TTDL-ZABTER-08-NYA-003: Difference between revisions
m (Text replacement - "ཧོཿ" to "ཧོཿ ") |
No edit summary |
||
| Line 41: | Line 41: | ||
ཐྂ༎༔ ({{TibChung|བརྡ་ཡིག་}}) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ པདྨའི་བརྒྱུད་འཛིན་རྣལ་འབྱོར་པ༔ རེ་འགའ་སྲིད་ན་དེ་ཡི་དོན༔ དབྱིངས་ཀྱི་རྗེ་མོའི་སྲོག་སྒྲུབ་བསྟན༔ ས་མ་ཡ༔ འདི་ཉིད་བསྒྲུབ་པའི་བཅའ་གཞི་ནི༔ དམར་གཏོར་ཆེ་བ་འཁྱུད་གང་ལ༔ གཏོར་ཕྲན་བཞིས་བསྐོར་ཕྱི་རིམ་དུ༔ དམར་གཏོར་ཆུང་བ་བརྒྱད་ཀྱིས་བསྐོར༔ དར་ཟབ་གཅན་གཟན་རས་མས་བརྒྱན༔ བ་ལིང་ཁྲག་རྐོང་སྐྱུ་གུས་བསྐོར༔ འབུལ་རྫས་འབྱོར་ཚོགས་སྤྱི་དང་ནི༔ ཁྱད་པར་དམར་གཏོར་གཡང་གཞིས་བརྒྱན༔ ཁྲག་རྐོང་བ་ལིང་གཏོར་ཆུང་བསྐོར༔ འོ་སྐྱེམས་ཆང་སྐྱེམས་གསེར་སྐྱེམས་བཤམས༔ དང་པོ་ལྷ་བསྐྱེད་རིམ་པ་ལ༔ ཧཱུྃ༔ བདག་ཉིད་ཡི་དམ་ལྷ་རུ་གསལ་བ་ཡི༔ མདུན་དུ་རབ་འཇིགས་དུར་ཁྲོད་ཆེན་པོའི་དབུས༔ སྨུག་ནག་གྲུ་གསུམ་ཐོད་མཁར་འབར་བའི་ནང་༔ མཿལས་སྔགས་སྲུང་ཨེ་ཀ་ཙ་ཏི་མ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་གཟི་འོད་འབར༔ སྤྱན་གཅིག་དམར་ཟླུམ་འཁྱིལ་ཞིང་འཁོར་འདས་གཟིགས༔ མཆེ་གཅིག་མན་དུ་གཙིགས་ཤིང་ཁྲོ་གཉེར་སྡུད༔ རལ་གཅིག་གྱེན་དུ་གཟིང་ཞིང་སྙན་ཆ་མཛེས༔ ལྷ་ཡི་མེ་ཏོག་དཀར་པོ་ཐོད་དུ་བཅིང་༔ ཕྱག་གཡས་དགྲ་སྙིང་དམར་རློན་ཁྲག་འཛག་དང་༔ གཡོན་པས་སྡིགས་མཛུབ་རྩེ་ནས་ལྕགས་སྤྱང་འགྱེད༔ ནུ་མ་འབུར་ཞིང་གཡས་པར་འོ་རྒྱུན་དང་༔ གཡོན་པས་དགྲ་ལ་ཁྲག་ནད་དལ་ཡམས་གཏོང་༔ ཞབས་གཉིས་གར་སྟབས་མཛད་ཅིང་བསྟན་དགྲ་གནོན༔ མགོ་དང་སོར་མོའི་ཕྲེང་བ་རྒྱན་དུ་འཆང་༔ མེ་རླུང་འཚུབས་མ་འཁྱིལ་བའི་ཀློང་ནས་བཞེངས༔ ཁྱབ་བརྡལ་ནམ་མཁའི་དབྱིངས་ཕྱུག་ཆེན་མོར་བསྐྱེད༔ ཤར་དུ་ཆུ་ཁམས་དབྱིངས་ཕྱུག་རྡོ་རྗེ་བཙུན༔ དཀར་མོ་རལ་གཅིག་སྤྱན་གཅིག་མཆེ་བ་གཅིག༔ ཕྱག་གཡས་རྡོ་རྗེ་གྲི་གུག་གཡོན་ཞིང་དབྱུག༔ གར་སྟབས་མཛད་ཅིང་ཤར་གྱི་དགྲ་བགེགས་གནོན༔ ལྷོ་རུ་ས་ཁམས་དབྱིངས་ཕྱུག་དཔལ་མོ་བཙུན༔ སེར་མོ་རལ་གཅིག་སྤྱན་དང་མཆེ་བ་གཅིག༔ ཕྱག་གཡས་རིན་ཆེན་གྲི་གུག་གཡོན་ཐོད་ཁྲག༔ གར་སྟབས་ཞབས་ཀྱིས་ལྷོ་ཡི་བསྟན་དགྲ་གནོན༔ ནུབ་ཏུ་མེ་ཁམས་དབྱིངས་ཕྱུག་དབང་མོ་ཆེ༔ དམར་མོ་རལ་གཅིག་སྤྱན་དང་མཆེ་བ་གཅིག༔ ཕྱག་གཡས་པདྨའི་གྲི་གུག་གཡོན་བམ་ཆེན༔ ཞབས་གཉིས་གར་སྟབས་ནུབ་ཀྱི་དགྲ་བགེགས་གནོན༔ བྱང་དུ་རླུང་ཁམས་དབྱིངས་ཕྱུག་ཁྲག་རལ་མ༔ ལྗང་ནག་རལ་གཅིག་སྤྱན་དང་མཆེ་བ་གཅིག༔ ཕྱག་གཡས་རྒྱ་གྲམ་གྲི་གུག་གཡོན་ནད་རྐྱལ༔ གར་སྟབས་ཞབས་ཀྱིས་བྱང་གི་དགྲ་བགེགས་གནོན༔ ཤར་ལྷོ་འགུགས་བྱེད་དཀར་མོས་ལྕགས་ཀྱུ་བསྣམས༔ ལྷོ་ནུབ་འཆིང་བྱེད་སེར་མོས་ཞགས་པ་བསྣམས༔ ནུབ་བྱང་སྡོམ་བྱེད་དམར་མོས་ལྕགས་སྒྲོག་བསྣམས༔ བྱང་ཤར་མྱོས་བྱེད་ནག་མོས་དྲིལ་བུ་བསྣམས༔ གཡོན་རྣམས་སྡིགས་མཛུབ་རྩེ་ནས་ལྕགས་སྤྱང་འགྱེད༔ ཀུན་ཀྱང་རང་འདྲ་འབུམ་ཕྲག་མཁའ་འགྲོས་བསྐོར༔ དེ་མཐར་གནས་ཡུལ་དུར་ཁྲོད་ལ་གནས་པའི༔ མ་མོ་མཁའ་འགྲོ་རྒྱ་མཚོས་བསྐོར་བར་བསྒོམ༔ མདོར་ན་སྲིད་པ་མ་མོའི་དཀྱིལ་འཁོར་གྱི༔ གཙོ་དང་སྤྲུལ་འཁོར་ཡང་འཁོར་བཀའ་སྡོད་རྣམས༔ བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པར་བསྐྱེད༔ ཕྱི་རོལ་མུ་སྟེགས་ཀླ་ཀློ་བདུད་སྡེ་དང་༔ མཐའ་དབུས་འཁྲུགས་པའི་དམག་དཔུང་ནད་མཚོན་ཀུན༔ གཞོམ་བྱེད་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ གནས་གསུམ་རྡོ་རྗེའི་སྙིང་པོའི་འབྲུ་གསུམ་ལས༔ འོད་འཕྲོས་ཡེ་ཤེས་དབྱིངས་དང་འཇིག་རྟེན་དང་༔ འཁོར་འདས་གཉིས་སུ་དབང་བསྒྱུར་མ་མོར་བཅས༔ ཐུགས་དམ་རྒྱུད་བསྐུལ་དབྱིངས་ལས་སྐུར་བཞེངས་ཏེ༔ ཆར་སྲིན་གཏིབས་བཞིན་སྤྱན་དྲངས་ས་གསུམ་གནས༔ ཡོངས་གང་སྔགས་ཀྱི་སྲུང་མར་འཁོད་པར་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ སྤོས་དང་ཞུན་ཆེན་བསྲེགས༔ རོལ་མོ་སྣ་ཚོགས་རང་བཏིག་ལ༔ | ཐྂ༎༔ ({{TibChung|བརྡ་ཡིག་}}) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ {{TibChung|ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ པདྨའི་བརྒྱུད་འཛིན་རྣལ་འབྱོར་པ༔ རེ་འགའ་སྲིད་ན་དེ་ཡི་དོན༔ དབྱིངས་ཀྱི་རྗེ་མོའི་སྲོག་སྒྲུབ་བསྟན༔ ས་མ་ཡ༔ འདི་ཉིད་བསྒྲུབ་པའི་བཅའ་གཞི་ནི༔ དམར་གཏོར་ཆེ་བ་འཁྱུད་གང་ལ༔ གཏོར་ཕྲན་བཞིས་བསྐོར་ཕྱི་རིམ་དུ༔ དམར་གཏོར་ཆུང་བ་བརྒྱད་ཀྱིས་བསྐོར༔ དར་ཟབ་གཅན་གཟན་རས་མས་བརྒྱན༔ བ་ལིང་ཁྲག་རྐོང་སྐྱུ་གུས་བསྐོར༔ འབུལ་རྫས་འབྱོར་ཚོགས་སྤྱི་དང་ནི༔ ཁྱད་པར་དམར་གཏོར་གཡང་གཞིས་བརྒྱན༔ ཁྲག་རྐོང་བ་ལིང་གཏོར་ཆུང་བསྐོར༔ འོ་སྐྱེམས་ཆང་སྐྱེམས་གསེར་སྐྱེམས་བཤམས༔ དང་པོ་ལྷ་བསྐྱེད་རིམ་པ་ལ༔}} ཧཱུྃ༔ བདག་ཉིད་ཡི་དམ་ལྷ་རུ་གསལ་བ་ཡི༔ མདུན་དུ་རབ་འཇིགས་དུར་ཁྲོད་ཆེན་པོའི་དབུས༔ སྨུག་ནག་གྲུ་གསུམ་ཐོད་མཁར་འབར་བའི་ནང་༔ མཿལས་སྔགས་སྲུང་ཨེ་ཀ་ཙ་ཏི་མ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་གཟི་འོད་འབར༔ སྤྱན་གཅིག་དམར་ཟླུམ་འཁྱིལ་ཞིང་འཁོར་འདས་གཟིགས༔ མཆེ་གཅིག་མན་དུ་གཙིགས་ཤིང་ཁྲོ་གཉེར་སྡུད༔ རལ་གཅིག་གྱེན་དུ་གཟིང་ཞིང་སྙན་ཆ་མཛེས༔ ལྷ་ཡི་མེ་ཏོག་དཀར་པོ་ཐོད་དུ་བཅིང་༔ ཕྱག་གཡས་དགྲ་སྙིང་དམར་རློན་ཁྲག་འཛག་དང་༔ གཡོན་པས་སྡིགས་མཛུབ་རྩེ་ནས་ལྕགས་སྤྱང་འགྱེད༔ ནུ་མ་འབུར་ཞིང་གཡས་པར་འོ་རྒྱུན་དང་༔ གཡོན་པས་དགྲ་ལ་ཁྲག་ནད་དལ་ཡམས་གཏོང་༔ ཞབས་གཉིས་གར་སྟབས་མཛད་ཅིང་བསྟན་དགྲ་གནོན༔ མགོ་དང་སོར་མོའི་ཕྲེང་བ་རྒྱན་དུ་འཆང་༔ མེ་རླུང་འཚུབས་མ་འཁྱིལ་བའི་ཀློང་ནས་བཞེངས༔ ཁྱབ་བརྡལ་ནམ་མཁའི་དབྱིངས་ཕྱུག་ཆེན་མོར་བསྐྱེད༔ ཤར་དུ་ཆུ་ཁམས་དབྱིངས་ཕྱུག་རྡོ་རྗེ་བཙུན༔ དཀར་མོ་རལ་གཅིག་སྤྱན་གཅིག་མཆེ་བ་གཅིག༔ ཕྱག་གཡས་རྡོ་རྗེ་གྲི་གུག་གཡོན་ཞིང་དབྱུག༔ གར་སྟབས་མཛད་ཅིང་ཤར་གྱི་དགྲ་བགེགས་གནོན༔ ལྷོ་རུ་ས་ཁམས་དབྱིངས་ཕྱུག་དཔལ་མོ་བཙུན༔ སེར་མོ་རལ་གཅིག་སྤྱན་དང་མཆེ་བ་གཅིག༔ ཕྱག་གཡས་རིན་ཆེན་གྲི་གུག་གཡོན་ཐོད་ཁྲག༔ གར་སྟབས་ཞབས་ཀྱིས་ལྷོ་ཡི་བསྟན་དགྲ་གནོན༔ ནུབ་ཏུ་མེ་ཁམས་དབྱིངས་ཕྱུག་དབང་མོ་ཆེ༔ དམར་མོ་རལ་གཅིག་སྤྱན་དང་མཆེ་བ་གཅིག༔ ཕྱག་གཡས་པདྨའི་གྲི་གུག་གཡོན་བམ་ཆེན༔ ཞབས་གཉིས་གར་སྟབས་ནུབ་ཀྱི་དགྲ་བགེགས་གནོན༔ བྱང་དུ་རླུང་ཁམས་དབྱིངས་ཕྱུག་ཁྲག་རལ་མ༔ ལྗང་ནག་རལ་གཅིག་སྤྱན་དང་མཆེ་བ་གཅིག༔ ཕྱག་གཡས་རྒྱ་གྲམ་གྲི་གུག་གཡོན་ནད་རྐྱལ༔ གར་སྟབས་ཞབས་ཀྱིས་བྱང་གི་དགྲ་བགེགས་གནོན༔ ཤར་ལྷོ་འགུགས་བྱེད་དཀར་མོས་ལྕགས་ཀྱུ་བསྣམས༔ ལྷོ་ནུབ་འཆིང་བྱེད་སེར་མོས་ཞགས་པ་བསྣམས༔ ནུབ་བྱང་སྡོམ་བྱེད་དམར་མོས་ལྕགས་སྒྲོག་བསྣམས༔ བྱང་ཤར་མྱོས་བྱེད་ནག་མོས་དྲིལ་བུ་བསྣམས༔ གཡོན་རྣམས་སྡིགས་མཛུབ་རྩེ་ནས་ལྕགས་སྤྱང་འགྱེད༔ ཀུན་ཀྱང་རང་འདྲ་འབུམ་ཕྲག་མཁའ་འགྲོས་བསྐོར༔ དེ་མཐར་གནས་ཡུལ་དུར་ཁྲོད་ལ་གནས་པའི༔ མ་མོ་མཁའ་འགྲོ་རྒྱ་མཚོས་བསྐོར་བར་བསྒོམ༔ མདོར་ན་སྲིད་པ་མ་མོའི་དཀྱིལ་འཁོར་གྱི༔ གཙོ་དང་སྤྲུལ་འཁོར་ཡང་འཁོར་བཀའ་སྡོད་རྣམས༔ བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པར་བསྐྱེད༔ ཕྱི་རོལ་མུ་སྟེགས་ཀླ་ཀློ་བདུད་སྡེ་དང་༔ མཐའ་དབུས་འཁྲུགས་པའི་དམག་དཔུང་ནད་མཚོན་ཀུན༔ གཞོམ་བྱེད་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ གནས་གསུམ་རྡོ་རྗེའི་སྙིང་པོའི་འབྲུ་གསུམ་ལས༔ འོད་འཕྲོས་ཡེ་ཤེས་དབྱིངས་དང་འཇིག་རྟེན་དང་༔ འཁོར་འདས་གཉིས་སུ་དབང་བསྒྱུར་མ་མོར་བཅས༔ ཐུགས་དམ་རྒྱུད་བསྐུལ་དབྱིངས་ལས་སྐུར་བཞེངས་ཏེ༔ ཆར་སྲིན་གཏིབས་བཞིན་སྤྱན་དྲངས་ས་གསུམ་གནས༔ ཡོངས་གང་སྔགས་ཀྱི་སྲུང་མར་འཁོད་པར་གྱུར༔ {{TibChung|དེ་ནས་སྤྱན་འདྲེན་པ་ནི༔ སྤོས་དང་ཞུན་ཆེན་བསྲེགས༔ རོལ་མོ་སྣ་ཚོགས་རང་བཏིག་ལ༔}} མ་བྷྱོཿ ཛཿ ཧྲཱིཾཿ ཕེཾ་ཛཿ འོག་མིན་ཆོས་དབྱིངས་ཞིང་ཁམས་ནས༔ ཀུན་ཏུ་བཟང་མོ་སྐུར་བཞེངས་ཤིག༔ ལྷུན་གྲུབ་བདེ་ཆེན་ཞིང་ཁམས་ནས༔ རྡོ་རྗེ་ཕག་མོ་སྐུར་བཞེངས་ཤིག༔ འཇིགས་དང་བྲལ་བའི་ཞིང་ཁམས་ནས༔ ཁྲོས་མ་ནག་མོ་གཤེགས་སུ་གསོལ༔ མེ་རི་འབར་བའི་ཞིང་ཁམས་ནས༔ སེང་གེའི་གདོང་ཅན་གཤེགས་སུ་གསོལ༔ དག་པ་མཁའ་སྤྱོད་ཞིང་ཁམས་ནས༔ འབུམ་ཕྲག་མཁའ་འགྲོ་གཤེགས་སུ་གསོལ༔ ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་ནས༔ ཨེ་ཀ་ཙ་ཏི་གཤེགས་སུ་གསོལ༔ སྣང་སྲིད་ཁམས་ཀྱི་འཇིག་རྟེན་ནས༔ འབྱུང་བའི་དབྱིངས་ཕྱུག་གཤེགས་སུ་གསོལ༔ ཚད་མེད་རྣམ་བཞིའི་ཀློང་ཡངས་ནས༔ ལས་བྱེད་མ་བཞི་གཤེགས་སུ་གསོལ༔ དད་པ་དང་ནི་དམ་ཚིག་གིས༔ མ་དང་མཁའ་འགྲོ་སྒྲུབ་བརྟེན་གྱིས༔ བརྒྱུད་འཛིན་ཐུགས་རྗེས་མ་དོར་ཞིག༔ བུ་ལ་བརྩེ་གདུང་མ་ཆུང་ཞིག༔ སྒྲུབ་ལ་དངོས་གྲུབ་མ་འགྱང་ཞིག༔ འབོད་ལ་གཡེལ་དང་འགྱང་མ་བྱེད༔ དཀོན་མཆོག་གསུམ་ལ་བློ་གཏད་ཅིང་༔ གསང་སྔགས་ཟབ་མོ་ལྷུར་ལེན་གྱི༔ ཐབས་དང་རྟེན་འབྲེལ་ཟབ་མོ་དང་༔ ཡེ་ཤེས་མཁའ་འགྲོ་གཤེགས་སུ་གསོལ༔ དམ་ཚིག་མཁའ་འགྲོ་གཤེགས་སུ་གསོལ༔ སྣ་ཚོགས་མཁའ་འགྲོ་གཤེགས་སུ་གསོལ༔ གནས་ཡུལ་མཁའ་འགྲོ་གཤེགས་སུ་གསོལ༔ འཇིག་རྟེན་མཁའ་འགྲོ་གཤེགས་སུ་གསོལ༔ ཤ་ཟ་མཁའ་འགྲོ་གཤེགས་སུ་གསོལ༔ ཐམས་ཅད་མཁའ་འགྲོ་གཤེགས་སུ་གསོལ༔ དད་དང་མོས་གུས་ཤུགས་ཀྱིས་འབོད༔ དམ་ཚིག་གཏའ་རུ་བཞག་སྟེ་འབོད༔ ཐ་ཚིག་དབང་གིས་གཤེགས་སུ་གསོལ༔ རྫུ་འཕྲུལ་ཤུགས་ཀྱིས་གཤེགས་སུ་གསོལ༔ མ་བྷྱོ་ཛ་ཧྲཱིཾཿབཾ་ཧ་རི་ནི་ས་སརྦ་མ་མ་བཛྲ་ས་མ་ཡ་ཨེ་ཀ་ཙ་ཏི་ཨེ་ཀ་པཉྩ་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོཿ {{TibChung|དེ་ནས་བཞུགས་སུ་གསོལ་བ་ལ༔}} བྷྱོ༔ གྲུ་གསུམ་ཐོད་མཁར་གཞལ་ཡས་སུ༔ པདྨ་དང་ནི་ཉི་མའི་གདན༔ བམ་ཆེན་གཅལ་དུ་བཀྲམ་པའི་སྟེང་༔ དབྱིངས་ཀྱི་རྗེ་མོ་བཞུགས་སུ་གསོལ༔ སྲིད་པའི་རྒྱལ་མོ་བཞུགས་སུ་གསོལ༔ ཁམས་གསུམ་དབང་མོ་བཞུགས་སུ་གསོལ༔ སྐུ་ཡི་མ་མོ་བཞུགས་སུ་གསོལ༔ གསུང་གི་མ་མོ་བཞུགས་སུ་གསོལ༔ ཐུགས་ཀྱི་མ་མོ་བཞུགས་སུ་གསོལ༔ ཡོན་ཏན་མ་མོ་བཞུགས་སུ་གསོལ༔ ཕྲིན་ལས་མ་མོ་བཞུགས་སུ་གསོལ༔ སྤྲུལ་དང་ཡང་སྤྲུལ་ཉིང་སྤྲུལ་དང་༔ འཁོར་དང་བཅས་པ་བཞུགས་སུ་གསོལ༔ མ་བྷྱོཿཛཿཧྲཱིཾཿབཛྲ་ས་མ་ཡ་ཏིཥྛ་ལྷན༔ {{TibChung|དེ་ནས་ཕྱག་འཚལ་བ་ལ༔}} ན་མོ༔ སྲིད་གསུམ་གདུག་པ་འདུལ་བ་དང་༔ འཇིགས་དང་སྡུག་བསྔལ་ལས་སྒྲོལ་ཞིང་༔ རྣམ་མཁྱེན་ས་རུ་དབུགས་འབྱིན་ཕྱིར༔ དབྱིངས་ཀྱི་རྗེ་མོ་ལ་ཕྱག་འཚལ༔ ན་མོ་ན་མ་ཧོཿ {{TibChung|དེ་ནས་མཆོད་པ་འབུལ་བ་ལ༔}} ཧོཿ སྲིད་པ་མ་མོའི་དཀྱིལ་འཁོར་ལ༔ མཉེས་པའི་མཆོད་པ་འབུལ་བ་ནི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟའི་ཚོགས་ཀྱིས་མཆོད༔ འབྲུ་ཡི་མར་དང་རྩི་ཡི་མར༔ འོ་ཞོ་ཇ་ཆང་བདུད་རྩིའི་སྐྱེམས༔ འབྲུ་སྣ་ཤིང་ཐོག་ཟས་ཀྱི་རིགས༔ འདོད་ཡོན་རྒྱན་གྱི་འཁོར་ལོ་འབུལ༔ བཙོས་དང་རྗེན་ཤ་ཁུ་བ་རྐང་༔ ནལ་བུའི་ཤ་ཁྲག་གཏོར་མ་དང་༔ ལྒ་དང་རྩི་དང་སྤོད་ཀྱི་རིགས༔ མདོར་ན་རོ་བརྒྱའི་བཅུད་ལྡན་པའི༔ བཟའ་བཏུང་ཚོགས་ཀྱི་མཆོད་པ་འབུལ༔ ཕྱར་དར་གཡབ་དར་གདུགས་རྒྱལ་མཚན༔ གནམ་ཡོལ་བླ་བྲེ་འཕན་དར་དང་༔ མི་དབང་ནལ་བུའི་རྒྱལ་མཚན་སོགས༔ མ་མོ་མཁའ་འགྲོ་དགྱེས་ཕྱིར་འབུལ༔ རྟ་དང་བོང་དྲེལ་གནག་ར་ལུག༔ གཟུགས་འགྲོས་སྣ་ཚོགས་དཀོར་དུ་འབུལ༔ ཁྱུང་ཆེན་རྨ་བྱ་དེ་ཕོ་དང་༔ བྱ་ནག་མཆུ་དམར་ལ་སོགས་པ༔ མདོར་ན་མ་མོ་མཉེས་པའི་རྫས༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ འདོད་ཡོན་མི་ཟད་གཏེར་གྱི་མཛོད༔ གུས་པས་འབུལ་ལོ་བཞེས་ནས་ཀྱང་༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ མ་སྲིང་ལྟ་བུར་བརྩེ་གདུང་ཞིང་༔ རྟག་ཏུ་བྱམས་པས་སྐྱོངས་མཛོད་ལ༔ ནད་གདོན་མི་མཐུན་ཕྱོགས་ཞི་ནས༔ ཆོས་མཐུན་མངའ་ཐང་འཕེལ་རྒྱས་མཛོད༔ སྣང་སྲིད་དབང་སྡུད་བྲན་བཀོལ་ཏེ༔ མངོན་སྤྱོད་ལས་ཀྱིས་དགྲ་བགེགས་སྒྲོལ༔ མ་མ་ཨེ་ཀ་ཙ་ཏི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ཌཱ་ཀི་ནཱི་མཿབྷྱོཿཛཿཧྲཱིཾཿསརྦ་ས་པ་རི་ཝཱ་ར་མ་ཧཱ་ཨརྒྷཾ་པཱདྱཾ་སོགས་ཤཔྟ་རཱུ་པ་སོགས་དྷརྨ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་ག་ཎ་པཱུ་ཛ་ཧོཿ {{TibChung|དེ་ནས་བསྟོད་པ་བྱ་བ་ལ༔}} ཧཱུྃ་བྷྱོ༔ གདོད་ནས་ཀུན་ཏུ་བཟང་མོ་ཡེ་སངས་རྒྱས༔ སྣ་ཚོགས་ཐབས་ཀྱིས་གདུག་པ་འདུལ་བའི་ཕྱིར༔ རེས་འགའ་དྲི་ཟ་མོ་དང་མེ་ལྷ་མོ༔ རེས་འགའ་གཤིན་རྗེ་མོ་དང་སྲིན་མོར་བརྫུ༔ རེས་འགའ་ཆུ་ལྷ་མོ་དང་གནོད་སྦྱིན་མོ༔ རེས་འགའ་དབང་ལྡན་མོ་དང་ཀླུ་གཉན་མོ༔ ཀུན་ཏུ་བརྫུ་ཞིང་སྣ་ཚོགས་གར་མཁན་མོ༔ དཔལ་འབར་དབྱིངས་ཀྱི་རྗེ་མོ་ཁྱོད་ལ་བསྟོད༔ དབྱར་དགུན་སྟོན་དཔྱིད་དུས་བཞིའི་བྱེད་པ་མོ༔ སྐུ་གསུམ་ཞིང་ཁམས་ཀུན་ལ་དབང་མཛད་ཅིང༔ གནས་མཆོག་ཉི་ཤུ་རྩ་བཞིའི་བདག་མོ་མཛད༔ ཡུལ་ཆེན་སུམ་ཅུ་སོ་གཉིས་མངའ་དབང་བསྒྱུར༔ ཧེ་རུ་ཀ་ཡི་གནས་བཅུ་མངོན་དུ་བྱེད༔ དུར་ཁྲོད་ཆེན་པོ་བརྒྱད་དུ་ཆོ་འཕྲུལ་སྟོན༔ གནས་གསུམ་མཁའ་འགྲོའི་དབང་ཕྱུག་ཁྱོད་ལ་བསྟོད༔ ཤ་ཟ་མི་སྲུན་དྲག་ཁྲོས་རྔམས་པའི་གཟུགས༔ ངོམས་བཞིན་ལས་བྱེད་མ་མོ་མཁའ་འགྲོ་འགྱེད༔ མོ་རྒྱུད་དབང་སྡུད་འཁོར་བརྒྱད་བྲན་དུ་ཁོལ༔ བཀའ་སྲུང་དྲེགས་པ་ཀུན་གྱི་སྲོག་དབང་བྱེད༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ ཉམས་པ་ཅན་ལ་བཀའ་ཡིས་ཆད་པ་གཅོད༔ རྣལ་འབྱོར་ཅན་ལ་མ་ཡིས་བུ་ལྟར་བརྩེ༔ དངོས་གྲུབ་རྣམ་གཉིས་མཆོག་གི་ནོར་དུ་སྟེར༔ ཡང་རྗེ་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ སྤྱི་དཔལ་དབྱིངས་ཀྱི་རྗེ་མོ་ཁྱོད་ལ་བསྟོད༔ {{TibChung|དེ་ནས་བཤགས་པ་བྱ་བ་ལ༔}} ཧོཿ ཀུན་ཏུ་བཟང་མོ་ཨེ་ཀ་ཛ་ཊཱི་མ༔ སྲིད་པ་དབྱིངས་ཀྱི་རྗེ་མོ་འཁོར་བཅས་དགོངས༔ བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ མ་མོ་མཁའ་འགྲོ་ཐུགས་དང་འགལ་བའི་ལས༔ མ་ལུས་མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ བཟོད་པར་བཞེས་ཏེ་དགྱེས་པར་དགོངས་མཛོད་ཅིག༔ {{TibChung|ཡི་གེ་བརྒྱ་པ་བརྗོད༔ དེ་ནས་འབོད་སྔགས་བཟླ་བ་ལ༔}} བདག་ཉིད་དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོ་ཡི་དམ་གྱི་ལྷ་མཆོག་གང་ཡང་རུང་བ་དང་༔ རྩ་བརྒྱུད་བླ་མ་ཐམས་ཅད་གཅིག་དྲིལ་གྱི་བདག་ཉིད་ཆེ་མཆོག་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་གཡས་དཀར་གཡོན་དམར་གཡས་གསུམ་རྡོ་རྗེ་རྩེ་དགུ་རྩེ་ལྔ་རྩེ་གསུམ་ཕྱར་བ༔ གཡོན་གསུམ་བྷནྡྷ་སྐམ་རློན་རྙིང་པ་ཁྲག་གིས་བཀང་བ་བསྣམས་ཏེ༔ ཡུམ་ཁྲོ་མོ་གནམ་ཞལ་མ་མཐིང་སྐྱ་གཡས་ཁ་ཊྭཱྃ་དང་༔ གཡོན་དུང་ཁྲག་ཡབ་ལ་སྟོབ་པ༔ ཞབས་གཡས་ཡབ་ཀྱི་སྐུ་ལ་འཁྲིལ་ཞིང་ཡབ་དང་ཞལ་སྦྱོར་བ་དུར་ཁྲོད་ཀྱི་ཆས་རྫོགས་ཤིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་འགྱིང་ཞིང་ཞབས་བཞིས་སྐྱེ་བ་རྣམ་བཞིའི་སྒོ་འཕར་གནོན་པའི་མཚོན་བྱེད་བམ་ཆེན་བསྣོལ་བའི་ཁྲི་ལ་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ་ཞིག་ཏུ་བསྒོམ་པ་ནི་གཉེན་པོ་སྟོབས་ཀྱི་ལྷ་ཞེས་བྱ་བའོ༔ མདུན་དུ་དབྱིངས་ཀྱི་སྲུང་མ་ཨེ་ཀ་ཙ་ཏི་འབྱུང་ལྔ་དབྱིངས་ཀྱི་རྗེ་མོ་སྲིད་པ་དུས་བཞིའི་དབང་མོ་ལ་སོགས་པའི་སྲིད་པ་མ་མོའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་དང་སྐུ་གསུམ་ཞི་ཁྲོ་རབ་འབྱམས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུ་མཁའ་འགྲོ་དང་མ་མོ་རབ་འབྱམས་ཀྱི་རྣམ་པར་བཞེངས་ཏེ་བསྐྱེད་པའི་ལྷ་ལ་གཉིས་མེད་དུ་ཐིམ་པས་མཐུ་ནུས་པ་བཀྲག་གཟི་མདངས་ཉམས་བདེ་བ་དཔག་ཏུ་མེད་པ་ལ་འབར་ཞིང་དགྱེས་པར་བསྒོམ་ལ༔ ཨེ་ཀ་ཙ་ཊཱི་མ་བྷྱོ་ཛཿཧྲཱིཾ་ས་མ་ཡ་ཛ་ཛཿཞེས་བརྗོད་རྦད་པ་ལ༔ བདག་གི་ཐུགས་ཀ་ནས་འོད་འཕྲོས་པས་དབྱིངས་ཀྱི་རྗེ་མོ་འཁོར་དང་བཅས་པའི་ཐུགས་ཀར་ཕོག་སྟེ་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་སྲིད་པ་མ་མོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་ནམ་མཁའ་ལ་སྐར་ཚོགས་བཀྲ་བ་ལྟ་བུ་དང་བར་སྣང་ལ་སྤྲིན་དཔུང་གཏིབས་པ་ལྟ་བུ་དང༔ ས་གཞི་ལ་ཁ་ཆར་སེར་རླུང་འཚུབས་པ་ལྟར་དགྲ་བོའི་མི་ནོར་འཁོར་དང་བཅས་པའི་སྟེང་དུ་རུ་ལུ་དང་སོད་རྒྱོབ་ཀྱི་སྒྲས་ས་གསུམ་གང་ཞིང་འདར་འཁྲིགས་དང་བཅས་འགྲོ་བར་{{TibChung|བསམ་ལ༔}} ཧཱུྃ་བྷྱོཿ མ་མ་ཨེ་ཀ་ཙ་ཊཱི་མཿ བྷྱོཿ ཛཿ ཧྲཱིཾཿས་མ་ཡ༔ ཆེ་གེ་མོའི་བླ་ལ་རྦད་རྦད༔ སྲོག་ལ་རྦད་རྦད༔ མི་ཕྱུགས་དཀོར་ལ་རྦད་རྦད༔ {{TibChung|ཅེས་པ་ཆུ་བོའི་གཞུང་བཞིན་བཟླ༔ བསད་པ་ལ༔}} དབྱིངས་ཀྱི་རྗེ་མོའི་སྤྲུལ་པ་མ་མོ་མཁའ་འགྲོ་དཔག་ཏུ་མེད་པས་དགྲ་བོའི་ཚེ་བླ་སྲོག་གསུམ་མི་ནོར་དཀོར་དང་བཅས་པ་ཤོག་སྐྱ་རླུང་གིས་བསྐྱོད་པ་བཞིན་དུ་དེད་བྱུང་ནས་མཚོན་ཆ་མང་པོས་བསད༔ ཐུན་རྫས་མང་པོས་གཏུབ༔ ཤ་ཟའི་ཚོགས་ཀྱིས་ཤ་ལ་རོལ༔ ཁྲག་འཐུང་མ་མོའི་ཚོགས་ཀྱིས་ཁྲག་ལ་འཇིབ༔ རུས་འཆའ་མ་རྣམས་ཀྱིས་རུས་པ་མུར༔ རྐང་ལྡག་མོ་རྣམས་ཀྱིས་རྐང་ལ་རོལ༔ བླ་ཚེ་སྲོག་གསུམ་ཁ་རྗེ་དབང་ཐང་དང་བཅས་པ་ཆུ་ཐིགས་ཧུབ་ཀྱིས་བཏབ་པ་བཞིན་དུ་རོལ་པར་{{TibChung|བསམ་ལ༔}} ཧཱུྃ་བྷྱོཿ མ་མ་ཨེ་ཀ་ཙ་ཊཱི་མཿ བྷྱོཿ ཛཿ ཧྲཱིཾཿ སརྦ་དྷརྨ་པཱ་ལ་ཌཱ་ཀི་ནཱི་སརྦ་ཀྵེ་ཊ་པཱ་ལ་ཌཱ་ཀི་ནཱི་སརྦ་ལོ་ཀ་པཱ་ལ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཀཱ་ལ་རཱུ་པ་ཨ་མུ་ཀ་མཱ་ར་ཡ་བླ་ལ་རྦད་སོད༔ སྲོག་ལ་རྦད་སོད༔ སྙིང་ལ་རྦད་སོད༔ ཚེ་ལ་རྦད་སོད༔ མི་ནོར་སྲོག་ལ་རྦད་སོད༔ ཐུམ་རི་ལི་ལི་མཱ་ར་ཡ་རྦད་སོད༔ ཤ་ལ་མྱག་མྱག༔ ཁྲག་ལ་རོལ་རོལ༔ རྦད་བྷྱོ་རྦད་བྷྱོ༔ ཕོབ་ཡ༔ སོད་ཡ༔ {{TibChung|ཞེས་ཐུན་མཚོན་གྱིས་བརྡེག་ཅིང་དྲག་ཏུ་བརྗོད༔ རྟགས་དང་མཚན་མ་ཚད་ཕེབ་ཅིང་༔ བསྐང་གསོལ་གཏོར་མ་མང་བཏང་སྟེ༔ མཐར་ནི་ལས་ལ་སྦྱོར་བའི་ཚེ༔ རྫོང་འཕྲང་སྲོག་གི་གནད་ལྡན་ན༔ དགྲ་དཔུང་རྡོ་རྗེ་ཡིན་ཡང་འཇིིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་སོ་བདུན་བར་དུ་བཀའ་རྒྱ་བྱས་མཐར་རྣལ་འབྱོར་གཡུང་དྲུང་ཕུན་ཚོགས་དང་སྐྱེས་བུ་ཆེ་མཆོག་གཉིས་ཀྱིས་བསྐུལ་ངོར་ལི་སྟོད་སྐལ་བཟང་དགོན་ནས་གཏན་ལ་ཕབ་པའི་ཡི་གེ་པ་ནི་གཡུང་དྲུང་ཕུན་ཚོགས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Latest revision as of 16:54, 6 January 2026
| Wylie title | zab gsang mkha' 'gro'i snying thig las: dpal ldan sngags kyi srung ma'i sgrub thabs yid bzhin dbang rgyal: | |
|---|---|---|
| Location | bdud 'joms gling pa zab gter Volume 8, Text 3, Pages 21-33 (Folios 1a1 to 7a6) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las dpal ldan sngags kyi srung ma'i sgrub thabs yid bzhin dbang rgyal. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 8: 21-33. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: sgrub thabs Verso: bdud 'joms bka' srung sngags srung | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Sadhanas - Evocation Ritual - sgrub thabs | |
| Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Deity | E ka dzA Ti | |
| Colophon |
ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་སོ་བདུན་བར་དུ་བཀའ་རྒྱ་བྱས་མཐར་རྣལ་འབྱོར་གཡུང་དྲུང་ཕུན་ཚོགས་དང་སྐྱེས་བུ་ཆེ་མཆོག་གཉིས་ཀྱིས་བསྐུལ་ངོར་ལི་སྟོད་སྐལ་བཟང་དགོན་ནས་གཏན་ལ་ཕབ་པའི་ཡི་གེ་པ་ནི་གཡུང་དྲུང་ཕུན་ཚོགས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། | |
|
zhes pa 'di nyid khrag 'thung bdud 'joms rdo rjes gser smad rnga la stag rtse'i g.yas logs shwa brag rdo rje nas gdan drangs te mi lo sum cu so bdun bar du bka' rgya byas mthar rnal 'byor g.yung drung phun tshogs dang skyes bu che mchog gnyis kyis bskul ngor li stod skal bzang dgon nas gtan la phab pa'i yi ge pa ni g.yung drung phun tshogs so/_/dge'o/_/dge'o/_/dge'o/_/sarba mang+ga laM// | ||