DJYD-KABUM-14-PHA-001: Difference between revisions

From Dudjom Wiki
DJYD-KABUM-14-PHA-001
Imported new text files with Wyckibaat for processing
 
No edit summary
Line 1: Line 1:
༄༅།  །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་འཕྲིན་ལས་
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|language=Tibetan
|pagestatus=Temporary stub only
|volumenumber=14
|volumeLetter=PHA
|textnuminvol=001
|pdflink=File:DJYD-KABUM-14-PHA-001.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-14-PHA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅།  །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་འཕྲིན་ལས་
   བཅུད་དྲིལ་གྱི་ལས་བྱང་ཁྲིགས་སུ་བསྡེབས་པ་
   བཅུད་དྲིལ་གྱི་ལས་བྱང་ཁྲིགས་སུ་བསྡེབས་པ་
དཔལ་ཆེན་དགོངས་རྒྱན་ཅེས་
དཔལ་ཆེན་དགོངས་རྒྱན་ཅེས་
བྱ་བ་བཞུགས་སོ།  །
བྱ་བ་བཞུགས་སོ།  །
  (1ན)ཕུར་པ་ཡང་གསང་བཅུད་དྲིལ་དང་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་བཞུགས་བྱང་རབ་དགའི་དཔལ་སྟེར་བཞུགས།  ཨོཾ་སྭསྟི།  ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་ཆོས་སྡེ་འདིར།  བཞུགས་བྱང་རབ་དགའི་དཔལ་སྟེར་ལྡེབ ༢ཀྱིས་ཐོག་དྲངས།  ལས་བྱང་ལྡེབ ༡༧ བརྒྱུད་འདེབས་ལྡེབ ༡ སྐོང་བ་ལྡེབ་༡ གཏོར་མའི་རྣལ་འབྱོར་ལྡེབ ༢གཏོར་དབང་ལྡེབ ༡༤བཅས་དང་།  ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་རྩ་གཞུང་ལས་བྱང་ལྡེབ་༣༤ ནང་སྒྲུབ་རྒྱུན་ཁྱེར་ལྡེབ་༢ གསང་སྒྲུབ་སྦས་སྒོམ་ལྡེབ་༣ བཅས་གཞུང་རྩ་བ་དང་།  ཡན་ལག་ཁ་སྐོང་སྐོར་ལ།  བརྒྱུད་འདེབས་ལྡེབ་༡ སྐོང་བ་རྒྱས་པ་ལྡེབ་༡༡ སྐོང་བ་འབྲིང་པོ་ལྡེབ་༢ སྐོང་བ་བསྡུས་པ་ལྡེབ་༡ སྨན་མཆོད་ལྡེབ་༡ ཟུར་འདེབས་ལྡེབ་༣ ཆོ་གའི་ཁྲིགས་ཟིན་ལྡེབ་༨ གཏེར་སྲུང་གསོལ་མཆོད་ལྡེབ་༢ བདག་འཇུག་ལྡེབ་༡༠ སྒྲུབ་ཁོག་ལྡེབ་༣༢ རྒྱས་པའི་སྦྱིན་སྲེག་ལྡེབ་༡༠ བརྟན་བཞུགས་ཀྱི་ཆོ་ག་ལྡེབ་༡༤ འཆི་བསླུ་ལྡེབ་༧ རྩ་དབང་ལྡེབ་༢༤ དོན་དབང་ལྡེབ་༡༢ བསྙེན་ཡིག་ལྡེབ་༤༠ འཁྲུལ་འཁོར་ཟིན་བྲིས་ལྡེབ་༡ བཅུད་ལེན་ལྡེབ་༣ ཚེ་(1བ) སྒྲུབ་ཡང་ཟབ་སྙིང་པོ་བརྒྱུད་འདེབས་ཚེ་དབང་དང་བཅས་ལྡེབ༡༣ ཚོགས་གླུ་ལྡེབ་༣ ཡང་ཚོགས་གླུ་ལྡེབ་༢བཅས་ཁྱོན་ལྡེབ་གྲངས་བཞུགས།  །སྭསྟིསིདྡྷཾ།  རྒྱལ་ཀུན་གསུང་གི་དབང་ཕྱུག་ཚེ༵་མཐའ་ཡས།   །གང་དེ་སྒྲུབ༵་པའི་ལམ་མཆོག་བྱེ་བའི་ཕུལ།  །འཆི༵་མེད༵་གཉུག་མ་ཡེ་ཤེ་རྡོ་རྗེའི་སྲོག༵ །རྟག་བརྟན་ཐིག༵་ལེའི་ངོ་བོར་བཟླུམ་པའི་ཐབས།  །བདེ༵་ཆེན༵་རྒྱལ་པོ་ཟིལ༵་གནོན༵་པདྨའི་གར།   །ཟབ་གཏེར་ནམ༵་མཁ༵འི་མཛོད་ལ་དབང་བསྒྱུར་དེས།  །རྡོ༵་རྗེ༵་ཕུར་པའི་གནས་མཆོག་སེང་གེ་རྫོང་།   །མཚོ་རྒྱལ་གསང་བའི་ཕུག་ནས་སྣང་བར་མཛད།  །རིགས་མཐུན་ཁ་སྐོང་རིན་ཆེན་དོ་ཤལ་གྱིས།  །ལེགས་སྤྲས་ཁྲིགས་བསྡེབས་གོས་བཟང་གཡོ་བའི་རྩེར།  །གཏེར་གཞུང་དགོས་འབྱུང་ཡིད་བཞིན་དབང་གི་རྒྱལ།  །སྲིད་ཞིའི་འདོད་རྒུ་འཇོ་བའི་ཏོག་ཏུ་བཀོད།  །སྲིད་ན་མཆིས་པའི་དངོས་པོ་ཀུན་བསྡུས་ཏེ།  །ལོ་བརྒྱར་ངལ་བས་བཙལ་ཀྱང་རྙེད་དཀའ་བའི།  །སྔོན་མེད་ངོ་མཚར་གདམས་ཟབ་འདི་འདྲ་བ།  །གཅེས་རྒུའི་ནོར་གྱི་དབྱིག་ཏུ་མི་བཟུང་སུ།  །དེ་སླད་མི་འཛད་ཆོས་སྐུའི་རིང་བསྲེལ་དུ།  །ཀ་སྤུངས་བདེ་ཆེན་ཆོས་གླིང་སྒོམ་གྲྭ་(2ན)ཡི།  །སྔགས་འཆང་རྣལ་འབྱོར་མཆེད་ལྕམ་འདུས་པའི་སྡེས།  །དད་མོས་བསམ་སྦྱོར་རྣམ་པར་དག་པས་བསྒྲུབས།  །དེ་ལས་བྱུང་བའི་རབ་དགེའི་ཟླ་སྣང་གིས།  །སྐལ་ངན་དུས་ཀྱི་མུན་པ་མཐར་བྱས་ཏེ།  །རྫོགས་ལྡན་གསར་པའི་ཀནྡ་གྲོལ་བཞིན་དུ།  །ཐེག་མཆོག་བསྟན་པའི་དགའ་ཚལ་རྒྱས་བྱེད་ཤོག  །བདུད་བཞིའི་འཇི༵གས་ཚོགས་ཀུན་བྲལ༵་ཡེ༵་ཤེ༵ས་སྐུ།   །འཕོ་མེད་རྡོ༵་རྗེ༵འི་ཁམས་སུ་ཡོངས་གྲུབ་པ།   །སྙིགས་འགྲོའི་ལྷ་གཅིག་པདྨའི་རྒྱལ་ཚབ་གང་།  །ཞབས་ཟུང་རྡོ་རྗེའི་ཁྲི་ལ་ཡུན་བརླིང་ཤོག  །ཡང་ཟབ་གདམས་པའི་བདུད་རྩི་འདི་འཐུང་བའི།  །སྐལ་བཟང་དེ་དག་རིང་འཚོའི་དགའ་སྟོན་ལ།  །སྤྱོད་ལས་གྲུབ་གཉིས་ལང་ཚོ་རབ་དར་བས།  །ཕན་བདེའི་ཟློས་གར་ཅི་ཡང་རྩེན་གྱུར་ཅིག  །ཅེས་སྤར་བྱང་སྨོན་ཚིག་ཤློ་ཀ་རྟགས་བརྒྱད་ཀྱི་གྲངས་ལྡན་འདིའང་ཡབ་རྗེ་ཡིད་བཞིན་ནོར་བུའི་བཀའ་ཡི་རྗེས་གནང་སྤྱི་བོས་མཆོད་དེ་རྨོངས་བརྟུལ་འཕྲིན་ལས་ནོར་བུས་གང་དྲན་བྲིས་པ་དོན་ལྡན་དུ་གྱུར་ཅིག  །མངྒ་ལཾ།།  །།[[Category:Wyckibaat]]
