DJYD-KABUM-07-JA-007: Difference between revisions

From Dudjom Wiki
DJYD-KABUM-07-JA-007
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༄༅།  །ཟབ་ཆོས་རིག་འཛིན་སྲོག་སྒྲུབ་ཀྱི་སྔོན་འགྲོའི་
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|language=Tibetan
|pagestatus=Temporary stub only
|volumenumber=07
|volumeLetter=JA
|textnuminvol=007
|pdflink=File:DJYD-KABUM-07-JA-007.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-07-JA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅།  །ཟབ་ཆོས་རིག་འཛིན་སྲོག་སྒྲུབ་ཀྱི་སྔོན་འགྲོའི་
ངག་འདོན་ཁྲིགས་སུ་བསྡེབས་པ་ཟུང་འཇུག་
ངག་འདོན་ཁྲིགས་སུ་བསྡེབས་པ་ཟུང་འཇུག་
ལམ་བཟང་ཞེས་བྱ་བ་བཞུགས་སོ།  །
ལམ་བཟང་ཞེས་བྱ་བ་བཞུགས་སོ།  །


(1བ)ན་མོ་མཧཱ་གུ་རུ་པདྨ་ཀ་ར་ཡེ།  (ཟབ་ཆོས་རིག་འཛིན་སྲོག་སྒྲུབ་ཀྱི་རིམ་གཉིས་ཟབ་མོའི་སྔོན་འགྲོ་ཉམས་སུ་ལེན་པ་ལ།  ཐོག་མར་ཐུན་གྱི་སྔོན་འགྲོ་ནི།  ལུས་གནད་བསྲང་།  རླུང་རོབས་ལ།  དྲན་པ་མངོན་དུ་བཞག་སྟེ།  སྤྱི་བོར་རྩ་བའི་བླ་མ་དངོས་སུ་བཞུགས་པར་བསམ་ལ།  མོས་གུས་གདུང་ཤུགས་དྲག་པོས།)དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།  །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ།  །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།  །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།  །(ཅེས་དང་།)དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན།  བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ།  ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ།  ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ།  ཅེས་གསོལ་བ་བཏབ་པས་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་གཉིས་མེད་དུ་གྱུར་(པར་བསམ།  དེ་ནས་ཐུན་མོང་གི་སྔོན་འགྲོ་བློ་ལྡོག་རྣམ་བཞི་བསྒོམ་པ་ལ།  དལ་འབྱོར་རྙེད་དཀའ་བསམ་པ་ནི།)དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ།  །སྐྱེས་བུས་དོན་སྒྲུབ་ཐོབ་པར་གྱུར་པ་ལ།  །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན།  །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར།  །(འཆི་བ་མི་རྟག་པ་བསམ་པ་ནི།)སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།  །འགྲོ་བའི་སྐྱེ་འཆི་གར་(2ན)ལ་བལྟ་དང་མཚུངས།  །སྐྱེས་བུའི་ཚེ་ནི་ནམ་མཁའི་གློག་འདྲ་སྟེ།  །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ།  །(ལས་རྒྱུ་འབྲས་བསམ་པ་ནི།)དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན།  །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་།  །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་།  །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས།  །(འཁོར་བའི་ཉེས་དམིགས་བསམ་པ་ནི།)སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས།  །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ།  །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར།  །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན།  །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར།  །འདི་ན་འཆི་མེ་རབ་འབར་མགོན་མེད་དེ།  །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས།  །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན།  །(ཞེས་པ་རྣམས་ངག་ཏུ་བརྗོད་པའམ་མ་བརྗོད་ཀྱང་རུང་སྟེ་དོན་ཡིད་ལ་བསམ་མོ།  །ད་ནས་ཁྱད་པར་གྱི་སྔོན་འགྲོ་ལ་ལྔ་ལས།  དང་པོ་སྐྱབས་སུ་འགྲོ་བ་ནི།)མདུན་གྱི་ནམ་མཁར་འཇའ་ཟེར་འོད་དགུར་ཀློང་།  །སྣ་ཚོགས་པད་སྡོང་འདབ་བརྒྱད་ཟེའུ་འབྲུའི་དབུས།  །རྩ་བའི་བླ་མ་མཚོ་སྐྱེས་རྡོ་རྗེ་འཆང་།  །རྒྱལ་ཀུན་འདུས་ཞལ་ཆེན་པོར་བཞུགས་པ་ཡི།  །སྤྱི་བོའི་གཙུག་ན་བརྒྱུད་པའི་བླ་མ་དང་།  །ཕྱི་རོལ་ཕྱོགས་མཚམས་མཆོག་གསུམ་རྩ་གསུམ་ཚོགས།  །སྐྱབས་ཡུལ་མ་ལུས་གངས་རིར་སྤྲིན་གཏིབས་བཞིན།  །གང་འདུལ་མོས་ངོར་མངོན་སུམ་གསལ་བར་གྱུར།  །(2བ)(ཅེས་སྐྱབས་ཡུལ་གསལ་བཏབ་ལ།)ཨོཾ་ཨཱཿཧཱུྃ༔  མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད༔  དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔  ཁྱོད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས༔  འགྲོ་ཀུན་སྲིད་ལས་བསྒྲལ་ཕྱིར་སྐྱབས་སུ་མཆི༔  (ཞེས་སྐྱབས་འགྲོ་ཅི་ནུས་སུ་བྱ་ཞིང་།  ཐུན་མཐར་སྐྱབས་ཡུལ་རྣམས་རང་ལ་བསྡུ།  གཉིས་པ་སེམས་བསྐྱེད་པ་ནི།  སྐྱབས་ཡུལ་རྣམས་དཔང་པོར་གསལ་ཏེ།)གསང་མཆོག་འོད་གསལ་ཡེ་ཤེས་ཐིག་ལེའི་གཞིར༔  འགྲོ་ཀུན་སྒྲིབ་གསུམ་དག་ནས་སྐུ་དང་གསུང་༔  ཐུགས་ཀྱི་ཐིག་ལེ་ལྷུན་གྲུབ་སྣང་བཞིའི་ངང་༔  གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ༔  (ཞེས་སེམས་བསྐྱེད་ཅིང་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་།  