TTDL-ZABTER-03-GA-060: Difference between revisions
m Text replacement - "ཧོཿ" to "ཧོཿ " |
No edit summary |
||
| Line 43: | Line 43: | ||
ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) གསང་བདག་ཕྱག་ན་རྡོ་རྗེ་ཡི༔ སྨད་ལས་དགྲ་བགེགས་ཀུན་སྒྲོལ་ནི༔ ལག་ཏུ་ལེན་ཚུལ་འདི་ལྟ་སྟེ༔ མཆོད་རྫས་ཤ་ཁྲག་གཏོར་མ་དང་༔ ལས་ཀྱི་བྲུབ་ཁུང་དམར་ནག་ཏུ༔ ལིང་ག་དབང་ཚང་མིང་སྲོག་ལྡན༔ རྐང་ལག་ལྕགས་སུ་བཅུག་པ་ལ༔ ཛཿཁྲམ་བསད་སྔགས་ཀྱིས་བསྐོར་བཞག༔ དྲག་ཏུ་བསྐུལ་མཐར་ལས་འདིར་བརྩོན༔ ཕཊ༔ | ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ({{TibChung|བརྡ་ཡིག་}}) {{TibChung|གསང་བདག་ཕྱག་ན་རྡོ་རྗེ་ཡི༔ སྨད་ལས་དགྲ་བགེགས་ཀུན་སྒྲོལ་ནི༔ ལག་ཏུ་ལེན་ཚུལ་འདི་ལྟ་སྟེ༔ མཆོད་རྫས་ཤ་ཁྲག་གཏོར་མ་དང་༔ ལས་ཀྱི་བྲུབ་ཁུང་དམར་ནག་ཏུ༔ ལིང་ག་དབང་ཚང་མིང་སྲོག་ལྡན༔ རྐང་ལག་ལྕགས་སུ་བཅུག་པ་ལ༔ ཛཿཁྲམ་བསད་སྔགས་ཀྱིས་བསྐོར་བཞག༔ དྲག་ཏུ་བསྐུལ་མཐར་ལས་འདིར་བརྩོན༔}} ཕཊ༔ ཛཿ བདག་ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེར་གསལ་བའི་མདུན་དུ་ཡི་གེ་ཨེ་ཡོངས་སུ་གྱུར་པ་ལས༔ གནམ་ལྕགས་ལས་གྲུབ་པའི་གྲུ་གསུམ་ལྕགས་ཁང་ནག་པོ་ཁ་དོག་ལ་གཏིང་ཡངས་པ་གཏི་མུག་གི་མུན་པ་ནག་པོ་འཐིབས་ཤིང་འདོད་ཆགས་ཀྱི་ཁྲག་མཚོ་རྦ་ཀློང་དུ་འཁྲིགས་པ༔ ཞེ་སྡང་གི་མེ་དཔུང་འབར་ཞིང་ང་རྒྱལ་གྱི་བྲག་རི་རྙིལ་བ༔ ཕྲག་དོག་གི་རླུང་དམར་གཡོ་ཞིང་ནད་རིམས་ཀྱི་རླངས་པ་འཕྱུར་བ༔ ནད་མཚོན་ཐུན་གྱི་ཆར་པ་འབེབས་ཤིང་ལས་ཀྱི་ཕོ་ཉ་སྐར་ལྟར་འཁྲིགས་ཤིང་སྒྲོལ་བའི་ལས་མཁན་གློག་ལྟར་འཁྱུག་པ༔ སོད་རྒྱོབ་ཀྱི་སྒྲ་འུ་རུ་རུ་སྒྲོགས་པར་བསྒོམ༔ དེའི་ནང་དུ་དགྲ་ཡི་སྲོག་ནྲྀཿབགེགས་གདོན་གནོད་བྱེད་ཐམས་ཅད་ཀྱི་སྲོག་འདུས་པའི་ངོ་བོ་ཏྲིཿཡིག་ནག་པོ་ཡོངས་སུ་གྱུར་པ་ལས༔ དགྲ་བགེགས་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོ་རཱུ་པ་དབང་པོ་ཚང་ཞིང་ཧམ་པ་རིད་པ་སྐྱ་བ་མདོག་དང་མདངས་ཉམས་པ༔ རྐང་ལག་ལྕགས་གཟེར་གྱིས་བསྡམ་ཞིང་ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པར་གྱུར༔ {{TibChung|དེ་ནས་ཕོ་ཉས་བཀུག་པ་ནི༔}} བདག་ཉིད་དྲག་པོའི་ཐུགས་ཀ་ནས་ཕོ་ཉ་ལས་མཁན་དཔག་ཏུ་མེད་པ་སྤྲོས་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཤོག་སྐྱ་རླུང་གིས་དེད་པ་ལྟར་རང་དབང་མེད་པར་བཀུག་ནས་ལིངྒ་ལ་བསྟིམ༔ བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སྣང་སྲིད་ཀྱི་ཁམས་ཀྱི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་འབྱུང་བ་ཐམས་ཅད་ཡེ་ཤེས་ཀྱི་ཁྲོ་བོའི་རོལ་པར་གྱུར་ཏེ༔ དྲག་པོའི་སོད་རྒྱོབ་ཀྱི་སྒྲ་ཏི་རི་རི་བསྒྲགས་པས་སྣང་སྲིད་ཐམས་ཅད་འཕར་ཞིང་རབ་ཏུ་འདར་བར་བསམ༔ ཧཱུྃ་ཛཿ མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ གསང་བདག་ཆེན་པོའི་དུས་ལ་བབ༔ ཕྱག་ན་རྡོ་རྗེའི་དུས་ལ་བབ༔ མངོན་སྤྱོད་ལས་ཀྱི་དུས་ལ་བབ༔ ཕོ་ཉ་སྤྲུལ་པའི་དུས་ལ་བབ༔ ལས་མཁན་འགྱེད་པའི་དུས་ལ་བབ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ ཡེ་ཤེས་ཁྲོ་བཅུའི་དུས་ལ་བབ༔ སྲས་དང་སྤྲུལ་འཁོར་དུས་ལ་བབ༔ སྒོ་སྐྱོང་ཆེན་མོའི་དུས་ལ་བབ༔ བཀའ་སྡོད་སྤྲུལ་པའི་དུས་ལ་བབ༔ སྣང་སྲིད་ཐུགས་ཀྱི་ཀློང་རྒྱས་ཐོབས༔ དགྲ་བགེགས་ལས་ཀྱི་ལིང་གར་ཕོབས༔ བསྒྲལ་བསད་མནན་བསྲེགས་ཕྲིན་ལས་མཛོད༔ {{TibChung|དེ་ནས་བཀུག་པ་ནི༔}} ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ ཕྱོགས་བཅུའི་དགྲ་བགེགས་ཁུག་ལ་ཤོག༔ ལས་ཀྱི་ལིང་ག་འདི་ལ་ཁུག༔ གཉིས་སུ་མེད་པར་བསྟིམ་པར་མཛོད༔ ཧཱུྃ་ཛཿ སྤྲུལ་པ་ཡེ་ཤེས་ཁྱུང་ཆེན་ལྔས༔ མཐུ་རྩལ་ཕྱུང་བའི་དུས་ལ་བབ༔ དགྲ་བགེགས་འགུགས་བསྒྲལ་ཕྲིན་ལས་མཛོད༔ དུས་ལ་བབ་བོ་མཐུ་མ་ཆུང་༔ ཧཱུྃ༔ སྟེང་ཕྱོགས་ཁྲོ་ཆེན་ཧཱུྃ་ཀཱ་ར༔ ཛཿ དམ་ཚིག་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཀུག་ནས་བསྒྲལ་བར་མཛོད༔ ཧཱུྃ༔ ཤར་ཕྱོགས་ཁྲོ་ཆེན་རྣམ་པར་རྒྱལ༔ ཛཿ དམ་ཚིག་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཀུག་ནས་བསྒྲལ་བར་མཛོད༔ ཧཱུྃ༔ ཤར་ལྷོར་ཁྲོ་ཆེན་དབྱུག་སྔོན་ཅན༔ ཛཿ དམ་ཚིག་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཀུག་ནས་བསྒྲལ་བར་མཛོད༔ ཧཱུྃ༔ ལྷོ་ཕྱོགས་ཁྲོ་ཆེན་གཤིན་རྗེ་གཤེད༔ ཛཿ དམ་ཚིག་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཀུག་ནས་བསྒྲལ་བར་མཛོད༔ ཧཱུྃ༔ ལྷོ་ནུབ་ཁྲོ་ཆེན་མི་གཡོ་མགོན༔ ཛཿ དམ་ཚིག་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཀུག་ནས་བསྒྲལ་བར་མཛོད༔ ཧཱུྃ༔ ནུབ་ཕྱོགས་ཁྲོ་ཆེན་རྟ་མགྲིན་རྒྱལ༔ ཛཿ དམ་ཚིག་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཀུག་ནས་བསྒྲལ་བར་མཛོད༔ ཧཱུྃ༔ ནུབ་བྱང་ཁྲོ་ཆེན་འདོད་པའི་རྒྱལ༔ ཛཿ དམ་ཚིག་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཀུག་ནས་བསྒྲལ་བར་མཛོད༔ ཧཱུྃ༔ བྱང་ཕྱོགས་ཁྲོ་ཆེན་བདུད་རྩི་འཁྱིལ༔ ཛཿ དམ་ཚིག་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཀུག་ནས་བསྒྲལ་བར་མཛོད༔ ཧཱུྃ༔ བྱང་ཤར་ཁྲོ་ཆེན་ཁམས་གསུམ་རྒྱལ༔ ཛཿ དམ་ཚིག་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཀུག་ནས་བསྒྲལ་བར་མཛོད༔ ཧཱུྃ༔ འོག་ཕྱོགས་ཁྲོ་ཆེན་སྟོབས་པོ་ཆེ༔ ཛཿ དམ་ཚིག་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཀུག་ནས་བསྒྲལ་བར་མཛོད༔ ཧཱུྃ༔ སྒོ་བཞིར་ལས་ཀྱི་སྒོ་མ་བཞི༔ ཛཿ དམ་ཚིག་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཀུག་ནས་བསྒྲལ་བར་མཛོད༔ ཧཱུྃ༔ བཀའ་སྲུང་དམ་ཅན་དུས་ལ་བབ༔ ཛཿ དམ་ཚིག་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོ་ཕྲིན་ལས་ཀྱིས༔ དགྲ་བགེགས་བཀུག་ནས་བསྒྲལ་བར་མཛོདཿ ཧཱུྃ༔ ཡེ་ཤེས་ཁྲོ་བོ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན༔ ཡོངས་རྫོགས་རོལ་པའི་དཀྱིལ་འཁོར་ལྷ༔ ཛཿ དམ་ཚིག་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཀུག་ནས་བསྒྲལ་བར་མཛོད༔ {{TibChung|སྐབས་འདིར་འགུགས་གཞུག་རྡོ་རྗེའི་ལྕགས་ཀྱུས་བཀུག༔ དེ་ནས་འགུགས་པར་བྱེད་པ་ནི༔}} ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ གསང་བདག་ལྷ་ཚོགས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་རྣམས༔ རང་དབང་མེད་གཟུགས་ལ་ཁུག༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ནྲྀཿཏྲི་ཤ་ཏྲུཾ་མཱ་ར་ཡ་བཛྲ་ཨཾ་ཀུ་ཤ་ཡ་ཛཿནྲྀ་ཤ་ཀུ་རུ་ནྲྀ་ཤ་ཀུ་རུ་ཁ་སོ་པ་ཏི་མུ་རི་ཏི་ཡཾ་སེ་ཡཾ་སེ་མཾ་ཡཾ་མཾ་ཡཾ་སྙིང་ལ་ཚལ་པ་རྦད༔ བཾ་རྦད༔ དགྲ་བགེགས་ཆེ་གེ་མོའི་བླ་ཁུག་ཛ་ཁུག་ཛ་རྦད་ནན༔ {{TibChung|དེ་ནས་ལྷ་དང་དབྱེ་བ་ནི༔}} ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ གསང་བདག་ལྷ་ཚོགས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་འདི༔ སྐྱོབ་པར་བྱེད་པའི་ལྷ་དང་ཕྱེས༔ {{TibChung|རྩ་སྔགས་མཐར༔}} དགྲ་བགེགས་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཕྱེས་ཕྱེས༔ རྦད་ཕཊ༔ {{TibChung|དེ་ནས་སྨྱོ་རུ་གཞུག་པ་ནི༔}} ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ གསང་བདག་ལྷ་ཚོགས་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་འདི༔ སྨྱོ་ཞིང་བརྒྱལ་ནས་རེངས་སུ་ཆུག༔ {{TibChung|རྩ་སྔགས་མཐར༔}} ནྲྀ་ཏྲི་ཤ་ཏྲུཾ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཐུམ་རི་ལི་ལི་རྨུག་རྨུག་རིང་རིང་མཱ་ར་ཡ་རྦད་སོད༔ {{TibChung|དེ་ནས་ཡུངས་དཀར་ཡུངས་ནག་ཀེ་མཚེ་ཤངས་མཚེ་ཟངས་ཕྱེ་ལྕགས་ཕྱེ་རྡོ་ཕྱེ་མུ་ཟི་ནག་པོ་ཁྲག་སྣ་བྲ་བོ་རྣམས་སྣོད་གཅིག་ཏུ་བསྲེས་ཏེ་བཏབ་པ་ནི༔}} ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ ཐུགས་དམ་གཉན་པོའི་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བགེགས་ལ༔ མཚོན་ཐུན་སྣ་ཚོགས་དབལ་གྱིས་ཐོབས༔ རྣམ་པར་ཤེས་པ་ཆོས་སྐུར་སྒྲོལ༔ {{TibChung|རྩ་སྔགས་མཐར༔}} ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ {{TibChung|ཅེས་གདབ༔}} ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ སངས་རྒྱས་ཁྲག་འཐུང་དབྱིངས་ནས་བཞེངས༔ གཏི་མུག་ལས་བྱུང་དགྲ་དང་བགེགས༔ ཆོས་དབྱིངས་ཡེ་ཤེས་ཆེན་པོར་སྒྲོལ༔ ཨོཾ་བུདྡྷ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ {{TibChung|ཅེས་གདབ༔}} ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ རྡོ་རྗེ་ཁྲག་འཐུང་དབྱིངས་ནས་བཞེངས༔ ཞེ་སྡང་ལས་བྱུང་དགྲ་དང་བགེགས༔ མེ་ལོང་ཡེ་ཤེས་ངང་དུ་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ {{TibChung|ཅེས་གདབ༔}} ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ རཏྣ་ཁྲག་འཐུང་དབྱིངས་ནས་བཞེངས༔ ང་རྒྱལ་ལས་བྱུང་དགྲ་དང་བགེགས༔ མཉམ་ཉིད་ཡེ་ཤེས་ངང་དུ་སོད༔ ཨོཾ་རཏྣ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ {{TibChung|ཅེས་གདབ༔}} ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ པདྨ་ཁྲག་འཐུང་དབྱིངས་ནས་བཞེངས༔ འདོད་ཆགས་ལས་བྱུང་དགྲ་དང་བགེགས༔ སོར་རྟོག་ཡེ་ཤེས་ངང་དུ་སོད༔ ཨོཾ་པདྨ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ {{TibChung|ཅེས་གདབ༔}} ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ ཀརྨ་ཁྲག་འཐུང་དབྱིངས་ནས་བཞེངས༔ ཕྲག་དོག་ལས་བྱུང་དགྲ་དང་བགེགས༔ བྱ་གྲུབ་ཡེ་ཤེས་ངང་དུ་སོད༔ ཨོཾ་ཀརྨ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་སོད༔ {{TibChung|ཅེས་གདབ༔}} ཧཱུྃ༔ སྟེང་ཕྱོགས་ཨེ་ཡི་ཀློང་དཀྱིལ་ནས༔ ཁྲོ་བོ་ཆེན་པོ་ཧཱུྃ་ཀཱ་ར༔ དབྱིངས་ནས་སྐུར་བཞེངས་དུས་ལ་བབ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ སྟེང་གདོན་མ་ལུས་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་སྐུར་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ ས་མ་ཡ་ཛཿདགྲ་བགེགས་མཱ་ར་ཡ་ཁུག་ཛ་རྦད་ཛ་སོད་ནན༔ {{TibChung|ཅེས་གདབ༔}} ཧཱུྃ༔ དྲི་ཟ་ཟིལ་གནོན་ཁྲོ་བོའི་རྒྱལ༔ རྣམ་པར་རྒྱལ་བ་འཁོར་དང་བཅས༔ དབྱིངས་ནས་སྐུར་བཞེངས་དུས་ལ་བབ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ ཤར་གྱི་དགྲ་བགེགས་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་སྐུར་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ས་མ་ཡ་ཛཿ དགྲ་བགེགས་མཱ་ར་ཡ་ཁུག་ཛ་རྦད་ཛ་སོད་ནན༔ {{TibChung|ཅེས་གདབ༔}} ཧཱུྃ༔ མེ་ལྷ་ཟིལ་གནོན་ཁྲོ་བོའི་རྒྱལ༔ དབྱུག་པ་སྔོན་པོ་འཁོར་དང་བཅས༔ དབྱིངས་ནས་སྐུར་བཞེངས་དུས་ལ་བབ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ ཤར་ལྷོའི་དགྲ་བགེགས་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་སྐུར་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ས་མ་ཡ་ཛཿདགྲ་བགེགས་མཱ་ར་ཡ་ཁུག་ཛ་རྦད་ཛ་སོད་ནན༔ {{TibChung|ཅེས་གདབ༔}} ཧཱུྃ༔ གཤིན་རྗེ་ཟིལ་གནོན་ཁྲོ་བོའི་རྒྱལ༔ ཡ་མཱནྟ་ཀ་འཁོར་དང་བཅས༔ དབྱིངས་ནས་སྐུར་བཞེངས་དུས་ལ་བབ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ ལྷོ་ཡི་དགྲ་བགེགས་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་སྐུར་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ ས་མ་ཡ་ཛཿདགྲ་བགེགས་མཱ་ར་ཡ་ཁུག་ཛ་རྦད་ཛ་སོད་ནན༔ {{TibChung|ཅེས་གདབ༔}} ཧཱུྃ༔ སྲིན་པོ་ཟིལ་གནོན་ཁྲོ་བོའི་རྒྱལ༔ མི་གཡོ་མགོན་པོ་འཁོར་དང་བཅས༔ དབྱིངས་ནས་སྐུར་བཞེངས་དུས་ལ་བབ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ ལྷོ་ནུབ་དགྲ་བགེགས་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་སྐུར་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ༔ ས་མ་ཡ་ཛཿདགྲ་བགེགས་མཱ་ར་ཡ་ཁུག་ཛ་རྦད་ཛ་སོད་ནན༔ {{TibChung|ཅེས་གདབ༔}} ཧཱུྃ༔ ཆུ་ལྷ་ཟིལ་གནོན་ཁྲོ་བོའི་རྒྱལ༔ རྟ་མགྲིན་ཡབ་ཡུམ་འཁོར་དང་བཅས༔ དབྱིངས་ནས་སྐུར་བཞེངས་དུས་ལ་བབ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ ནུབ་ཕྱོགས་དགྲ་བགེགས་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་སྐུར་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ ས་མ་ཡ་ཛ༔ དགྲ་བགེགས་མཱ་ར་ཡ་ཁུག་ཛ་རྦད་ཛ་སོད་ནན༔ {{TibChung|ཅེས་གདབ༔}} ཧཱུྃ༔ རླུང་ལྷ་ཟིལ་གནོན་ཁྲོ་བོའི་རྒྱལ༔ འདོད་པའི་རྒྱལ་པོ་འཁོར་དང་བཅས༔ དབྱིངས་ནས་སྐུར་བཞེངས་དུས་ལ་བབ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ ནུབ་བྱང་དགྲ་བགེགས་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་སྐུར་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ས་མ་ཡ་ཛ༔ དགྲ་བགེགས་མཱ་ར་ཡ་ཁུག་ཛ་རྦད་ཛ་སོད་ནན༔ {{TibChung|ཅེས་གདབ༔}} ཧཱུྃ༔ གནོད་སྦྱིན་ཟིལ་གནོན་ཁྲོ་བོའི་རྒྱལ༔ བདུད་རྩི་ཡབ་ཡུམ་འཁོར་དང་བཅས༔ དབྱིངས་ནས་སྐུར་བཞེངས་དུས་ལ་བབ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ བྱང་གི་དགྲ་བགེགས་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་སྐུར་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ས་མ་ཡ་ཛཿདགྲ་བགེགས་མཱ་ར་ཡ་ཁུག་ཛ་རྦད་ཛ་སོད་ནན༔ {{TibChung|ཅེས་གདབ༔}} ཧཱུྃ༔ དབང་ལྡན་ཟིལ་གནོན་ཁྲོ་བོའི་རྒྱལ༔ ཁམས་གསུམ་རྣམ་རྒྱལ་འཁོར་དང་བཅས༔ དབྱིངས་ནས་སྐུར་བཞེངས་དུས་ལ་བབ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ བྱང་ཤར་དགྲ་བགེགས་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་སྐུར་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ ས་མ་ཡ་ཛ༔ དགྲ་བགེགས་མཱ་ར་ཡ་ཁུག་ཛ་རྦད་ཛ་སོད་ནན༔ {{TibChung|ཅེས་གདབ༔}} ཧཱུྃ༔ ས་བདག་ཟིལ་གནོན་ཁྲོ་བོའི་རྒྱལ༔ སྟོབས་ཆེན་ཡབ་ཡུམ་སྲས་འཁོར་བཅས༔ དབྱིངས་ནས་སྐུར་བཞེང་དུས་ལ་བབ༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ འོག་ཕྱོགས་དགྲ་བགེགས་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་སྐུར་སྒྲོལ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བཱ་ལ་ཧཱུྃ༔ ས་མ་ཡ་ཛ༔ དགྲ་བགེགས་མཱ་ར་ཡ་ཁུག་ཛ་རྦད་ཛ་སོད་སོད་ནན་ནན༔ ཕཊ༔ {{TibChung|ཅེས་གདབ༔}} ཛཿ སྙིང་རྗེས་ཁམས་གསུམ་འགུགས་བྱེད་མ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དགྲ་བགེགས་གནོད་བྱེད་མ་ལུས་པ༔ མྱུར་དུ་ཁུག་ལ་ལིང་གར་ཕོབ༔ ཨོཾ་བཛྲ་་ཨངྐུ་ཤ་ཡ་ཛ༔ ཛ༔ དགྲ་བགེགས་སརྦ་མཱ་ར་ཡ་ཁུག་ཛཿ ཛ༔ ཧཱུྃ༔ བྱམས་པའི་སྒོ་མ་ཞགས་པ་མ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དགྲ་བགེགས་གནོད་བྱེད་མ་ལུས་པ༔ མྱུར་དུ་ཁུག་ལ་གྲུམ་ཆིངས་གྱིས༔ ཨོཾ་རཏྣ་པཱ་ཤ་ཧཱུྃ་ཧཱུྃ༔ དགྲ་བགེགས་མཱ་ར་ཡ་ཆིངས་ཆིངས་རྦད་ནན༔ བཾ༔ དགའ་བའི་སྒོ་མ་ལྕགས་སྒྲོག་མ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དགྲ་བགེགས་གནོད་བྱེད་མ་ལུས་པ༔ མྱུར་དུ་བཀུག་ནས་ལྕགས་སུ་སྡོམ༔ ཨོཾ་པདྨ་སྥོ་ཊ་བཾ༔ དགྲ་བགེགས་མཱ་ར་ཡ་སྡོམ་སྡོམ་རྦད་ནན༔ ཧོཿ བཏང་སྙོམས་སྒོ་མ་དྲིལ་བུ་མ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ དགྲ་བགེགས་གནོད་བྱེད་མ་ལུས་པ༔ མྱུར་དུ་ཁུག་ལ་གཟུགས་ལ་ཕོབ༔ ཨོཾ་ཀརྨ་གྷཎྜེ་ཧོཿ དགྲ་བགེགས་མཱ་ར་ཡ་རྦད་རྦད་སོད་སོད༔ ཧུར་ཐུམ་རྦད༔ {{TibChung|དེ་ནས་མཚོན་ཆ་སྣ་ཚོགས་ཀྱིས་གཏུབ་པ་ནི༔}} ཧཱུྃ༔ རྡོ་རྗེ་འབར་བའི་གཞལ་ཡས་ནས༔ ཐོགས་མེད་མཐུ་ལ་མངའ་བརྙེས་དཔལ༔ གསང་བདག་ཕྱག་ན་རྡོ་རྗེ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རིགས་ལྔ་དྲག་པོའི་དཀྱིལ་འཁོར་དང་༔ ཡེ་ཤེས་ཁྲོ་བཅུ་སྒོ་སྐྱོང་དང་༔ བཀའ་སྡོད་སྲུང་མར་བཅས་པ་རྣམས༔ དད་དང་དམ་ཚིག་དབང་གིས་ནི༔ ཐུགས་དམ་བསྐུལ་ལོ་དུས་ལ་བབ༔ དབྱིངས་ནས་དྲག་པོའི་སྐུར་བཞེངས་ལ༔ མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས༔ ཆར་ཕོབ་དགྲ་བགེགས་གཟུགས་ཕུང་ཀུན༔ ཐལ་བའི་རྡུལ་དུ་བརླག་པར་མཛོད༔ རྣམ་པར་ཤེས་པ་ཆོས་སྐུར་སྒྲོལ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཛྙཱ་ན་ཀྲོ་དྷ་སརྦ་ས་མ་ཡ་ཛཿཛཿདགྲ་བགེགས་ནྲྀ་ཏྲི་མཱ་ར་ཡ་རྦད་རྦད་ནན་ནན་སོད་སོད༔ གརྫ་ཧ་ན་ད་ཧ་པ་ཙ་བྷནྡྷ་ཧུ་ལུ་ཏིཥྛ་ཚིནྡྷ་བིནྡྷ་སྥོ་ཊ་ཡ་ཧཱུྃ་ཕཊ༔ {{TibChung|ཅེས་གཏུབ་བོ༔ དེ་ནས་ཞལ་དུ་བསྟབ་པ་ནི༔}} ཧཱུྃ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ གསང་བདག་ཕྱག་ན་རྡོ་རྗེ་འཁོར་དང་བཅས༔ ཕྱེས་ཤིག་ཕྱེས་ཤིག་ཞལ་ཧོམ་ཆེན་པོ་ཕྱེས༔ དགྲ་བགེགས་ཕུང་པོ་རྣམ་ལྔ་ཞལ་དུ་བསྟབ༔ རྣམ་པར་ཤེས་པ་ཚོགས་བརྒྱད་ཞལ་དུ་བསྟབ༔ སྐྱེ་མཆེད་ཆེན་པོ་བཅུ་གཉིས་ཞལ་དུ་བསྟབ༔ ཁམས་ཆེན་བཅོ་བརྒྱད་དང་བཅས་ཞལ་དུ་བསྟབ༔ རྗེས་ཤུལ་ལྷག་མ་མེད་པར་ཞལ་དུ་བསྟབ༔ མཉམ་ཉིད་བདེ་བ་ཆེན་པོའི་ཞལ་དུ་བསྟབ༔ ཟང་ཐལ་ཡང་དག་ལམ་གྱི་མགྲིན་པར་བརྒྱུད༔ ཀ་དག་མཐའ་བྲལ་ཆོས་སྐུའི་ཐུགས་སུ་བསྲེ༔ ཕྱིར་མི་ལྡོག་པའི་ངང་དུ་ཀློང་རྒྱས་འདེབས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་མ་ཡ་དགྲ་བགེགས་ཀྱི་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ཀིཾ་ནི་རི་ཏི་བ་སུ་ཏ་སརྦ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ {{TibChung|གསང་བདག་སྒྲུབ་པའི་རྣལ་འབྱོར་གྱིས༔ བསྙེན་སྒྲུབ་ལས་སྦྱོར་མཐར་ཕྱིན་ནས༔ བསྒྲལ་ལས་འདི་ལ་བརྩོན་གྱུར་ན༔ ཞིང་བཅུའི་དགྲ་བགེགས་ཀུན་སྒྲོལ་ཞིང་༔ དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར༔ བཀའ་སྲུང་གནོད་སྦྱིན་ཆེན་པོ་དང་༔ ལྷ་ཆེན་དབང་ཕྱུགས་གཟའ་ཡིས་སྲུངས༔ སྒྲུབ་པའི་རྣལ་འབྱོར་ཕྲིན་ལས་སྒྲུབས༔ གཤེ་སྐུར་ལོག་ལྟའི་དབང་པོ་སྣུབས༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་བསྒྲལ་ལས་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་བཅུ་དྲུག་ལ་བཀའ་རྒྱས་བཏབ་སྟེ་མཐར་སློབ་བུ་བདེ་ཆེན་པདྨ་ཆོས་ཀྱི་རྡོ་རྗེས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་མཐུན་རྐྱེན་ཡོངས་གྲུབ་རིག་པའི་རྡོ་རྗེ་ཕུན་ཚོགས་བཀྲ་ཤིས་འབོད་པ་དེས་བགྱིས་པའོ། །དགེའོ། །དགེའོ། །དགེའོ།། །།}} }} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
