་རྒྱལ་མོ་འགྲུབ་གྱུར་ནས།   །ཞེས་སོགས་བསྔོ་སྔོན་དང་ཤིས་བརྗོད་ཇི་ལྟར་རིགས་པ་བྱའོ།   །ཞེས་པའང་རྒྱུན་གྱི་ངག་འདོན་ཁྱེར་བདེའི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ།།   །། 
༈     །སེང་གདོང་མའི་ཐལ་རྡེབ་རྒྱུན་ཁྱེར་ནི། སྐད་ཅིག་རང་ཉིད་མཁའ་འགྲོ་མ།   །སེང་གེའི་གདོང་ཅན་སྐུར་གསལ་བའི།   །ཐུགས་ཀའི་སྔགས་ཀྱི་འཕྲོིི་འདུ་ཡིས།   །གནོད་བྱེད་མ་ལུས་ཚར་བཅད་གྱུར།   །ཨ་ཀ་ས་མ་ར་ཙ་ཤ་ད་ར་ས་མཱ་ར་ཡ་ཕཊ།   ཅེས་ཅི་ནུས་བཟླས་མཐར། ན་མོ།   རྩ་བརྒྱུད་བླ་མ་ཡི་དམ་ལྷ།   །མཁའ་འགྲོ་བདུད་འདུལ་དྲག་མོ་ཡི།   །བདེན་པ་ཆེན་པོའི་བྱིན་རླབས་ཀྱིས།   །བྱད་ཁ་ཕུར་ཁ་རྦོད་གཏོང་སོགས།   །མི་མཐུན་ཆག་ཆེ་ཉམ་ང་ཀུན།   །སྡང་བར་བྱེད་པའི་དགྲ་ལ་བྷྱོ།   །གནོད་པར་བྱེད་པའི་བགེགས་ལ་བྷྱོ།   །བདུད་དགྲ་བྱད་མིའི་སྟེང་དུ་བྷྱོ།   །རྗེས་ཤུལ་མེད་པར་ཟློག་གྱུར་ཅིག    །ཅེས་ཐལ་རྡེབ་བྱ། ཁྲོ་མོའི་རིག་སྔགས་ནུས་པའི་མཐུས།   ། [53a] བྱང་ཆུབ་སྒྲུབ་པའི་བར་ཆད་བདུད།   །གནོད་བྱེད་མ་ལུས་ཚར་བཅད་ནས།   །བསམ་དོན་ཡིད་བཞིན་གྲུབ་པར་མཛོད།   །ཅེས་དང་བསྔོ་སྨོན་བྱའོ།   །འདིའང་རྒྱུན་གྱི་ངག་འདོན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཛ་ཡནྟུ།།   །། 
༈     །གསང་བདག་རྡོ་རྗེ་བེ་ཅོན་གྱི་རྒྱུན་ཁྱེར་ནི། ན་མོ།   བླ་མ་མཆོག་གསུམ་ཡི་དམ་ལྷར།   །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ།   །བླ་མེད་བྱང་ཆུབ་མཆོག་ཐོབ་ཕྱིར།   །གསང་བའི་བདག་པོ་བསྒོམ་པར་བགྱི།   །ཨོཾ་སྭ་བྷཱ་ཝ་ཤུངྔྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོཉཧཾ།   སྟོང་པའི་ངང་ལས་པད་ཉིའི་སྟེང་།   །ཧཱུྃ་ལས་རང་ཉིད་གསང་བདག་དཀར།   །ཞི་འཛུམ་ཅུང་ཟད་ཁྲོས་པའི་ཉམས།   །ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན།   །དར་དང་རིན་ཆེན་སྦྲུལ་གྱིས་བརྒྱན།   །རལ་པའི་ཐོར་ཚུགས་རྡོ་རྗེའི་ཏོག    །ཐོད་སྐམ་རིགས་ལྔས་དབུ་ལ་བརྒྱན།   །སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས།   །ཡེ་ཤེས་སེམས་དཔའི་གནས་གསུམ་ནས།   །སྐུ་དང་སྔགས་ཕྲེང་ཕྱག་མཚན་རྣམས།   །ཆར་བཞིན་བབས་ནས་བདག་ལ་ཐིམ།   །བྱིན་རླབས་ནུས་པ་བསྐྱེད་པར་གྱུར།   །ཨོཾ་བཛྲ་པཱ་ཎི་ནི་ལམྦྷ་ར་ངྷ་ར་ཧཱུྃ་ཧཱུྃ་ཕཊ།   སྣང་སྲིད་འོད་ [53b] ཞུ་རང་ཉིད་དང་།   །རང་ཡང་མི་དམིགས་སྤྲོས་བྲལ་དང་།   །ཁྲོ་རྒྱལ་སྣང་སྟོང་ཆེན་པོར་ཤར།   །མི་མཐུན་ཕྱོགས་ཀུན་བསྲུང་བར་གྱུར།   །དགེ་བ་འདི་ཡིས་མྱུར་དུ་བདག  །   རྡོ་རྗེ་བེ་ཅོན་འགྲུབ་གྱུར་ནས།   །ཞེས་སོགས་ཀྱིས་བསྔོ་སྨོན་བྱའོ།   །ཞེས་པའང་ཀརྨ་དབང་མོའི་ཉམས་ལེན་ངག་འདོན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །རྟ་མགྲིན་རྒྱུན་ཁྱེར་ཟབ་པའི་ཡང་བཅུད་བཞུགས། ན་མོ།   བླ་མ་དབང་ཆེན་འབར་བར་སྐྱབས་སུ་མཆི།   །ལོག་འདྲེན་འདུལ་ཕྱིར་དྲག་པོའི་རྣལ་འབྱོར་བསྒོམ།   །ལན་གསུམ། ཧྲཱིཿ   སྐད་ཅིག་དྲན་རྫོགས་ཧྲཱིཿདམར་འཕྲོ་འདུ་ལས།   །རང་ཉིད་ཁྲོ་རྒྱལ་རྟ་མཆོག་ཧེ་རུ་ཀ   །དམར་ནག་ཁྲོ་གཏུམ་མི་བཟད་འཇིགས་པའི་གཟུགས།   །ཐོད་དབྱུག་དང་ནི་མེ་ཡི་ཞགས་པ་འཛིན།   །དབུ་སྐྲ་གྱེན་བརྫེས་སྤྱི་གཙུག་རྟ་ཞལ་རྔམས།   །རྟ་སྐད་འཚེར་བས་ཁམས་གསུམ་དབང་དུ་སྡུད།   །དུར་ཁྲོད་ཆས་རྫོགས་གྱད་ཀྱི་འདོར་སྟབས་ཀྱིས།   །པད་ཉིའི་གདན་ལ་རྒྱལ་བསེན་བྱི་ཆིངས་བརྫིས།   །མེ་དཔུང་རླུང་ནག་འཚུབས་མའི་ཀློང་དུ་རོལ།   །སྤྲུལ་པ་མེ་ཁྱུང་ལྕགས་སྡིག་ཚྭ་ཚྭ་འཁྲུགས།   །རྒྱལ་འགོང་དམ་སྲིའི་སྲོག་སྙིང་ཧབ་ཧབ་འདྲེན།   །སྣང་སྲིད་འཁོར་འདས་ཀུན་གྱི་དབང་ཕྱུག་ [54a] ཆེ།   །གདོད་ནས་དམ་ཡེ་དབྱེར་མེད་ངོ་བོར་ཤར།   །སྙིང་དབུས་ཉི་སྟེང་ཧྲཱིཿདམར་མཐའ་བསྐོར་དུ།   །སྔགས་ཕྲེང་རང་སྒྲ་དང་བཅས་འཁོར་བ་ལས།   །འོད་འཕྲོས་རྒྱལ་མཆོད་འགྲོ་བའི་ལས་སྒྲིབ་སྦྱངས།   །སྡེ་བརྒྱད་ལྷ་འདྲེ་མི་གསུམ་དབང་དུ་བསྡུས།   །གནོད་བྱེད་དགྲ་བགེགས་འབྱུང་པོ་ཚེ་ཐག་བཅད།   །འོད་ཟེར་སླར་འདུས་རང་ལ་ཐིམ་པ་ཡིས།   །།   སྟོང་ཁམས་ཞིང་ན་ཆེ་བཙན་ཟླ་བྲལ་བའི།   །གཟི་བརྗིད་མཐུ་སྟོབས་ནུས་པ་མཆོག་ཏུ་འབར།   །སྣང་གྲགས་རྡོ་རྗེ་གསུམ་གྱི་ཕྱག་རྒྱར་རྫོགས།   །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ་ཕཊ།   ཐུན་མིན་ལས་སྦྱོར་སྔགས་དམིགས་ཞལ་ལས་ཤེས།   ། བསྐྱེད་པའི་སྣང་ཆ་མི་དམིགས་འོད་གསལ་དབྱིངས།   །སྟོང་པའི་རང་མདངས་འགགས་མེད་ལྷ་ཡི་སྐུ།   །སྣང་སྟོང་མི་ཤིགས་རྡོ་རྗེའི་གོ་དང་ལྡན།   །རྒྱུན་དུ་གཞན་ཕན་སྤྱོད་ལ་འཇུག་པར་བྱའོ།   །དགེ་བས་འགྲོ་ཀུན་དབང་ཆེན་སྐུ་རུ་སྨིན།   །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དཔལ་འབར་ཤོག    །ཅེས་པའང་རིགས་ཀྱི་བུ་གཞན་ཕན་ཟླ་བ་ནོར་བུའི་རྒྱུན་ཁྱེར་ངག་འདོན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།ཛཡནྟུ།    
༈     །རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྒྱུན་ཁྱེར་ནི། བླ་མ་རྒྱལ་ཡུམ་ཕག་མོར་སྐྱབས་སུ་འཆི།   །འགྲོ་ [54b] བའི་དོན་དུ་ཟབ་མོའི་རྣལ་འབྱོར་བསྒོམ།   །ལན་གསུམ། སྐད་ཅིག་རང་ཉིད་རྡོ་རྗེ་ཕག་མོ་ནི།   །སྐུ་མདོག་དམར་གསལ་ཕྱག་གཉིས་གྲི་ཐོད་ཅན།   །ཞབས་ཟུང་པད་ཉིའི་གདན་ལ་གར་སྟབས་བསྒྱུར།   །ཞི་འཛུམ་མདངས་ལྡན་མཚན་དཔེའི་ལང་ཚོས་མཛེས།   །སྤྱི་བོར་ཕག་ཞལ་ནག་པོ་གྱེན་དུ་ངུར།   །ཐབས་ཀྱི་ཕྱག་རྒྱ་ཁ་ཊྭྃ་མཆན་གཡོན་བརྟེན།   །སྐུ་ལ་རཏྣ་རུས་པའི་རྒྱན་གྱིས་སྤྲས།   །འཇའ་ཟེར་ཐིག་ལེ་འོད་གུར་ཀློང་ན་རོལ།   །ཐུགས་ཀར་ཉི་སྟེང་བྃ་མཐར་སྔགས་ཀྱི་ཕྲེང་།   །རང་སྒྲ་སྒྲོགས་བཞིན་གཡོན་དུ་འཁོར་བ་ལས།   །འོད་འཕྲོས་སྲིད་ཞིའི་དྭངས་བཅུད་མ་ལུས་བསྡུས།   །བདག་ཐིམ་གཟི་བྱིན་ནུས་སྟོབས་ཆེར་འབར་ཏེ།   །འཁོར་འདས་སྲོག་ལ་དབང་བསྒྱུར་དབང་ཐོབ་གྱུར།   །ཨོཾ་བཛྲ་ཝཱ་ར་ཧི་བྃ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ།   ཞེས་བཟླས་མཐར་མི་དམིགས་པའི་ངང་དུ་ཀློད་ལ། སྤྲོས་པའི་ལྷར་སྣང་འོད་གསལ་དབྱིངས་སུ་ཐིམ།   །སྣང་བ་མ་འགག་སྒྱུ་མའི་ཕྱག་རྒྱར་སད།   །དགེ་འདིས་བདག་གི་ཚོགས་གཉིས་རབ་རྫོགས་ནས།   །སྐུ་གཞི་འབྲས་བཟང་མྱུར་སྨིན་བཀྲ་ཤིས་ཤོག    །ཅེས་པའང་དད་པ་ཅན་གྱི་བུ་མོ་ཀུན་བབཟང་ཆོས་སྒྲོན་གྱི་ངོ་སྐལ་དུ་ཛྙཱ་ནས་སོ།།   །།

[55a]།ཡང་ཁྲོས་རྒྱུན་ཁྱེར་ནི། ན་མོ། བླ་མ་དབང་ཆེན་འབར་བར་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་ཟབ་མོའི་རྣལ་འབྱོར་བསྒོམ། །སྐད་ཅིག་རང་ཉིད་རྟ་མགྲིན་ཡང་ཁྲོས་ནག །རྡོ་རྗེ་ཐོད་ཁྲག་འཛིན་པ་ཁྲོ་ཆས་ཅན། །ཞབས་གཉིས་འདོར་སྟབས་དུར་ཁྲོད་ཆས་ཀྱིས་བརྒྱན། །ཡེ་ཤེས་མེ་འབར་སྲིད་གསུམ་ཟིལ་གྱིས་གནོན། །ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེའི་ལྟེར། །ཧཱུཾ་མཐིང་མཐའ་མར་སྔགས་ཕྲེང་རང་སྒྲར་བཅས། །གཡས་སུ་འཁོར་ལས་བསམ་ཡས་འོད་ཟེར་འཕྲོས། །རང་ལུས་ནད་གདོན་སྡིག་སྒྲིབ་ཀུན་སྦྱངས་ཏེ། །སྣོད་བཅུད་དག་མཉམ་ཡེ་ཤེས་ཆེན་པོར་གྱུར། ཨོཾ་ཧྱ་གྲཱི་ཝ་བཛྲ་ཙཎྜ་ཧཱུྃ་བྷྱོ་ཧྲཱིཿཧཱུྃ་ཕཊ༔ རྗེས་ཧཱུྃ་གསུམ་གྱིས་བསྡུ་ཞིང་ཕཊ་གསུམ་གྱིས་ལྡང་ལ། དགེ་བ་འདི་ཡིས་མྱུར་དུ་བདག །དབང་དྲག་འབར་བ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དབང་ཆེན་དྲག་པོ་མྱུར་འགྲུབ་ཤོག །ཅེས་པའང་ཛྙཱ་ནས་སོ།། །།

༈     །རང་ཉིད་ཕྱག་རྡོར་མཐིང་ནག་རྔམས།   །རྡོ་རྗེ་སྦྲུལ་ཞགས་འཛིན་པ་ཡི།   །སྐུ་ལ་དུར་ཁྲོད་དཔལ་ཆས་རྫོགས།   །ཞབས་ཟུང་པད་ཉིར་འདོར་སྟབས་བགྲད།   །ཡེ་ཤེས་མེ་དཔུང་ཀློང་དུ་བཞུགས།   །སྐུ་ [55b] ལས་མེ་ཁྱུང་ལྕགས་སྡིག་དང་།   །ཕག་ནག་རླུང་མེ་བཙན་དུག་གི།   །ངར་རླངས་སེར་རླུང་འཚུབས་ལྟར་འཕྲོས།   །ནད་རིམ་གདོན་བགེགས་བརླག་པར་བསམམ།   །ཨོཾ་བཛྲ་ཕཊ༔      ཨོཾ་པདྨ་ཤ་ཝ་རི་ཕཊ༔     ནན་པར་ཤིག༔   ནཱ་ག་ནན༔    ཏདྱ་ཐཱ༔     སརྦ་ཝི་རི་ཏ༔    ཧ་ན་ཧ་ན༔    བཛྲ་ན་རཀྵ་རཀྵ་སྭཱ་ཧཱ༔   ཞེས་ཅི་འགྲུབ་བཟླ་ཞིང་ཐུན་མཇུག་ཏུ་གཟུངས་ཆུ་ལ་བསྔགས་ཏེ་བཏུང་བྱུག་བྱ་བའམ།   རྒྱུན་དུ་སྣ་བུག་ཏུ་ཕུས་གདབ།   ཐུན་བསྡུ་བའི་སྐབས་ནད་གདོན་ཐམས་ཅད་རྗེས་མེད་དུ་བརླག་ནས་བསྲུང་བྱ་སྲུང་བྱེད་ལས་འདས་པའི་གནས་ལུགས་ཀྱི་ངང་བསྐྱངས་ཏེ་ཅུང་ཟད་མཉམ་པར་བཞག    །སླར་ཡང་དེའི་ངང་ནས་ལྷ་སྐུར་ལྡང་ལ་བསྔོ་སྨོན་ཤིས་བརྗོད་སྤེལ་ལོ།   །ཞེས་པ་འདིའང་ཡང་ཁྲོས་རྩ་སྒྲུབ་སྲུང་བའི་འཁོར་ལོ་ནས་རྒྱུན་ཁྱེར་དུ་བླངས་པ་སྟེ་ཛྙཱ་ནས་སོ།།   །། 
༈    །བླ་ཕུར་ཐུགས་ཐིག་གི་རྒྱུན་ཁྱེར་ཕྲིན་ལས་བཅུད་དྲིལ་བཞུགས། ན་མོ་བཛྲ་ཀུ་མཱ་ར་གུ་རུ་མ་ཧཱ་ཀྲོ་དྷ་ཡ།   བླ་ཕུར་ཐུགས་ཀྱི་ཐིག་ལེའི་ཕྲིན་ལས་རྒྱུན་གྱི་རྣལ་འབྱོར་ལ།   སྦྱོར་བ་རྒྱུན་བཤགས་ཡན་ལག་བརྒྱད་པ་སྔོན་དུ་འགྲོ་བས།   དངོས་གཞི་ནི། ཧཱུྃ།   རྡོ་རྗེ་ཁྲོས་པས་ཞེ་སྡང་འཇོམས།   །མཚོན་ཆེན་ཧཱུྃ་མཐིང་འབར་བ་ལས།   །འོད་འཕྲོས་མ་དག་ཞེན་སྣང་སྦྱངས།   །གནས་ཡུལ་དུར་ཁྲོད་ཕོ་བྲང་དབུས།   །མཐིང་ནག་ཨེ་ཀློང་པད་ཉིའི་ཁར།   །དྲེགས་པ་ཕོ་མོ་བྱི་ [56a] ཆིངས་སུ།   །བསྣོལ་སྟེང་རང་རིག་ཧཱུྃ་མཐིང་བབས།   །འཕྲོ་འདུའི་སྦྱོར་བས་དྲན་རྫོགས་སུ།   །རང་ཉིད་རྡོ་རྗེ་གཞོན་ནུ་ནི།   །མཐིང་ནག་རབ་འཇིགས་ཁྲོ་གཏུམ་འབར།   །དབུ་གསུམ་དཀར་དམར་མཐིང་བའི་ཞལ།   །བཞད་ཆགས་གཤེ་བའི་ཉམས་འགྱུར་ཅན།   །སྤྱན་དགུ་སྡང་མིག་གློག་སྟོང་འཁྱུག    །སྨར་སྨིན་བསྐལ་མེའི་ཚྭ་ཚྭ་འཕྲོས།   །ཞལ་གདངས་ལྗགས་འདྲིལ་མཆེ་གཙིག་རྔམས།   །ཕྱག་དྲུག་གཡས་གཡོན་དང་པོ་གཉིས།   །རྡོ་རྗེ་རྩེ་དགུ་མེ་དཔུང་དང་།   །བར་གཉིས་རྩེ་ལྔ་ཁ་ཊྭྃ་ཀ།   །ཐ་གཉིས་རི་རབ་ཕུར་བུ་འདྲིལ།   །སྐུ་ལ་དུར་ཁྲོད་དཔལ་ཆས་རྫོགས།   །རྡོ་རྗེ་རིན་ཆེན་གཤོག་པ་གདེངས།   །ཞབས་བཞི་གྱད་ཀྱི་འདོར་སྟབས་ཀྱི།   །དྲེགས་པའི་མགོ་དང་བྲང་ནས་བརྫིས།   །པང་དུ་འཁོར་ལོ་རྒྱས་འདེབས་ཡུམ།   །མཐིང་སྐྱ་ཨུཏྤལ་དུང་ཁྲག་སྟོབ།   །ཞབས་གཡོན་ཡབ་ཀྱི་སྐེད་ནས་འཁྲིལ།   །གཡས་བརྐྱང་བདེ་བ་ཆེན་པོར་སྦྱོར།   །ཡབ་ཀྱི་ཐུགས་དབུས་པད་ཉིའི་སྟེང་།   །སྒྲོལ་ཡུམ་སྟག་མོ་གྲུས་མའི་ཁར།   །བླ་མ་དབང་དྲག་འཆོལ་བའི་སྐུ།   །སྨུག་ནག་རབ་འཇིགས་ཁྲོ་གཏུམ་རྔམས།   །ཨམ་གཙིགས་ཤངས་ནས་ཧཱུྃ་སྒྲ་ལྡིར།   ། [56b] ཕྱག་གཉིས་རྡོ་རྗེ་ཕུར་པ་གདེངས།   །ཕོད་ཀ་ཆོས་གོས་སག་ལྷྭམ་གསོལ།   །དུང་ལུང་མགོ་ཕྲེང་རུས་རྒྱན་སྤྲས།   །ཡེ་ཤེས་མེ་དཔུང་ཀློང་ད་རོལ།   །གཙོ་བོའི་སྤྱི་བོར་རིགས་ཀྱི་བདག    །བླ་མ་མི་བསྐྱོད་པ་ཡབ་ཡུམ།   །འཇའ་འོད་ཟེར་ཐིག་ཀློང་ན་རོལ།   །གདོད་ནས་དམ་ཡེ་གཉིས་མེད་པ།   །སྣོད་བཅུད་དག་མཉམ་ལྷའི་འཁོར་ལོར།   །མ་བསྐྱེད་ཡེ་རྫོགས་ཆེན་པོར་ཤར།   །ཨོཾ་ཨཱཿཧཱུྃ།   དཔལ་ཆེན་ཐུགས་དབུས་ཡེ་ཤེས་སེམས།   །དབང་དྲག་འཆོལ་བའི་ཐུགས་ཀ་རུ།   །པད་ཉིར་ཐུགས་སྲོག་ཧཱུྃ་མཐིང་མཐར།   །རྩ་སྔགས་འབྲུ་དགུས་བསྐོར་བ་ལས།   །འོད་འཕྲོས་འཁོར་འདས་མ་ལུས་ཁྱབ།   །རྒྱལ་རྣམས་མཆོད་ཅིང་འགྲོ་སྒྲིབ་སྦྱངས།   །དམ་ཅན་སྲུང་མ་ལས་ལ་བསྐུལ།   །དགྲ་བགེགསགདུག་པ་ཚར་ཐག་བཅད།   །འོད་ཟེར་སླར་འདུས་རང་ཐིམ་པས།   །འཁོར་འདས་སྲོག་ལ་དབང་ཐོབ་གྱུར།   །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ།   ཞེས་ཧཱུྃ་ལྔ་སྦྲེལ་གྱི་བཟླས་པ་ཅི་འགྲུབ་མཐར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བྃ་ཧཱུྃ་ཕཊ།   