གསུམ་པ་རྡོར་སེམས་སྒོམ་བཟླས་ནི།)པད་ཟླ་ཉི་སྟེང་རང་རིག་ཨར་གསལ་བའི༔  འོད་ཟེར་འཕྲོ་འདུས་ཁམས་གསུམ་སྲིད་གསུམ་གྱི༔  སྣང་གྲགས་ཐམས་ཅད་རྡོ་རྗེ་སྙིང་པོའི་ཞིང་༔  ཡེ་ཤེས་འོད་ལྔ་འཇའ་ཟེར་ཐིག་ལེར་འཁྲིགས༔  དེ་སྟེང་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས༔  དྲན་རིག་སྣང་སྟོང་རྡོ་རྗེ་སེམས་དཔའི་སྐུ༔  ངོ་བོ་གཅིག་ལ་རིགས་ལྔ་རིགས་བརྒྱ་སོགས༔  ནམ་མཁའི་ཁམས་གང་ཆོས་དབྱིངས་ཁྱབ་པར་གསལ༔  རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་དགུ་ཡི༔  སོ་སོའི་གནས་ནས་རྒྱལ་བའི་དཀྱིལ་འཁོར་གང་༔  ཐམས་ཅད་གནས་གསུམ་འབྲུ་གསུམ་ཧཱུྃ་ཡིག་མཐར༔  ཡིག་བརྒྱའི་འཕྲོ་འདུས་སྒྲིབ་གསུམ་བག་ཆགས་(3ན)སྦྱངས།  ཨོཾ་བཛྲ་སཏྭ་(ས་མ་ཡ་སོགས་ཡིག་བརྒྱ་ཅི་ནུས་སུ་བཟླས་པའི་མཐར།  གསང་སྔགས་སྙིང་པོས་ཉམས་ཆག་སྡིག་ལྟུང་ཀུན།  །)ལྷག་མེད་སྦྱངས་ནས་སྣང་སྟོང་འོད་སྐུར་འཁྱིལ།  །སྦྱང་བྱ་སྦྱོང་བྱེད་འཁོར་གསུམ་དམིགས་མཐའ་བྲལ།  །ཆོས་དབྱིངས་སྐྱེ་བ་མེད་པར་བྱང་ཆུབ་བོ།  །(ཞེས་བསྡུ།  བཞི་པ་མཎྜ་འབུལ་བ་ནི།)ཧཱུཾཿ    འབྱམས་ཀླས་ཟག་མེད་བདེ་ཆེན་ཆོས་ཀྱི་དབྱིངས༔  རབ་འབྱམས་སྲིད་ཞི་རང་བྱུང་རིག་པའི་ངང་༔  མི་འགྱུར་དབྱིངས་རིག་སྐུ་གསུམ་ཞིང་རབ་འབྱམས༔  སྣང་སྟོང་ལྷུན་གྲུབ་འོད་ལྔའི་ཚོམ་བུར་འབུལ༔  སྒྱུ་འཕྲུལ་ཟག་མེད་རྡོ་རྗེ་ལུས་ཀྱི་སྦུབས༔  འོད་ཀྱི་རྩ་དང་ཡེ་ཤེས་རླུང་ལྔའི་ཞིང་༔  རྒྱལ་བ་ཞི་ཁྲོ་རང་བྱུང་དམ་རྫས་དང་༔  གནས་ཡུལ་དུར་ཁྲོད་དཔའ་བོ་ཌྰ་ཀིར་བཅས༔  དྭངས་མའི་གཤིས་རིག་མ་བྱུང་མ་སྐྱེས་ཤིང་༔  ཟག་བྲལ་བློ་འདས་གདོད་ནས་ཀུན་ཏུ་བཟང་༔  དག་པ་གཉིས་ལྡན་ཡེ་ཤེས་འཁོར་ལོ་འདི༔  རིག་འཛིན་རྒྱལ་བའི་དཀྱིལ་འཁོར་ལྷ་ལ་འབུལ༔  བཞེས་ནས་མཆོག་གི་དངོས་གྲུབ་བདག་ལ་སྩོལ༔  (ཅེས་དང་།  གྲངས་གསོག་སྐབས་ཤློ་ཀ་དང་པོ་ཁོ་ནས་འཐུས་སོ།  །ལྔ་པ་བླ་མའི་རྣལ་འབྱོར་ནི།)ཨཿ    མ་ཡེངས་མ་བཅོས་དྲན་རིག་ཆོས་སྐུའི་ངང་༔  གསལ་སྟོང་དབྱེར་མེད་བླ་མ་སྐུ་གསུང་ཞིང་༔  དག་པ་རབ་འབྱམས་རྒྱན་གྱི་འཁོར་ལོའི་གཞིར༔  རང་ལུས་འོད་སྣང་རྡོ་རྗེ་བཙུན་མོར་གསལ༔  (3བ)སྤྱི་བོའི་གཙུག་ཏུ་པད་སྡོང་འཇའ་ཟེར་དང་༔  འོད་ལྔ་ཐིག་ལེ་འཁྲུགས་པའི་ཚོམ་བུའི་དབུས༔  རྩ་བའི་བླ་མ་ཡིད་བཞིན་ནོར་བུ་ལ༔  འདྲེན་མཆོག་བརྒྱུད་གསུམ་བླ་མའི་སྤྲིན་ཕུང་གཏིབས༔  སྐུ་གསུང་ཐུགས་ཀྱི་འོད་ཟེར་སྣང་སྲིད་ཁྱབ༔  སྣང་སྲིད་རྡུལ་ཕྲན་བདེ་གཤེགས་གཞལ་ཡས་ཁང་༔  ལྷ་དང་བླ་མ་ཐུགས་རྗེའི་བྱིན་འོད་འཁྲུགས༔  ཐུགས་གསང་རྒྱན་གྱི་འཁོར་ལོ་དམ་པར་གྱུར༔  (ཅེས་དབང་རྟེན་གསལ་བཏབ་ལ།)གཤིས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ཞིང་༔  གཏིང་མཐའ་བྲལ་བའི་འོད་གསལ་མཆོད་པར་འབུལ༔  འཁོར་བ་མྱང་འདས་མཉམ་ཉིད་ཀློང་དུ་བཤགས༔  བློ་བྲལ་ཆོས་ཟད་ཆེན་པོར་རྗེས་ཡི་རང་༔  ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར༔  འཁོར་བ་དོང་ནས་སྦྲུགས་པར་གསོལ་བ་འདེབས༔  འཁོར་གསུམ་དམིགས་མཐས་བྲལ་བའི་ཕ་མཐར་བསྔོ༔  (ཞེས་ཡན་ལག་བདུན་པ་བྱ།)ཧྲཱིཿ    སྲིད་ཞིའི་ངོ་བོ་རང་བྱུང་སྙིང་པོའི་བཅུད༔  འོད་གསལ་རྒྱལ་པོ་རང་གྲོལ་ཆོས་ཀྱི་སྐུ༔  མ་འགགས་སྣང་བ་གང་ཤར་ཡེ་ཤེས་ངང་༔  རྒྱལ་བའི་དཀྱིལ་འཁོར་མི་ཟད་ལོངས་སྤྱོད་རྫོགས༔  གང་འདུལ་ཐབས་ཀྱིས་འགྲོ་བ་འདྲེན་པའི་མགོན༔  ཕྱོགས་དུས་རྒྱལ་བ་ཀུན་འདུས་རིག་པ་འཛིན༔  ཐོད་ཕྲེང་རིགས་ལྔའི་སྐུ་གསུང་ཐུགས་རྡོ་རྗེ༔  ཡོན་ཏན་ཕྲིན་ལས་སྙིང་པོར་གསོལ་བ་(4ན)འདེབས༔  སྣང་སྲིད་དག་པ་རབ་འབྱམས་མཁའ་སྤྱོད་དབྱིངས༔  སྣང་གྲགས་བླ་མ་ལྷ་དང་ཌཱ་ཀིའི་གཙོ།  །དཔལ་ཆེན་དཔའ་བོའི་དབང་ཕྱུག་ཧེ་རུ་ཀ    །ནམ་མཁའ་འཇིགས་མེད་ཞབས་ལ་གསོལ་བ་འདེབས།  །ཁྲེགས་ཆོད་གནས་ལུགས་ལྟ་བ་མངོན་གྱུར་ཅིང་།  །ཐོད་རྒལ་ཉམས་ཀྱི་དགོངས་པ་ཀློང་བརྡོལ་བས།  །སྣང་བཞི་མཐར་ཕྱིན་ཆོས་ཀུན་རང་སར་ཟད།  །ཁམས་གསུམ་རང་གྲོལ་རྗེ་ལ་གསོལ་བ་འདེབས།  །སྤངས་རྟོགས་ཡོན་ཏན་ཆོས་ཀུན་མཐར་ཕྱིན་ཞིང་།  འགྲོ་ལ་རྗེས་བརྩེ་ཐར་པའི་ལམ་མཁན་མཆོག  །གདོད་མའི་མགོན་པོ་ཀུན་བཟང་མི་གཟུགས་ཅན།  །ཕྲིན་ལས་དབང་ཕྱུག་མཆོག་དེར་གསོལ་བ་འདེབས།  །གཟོད་མ་ཉིད་ནས་ཀུན་བཟང་རྡོར་སེམས་ཀྱི།  །ངོ་ངོ་ཉིད་ཀྱང་ཐུགས་རྗེའི་སྒྱུ་འཕྲུལ་གར།  །སྙིགས་དུས་འགྲོ་བའི་སྐྱབས་མགོན་རྡོ་རྗེ་འཆང་།  །འཇིགས་མེད་དཔའ་བོའི་ཞབས་ལ་གསོལ་བ་འདེབས།  །བསམ་བཞིན་སྲིད་པ་བཟུང་ནས་སྔ་འགྱུར་གྱི།  །བསྟན་པའི་སྣང་བྱེད་དབྱིངས་ཕྱུག་མཁའ་འགྲོའི་གཙོ།  །རྡོ་རྗེ་རྩེ་མོའི་ས་མཆོག་མཐར་ཕྱིན་པ།  །མི་འགྱུར་དཔལ་གྱི་སྒྲོན་མར་གསོལ་བ་འདེབས།  །བརྟན་མཁས་ཡོན་ཏན་ཡོངས་རྫོགས་ངུར་སྨྲིག་ཅན།  །ངེས་གསང་མཆོག་དངོས་གྲུབ་པའི་ཡིད་བཞིན་ནོར།  །སྐལ་བཟང་གདུལ་བྱའི་དཔལ་དུ་ལེགས་ཤར་བ།  མཁན་(4བ)ཆེན་ཨོ་ཌཱི་ཡ་ནར་གསོལ་བ་འདེབས།  །རྣམ་ཀུན་མཆོག་ལྡན་སྟོང་ཆེན་མཛེས་མའི་མཁར།  །རྗེས་ཆགས་བདེ་ཆེན་ལང་ཚོས་རབ་མྱོས་གར།  །གཞོམ་བྲལ་རྡོ་རྗེའི་རྒྱལ་ཐབས་མངའ་དབང་སྒྱུར།  །ཕྲིན་ལས་རྣམ་པར་རྒྱལ་ལ་གསོལ་བ་འདེབས།  །ཕུལ་བྱུང་མཁས་དང་གྲུབ་པའི་རྣམ་ཐར་གྱིས།  །གསང་ཆེན་སྙིང་པོའི་རིང་ལུགས་ཕྱོགས་བརྒྱར་སྤེལ།  །ཐེག་མཆོག་ཨ་ཏི་ཡོ་གའི་ཤིང་རྟ་ཆེ།  པདྨ་དབང་རྒྱལ་རྡོ་རྗེ་ལ་གསོལ་བ་འདེབས།  །བརྒྱུད་གསུམ་ཐུགས་བཅུད་ཟབ་དོན་བདུད་རྩིའི་གཏེར།  །མཁྱེན་རབ་ཐུགས་ཀྱི་བུམ་པར་ལེགས་བསྐྱིལ་བས།  །སྐལ་བཟང་བདེ་ཆེན་རྡོ་རྗེའི་སྲོག་ཏུ་སྒྲུབ།  །ཨོ་རྒྱན་རྣམ་གྲོལ་དབང་པོར་གསོལ་བ་འདེབས།  །ཟུང་འཇུག་ལམ་ལས་གྲུབ་པའི་རྒྱལ་སར་གཤེགས།  །བཤད་སྒྲུབ་བྱ་བས་སྙིང་པོའི་བསྟན་པ་སྐྱོང་།  སྐལ་ལྡན་ཚེ་གཅིག་གདོད་མའི་གྲོལ་གཞིར་སྐྱེལ།  །ཨོ་རྒྱན་བསྟན་འཛིན་དར་རྒྱས་ལ་གསོལ་བ་འདེབས།  །བློ་འདས་དབྱིངས་སུ་འཁྲུལ་པའི་བག་ཆགས་ཟད།  །ཤུགས་འབྱུང་འགྲོ་དོན་སྒྱུ་མ་དང་དུ་ལེན།  །གང་ཤར་རང་གྲོལ་ནམ་མཁའི་རྣམ་འབྱོར་པ།  །འགྱུར་མེད་པདྨ་ཚུལ་ཁྲིམས་ལ་གསོལ་བ་འདེབས།  །ཀ་དག་ཀློང་དུ་ཀུན་བཟང་དགོངས་པ་བརྙེས།  །ལྷུན་གྲུབ་རིག་རྩལ་གདམས་ཟབ་ཅི་དགར་སྤྲོ།  དཔའ་བོ་ཌཱ་ཀིའི་ཚོགས་ཀྱི་འཁོར་ལོས་སྒྱུར།  །རིག་འཛིན་(5ན)པདྨ་དབང་དྲག་ལ་གསོལ་བ་འདེབས།  །རིས་མེད་བཀའ་གཏེར་ཆོས་མཛོད་བཀའ་བབ་ཐོབ།  །མཆོག་གསང་སྨིན་གྲོལ་གདམས་པའི་སྲོག་རྩ་མཐུད།  །འགྲོ་འདུལ་ཕྲིན་ལས་གྲུབ་པའི་ཧེ་རུ་ཀ  །འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས།  །མདོ་རྒྱུད་ལུང་དང་མན་ངག་ཆུ་བོའི་འགོ  །  བཀའ་གཏེར་སྙན་བརྒྱུད་ངེས་དོན་ཡོངས་ཀྱི་མཛོད།  །ཐར་གླིང་འགྲོ་བ་འདྲེན་པའི་དེད་དཔོན་མཆོག  །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས།  །རང་བྱུང་རང་རིག་ཤེས་པ་བཟོ་མེད་སྟོན།  །ཟག་མེད་དབྱིངས་རིག་སྣང་སྟོང་ལྷིང་པར་སྟོན།  །ལྷུན་གྲུབ་སྣང་སྟོང་དགའ་བཞིའི་སྙིང་པོར་སྟོན།  །འཕོ་མེད་མཆོག་གི་བདེ་ཆེན་འདིར་སྩོལ་ཅིག  །(ཅེས་གསོལ་བ་ཕུར་ཚུགས་སུ་འདེབས་ཤིང་།)ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔  (ཞེས་ཐུགས་རྒྱུད་བསྐུལ་བའི་བཟླས་པ་ཅི་འགྲུབ་བྱས་རྗེས།)སྣང་གྲགས་ཐམས་ཅད་རྒྱལ་བའི་སྐུ་དང་གསུང་༔  ཐུགས་ཀྱི་རྡོ་རྗེ་ཐིག་ལེ་འོད་ལྔའི་བཅུད༔  སྤྱི་མགྲིན་སྙིང་ག་ལྟེ་གསང་གནས་ལྔར་བབས༔  སྒོ་ལྔའི་འཛིན་སྣང་འོད་སྐུར་རྒྱ་རལ་ནས༔  ཆུ་ཟླ་སྤྲུལ་པ་སྒྱུ་མའི་དཔེ་བརྒྱད་དང་༔  འོད་གསལ་སྟོང་དབྱིངས་ཆེན་པོ་མཁའ་སྤྱོད་སྦུབས༔  འོག་མིན་རྡོ་རྗེ་གདན་གཞིར་དབང་བཞི་རྫོགས༔  ཕྱིར་མིག་ལྡོག་པ་རྒྱ་ཡིས་མཛེས་སྐུར་བསྟན༔  སྲིད་གསུམ་འགྲོ་ཀུན་མོས་པ་རྒྱ་མཚོའི་(5བ)མཁར༔  གང་འདུལ་སྤྲུལ་པའི་འོད་ཟེར་མཐའ་ཡས་པ༔  རྒྱལ་བའི་ཞིང་ནས་བདག་གིས་ཡོངས་སྤྲོས་ཏེ༔  ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག༔  ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུཾ༔  (ཞེས་དབང་བཞི་བླངས་མཐར་རྩ་བའི་བླ་མ་རང་ལ་བསྡུས་ཏེ་གཉིས་མེད་བློ་འདས་ཀྱི་དགོངས་པ་བསྐྱང་།)ཧོཿ    མནན་ན་ནེམ་བྱེད་བཏེགས་ན་རབ་འཕར་བའི༔  ཕྱི་ནང་མེད་པ་འོད་ལྔ་ཡེ་ཤེས་སྦུབས༔  གསལ་འགྲིབ་བྲལ་བ་རང་བྱུང་རིག་པའི་གཞི༔  སྐུ་ཞིང་གདུལ་བྱ་རྣམ་དབྱེར་མེད་པའི་མཁའ༔  ཆོས་དབྱིངས་སྒྱུ་མ་རྡོ་རྗེ་སྙིང་པོའི་གཞིར༔  ཀུན་བཟང་སྣང་མཐའ་འོད་དཔག་མེད་པའི་མགོན༔  ཅིར་ཡང་མ་གྲུབ་སྲིད་ཞི་ཡོངས་ཁྱབ་སྟེ༔  ཟབ་གསང་རྡོ་རྗེའི་སྦུབས་སུ་སངས་རྒྱས་ཤོག༔  ཆོས་དབྱིངས་ཀློང་འདི་རྒྱལ་བའི་སྐྱེད་མོས་ཚལ༔  བདག་གི་སྤྲུལ་པས་ཞིང་ཀུན་ཕྱུར་བུར་བཀང་༔  མཛད་པ་རྒྱ་མཚོ་བསྡུ་བཞིའི་ཆོས་འཁོར་གྱིས༔  སྲིད་གསུམ་འགྲོ་བའི་དེད་དཔོན་ཆེན་པོར་ཤོག༔  འོད་གསལ་སྙིང་པོ་དོན་གྱི་གཞལ་ཡས་ནས༔  བརྒྱུད་གསུམ་བླ་མ་འཇའ་ལུས་རྡོ་རྗེའི་སྐུ༔  མི་ཟད་རྒྱན་གྱི་འཁོར་ལོའི་སྤྲུལ་པ་ཡིས༔  ཨ་ཏིའི་སྒྲུབ་བརྒྱུད་འཕེལ་བའི་བཀྲ་ཤིས་ཤོག༔  སྲིད་ཞི་གཞིར་རྫོགས་འབྲས་བུ་ཆོས་ཟད་ཀློང་༔  བདེ་ཆེན་མི་གཡོ་ཐར་གླིང་དགའ་བདེའི་གཞིར༔  འགྲོ་བ་རིགས་དྲུག་ཟག་མེད་འོད་གསལ་ངང་༔  (6ན)ཉིན་མཚན་བདེ་ལེགས་སྐྱོང་བའི་བཀྲ་ཤིས་ཤོག  །ཅེས་བསྔོ་སྨོན་དང་བཀྲ་ཤིས་ཀྱིས་མཚམས་སྦྱར་ཏེ་ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་གོ  །  ཞེས་པའང་མཁའ་སྤྱོད་དཔལ་གྱི་འབྲས་མོ་གཤོངས་ཀྱིས་སྐྱོང་རྒྱལ་སྲས་རིན་པོ་ཆེའི་ཐུགས་དམ་ཉམས་བཞེས་ཀྱི་ཆེད་དང་།  གཞན་ཡང་གསང་ཆེན་པདྨ་ཡང་རྩེའི་ཆོས་གྲྭ་སོགས་ལམ་འདིའི་རིང་ལུགས་འཛིན་པ་རྣམས་ཀྱི་འཇུག་སྒོར་ཉེ་བར་མཁོ་བས་མཚམས་སྦྱར་ཏེ།  འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ངག་འདོན་ཁོ་ན་འཇུག་བདེ་བཀླག་ཆོག་ཏུ་བསྡེབས་པ་ཟབ་ལམ་གྱི་ཕྲིན་ལས་མི་ནུབ་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག།  སརྦ་དཱ་མངྒ་ལཾ།།  །།[[Category:Wyckibaat]]
