DJYD-KABUM-18-TSHA-022: Difference between revisions

From Dudjom Wiki
DJYD-KABUM-18-TSHA-022
Imported new text files with Wyckibaat for processing
 
No edit summary
Line 1: Line 1:
(1ན)(ཆང་མཆོད་རབ་དགའི་ཕོ་ཉ་ཡོད།  །)རང་བྱུང་བདེ་སྐྱོང་སྣོད་མཆོག་ཏུ།  །འབྲུ་བཅུད་དྭངས་མ་རྒྱ་མཚོར་འཁྱིལ།  །དེ་སྟེང་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿ  མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་རྣམས་ལས།  །རིགས་ལྔ་ཡབ་ཡུམ་བཅུར་གྱུར་པ།  །རྗེས་ཆགས་མཉམ་སྦྱོར་བདེ་བའི་རྒྱུན།  །རབ་གཡོས་རིགས་ལྔ་ཡབ་ཡུམ་བཅས།  །འོད་ཞུ་གཅིག་འདྲེས་བཅུད་ལ་ཐིམ།  །དབྱིངས་ནས་འབྲུ་གསུམ་ཆར་བབས་པས།  །ཟག་མེད་ཡེ་ཤེས་བདུད་རྩིའི་དངོས།  །ཁ་དོག་དྲི་རོ་ནུས་ལྡན་པའི།  །ཕུན་ཚོགས་འདོད་ཡོན་གཏེར་དུ་གྱུར།  །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ  (ལན་གསུམ།)ཛ་གད་དཔའ་བོའི་བདུད་རྩི་འདི།  །མཐོང་བ་ཙམ་གྱིས་དགའ་བ་བསྐྱེད།  །མྱོང་བ་ཙམ་གྱིས་བདེ་བ་བསྐྱེད།  །ངོ་མཚར་བླ་མེད་དམ་རྫས་འདིས།  །མཆོག་གསུམ་སྐུ་གསུམ་རྒྱལ་བ་མཆོད།  །དྲུག་ལྡན་བརྒྱུད་པའི་བླ་མ་མཆོད།  །ཁྱབ་བདག་རིག་འཛིན་བླ་མ་མཆོད།  །ཡི་དམ་ཞི་ཁྲོ་རབ་འབྱམས་མཆོད།  །གནས་གསུམ་མཁའ་འགྲོ་མ་ཚོགས་མཆོད།  །རྒྱུད་གསུམ་དམ་ཅན་རྒྱ་མཚོ་མཆོད།  །ནོར་ལྷ་གཏེར་བདག་གཞི་བདག་མཆོད།  །རང་ལུས་རྒྱལ་བའི་དཀྱིལ་འཁོར་མཆོད།  །དག་པ་མྱང་འདས་སངས་རྒྱས་མཆོད།  །མ་དག་འཁོར་བའི་སེམས་ཅན་མཆོད།  །གཉིས་འཛིན་གཉིས་མེད་ཆེན་(1བ)པོར་མཆོད།  སྣང་སྲིད་དག་པ་རབ་འབྱམས་མཆོད།  །ཨ་ཧོ།  ཆང་ལ་མི་དགྱེས་སུ་ཡང་མེད།  །ཨ་ལ་ལ་ཧོ་བཞེས་སུ་གསོལ།  །རྩ་གསུམ་རྒྱལ་བས་དབྱིངས་ནས་བཞེས།  །ཆོས་སྐྱོང་སྲུང་མས་དགོངས་བཞིན་བཞེས།  །བླ་མ་རྣམས་ཀྱིས་གུང་ནས་བཞེས།  །མཆེད་ལྕམ་རྣམས་ཀྱིས་གྲལ་ནས་བཞེས།  །རང་བྱུང་རྣམས་ཀྱིས་ལྐོག་ནས་བཞེས།  །སྔགས་པ་རྣམས་ཀྱིས་ངོས་ནས་བཞེས།  །ཕ་ཇོ་རྣམས་ཀྱིས་འགྱིང་བཞིན་བཞེས།  །མ་སྲུ་རྣམས་ཀྱི་འཛུམ་བཞིན་བཞེས།  །སྟག་ཤར་རྣམས་ཀྱིས་འཁྱུག་བཞིན་བཞེས།  །སྨན་ཤར་རྣམས་ཀྱིས་ལྡེམ་བཞིན་བཞེས།  །བུ་ཆུང་རྣམས་ཀྱིས་རྩེ་བཞིན་བཞེས།  །བུ་མོ་རྣམས་ཀྱིས་དགོད་བཞིན་བཞེས།  །རྣལ་འབྱོར་བདག་གིས་དགའ་བཞིན་འཐུང་།  །དགའ་བཞིན་འཐུང་ཡང་སྲེད་པ་མེད།  །སྲེད་པ་ཀུན་ཉོན་འཁོར་བའི་རྒྱུ།  །སྲེད་མེད་སྒྱུ་མའི་དགའ་སྟོན་འདིས།  །སྒྱུ་མ་ལུས་ཀྱི་གྲོང་ཁྱེར་མཆོད།  །བཟའ་བཏུང་ཚོགས་འཁོར་རང་བཞིན་ལ།  །འཛེམ་བག་མ་དགོས་གུ་རེ་ཡངས།  །ཅིར་སྣང་དག་པ་རབ་འབྱམས་ལ།  །སྤང་བླང་མ་དགོས་ལྷོད་རེ་ཆགས།  །རང་གནས་ཡེ་ཤེས་ཉག་གཅིག་ལ།  །རྩོལ་སྒྲུབ་མ་དགོས་བློ་རེ་བདེ།  །བློ་བདེའི་ལམ་སྣེ་ཟིན་པ་འདི།  །ཕ་གཅིག་བླ་(2ན)མའི་བཀའ་དྲིན་ལགས།  །ཨ་ལ་ལ་ཧོ་སྐལ་པ་བཟང་།  (ཞེས་པའང་ཆང་འཐུང་གི་གྲོགས་པོ་འགས་བསྐུལ་བའི་རྐྱེན་ལས་ཆང་པ་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གང་དྲན་འཛེམ་བག་མེད་པར་བརྗོད་པའོ།།  །།)[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|language=Tibetan
|pagestatus=Temporary stub only
|volumenumber=18
|volumeLetter=TSHA
|textnuminvol=022
|pdflink=File:DJYD-KABUM-18-TSHA-022.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-18-TSHA
}}
<h1>Tibetan Text</h1>
<onlyinclude>
{{TibP|(1ན)(ཆང་མཆོད་རབ་དགའི་ཕོ་ཉ་ཡོད།  །)རང་བྱུང་བདེ་སྐྱོང་སྣོད་མཆོག་ཏུ།  །འབྲུ་བཅུད་དྭངས་མ་རྒྱ་མཚོར་འཁྱིལ།  །དེ་སྟེང་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿ  མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་རྣམས་ལས།  །རིགས་ལྔ་ཡབ་ཡུམ་བཅུར་གྱུར་པ།  །རྗེས་ཆགས་མཉམ་སྦྱོར་བདེ་བའི་རྒྱུན།  །རབ་གཡོས་རིགས་ལྔ་ཡབ་ཡུམ་བཅས།  །འོད་ཞུ་གཅིག་འདྲེས་བཅུད་ལ་ཐིམ།  །དབྱིངས་ནས་འབྲུ་གསུམ་ཆར་བབས་པས།  །ཟག་མེད་ཡེ་ཤེས་བདུད་རྩིའི་དངོས།  །ཁ་དོག་དྲི་རོ་ནུས་ལྡན་པའི།  །ཕུན་ཚོགས་འདོད་ཡོན་གཏེར་དུ་གྱུར།  །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ  (ལན་གསུམ།)ཛ་གད་དཔའ་བོའི་བདུད་རྩི་འདི།  །མཐོང་བ་ཙམ་གྱིས་དགའ་བ་བསྐྱེད།  །མྱོང་བ་ཙམ་གྱིས་བདེ་བ་བསྐྱེད།  །ངོ་མཚར་བླ་མེད་དམ་རྫས་འདིས།  །མཆོག་གསུམ་སྐུ་གསུམ་རྒྱལ་བ་མཆོད།  །དྲུག་ལྡན་བརྒྱུད་པའི་བླ་མ་མཆོད།  །ཁྱབ་བདག་རིག་འཛིན་བླ་མ་མཆོད།  །ཡི་དམ་ཞི་ཁྲོ་རབ་འབྱམས་མཆོད།  །གནས་གསུམ་མཁའ་འགྲོ་མ་ཚོགས་མཆོད།  །རྒྱུད་གསུམ་དམ་ཅན་རྒྱ་མཚོ་མཆོད།  །ནོར་ལྷ་གཏེར་བདག་གཞི་བདག་མཆོད།  །རང་ལུས་རྒྱལ་བའི་དཀྱིལ་འཁོར་མཆོད།  །དག་པ་མྱང་འདས་སངས་རྒྱས་མཆོད།  །མ་དག་འཁོར་བའི་སེམས་ཅན་མཆོད།  །གཉིས་འཛིན་གཉིས་མེད་ཆེན་(1བ)པོར་མཆོད།  སྣང་སྲིད་དག་པ་རབ་འབྱམས་མཆོད།  །ཨ་ཧོ།  ཆང་ལ་མི་དགྱེས་སུ་ཡང་མེད།  །ཨ་ལ་ལ་ཧོ་བཞེས་སུ་གསོལ།  །རྩ་གསུམ་རྒྱལ་བས་དབྱིངས་ནས་བཞེས།  །ཆོས་སྐྱོང་སྲུང་མས་དགོངས་བཞིན་བཞེས།  །བླ་མ་རྣམས་ཀྱིས་གུང་ནས་བཞེས།  །མཆེད་ལྕམ་རྣམས་ཀྱིས་གྲལ་ནས་བཞེས།  །རང་བྱུང་རྣམས་ཀྱིས་ལྐོག་ནས་བཞེས།  །སྔགས་པ་རྣམས་ཀྱིས་ངོས་ནས་བཞེས།  །ཕ་ཇོ་རྣམས་ཀྱིས་འགྱིང་བཞིན་བཞེས།  །མ་སྲུ་རྣམས་ཀྱི་འཛུམ་བཞིན་བཞེས།  །སྟག་ཤར་རྣམས་ཀྱིས་འཁྱུག་བཞིན་བཞེས།  །སྨན་ཤར་རྣམས་ཀྱིས་ལྡེམ་བཞིན་བཞེས།  །བུ་ཆུང་རྣམས་ཀྱིས་རྩེ་བཞིན་བཞེས།  །བུ་མོ་རྣམས་ཀྱིས་དགོད་བཞིན་བཞེས།  །རྣལ་འབྱོར་བདག་གིས་དགའ་བཞིན་འཐུང་།  །དགའ་བཞིན་འཐུང་ཡང་སྲེད་པ་མེད།  །སྲེད་པ་ཀུན་ཉོན་འཁོར་བའི་རྒྱུ།  །སྲེད་མེད་སྒྱུ་མའི་དགའ་སྟོན་འདིས།  །སྒྱུ་མ་ལུས་ཀྱི་གྲོང་ཁྱེར་མཆོད།  །བཟའ་བཏུང་ཚོགས་འཁོར་རང་བཞིན་ལ།  །འཛེམ་བག་མ་དགོས་གུ་རེ་ཡངས།  །ཅིར་སྣང་དག་པ་རབ་འབྱམས་ལ།  །སྤང་བླང་མ་དགོས་ལྷོད་རེ་ཆགས།  །རང་གནས་ཡེ་ཤེས་ཉག་གཅིག་ལ།  །རྩོལ་སྒྲུབ་མ་དགོས་བློ་རེ་བདེ།  །བློ་བདེའི་ལམ་སྣེ་ཟིན་པ་འདི།  །ཕ་གཅིག་བླ་(2ན)མའི་བཀའ་དྲིན་ལགས།  །ཨ་ལ་ལ་ཧོ་སྐལ་པ་བཟང་།  (ཞེས་པའང་ཆང་འཐུང་གི་གྲོགས་པོ་འགས་བསྐུལ་བའི་རྐྱེན་ལས་ཆང་པ་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གང་དྲན་འཛེམ་བག་མེད་པར་བརྗོད་པའོ།།  །།)}}
</onlyinclude>
{{TsagliCall}}
<headertabs/>

Revision as of 06:20, 1 June 2024

Wylie title
Location bdud 'joms rin po che bka' 'bum
Volume 18, Text 22, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre

[edit]