ཅེས་རྩ་སྔགས་འབྲུ་བཅུ་བཞི་པ་ཉིད་གཙོ་བོར་བཟླ   ཐུན་མཇུག་ཏུ་ལས་སྔགས་བཟླ་བར་འདོད་ན་དམིགས་གནས་བཅས་སྤུ་གྲིའི་དྲག་སྔགས་ཅུང་ཟད་རེ་བཟླ།   རྗེས་ནི། སྣང་སྲིད་སྣོད་བཅུད་གཞལ་ཡས་ལྷ།   །ཀ་དག་ཆོས་ཉིད་ [57a] ཀློང་དུ་ཐིམ།   །ཨ་ཨ་ཨ།   ཞེས་བསྡུས་ལ་མཉམ་པར་བཞག། སླེ་ཡང་ཆུ་ལས་ཉ་ལྡང་ལྟར།   །དཔལ་ཆེན་འབར་བའི་ཕྱག་རྒྱར་བཞེངས།   །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཝཱ་ཙི་རཀྵ་ཧཾ༔   ཞེས་སླར་ཡང་ལྷར་ལྡང་ལ་གོ་བགོ། ཧོཿ      དཔལ་ཆེན་བསྒྲུབ་པའི་དགེ་ཚོགས་རྒྱུན།   །ཀ་དག་བྱང་ཆུབ་ཆེན་པོར་བསྔོ།   །མ་རྟོགས་མཁའ་ཁྱབ་འགྲོ་བ་ཀུན།   །ལྷུན་གྲུབ་ཀློང་དུ་གྲོལ་གྱུར་ཅིག    །ཅེས་བསྔོ་སྨོན་བྱ། གཞི་དབྱིངས་གདོད་མའི་ཀུན་ཏུ་བཟང་།   །རང་རྩལ་དཔལ་ཆེན་འབར་བའི་ལྷ།   །ཡེ་གྲོལ་དག་པར་རབ་འབྱམས་ཀློང་།   །མངོན་འཚང་རྒྱ་བའི་བཀྲ་ཤིས་ཤོག  །   ཅེས་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ།   །ཅེས་པའང་སྤྲུལ་པའི་སྐུ་མཆོག་པདྨ་དབང་རྒྱལ་གྱི་བཞེད་སྐོང་དུ་རྩ་བའི་བཅུད་བསྡུས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཛ་ཡནྟུ།།   །། 
༈    །སྐད་ཅིག་རང་རིག་ཏཱྃ་དཀར་ཡོངས་གྱུར་ལས།   །ཡིད་བཞིན་འཁོར་ལོ་ཚེ་སྦྱིན་ཟླ་གཞོན་མདངས།   །ཞི་འཛུམ་རྒྱན་དང་ཆ་བྱད་ཡོངས་སུ་རྫོགས།   །དམ་ཡེ་དབྱེར་མེད་སྣང་སྟོང་འོད་ཀྱི་སྐུའི།   །ཐུགས་དབུས་ཟླ་སྟེང་འཁོར་ལོ་སྔགས་ཀྱིས་མཚན།   །དེ་ལས་བསམ་ཡས་འོད་ཟེར་འཕྲོ་འདུ་ཡིས།   །བདག་གཞན་སྒྲིབ་བསལ་སྲིད་ཞིའི་དྭངས་བཅུད་བསྡུས།   །འཆི་ [57b] མེད་ཚེ་དང་ཡེ་ཤེས་མཆོག་གྲུབ་གྱུར།   །ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨཱ་ཡརྤུཎྱཻ་ཛྙཱ་ན་པུཥྚིཾ་ཀ་རུ་སྭཱ་ཧཱ།   ཞེས་པའང་འཁྲུལ་ཞིག་རིན་པོ་ཆེའི་གསུང་ངོར་ཛྙཱ་ནས་སོ།།   །།