(1བ)ན་མོ་མཧཱ་གུ་རུ་པདྨ་ཀ་ར་ཡེ།  (ཟབ་ཆོས་རིག་འཛིན་སྲོག་སྒྲུབ་ཀྱི་རིམ་གཉིས་ཟབ་མོའི་སྔོན་འགྲོ་ཉམས་སུ་ལེན་པ་ལ།  ཐོག་མར་ཐུན་གྱི་སྔོན་འགྲོ་ནི།  ལུས་གནད་བསྲང་།  རླུང་རོབས་ལ།  དྲན་པ་མངོན་དུ་བཞག་སྟེ།  སྤྱི་བོར་རྩ་བའི་བླ་མ་དངོས་སུ་བཞུགས་པར་བསམ་ལ།  མོས་གུས་གདུང་ཤུགས་དྲག་པོས།)དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།  །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ།  །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ།  །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།  །(ཅེས་དང་།)དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན།  བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ།  ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ།  ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ།  ཅེས་གསོལ་བ་བཏབ་པས་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་གཉིས་མེད་དུ་གྱུར་(པར་བསམ།  དེ་ནས་ཐུན་མོང་གི་སྔོན་འགྲོ་བློ་ལྡོག་རྣམ་བཞི་བསྒོམ་པ་ལ།  དལ་འབྱོར་རྙེད་དཀའ་བསམ་པ་ནི།)དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ།  །སྐྱེས་བུས་དོན་སྒྲུབ་ཐོབ་པར་གྱུར་པ་ལ།  །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན།  །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར།  །(འཆི་བ་མི་རྟག་པ་བསམ་པ་ནི།)སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།  །འགྲོ་བའི་སྐྱེ་འཆི་གར་(2ན)ལ་བལྟ་དང་མཚུངས།  །སྐྱེས་བུའི་ཚེ་ནི་ནམ་མཁའི་གློག་འདྲ་སྟེ།  །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ།  །(ལས་རྒྱུ་འབྲས་བསམ་པ་ནི།)དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན།  །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་།  །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་།  །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས།  །(འཁོར་བའི་ཉེས་དམིགས་བསམ་པ་ནི།)སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས།  །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ།  །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར།  །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན།  །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར།  །འདི་ན་འཆི་མེ་རབ་འབར་མགོན་མེད་དེ།  །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས།  །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན།  །(ཞེས་པ་རྣམས་ངག་ཏུ་བརྗོད་པའམ་མ་བརྗོད་ཀྱང་རུང་སྟེ་དོན་ཡིད་ལ་བསམ་མོ།  །ད་ནས་ཁྱད་པར་གྱི་སྔོན་འགྲོ་ལ་ལྔ་ལས།  དང་པོ་སྐྱབས་སུ་འགྲོ་བ་ནི།)མདུན་གྱི་ནམ་མཁར་འཇའ་ཟེར་འོད་དགུར་ཀློང་།  །སྣ་ཚོགས་པད་སྡོང་འདབ་བརྒྱད་ཟེའུ་འབྲུའི་དབུས།  །རྩ་བའི་བླ་མ་མཚོ་སྐྱེས་རྡོ་རྗེ་འཆང་།  །རྒྱལ་ཀུན་འདུས་ཞལ་ཆེན་པོར་བཞུགས་པ་ཡི།  །སྤྱི་བོའི་གཙུག་ན་བརྒྱུད་པའི་བླ་མ་དང་།  །ཕྱི་རོལ་ཕྱོགས་མཚམས་མཆོག་གསུམ་རྩ་གསུམ་ཚོགས།  །སྐྱབས་ཡུལ་མ་ལུས་གངས་རིར་སྤྲིན་གཏིབས་བཞིན།  །གང་འདུལ་མོས་ངོར་མངོན་སུམ་གསལ་བར་གྱུར།  །(2བ)(ཅེས་སྐྱབས་ཡུལ་གསལ་བཏབ་ལ།)ཨོཾ་ཨཱཿཧཱུྃ༔  མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད༔  དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔  ཁྱོད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས༔  འགྲོ་ཀུན་སྲིད་ལས་བསྒྲལ་ཕྱིར་སྐྱབས་སུ་མཆི༔  (ཞེས་སྐྱབས་འགྲོ་ཅི་ནུས་སུ་བྱ་ཞིང་།  ཐུན་མཐར་སྐྱབས་ཡུལ་རྣམས་རང་ལ་བསྡུ།  གཉིས་པ་སེམས་བསྐྱེད་པ་ནི།  སྐྱབས་ཡུལ་རྣམས་དཔང་པོར་གསལ་ཏེ།)གསང་མཆོག་འོད་གསལ་ཡེ་ཤེས་ཐིག་ལེའི་གཞིར༔  འགྲོ་ཀུན་སྒྲིབ་གསུམ་དག་ནས་སྐུ་དང་གསུང་༔  ཐུགས་ཀྱི་ཐིག་ལེ་ལྷུན་གྲུབ་སྣང་བཞིའི་ངང་༔  གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ༔  (ཞེས་སེམས་བསྐྱེད་ཅིང་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་།  གསུམ་པ་རྡོར་སེམས་སྒོམ་བཟླས་ནི།)པད་ཟླ་ཉི་སྟེང་རང་རིག་ཨར་གསལ་བའི༔  འོད་ཟེར་འཕྲོ་འདུས་ཁམས་གསུམ་སྲིད་གསུམ་གྱི༔  སྣང་གྲགས་ཐམས་ཅད་རྡོ་རྗེ་སྙིང་པོའི་ཞིང་༔  ཡེ་ཤེས་འོད་ལྔ་འཇའ་ཟེར་ཐིག་ལེར་འཁྲིགས༔  དེ་སྟེང་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས༔  དྲན་རིག་སྣང་སྟོང་རྡོ་རྗེ་སེམས་དཔའི་སྐུ༔  ངོ་བོ་གཅིག་ལ་རིགས་ལྔ་རིགས་བརྒྱ་སོགས༔  ནམ་མཁའི་ཁམས་གང་ཆོས་དབྱིངས་ཁྱབ་པར་གསལ༔  རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་དགུ་ཡི༔  སོ་སོའི་གནས་ནས་རྒྱལ་བའི་དཀྱིལ་འཁོར་གང་༔  ཐམས་ཅད་གནས་གསུམ་འབྲུ་གསུམ་ཧཱུྃ་ཡིག་མཐར༔  ཡིག་བརྒྱའི་འཕྲོ་འདུས་སྒྲིབ་གསུམ་བག་ཆགས་(3ན)སྦྱངས།  ཨོཾ་བཛྲ་སཏྭ་(ས་མ་ཡ་སོགས་ཡིག་བརྒྱ་ཅི་ནུས་སུ་བཟླས་པའི་མཐར།  གསང་སྔགས་སྙིང་པོས་ཉམས་ཆག་སྡིག་ལྟུང་ཀུན།  །)ལྷག་མེད་སྦྱངས་ནས་སྣང་སྟོང་འོད་སྐུར་འཁྱིལ།  །སྦྱང་བྱ་སྦྱོང་བྱེད་འཁོར་གསུམ་དམིགས་མཐའ་བྲལ།  །ཆོས་དབྱིངས་སྐྱེ་བ་མེད་པར་བྱང་ཆུབ་བོ།  །(ཞེས་བསྡུ།  བཞི་པ་མཎྜ་འབུལ་བ་ནི།)ཧཱུཾཿ    འབྱམས་ཀླས་ཟག་མེད་བདེ་ཆེན་ཆོས་ཀྱི་དབྱིངས༔  རབ་འབྱམས་སྲིད་ཞི་རང་བྱུང་རིག་པའི་ངང་༔  མི་འགྱུར་དབྱིངས་རིག་སྐུ་གསུམ་ཞིང་རབ་འབྱམས༔  སྣང་སྟོང་ལྷུན་གྲུབ་འོད་ལྔའི་ཚོམ་བུར་འབུལ༔  སྒྱུ་འཕྲུལ་ཟག་མེད་རྡོ་རྗེ་ལུས་ཀྱི་སྦུབས༔  འོད་ཀྱི་རྩ་དང་ཡེ་ཤེས་རླུང་ལྔའི་ཞིང་༔  རྒྱལ་བ་ཞི་ཁྲོ་རང་བྱུང་དམ་རྫས་དང་༔  