  (1ན)ཕུར་པ་ཡང་གསང་བཅུད་དྲིལ་དང་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་བཞུགས་བྱང་རབ་དགའི་དཔལ་སྟེར་བཞུགས།  ཨོཾ་སྭསྟི།  ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་ཆོས་སྡེ་འདིར།  བཞུགས་བྱང་རབ་དགའི་དཔལ་སྟེར་ལྡེབ ༢ཀྱིས་ཐོག་དྲངས།  ལས་བྱང་ལྡེབ ༡༧ བརྒྱུད་འདེབས་ལྡེབ ༡ སྐོང་བ་ལྡེབ་༡ གཏོར་མའི་རྣལ་འབྱོར་ལྡེབ ༢གཏོར་དབང་ལྡེབ ༡༤བཅས་དང་།  ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་རྩ་གཞུང་ལས་བྱང་ལྡེབ་༣༤ ནང་སྒྲུབ་རྒྱུན་ཁྱེར་ལྡེབ་༢ གསང་སྒྲུབ་སྦས་སྒོམ་ལྡེབ་༣ བཅས་གཞུང་རྩ་བ་དང་།  ཡན་ལག་ཁ་སྐོང་སྐོར་ལ།  བརྒྱུད་འདེབས་ལྡེབ་༡ སྐོང་བ་རྒྱས་པ་ལྡེབ་༡༡ སྐོང་བ་འབྲིང་པོ་ལྡེབ་༢ སྐོང་བ་བསྡུས་པ་ལྡེབ་༡ སྨན་མཆོད་ལྡེབ་༡ ཟུར་འདེབས་ལྡེབ་༣ ཆོ་གའི་ཁྲིགས་ཟིན་ལྡེབ་༨ གཏེར་སྲུང་གསོལ་མཆོད་ལྡེབ་༢ བདག་འཇུག་ལྡེབ་༡༠ སྒྲུབ་ཁོག་ལྡེབ་༣༢ རྒྱས་པའི་སྦྱིན་སྲེག་ལྡེབ་༡༠ བརྟན་བཞུགས་ཀྱི་ཆོ་ག་ལྡེབ་༡༤ འཆི་བསླུ་ལྡེབ་༧ རྩ་དབང་ལྡེབ་༢༤ དོན་དབང་ལྡེབ་༡༢ བསྙེན་ཡིག་ལྡེབ་༤༠ འཁྲུལ་འཁོར་ཟིན་བྲིས་ལྡེབ་༡ བཅུད་ལེན་ལྡེབ་༣ ཚེ་(1བ) སྒྲུབ་ཡང་ཟབ་སྙིང་པོ་བརྒྱུད་འདེབས་ཚེ་དབང་དང་བཅས་ལྡེབ༡༣ ཚོགས་གླུ་ལྡེབ་༣ ཡང་ཚོགས་གླུ་ལྡེབ་༢བཅས་ཁྱོན་ལྡེབ་གྲངས་བཞུགས།  །སྭསྟིསིདྡྷཾ།  རྒྱལ་ཀུན་གསུང་གི་དབང་ཕྱུག་ཚེ༵་མཐའ་ཡས།   །གང་དེ་སྒྲུབ༵་པའི་ལམ་མཆོག་བྱེ་བའི་ཕུལ།  །འཆི༵་མེད༵་གཉུག་མ་ཡེ་ཤེ་རྡོ་རྗེའི་སྲོག༵ །རྟག་བརྟན་ཐིག༵་ལེའི་ངོ་བོར་བཟླུམ་པའི་ཐབས།  །བདེ༵་ཆེན༵་རྒྱལ་པོ་ཟིལ༵་གནོན༵་པདྨའི་གར།   །ཟབ་གཏེར་ནམ༵་མཁ༵འི་མཛོད་ལ་དབང་བསྒྱུར་དེས།  །རྡོ༵་རྗེ༵་ཕུར་པའི་གནས་མཆོག་སེང་གེ་རྫོང་།   །མཚོ་རྒྱལ་གསང་བའི་ཕུག་ནས་སྣང་བར་མཛད།  །རིགས་མཐུན་ཁ་སྐོང་རིན་ཆེན་དོ་ཤལ་གྱིས།  །ལེགས་སྤྲས་ཁྲིགས་བསྡེབས་གོས་བཟང་གཡོ་བའི་རྩེར།  །གཏེར་གཞུང་དགོས་འབྱུང་ཡིད་བཞིན་དབང་གི་རྒྱལ།  །སྲིད་ཞིའི་འདོད་རྒུ་འཇོ་བའི་ཏོག་ཏུ་བཀོད།  །སྲིད་ན་མཆིས་པའི་དངོས་པོ་ཀུན་བསྡུས་ཏེ།  །ལོ་བརྒྱར་ངལ་བས་བཙལ་ཀྱང་རྙེད་དཀའ་བའི།  །སྔོན་མེད་ངོ་མཚར་གདམས་ཟབ་འདི་འདྲ་བ།  །གཅེས་རྒུའི་ནོར་གྱི་དབྱིག་ཏུ་མི་བཟུང་སུ།  །དེ་སླད་མི་འཛད་ཆོས་སྐུའི་རིང་བསྲེལ་དུ།  །ཀ་སྤུངས་བདེ་ཆེན་ཆོས་གླིང་སྒོམ་གྲྭ་(2ན)ཡི།  །སྔགས་འཆང་རྣལ་འབྱོར་མཆེད་ལྕམ་འདུས་པའི་སྡེས།  །དད་མོས་བསམ་སྦྱོར་རྣམ་པར་དག་པས་བསྒྲུབས།  །དེ་ལས་བྱུང་བའི་རབ་དགེའི་ཟླ་སྣང་གིས།  །སྐལ་ངན་དུས་ཀྱི་མུན་པ་མཐར་བྱས་ཏེ།  །རྫོགས་ལྡན་གསར་པའི་ཀནྡ་གྲོལ་བཞིན་དུ།  །ཐེག་མཆོག་བསྟན་པའི་དགའ་ཚལ་རྒྱས་བྱེད་ཤོག  །བདུད་བཞིའི་འཇི༵གས་ཚོགས་ཀུན་བྲལ༵་ཡེ༵་ཤེ༵ས་སྐུ།   །འཕོ་མེད་རྡོ༵་རྗེ༵འི་ཁམས་སུ་ཡོངས་གྲུབ་པ།   །སྙིགས་འགྲོའི་ལྷ་གཅིག་པདྨའི་རྒྱལ་ཚབ་གང་།  །ཞབས་ཟུང་རྡོ་རྗེའི་ཁྲི་ལ་ཡུན་བརླིང་ཤོག  །ཡང་ཟབ་གདམས་པའི་བདུད་རྩི་འདི་འཐུང་བའི།  །སྐལ་བཟང་དེ་དག་རིང་འཚོའི་དགའ་སྟོན་ལ།  །སྤྱོད་ལས་གྲུབ་གཉིས་ལང་ཚོ་རབ་དར་བས།  །ཕན་བདེའི་ཟློས་གར་ཅི་ཡང་རྩེན་གྱུར་ཅིག  །ཅེས་སྤར་བྱང་སྨོན་ཚིག་ཤློ་ཀ་རྟགས་བརྒྱད་ཀྱི་གྲངས་ལྡན་འདིའང་ཡབ་རྗེ་ཡིད་བཞིན་ནོར་བུའི་བཀའ་ཡི་རྗེས་གནང་སྤྱི་བོས་མཆོད་དེ་རྨོངས་བརྟུལ་འཕྲིན་ལས་ནོར་བུས་གང་དྲན་བྲིས་པ་དོན་ལྡན་དུ་གྱུར་ཅིག  །མངྒ་ལཾ།།  །།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 06:20, 1 June 2024

Wylie title
Location bdud 'joms rin po che bka' 'bum
Volume 14, Text 1, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre

[edit]
༄༅། །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་འཕྲིན་ལས་
  བཅུད་དྲིལ་གྱི་ལས་བྱང་ཁྲིགས་སུ་བསྡེབས་པ་

དཔལ་ཆེན་དགོངས་རྒྱན་ཅེས་ བྱ་བ་བཞུགས་སོ། །