(1ན)(ཆང་མཆོད་རབ་དགའི་ཕོ་ཉ་ཡོད། །)རང་བྱུང་བདེ་སྐྱོང་སྣོད་མཆོག་ཏུ། །འབྲུ་བཅུད་དྭངས་མ་རྒྱ་མཚོར་འཁྱིལ། །དེ་སྟེང་ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་རྣམས་ལས། །རིགས་ལྔ་ཡབ་ཡུམ་བཅུར་གྱུར་པ། །རྗེས་ཆགས་མཉམ་སྦྱོར་བདེ་བའི་རྒྱུན། །རབ་གཡོས་རིགས་ལྔ་ཡབ་ཡུམ་བཅས། །འོད་ཞུ་གཅིག་འདྲེས་བཅུད་ལ་ཐིམ། །དབྱིངས་ནས་འབྲུ་གསུམ་ཆར་བབས་པས། །ཟག་མེད་ཡེ་ཤེས་བདུད་རྩིའི་དངོས། །ཁ་དོག་དྲི་རོ་ནུས་ལྡན་པའི། །ཕུན་ཚོགས་འདོད་ཡོན་གཏེར་དུ་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ (ལན་གསུམ།)ཛ་གད་དཔའ་བོའི་བདུད་རྩི་འདི། །མཐོང་བ་ཙམ་གྱིས་དགའ་བ་བསྐྱེད། །མྱོང་བ་ཙམ་གྱིས་བདེ་བ་བསྐྱེད། །ངོ་མཚར་བླ་མེད་དམ་རྫས་འདིས། །མཆོག་གསུམ་སྐུ་གསུམ་རྒྱལ་བ་མཆོད། །དྲུག་ལྡན་བརྒྱུད་པའི་བླ་མ་མཆོད། །ཁྱབ་བདག་རིག་འཛིན་བླ་མ་མཆོད། །ཡི་དམ་ཞི་ཁྲོ་རབ་འབྱམས་མཆོད། །གནས་གསུམ་མཁའ་འགྲོ་མ་ཚོགས་མཆོད། །རྒྱུད་གསུམ་དམ་ཅན་རྒྱ་མཚོ་མཆོད། །ནོར་ལྷ་གཏེར་བདག་གཞི་བདག་མཆོད། །རང་ལུས་རྒྱལ་བའི་དཀྱིལ་འཁོར་མཆོད། །དག་པ་མྱང་འདས་སངས་རྒྱས་མཆོད། །མ་དག་འཁོར་བའི་སེམས་ཅན་མཆོད། །གཉིས་འཛིན་གཉིས་མེད་ཆེན་(1བ)པོར་མཆོད། སྣང་སྲིད་དག་པ་རབ་འབྱམས་མཆོད། །ཨ་ཧོ། ཆང་ལ་མི་དགྱེས་སུ་ཡང་མེད། །ཨ་ལ་ལ་ཧོ་བཞེས་སུ་གསོལ། །རྩ་གསུམ་རྒྱལ་བས་དབྱིངས་ནས་བཞེས། །ཆོས་སྐྱོང་སྲུང་མས་དགོངས་བཞིན་བཞེས། །བླ་མ་རྣམས་ཀྱིས་གུང་ནས་བཞེས། །མཆེད་ལྕམ་རྣམས་ཀྱིས་གྲལ་ནས་བཞེས། །རང་བྱུང་རྣམས་ཀྱིས་ལྐོག་ནས་བཞེས། །སྔགས་པ་རྣམས་ཀྱིས་ངོས་ནས་བཞེས། །ཕ་ཇོ་རྣམས་ཀྱིས་འགྱིང་བཞིན་བཞེས། །མ་སྲུ་རྣམས་ཀྱི་འཛུམ་བཞིན་བཞེས། །སྟག་ཤར་རྣམས་ཀྱིས་འཁྱུག་བཞིན་བཞེས། །སྨན་ཤར་རྣམས་ཀྱིས་ལྡེམ་བཞིན་བཞེས། །བུ་ཆུང་རྣམས་ཀྱིས་རྩེ་བཞིན་བཞེས། །བུ་མོ་རྣམས་ཀྱིས་དགོད་བཞིན་བཞེས། །རྣལ་འབྱོར་བདག་གིས་དགའ་བཞིན་འཐུང་། །དགའ་བཞིན་འཐུང་ཡང་སྲེད་པ་མེད། །སྲེད་པ་ཀུན་ཉོན་འཁོར་བའི་རྒྱུ། །སྲེད་མེད་སྒྱུ་མའི་དགའ་སྟོན་འདིས། །སྒྱུ་མ་ལུས་ཀྱི་གྲོང་ཁྱེར་མཆོད། །བཟའ་བཏུང་ཚོགས་འཁོར་རང་བཞིན་ལ། །འཛེམ་བག་མ་དགོས་གུ་རེ་ཡངས། །ཅིར་སྣང་དག་པ་རབ་འབྱམས་ལ། །སྤང་བླང་མ་དགོས་ལྷོད་རེ་ཆགས། །རང་གནས་ཡེ་ཤེས་ཉག་གཅིག་ལ། །རྩོལ་སྒྲུབ་མ་དགོས་བློ་རེ་བདེ། །བློ་བདེའི་ལམ་སྣེ་ཟིན་པ་འདི། །ཕ་གཅིག་བླ་(2ན)མའི་བཀའ་དྲིན་ལགས། །ཨ་ལ་ལ་ཧོ་སྐལ་པ་བཟང་། (ཞེས་པའང་ཆང་འཐུང་གི་གྲོགས་པོ་འགས་བསྐུལ་བའི་རྐྱེན་ལས་ཆང་པ་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གང་དྲན་འཛེམ་བག་མེད་པར་བརྗོད་པའོ།། །།)