གནས་ཡུལ་དུར་ཁྲོད་དཔའ་བོ་ཌྰ་ཀིར་བཅས༔  དྭངས་མའི་གཤིས་རིག་མ་བྱུང་མ་སྐྱེས་ཤིང་༔  ཟག་བྲལ་བློ་འདས་གདོད་ནས་ཀུན་ཏུ་བཟང་༔  དག་པ་གཉིས་ལྡན་ཡེ་ཤེས་འཁོར་ལོ་འདི༔  རིག་འཛིན་རྒྱལ་བའི་དཀྱིལ་འཁོར་ལྷ་ལ་འབུལ༔  བཞེས་ནས་མཆོག་གི་དངོས་གྲུབ་བདག་ལ་སྩོལ༔  (ཅེས་དང་།  གྲངས་གསོག་སྐབས་ཤློ་ཀ་དང་པོ་ཁོ་ནས་འཐུས་སོ།  །ལྔ་པ་བླ་མའི་རྣལ་འབྱོར་ནི།)ཨཿ    མ་ཡེངས་མ་བཅོས་དྲན་རིག་ཆོས་སྐུའི་ངང་༔  གསལ་སྟོང་དབྱེར་མེད་བླ་མ་སྐུ་གསུང་ཞིང་༔  དག་པ་རབ་འབྱམས་རྒྱན་གྱི་འཁོར་ལོའི་གཞིར༔  རང་ལུས་འོད་སྣང་རྡོ་རྗེ་བཙུན་མོར་གསལ༔  (3བ)སྤྱི་བོའི་གཙུག་ཏུ་པད་སྡོང་འཇའ་ཟེར་དང་༔  འོད་ལྔ་ཐིག་ལེ་འཁྲུགས་པའི་ཚོམ་བུའི་དབུས༔  རྩ་བའི་བླ་མ་ཡིད་བཞིན་ནོར་བུ་ལ༔  འདྲེན་མཆོག་བརྒྱུད་གསུམ་བླ་མའི་སྤྲིན་ཕུང་གཏིབས༔  སྐུ་གསུང་ཐུགས་ཀྱི་འོད་ཟེར་སྣང་སྲིད་ཁྱབ༔  སྣང་སྲིད་རྡུལ་ཕྲན་བདེ་གཤེགས་གཞལ་ཡས་ཁང་༔  ལྷ་དང་བླ་མ་ཐུགས་རྗེའི་བྱིན་འོད་འཁྲུགས༔  ཐུགས་གསང་རྒྱན་གྱི་འཁོར་ལོ་དམ་པར་གྱུར༔  (ཅེས་དབང་རྟེན་གསལ་བཏབ་ལ།)གཤིས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ཞིང་༔  གཏིང་མཐའ་བྲལ་བའི་འོད་གསལ་མཆོད་པར་འབུལ༔  འཁོར་བ་མྱང་འདས་མཉམ་ཉིད་ཀློང་དུ་བཤགས༔  བློ་བྲལ་ཆོས་ཟད་ཆེན་པོར་རྗེས་ཡི་རང་༔  ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར༔  འཁོར་བ་དོང་ནས་སྦྲུགས་པར་གསོལ་བ་འདེབས༔  འཁོར་གསུམ་དམིགས་མཐས་བྲལ་བའི་ཕ་མཐར་བསྔོ༔  (ཞེས་ཡན་ལག་བདུན་པ་བྱ།)ཧྲཱིཿ    སྲིད་ཞིའི་ངོ་བོ་རང་བྱུང་སྙིང་པོའི་བཅུད༔  འོད་གསལ་རྒྱལ་པོ་རང་གྲོལ་ཆོས་ཀྱི་སྐུ༔  མ་འགགས་སྣང་བ་གང་ཤར་ཡེ་ཤེས་ངང་༔  རྒྱལ་བའི་དཀྱིལ་འཁོར་མི་ཟད་ལོངས་སྤྱོད་རྫོགས༔  གང་འདུལ་ཐབས་ཀྱིས་འགྲོ་བ་འདྲེན་པའི་མགོན༔  ཕྱོགས་དུས་རྒྱལ་བ་ཀུན་འདུས་རིག་པ་འཛིན༔  ཐོད་ཕྲེང་རིགས་ལྔའི་སྐུ་གསུང་ཐུགས་རྡོ་རྗེ༔  ཡོན་ཏན་ཕྲིན་ལས་སྙིང་པོར་གསོལ་བ་(4ན)འདེབས༔  སྣང་སྲིད་དག་པ་རབ་འབྱམས་མཁའ་སྤྱོད་དབྱིངས༔  སྣང་གྲགས་བླ་མ་ལྷ་དང་ཌཱ་ཀིའི་གཙོ།  །དཔལ་ཆེན་དཔའ་བོའི་དབང་ཕྱུག་ཧེ་རུ་ཀ    །ནམ་མཁའ་འཇིགས་མེད་ཞབས་ལ་གསོལ་བ་འདེབས།  །ཁྲེགས་ཆོད་གནས་ལུགས་ལྟ་བ་མངོན་གྱུར་ཅིང་།  །ཐོད་རྒལ་ཉམས་ཀྱི་དགོངས་པ་ཀློང་བརྡོལ་བས།  །སྣང་བཞི་མཐར་ཕྱིན་ཆོས་ཀུན་རང་སར་ཟད།  །ཁམས་གསུམ་རང་གྲོལ་རྗེ་ལ་གསོལ་བ་འདེབས།  །སྤངས་རྟོགས་ཡོན་ཏན་ཆོས་ཀུན་མཐར་ཕྱིན་ཞིང་།  འགྲོ་ལ་རྗེས་བརྩེ་ཐར་པའི་ལམ་མཁན་མཆོག  །གདོད་མའི་མགོན་པོ་ཀུན་བཟང་མི་གཟུགས་ཅན།  །ཕྲིན་ལས་དབང་ཕྱུག་མཆོག་དེར་གསོལ་བ་འདེབས།  །གཟོད་མ་ཉིད་ནས་ཀུན་བཟང་རྡོར་སེམས་ཀྱི།  །ངོ་ངོ་ཉིད་ཀྱང་ཐུགས་རྗེའི་སྒྱུ་འཕྲུལ་གར།  །སྙིགས་དུས་འགྲོ་བའི་སྐྱབས་མགོན་རྡོ་རྗེ་འཆང་།  །འཇིགས་མེད་དཔའ་བོའི་ཞབས་ལ་གསོལ་བ་འདེབས།  །བསམ་བཞིན་སྲིད་པ་བཟུང་ནས་སྔ་འགྱུར་གྱི།  །བསྟན་པའི་སྣང་བྱེད་དབྱིངས་ཕྱུག་མཁའ་འགྲོའི་གཙོ།  །རྡོ་རྗེ་རྩེ་མོའི་ས་མཆོག་མཐར་ཕྱིན་པ།  །མི་འགྱུར་དཔལ་གྱི་སྒྲོན་མར་གསོལ་བ་འདེབས།  །བརྟན་མཁས་ཡོན་ཏན་ཡོངས་རྫོགས་ངུར་སྨྲིག་ཅན།  །ངེས་གསང་མཆོག་དངོས་གྲུབ་པའི་ཡིད་བཞིན་ནོར།  །སྐལ་བཟང་གདུལ་བྱའི་དཔལ་དུ་ལེགས་ཤར་བ།  མཁན་(4བ)ཆེན་ཨོ་ཌཱི་ཡ་ནར་གསོལ་བ་འདེབས།  །རྣམ་ཀུན་མཆོག་ལྡན་སྟོང་ཆེན་མཛེས་མའི་མཁར།  །རྗེས་ཆགས་བདེ་ཆེན་ལང་ཚོས་རབ་མྱོས་གར།  །གཞོམ་བྲལ་རྡོ་རྗེའི་རྒྱལ་ཐབས་མངའ་དབང་སྒྱུར།  །ཕྲིན་ལས་རྣམ་པར་རྒྱལ་ལ་གསོལ་བ་འདེབས།  །ཕུལ་བྱུང་མཁས་དང་གྲུབ་པའི་རྣམ་ཐར་གྱིས།  །གསང་ཆེན་སྙིང་པོའི་རིང་ལུགས་ཕྱོགས་བརྒྱར་སྤེལ།  །ཐེག་མཆོག་ཨ་ཏི་ཡོ་གའི་ཤིང་རྟ་ཆེ།  པདྨ་དབང་རྒྱལ་རྡོ་རྗེ་ལ་གསོལ་བ་འདེབས།  །བརྒྱུད་གསུམ་ཐུགས་བཅུད་ཟབ་དོན་བདུད་རྩིའི་གཏེར།  །མཁྱེན་རབ་ཐུགས་ཀྱི་བུམ་པར་ལེགས་བསྐྱིལ་བས།  །སྐལ་བཟང་བདེ་ཆེན་རྡོ་རྗེའི་སྲོག་ཏུ་སྒྲུབ།  །ཨོ་རྒྱན་རྣམ་གྲོལ་དབང་པོར་གསོལ་བ་འདེབས།  །ཟུང་འཇུག་ལམ་ལས་གྲུབ་པའི་རྒྱལ་སར་གཤེགས།  །བཤད་སྒྲུབ་བྱ་བས་སྙིང་པོའི་བསྟན་པ་སྐྱོང་།  སྐལ་ལྡན་ཚེ་གཅིག་གདོད་མའི་གྲོལ་གཞིར་སྐྱེལ།  །ཨོ་རྒྱན་བསྟན་འཛིན་དར་རྒྱས་ལ་གསོལ་བ་འདེབས།  །བློ་འདས་དབྱིངས་སུ་འཁྲུལ་པའི་བག་ཆགས་ཟད།  །ཤུགས་འབྱུང་འགྲོ་དོན་སྒྱུ་མ་དང་དུ་ལེན།  །གང་ཤར་རང་གྲོལ་ནམ་མཁའི་རྣམ་འབྱོར་པ།  །འགྱུར་མེད་པདྨ་ཚུལ་ཁྲིམས་ལ་གསོལ་བ་འདེབས།  །ཀ་དག་ཀློང་དུ་ཀུན་བཟང་དགོངས་པ་བརྙེས།  །ལྷུན་གྲུབ་རིག་རྩལ་གདམས་ཟབ་ཅི་དགར་སྤྲོ།  དཔའ་བོ་ཌཱ་ཀིའི་ཚོགས་ཀྱི་འཁོར་ལོས་སྒྱུར།  །རིག་འཛིན་(5ན)པདྨ་དབང་དྲག་ལ་གསོལ་བ་འདེབས།  །རིས་མེད་བཀའ་གཏེར་ཆོས་མཛོད་བཀའ་བབ་ཐོབ།  །མཆོག་གསང་སྨིན་གྲོལ་གདམས་པའི་སྲོག་རྩ་མཐུད།  །འགྲོ་འདུལ་ཕྲིན་ལས་གྲུབ་པའི་ཧེ་རུ་ཀ  །འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས།  །མདོ་རྒྱུད་ལུང་དང་མན་ངག་ཆུ་བོའི་འགོ  །  བཀའ་གཏེར་སྙན་བརྒྱུད་ངེས་དོན་ཡོངས་ཀྱི་མཛོད།  །ཐར་གླིང་འགྲོ་བ་འདྲེན་པའི་དེད་དཔོན་མཆོག  །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས།  །རང་བྱུང་རང་རིག་ཤེས་པ་བཟོ་མེད་སྟོན།  །ཟག་མེད་དབྱིངས་རིག་སྣང་སྟོང་ལྷིང་པར་སྟོན།  །ལྷུན་གྲུབ་སྣང་སྟོང་དགའ་བཞིའི་སྙིང་པོར་སྟོན།  །འཕོ་མེད་མཆོག་གི་བདེ་ཆེན་འདིར་སྩོལ་ཅིག  །(ཅེས་གསོལ་བ་ཕུར་ཚུགས་སུ་འདེབས་ཤིང་།)ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔  (ཞེས་ཐུགས་རྒྱུད་བསྐུལ་བའི་བཟླས་པ་ཅི་འགྲུབ་བྱས་རྗེས།)སྣང་གྲགས་ཐམས་ཅད་རྒྱལ་བའི་སྐུ་དང་གསུང་༔  ཐུགས་ཀྱི་རྡོ་རྗེ་ཐིག་ལེ་འོད་ལྔའི་བཅུད༔  སྤྱི་མགྲིན་སྙིང་ག་ལྟེ་གསང་གནས་ལྔར་བབས༔  སྒོ་ལྔའི་འཛིན་སྣང་འོད་སྐུར་རྒྱ་རལ་ནས༔  ཆུ་ཟླ་སྤྲུལ་པ་སྒྱུ་མའི་དཔེ་བརྒྱད་དང་༔  འོད་གསལ་སྟོང་དབྱིངས་ཆེན་པོ་མཁའ་སྤྱོད་སྦུབས༔  འོག་མིན་རྡོ་རྗེ་གདན་གཞིར་དབང་བཞི་རྫོགས༔  ཕྱིར་མིག་ལྡོག་པ་རྒྱ་ཡིས་མཛེས་སྐུར་བསྟན༔  སྲིད་གསུམ་འགྲོ་ཀུན་མོས་པ་རྒྱ་མཚོའི་(5བ)མཁར༔  གང་འདུལ་སྤྲུལ་པའི་འོད་ཟེར་མཐའ་ཡས་པ༔  རྒྱལ་བའི་ཞིང་ནས་བདག་གིས་ཡོངས་སྤྲོས་ཏེ༔  ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག༔  ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུཾ༔  (ཞེས་དབང་བཞི་བླངས་མཐར་རྩ་བའི་བླ་མ་རང་ལ་བསྡུས་ཏེ་གཉིས་མེད་བློ་འདས་ཀྱི་དགོངས་པ་བསྐྱང་།)ཧོཿ    མནན་ན་ནེམ་བྱེད་བཏེགས་ན་རབ་འཕར་བའི༔  ཕྱི་ནང་མེད་པ་འོད་ལྔ་ཡེ་ཤེས་སྦུབས༔  གསལ་འགྲིབ་བྲལ་བ་རང་བྱུང་རིག་པའི་གཞི༔  སྐུ་ཞིང་གདུལ་བྱ་རྣམ་དབྱེར་མེད་པའི་མཁའ༔  ཆོས་དབྱིངས་སྒྱུ་མ་རྡོ་རྗེ་སྙིང་པོའི་གཞིར༔  ཀུན་བཟང་སྣང་མཐའ་འོད་དཔག་མེད་པའི་མགོན༔  ཅིར་ཡང་མ་གྲུབ་སྲིད་ཞི་ཡོངས་ཁྱབ་སྟེ༔  ཟབ་གསང་རྡོ་རྗེའི་སྦུབས་སུ་སངས་རྒྱས་ཤོག༔  ཆོས་དབྱིངས་ཀློང་འདི་རྒྱལ་བའི་སྐྱེད་མོས་ཚལ༔  བདག་གི་སྤྲུལ་པས་ཞིང་ཀུན་ཕྱུར་བུར་བཀང་༔  མཛད་པ་རྒྱ་མཚོ་བསྡུ་བཞིའི་ཆོས་འཁོར་གྱིས༔  སྲིད་གསུམ་འགྲོ་བའི་དེད་དཔོན་ཆེན་པོར་ཤོག༔  འོད་གསལ་སྙིང་པོ་དོན་གྱི་གཞལ་ཡས་ནས༔  བརྒྱུད་གསུམ་བླ་མ་འཇའ་ལུས་རྡོ་རྗེའི་སྐུ༔  མི་ཟད་རྒྱན་གྱི་འཁོར་ལོའི་སྤྲུལ་པ་ཡིས༔  ཨ་ཏིའི་སྒྲུབ་བརྒྱུད་འཕེལ་བའི་བཀྲ་ཤིས་ཤོག༔  སྲིད་ཞི་གཞིར་རྫོགས་འབྲས་བུ་ཆོས་ཟད་ཀློང་༔  བདེ་ཆེན་མི་གཡོ་ཐར་གླིང་དགའ་བདེའི་གཞིར༔  འགྲོ་བ་རིགས་དྲུག་ཟག་མེད་འོད་གསལ་ངང་༔  (6ན)ཉིན་མཚན་བདེ་ལེགས་སྐྱོང་བའི་བཀྲ་ཤིས་ཤོག  །ཅེས་བསྔོ་སྨོན་དང་བཀྲ་ཤིས་ཀྱིས་མཚམས་སྦྱར་ཏེ་ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་གོ  །  ཞེས་པའང་མཁའ་སྤྱོད་དཔལ་གྱི་འབྲས་མོ་གཤོངས་ཀྱིས་སྐྱོང་རྒྱལ་སྲས་རིན་པོ་ཆེའི་ཐུགས་དམ་ཉམས་བཞེས་ཀྱི་ཆེད་དང་།  གཞན་ཡང་གསང་ཆེན་པདྨ་ཡང་རྩེའི་ཆོས་གྲྭ་སོགས་ལམ་འདིའི་རིང་ལུགས་འཛིན་པ་རྣམས་ཀྱི་འཇུག་སྒོར་ཉེ་བར་མཁོ་བས་མཚམས་སྦྱར་ཏེ།  འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ངག་འདོན་ཁོ་ན་འཇུག་བདེ་བཀླག་ཆོག་ཏུ་བསྡེབས་པ་ཟབ་ལམ་གྱི་ཕྲིན་ལས་མི་ནུབ་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག།  སརྦ་དཱ་མངྒ་ལཾ།།  །།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 05:20, 1 June 2024

Wylie title DJYD-KABUM-07-JA-007.pdf
Location bdud 'joms rin po che bka' 'bum
Volume 7, Text 7, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
༄༅། །ཟབ་ཆོས་རིག་འཛིན་སྲོག་སྒྲུབ་ཀྱི་སྔོན་འགྲོའི་

ངག་འདོན་ཁྲིགས་སུ་བསྡེབས་པ་ཟུང་འཇུག་ ལམ་བཟང་ཞེས་བྱ་བ་བཞུགས་སོ། །

(1བ)ན་མོ་མཧཱ་གུ་རུ་པདྨ་ཀ་ར་ཡེ། (ཟབ་ཆོས་རིག་འཛིན་སྲོག་སྒྲུབ་ཀྱི་རིམ་གཉིས་ཟབ་མོའི་སྔོན་འགྲོ་ཉམས་སུ་ལེན་པ་ལ། ཐོག་མར་ཐུན་གྱི་སྔོན་འགྲོ་ནི། ལུས་གནད་བསྲང་། རླུང་རོབས་ལ། དྲན་པ་མངོན་དུ་བཞག་སྟེ། སྤྱི་བོར་རྩ་བའི་བླ་མ་དངོས་སུ་བཞུགས་པར་བསམ་ལ། མོས་གུས་གདུང་ཤུགས་དྲག་པོས།)དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །(ཅེས་དང་།)དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་བཏབ་པས་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་གཉིས་མེད་དུ་གྱུར་(པར་བསམ། དེ་ནས་ཐུན་མོང་གི་སྔོན་འགྲོ་བློ་ལྡོག་རྣམ་བཞི་བསྒོམ་པ་ལ། དལ་འབྱོར་རྙེད་དཀའ་བསམ་པ་ནི།)དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །(འཆི་བ་མི་རྟག་པ་བསམ་པ་ནི།)སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་(2ན)ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་ནི་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །(ལས་རྒྱུ་འབྲས་བསམ་པ་ནི།)དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲངས། །(འཁོར་བའི་ཉེས་དམིགས་བསམ་པ་ནི།)སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །(ཞེས་པ་རྣམས་ངག་ཏུ་བརྗོད་པའམ་མ་བརྗོད་ཀྱང་རུང་སྟེ་དོན་ཡིད་ལ་བསམ་མོ། །ད་ནས་ཁྱད་པར་གྱི་སྔོན་འགྲོ་ལ་ལྔ་ལས། དང་པོ་སྐྱབས་སུ་འགྲོ་བ་ནི།)མདུན་གྱི་ནམ་མཁར་འཇའ་ཟེར་འོད་དགུར་ཀློང་། །སྣ་ཚོགས་པད་སྡོང་འདབ་བརྒྱད་ཟེའུ་འབྲུའི་དབུས། །རྩ་བའི་བླ་མ་མཚོ་སྐྱེས་རྡོ་རྗེ་འཆང་། །རྒྱལ་ཀུན་འདུས་ཞལ་ཆེན་པོར་བཞུགས་པ་ཡི། །སྤྱི་བོའི་གཙུག་ན་བརྒྱུད་པའི་བླ་མ་དང་། །ཕྱི་རོལ་ཕྱོགས་མཚམས་མཆོག་གསུམ་རྩ་གསུམ་ཚོགས། །སྐྱབས་ཡུལ་མ་ལུས་གངས་རིར་སྤྲིན་གཏིབས་བཞིན། །གང་འདུལ་མོས་ངོར་མངོན་སུམ་གསལ་བར་གྱུར། །(2བ)(ཅེས་སྐྱབས་ཡུལ་གསལ་བཏབ་ལ།)ཨོཾ་ཨཱཿཧཱུྃ༔ མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད༔ དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ཁྱོད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས༔ འགྲོ་ཀུན་སྲིད་ལས་བསྒྲལ་ཕྱིར་སྐྱབས་སུ་མཆི༔ (ཞེས་སྐྱབས་འགྲོ་ཅི་ནུས་སུ་བྱ་ཞིང་། ཐུན་མཐར་སྐྱབས་ཡུལ་རྣམས་རང་ལ་བསྡུ། གཉིས་པ་སེམས་བསྐྱེད་པ་ནི། སྐྱབས་ཡུལ་རྣམས་དཔང་པོར་གསལ་ཏེ།)གསང་མཆོག་འོད་གསལ་ཡེ་ཤེས་ཐིག་ལེའི་གཞིར༔ འགྲོ་ཀུན་སྒྲིབ་གསུམ་དག་ནས་སྐུ་དང་གསུང་༔ ཐུགས་ཀྱི་ཐིག་ལེ་ལྷུན་གྲུབ་སྣང་བཞིའི་ངང་༔ གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ༔ (ཞེས་སེམས་བསྐྱེད་ཅིང་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་། གསུམ་པ་རྡོར་སེམས་སྒོམ་བཟླས་ནི།)པད་ཟླ་ཉི་སྟེང་རང་རིག་ཨར་གསལ་བའི༔ འོད་ཟེར་འཕྲོ་འདུས་ཁམས་གསུམ་སྲིད་གསུམ་གྱི༔ སྣང་གྲགས་ཐམས་ཅད་རྡོ་རྗེ་སྙིང་པོའི་ཞིང་༔ ཡེ་ཤེས་འོད་ལྔ་འཇའ་ཟེར་ཐིག་ལེར་འཁྲིགས༔ དེ་སྟེང་ཡི་གེ་ཧཱུྃ་གི་འཕྲོ་འདུ་ལས༔ དྲན་རིག་སྣང་སྟོང་རྡོ་རྗེ་སེམས་དཔའི་སྐུ༔ ངོ་བོ་གཅིག་ལ་རིགས་ལྔ་རིགས་བརྒྱ་སོགས༔ ནམ་མཁའི་ཁམས་གང་ཆོས་དབྱིངས་ཁྱབ་པར་གསལ༔ རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་དགུ་ཡི༔ སོ་སོའི་གནས་ནས་རྒྱལ་བའི་དཀྱིལ་འཁོར་གང་༔ ཐམས་ཅད་གནས་གསུམ་འབྲུ་གསུམ་ཧཱུྃ་ཡིག་མཐར༔ ཡིག་བརྒྱའི་འཕྲོ་འདུས་སྒྲིབ་གསུམ་བག་ཆགས་(3ན)སྦྱངས། ཨོཾ་བཛྲ་སཏྭ་(ས་མ་ཡ་སོགས་ཡིག་བརྒྱ་ཅི་ནུས་སུ་བཟླས་པའི་མཐར། གསང་སྔགས་སྙིང་པོས་ཉམས་ཆག་སྡིག་ལྟུང་ཀུན། །)ལྷག་མེད་སྦྱངས་ནས་སྣང་སྟོང་འོད་སྐུར་འཁྱིལ། །སྦྱང་བྱ་སྦྱོང་བྱེད་འཁོར་གསུམ་དམིགས་མཐའ་བྲལ། །ཆོས་དབྱིངས་སྐྱེ་བ་མེད་པར་བྱང་ཆུབ་བོ། །(ཞེས་བསྡུ། བཞི་པ་མཎྜ་འབུལ་བ་ནི།)ཧཱུཾཿ འབྱམས་ཀླས་ཟག་མེད་བདེ་ཆེན་ཆོས་ཀྱི་དབྱིངས༔ རབ་འབྱམས་སྲིད་ཞི་རང་བྱུང་རིག་པའི་ངང་༔ མི་འགྱུར་དབྱིངས་རིག་སྐུ་གསུམ་ཞིང་རབ་འབྱམས༔ སྣང་སྟོང་ལྷུན་གྲུབ་འོད་ལྔའི་ཚོམ་བུར་འབུལ༔ སྒྱུ་འཕྲུལ་ཟག་མེད་རྡོ་རྗེ་ལུས་ཀྱི་སྦུབས༔ འོད་ཀྱི་རྩ་དང་ཡེ་ཤེས་རླུང་ལྔའི་ཞིང་༔ རྒྱལ་བ་ཞི་ཁྲོ་རང་བྱུང་དམ་རྫས་དང་༔ གནས་ཡུལ་དུར་ཁྲོད་དཔའ་བོ་ཌྰ་ཀིར་བཅས༔ དྭངས་མའི་གཤིས་རིག་མ་བྱུང་མ་སྐྱེས་ཤིང་༔ ཟག་བྲལ་བློ་འདས་གདོད་ནས་ཀུན་ཏུ་བཟང་༔ དག་པ་གཉིས་ལྡན་ཡེ་ཤེས་འཁོར་ལོ་འདི༔ རིག་འཛིན་རྒྱལ་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་བདག་ལ་སྩོལ༔ (ཅེས་དང་། གྲངས་གསོག་སྐབས་ཤློ་ཀ་དང་པོ་ཁོ་ནས་འཐུས་སོ། །ལྔ་པ་བླ་མའི་རྣལ་འབྱོར་ནི།)ཨཿ མ་ཡེངས་མ་བཅོས་དྲན་རིག་ཆོས་སྐུའི་ངང་༔ གསལ་སྟོང་དབྱེར་མེད་བླ་མ་སྐུ་གསུང་ཞིང་༔ དག་པ་རབ་འབྱམས་རྒྱན་གྱི་འཁོར་ལོའི་གཞིར༔ རང་ལུས་འོད་སྣང་རྡོ་རྗེ་བཙུན་མོར་གསལ༔ (3བ)སྤྱི་བོའི་གཙུག་ཏུ་པད་སྡོང་འཇའ་ཟེར་དང་༔ འོད་ལྔ་ཐིག་ལེ་འཁྲུགས་པའི་ཚོམ་བུའི་དབུས༔ རྩ་བའི་བླ་མ་ཡིད་བཞིན་ནོར་བུ་ལ༔ འདྲེན་མཆོག་བརྒྱུད་གསུམ་བླ་མའི་སྤྲིན་ཕུང་གཏིབས༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་སྣང་སྲིད་ཁྱབ༔ སྣང་སྲིད་རྡུལ་ཕྲན་བདེ་གཤེགས་གཞལ་ཡས་ཁང་༔ ལྷ་དང་བླ་མ་ཐུགས་རྗེའི་བྱིན་འོད་འཁྲུགས༔ ཐུགས་གསང་རྒྱན་གྱི་འཁོར་ལོ་དམ་པར་གྱུར༔ (ཅེས་དབང་རྟེན་གསལ་བཏབ་ལ།)གཤིས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ཞིང་༔ གཏིང་མཐའ་བྲལ་བའི་འོད་གསལ་མཆོད་པར་འབུལ༔ འཁོར་བ་མྱང་འདས་མཉམ་ཉིད་ཀློང་དུ་བཤགས༔ བློ་བྲལ་ཆོས་ཟད་ཆེན་པོར་རྗེས་ཡི་རང་༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར༔ འཁོར་བ་དོང་ནས་སྦྲུགས་པར་གསོལ་བ་འདེབས༔ འཁོར་གསུམ་དམིགས་མཐས་བྲལ་བའི་ཕ་མཐར་བསྔོ༔ (ཞེས་ཡན་ལག་བདུན་པ་བྱ།)ཧྲཱིཿ སྲིད་ཞིའི་ངོ་བོ་རང་བྱུང་སྙིང་པོའི་བཅུད༔ འོད་གསལ་རྒྱལ་པོ་རང་གྲོལ་ཆོས་ཀྱི་སྐུ༔ མ་འགགས་སྣང་བ་གང་ཤར་ཡེ་ཤེས་ངང་༔ རྒྱལ་བའི་དཀྱིལ་འཁོར་མི་ཟད་ལོངས་སྤྱོད་རྫོགས༔ གང་འདུལ་ཐབས་ཀྱིས་འགྲོ་བ་འདྲེན་པའི་མགོན༔ ཕྱོགས་དུས་རྒྱལ་བ་ཀུན་འདུས་རིག་པ་འཛིན༔ ཐོད་ཕྲེང་རིགས་ལྔའི་སྐུ་གསུང་ཐུགས་རྡོ་རྗེ༔ ཡོན་ཏན་ཕྲིན་ལས་སྙིང་པོར་གསོལ་བ་(4ན)འདེབས༔ སྣང་སྲིད་དག་པ་རབ་འབྱམས་མཁའ་སྤྱོད་དབྱིངས༔ སྣང་གྲགས་བླ་མ་ལྷ་དང་ཌཱ་ཀིའི་གཙོ། །དཔལ་ཆེན་དཔའ་བོའི་དབང་ཕྱུག་ཧེ་རུ་ཀ །ནམ་མཁའ་འཇིགས་མེད་ཞབས་ལ་གསོལ་བ་འདེབས། །ཁྲེགས་ཆོད་གནས་ལུགས་ལྟ་བ་མངོན་གྱུར་ཅིང་། །ཐོད་རྒལ་ཉམས་ཀྱི་དགོངས་པ་ཀློང་བརྡོལ་བས། །སྣང་བཞི་མཐར་ཕྱིན་ཆོས་ཀུན་རང་སར་ཟད། །ཁམས་གསུམ་རང་གྲོལ་རྗེ་ལ་གསོལ་བ་འདེབས། །སྤངས་རྟོགས་ཡོན་ཏན་ཆོས་ཀུན་མཐར་ཕྱིན་ཞིང་། འགྲོ་ལ་རྗེས་བརྩེ་ཐར་པའི་ལམ་མཁན་མཆོག །གདོད་མའི་མགོན་པོ་ཀུན་བཟང་མི་གཟུགས་ཅན། །ཕྲིན་ལས་དབང་ཕྱུག་མཆོག་དེར་གསོལ་བ་འདེབས། །གཟོད་མ་ཉིད་ནས་ཀུན་བཟང་རྡོར་སེམས་ཀྱི། །ངོ་ངོ་ཉིད་ཀྱང་ཐུགས་རྗེའི་སྒྱུ་འཕྲུལ་གར། །སྙིགས་དུས་འགྲོ་བའི་སྐྱབས་མགོན་རྡོ་རྗེ་འཆང་། །འཇིགས་མེད་དཔའ་བོའི་ཞབས་ལ་གསོལ་བ་འདེབས། །བསམ་བཞིན་སྲིད་པ་བཟུང་ནས་སྔ་འགྱུར་གྱི། །བསྟན་པའི་སྣང་བྱེད་དབྱིངས་ཕྱུག་མཁའ་འགྲོའི་གཙོ། །རྡོ་རྗེ་རྩེ་མོའི་ས་མཆོག་མཐར་ཕྱིན་པ། །མི་འགྱུར་དཔལ་གྱི་སྒྲོན་མར་གསོལ་བ་འདེབས། །བརྟན་མཁས་ཡོན་ཏན་ཡོངས་རྫོགས་ངུར་སྨྲིག་ཅན། །ངེས་གསང་མཆོག་དངོས་གྲུབ་པའི་ཡིད་བཞིན་ནོར། །སྐལ་བཟང་གདུལ་བྱའི་དཔལ་དུ་ལེགས་ཤར་བ། མཁན་(4བ)ཆེན་ཨོ་ཌཱི་ཡ་ནར་གསོལ་བ་འདེབས། །རྣམ་ཀུན་མཆོག་ལྡན་སྟོང་ཆེན་མཛེས་མའི་མཁར། །རྗེས་ཆགས་བདེ་ཆེན་ལང་ཚོས་རབ་མྱོས་གར། །གཞོམ་བྲལ་རྡོ་རྗེའི་རྒྱལ་ཐབས་མངའ་དབང་སྒྱུར། །ཕྲིན་ལས་རྣམ་པར་རྒྱལ་ལ་གསོལ་བ་འདེབས། །ཕུལ་བྱུང་མཁས་དང་གྲུབ་པའི་རྣམ་ཐར་གྱིས། །གསང་ཆེན་སྙིང་པོའི་རིང་ལུགས་ཕྱོགས་བརྒྱར་སྤེལ། །ཐེག་མཆོག་ཨ་ཏི་ཡོ་གའི་ཤིང་རྟ་ཆེ། པདྨ་དབང་རྒྱལ་རྡོ་རྗེ་ལ་གསོལ་བ་འདེབས། །བརྒྱུད་གསུམ་ཐུགས་བཅུད་ཟབ་དོན་བདུད་རྩིའི་གཏེར། །མཁྱེན་རབ་ཐུགས་ཀྱི་བུམ་པར་ལེགས་བསྐྱིལ་བས། །སྐལ་བཟང་བདེ་ཆེན་རྡོ་རྗེའི་སྲོག་ཏུ་སྒྲུབ། །ཨོ་རྒྱན་རྣམ་གྲོལ་དབང་པོར་གསོལ་བ་འདེབས། །ཟུང་འཇུག་ལམ་ལས་གྲུབ་པའི་རྒྱལ་སར་གཤེགས། །བཤད་སྒྲུབ་བྱ་བས་སྙིང་པོའི་བསྟན་པ་སྐྱོང་། སྐལ་ལྡན་ཚེ་གཅིག་གདོད་མའི་གྲོལ་གཞིར་སྐྱེལ། །ཨོ་རྒྱན་བསྟན་འཛིན་དར་རྒྱས་ལ་གསོལ་བ་འདེབས། །བློ་འདས་དབྱིངས་སུ་འཁྲུལ་པའི་བག་ཆགས་ཟད། །ཤུགས་འབྱུང་འགྲོ་དོན་སྒྱུ་མ་དང་དུ་ལེན། །གང་ཤར་རང་གྲོལ་ནམ་མཁའི་རྣམ་འབྱོར་པ། །འགྱུར་མེད་པདྨ་ཚུལ་ཁྲིམས་ལ་གསོལ་བ་འདེབས། །ཀ་དག་ཀློང་དུ་ཀུན་བཟང་དགོངས་པ་བརྙེས། །ལྷུན་གྲུབ་རིག་རྩལ་གདམས་ཟབ་ཅི་དགར་སྤྲོ། དཔའ་བོ་ཌཱ་ཀིའི་ཚོགས་ཀྱི་འཁོར་ལོས་སྒྱུར། །རིག་འཛིན་(5ན)པདྨ་དབང་དྲག་ལ་གསོལ་བ་འདེབས། །རིས་མེད་བཀའ་གཏེར་ཆོས་མཛོད་བཀའ་བབ་ཐོབ། །མཆོག་གསང་སྨིན་གྲོལ་གདམས་པའི་སྲོག་རྩ་མཐུད། །འགྲོ་འདུལ་ཕྲིན་ལས་གྲུབ་པའི་ཧེ་རུ་ཀ །འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས། །མདོ་རྒྱུད་ལུང་དང་མན་ངག་ཆུ་བོའི་འགོ ། བཀའ་གཏེར་སྙན་བརྒྱུད་ངེས་དོན་ཡོངས་ཀྱི་མཛོད། །ཐར་གླིང་འགྲོ་བ་འདྲེན་པའི་དེད་དཔོན་མཆོག །དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས། །རང་བྱུང་རང་རིག་ཤེས་པ་བཟོ་མེད་སྟོན། །ཟག་མེད་དབྱིངས་རིག་སྣང་སྟོང་ལྷིང་པར་སྟོན། །ལྷུན་གྲུབ་སྣང་སྟོང་དགའ་བཞིའི་སྙིང་པོར་སྟོན། །འཕོ་མེད་མཆོག་གི་བདེ་ཆེན་འདིར་སྩོལ་ཅིག །(ཅེས་གསོལ་བ་ཕུར་ཚུགས་སུ་འདེབས་ཤིང་།)ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ (ཞེས་ཐུགས་རྒྱུད་བསྐུལ་བའི་བཟླས་པ་ཅི་འགྲུབ་བྱས་རྗེས།)སྣང་གྲགས་ཐམས་ཅད་རྒྱལ་བའི་སྐུ་དང་གསུང་༔ ཐུགས་ཀྱི་རྡོ་རྗེ་ཐིག་ལེ་འོད་ལྔའི་བཅུད༔ སྤྱི་མགྲིན་སྙིང་ག་ལྟེ་གསང་གནས་ལྔར་བབས༔ སྒོ་ལྔའི་འཛིན་སྣང་འོད་སྐུར་རྒྱ་རལ་ནས༔ ཆུ་ཟླ་སྤྲུལ་པ་སྒྱུ་མའི་དཔེ་བརྒྱད་དང་༔ འོད་གསལ་སྟོང་དབྱིངས་ཆེན་པོ་མཁའ་སྤྱོད་སྦུབས༔ འོག་མིན་རྡོ་རྗེ་གདན་གཞིར་དབང་བཞི་རྫོགས༔ ཕྱིར་མིག་ལྡོག་པ་རྒྱ་ཡིས་མཛེས་སྐུར་བསྟན༔ སྲིད་གསུམ་འགྲོ་ཀུན་མོས་པ་རྒྱ་མཚོའི་(5བ)མཁར༔ གང་འདུལ་སྤྲུལ་པའི་འོད་ཟེར་མཐའ་ཡས་པ༔ རྒྱལ་བའི་ཞིང་ནས་བདག་གིས་ཡོངས་སྤྲོས་ཏེ༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུཾ༔ (ཞེས་དབང་བཞི་བླངས་མཐར་རྩ་བའི་བླ་མ་རང་ལ་བསྡུས་ཏེ་གཉིས་མེད་བློ་འདས་ཀྱི་དགོངས་པ་བསྐྱང་།)ཧོཿ མནན་ན་ནེམ་བྱེད་བཏེགས་ན་རབ་འཕར་བའི༔ ཕྱི་ནང་མེད་པ་འོད་ལྔ་ཡེ་ཤེས་སྦུབས༔ གསལ་འགྲིབ་བྲལ་བ་རང་བྱུང་རིག་པའི་གཞི༔ སྐུ་ཞིང་གདུལ་བྱ་རྣམ་དབྱེར་མེད་པའི་མཁའ༔ ཆོས་དབྱིངས་སྒྱུ་མ་རྡོ་རྗེ་སྙིང་པོའི་གཞིར༔ ཀུན་བཟང་སྣང་མཐའ་འོད་དཔག་མེད་པའི་མགོན༔ ཅིར་ཡང་མ་གྲུབ་སྲིད་ཞི་ཡོངས་ཁྱབ་སྟེ༔ ཟབ་གསང་རྡོ་རྗེའི་སྦུབས་སུ་སངས་རྒྱས་ཤོག༔ ཆོས་དབྱིངས་ཀློང་འདི་རྒྱལ་བའི་སྐྱེད་མོས་ཚལ༔ བདག་གི་སྤྲུལ་པས་ཞིང་ཀུན་ཕྱུར་བུར་བཀང་༔ མཛད་པ་རྒྱ་མཚོ་བསྡུ་བཞིའི་ཆོས་འཁོར་གྱིས༔ སྲིད་གསུམ་འགྲོ་བའི་དེད་དཔོན་ཆེན་པོར་ཤོག༔ འོད་གསལ་སྙིང་པོ་དོན་གྱི་གཞལ་ཡས་ནས༔ བརྒྱུད་གསུམ་བླ་མ་འཇའ་ལུས་རྡོ་རྗེའི་སྐུ༔ མི་ཟད་རྒྱན་གྱི་འཁོར་ལོའི་སྤྲུལ་པ་ཡིས༔ ཨ་ཏིའི་སྒྲུབ་བརྒྱུད་འཕེལ་བའི་བཀྲ་ཤིས་ཤོག༔ སྲིད་ཞི་གཞིར་རྫོགས་འབྲས་བུ་ཆོས་ཟད་ཀློང་༔ བདེ་ཆེན་མི་གཡོ་ཐར་གླིང་དགའ་བདེའི་གཞིར༔ འགྲོ་བ་རིགས་དྲུག་ཟག་མེད་འོད་གསལ་ངང་༔ (6ན)ཉིན་མཚན་བདེ་ལེགས་སྐྱོང་བའི་བཀྲ་ཤིས་ཤོག །ཅེས་བསྔོ་སྨོན་དང་བཀྲ་ཤིས་ཀྱིས་མཚམས་སྦྱར་ཏེ་ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་གོ ། ཞེས་པའང་མཁའ་སྤྱོད་དཔལ་གྱི་འབྲས་མོ་གཤོངས་ཀྱིས་སྐྱོང་རྒྱལ་སྲས་རིན་པོ་ཆེའི་ཐུགས་དམ་ཉམས་བཞེས་ཀྱི་ཆེད་དང་། གཞན་ཡང་གསང་ཆེན་པདྨ་ཡང་རྩེའི་ཆོས་གྲྭ་སོགས་ལམ་འདིའི་རིང་ལུགས་འཛིན་པ་རྣམས་ཀྱི་འཇུག་སྒོར་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ངག་འདོན་ཁོ་ན་འཇུག་བདེ་བཀླག་ཆོག་ཏུ་བསྡེབས་པ་ཟབ་ལམ་གྱི་ཕྲིན་ལས་མི་ནུབ་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག། སརྦ་དཱ་མངྒ་ལཾ།། །།