<headertabs/> | <headertabs/> | ||
Revision as of 19:00, 13 February 2026
| Wylie title | zab gsang mkha' 'gro'i snying thig las: gsang bdag phyag na rdo rje'i smad las dgra bgegs kun sgrol: | |
|---|---|---|
| Location | bdud 'joms gling pa zab gter Volume 3, Text 60, Pages 561-575 (Folios 1a1 to 8a6) | |
| Author | བདུད་འཇོམས་གླིང་པ་ | |
| Citation | Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gsang bdag phyag na rdo rje'i smad las dgra bgegs kun sgrol. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 561-575. Thimphu, Bhutan: Lama Kuenzang Wangdue, 2004. | |
| Side notes | Recto: smad las Verso: bdud 'joms phyag rdor | |
| More details More details | ||
| Tertön | བདུད་འཇོམས་གླིང་པ་ (bdud 'joms gling pa) | |
| Genre | Activity Practices - las tshogs | |
| Cycle | གསང་བདག་རྡོ་རྗེ་གཏུམ་པོ་ (gsang bdag rdo rje gtum po) | |
| Parent Cycle | ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig) | |
| Deity | phyag na rdo rje | |
| Colophon |
ཞེས་བསྒྲལ་ལས་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་ཀློང་ཡངས་ནམ་མཁའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མི་ལོ་བཅུ་དྲུག་ལ་བཀའ་རྒྱས་བཏབ་སྟེ་མཐར་སློབ་བུ་བདེ་ཆེན་པདྨ་ཆོས་ཀྱི་རྡོ་རྗེས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་མཐུན་རྐྱེན་ཡོངས་གྲུབ་རིག་པའི་རྡོ་རྗེ་ཕུན་ཚོགས་བཀྲ་ཤིས་འབོད་པ་དེས་བགྱིས་པའོ། །དགེའོ། །དགེའོ། །དགེའོ།། | |
|
zhes bsgral las 'di yang 'od gsal rdzogs pa chen po klong yangs nam mkha'i rnal 'byor pa bdud 'joms rdo rje khro lod rtsal gyis gter nas bton te mi lo bcu drug la bka' rgyas btab ste mthar slob bu bde chen pad+ma chos kyi rdo rjes bskul ngor dag par phab pa'i yi ge pa ni mthun rkyen yongs grub rig pa'i rdo rje phun tshogs bkra shis 'bod pa des bgyis pa'o/_/dge'o/_/dge'o/_/dge'o// | ||