(1ན)ཕུར་པ་ཡང་གསང་བཅུད་དྲིལ་དང་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་བཞུགས་བྱང་རབ་དགའི་དཔལ་སྟེར་བཞུགས། ཨོཾ་སྭསྟི། ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་གྱི་ཆོས་སྡེ་འདིར། བཞུགས་བྱང་རབ་དགའི་དཔལ་སྟེར་ལྡེབ ༢ཀྱིས་ཐོག་དྲངས། ལས་བྱང་ལྡེབ ༡༧ བརྒྱུད་འདེབས་ལྡེབ ༡ སྐོང་བ་ལྡེབ་༡ གཏོར་མའི་རྣལ་འབྱོར་ལྡེབ ༢གཏོར་དབང་ལྡེབ ༡༤བཅས་དང་། ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་རྩ་གཞུང་ལས་བྱང་ལྡེབ་༣༤ ནང་སྒྲུབ་རྒྱུན་ཁྱེར་ལྡེབ་༢ གསང་སྒྲུབ་སྦས་སྒོམ་ལྡེབ་༣ བཅས་གཞུང་རྩ་བ་དང་། ཡན་ལག་ཁ་སྐོང་སྐོར་ལ། བརྒྱུད་འདེབས་ལྡེབ་༡ སྐོང་བ་རྒྱས་པ་ལྡེབ་༡༡ སྐོང་བ་འབྲིང་པོ་ལྡེབ་༢ སྐོང་བ་བསྡུས་པ་ལྡེབ་༡ སྨན་མཆོད་ལྡེབ་༡ ཟུར་འདེབས་ལྡེབ་༣ ཆོ་གའི་ཁྲིགས་ཟིན་ལྡེབ་༨ གཏེར་སྲུང་གསོལ་མཆོད་ལྡེབ་༢ བདག་འཇུག་ལྡེབ་༡༠ སྒྲུབ་ཁོག་ལྡེབ་༣༢ རྒྱས་པའི་སྦྱིན་སྲེག་ལྡེབ་༡༠ བརྟན་བཞུགས་ཀྱི་ཆོ་ག་ལྡེབ་༡༤ འཆི་བསླུ་ལྡེབ་༧ རྩ་དབང་ལྡེབ་༢༤ དོན་དབང་ལྡེབ་༡༢ བསྙེན་ཡིག་ལྡེབ་༤༠ འཁྲུལ་འཁོར་ཟིན་བྲིས་ལྡེབ་༡ བཅུད་ལེན་ལྡེབ་༣ ཚེ་(1བ) སྒྲུབ་ཡང་ཟབ་སྙིང་པོ་བརྒྱུད་འདེབས་ཚེ་དབང་དང་བཅས་ལྡེབ༡༣ ཚོགས་གླུ་ལྡེབ་༣ ཡང་ཚོགས་གླུ་ལྡེབ་༢བཅས་ཁྱོན་ལྡེབ་གྲངས་བཞུགས། །སྭསྟིསིདྡྷཾ། རྒྱལ་ཀུན་གསུང་གི་དབང་ཕྱུག་ཚེ༵་མཐའ་ཡས། །གང་དེ་སྒྲུབ༵་པའི་ལམ་མཆོག་བྱེ་བའི་ཕུལ། །འཆི༵་མེད༵་གཉུག་མ་ཡེ་ཤེ་རྡོ་རྗེའི་སྲོག༵ །རྟག་བརྟན་ཐིག༵་ལེའི་ངོ་བོར་བཟླུམ་པའི་ཐབས། །བདེ༵་ཆེན༵་རྒྱལ་པོ་ཟིལ༵་གནོན༵་པདྨའི་གར། །ཟབ་གཏེར་ནམ༵་མཁ༵འི་མཛོད་ལ་དབང་བསྒྱུར་དེས། །རྡོ༵་རྗེ༵་ཕུར་པའི་གནས་མཆོག་སེང་གེ་རྫོང་། །མཚོ་རྒྱལ་གསང་བའི་ཕུག་ནས་སྣང་བར་མཛད། །རིགས་མཐུན་ཁ་སྐོང་རིན་ཆེན་དོ་ཤལ་གྱིས། །ལེགས་སྤྲས་ཁྲིགས་བསྡེབས་གོས་བཟང་གཡོ་བའི་རྩེར། །གཏེར་གཞུང་དགོས་འབྱུང་ཡིད་བཞིན་དབང་གི་རྒྱལ། །སྲིད་ཞིའི་འདོད་རྒུ་འཇོ་བའི་ཏོག་ཏུ་བཀོད། །སྲིད་ན་མཆིས་པའི་དངོས་པོ་ཀུན་བསྡུས་ཏེ། །ལོ་བརྒྱར་ངལ་བས་བཙལ་ཀྱང་རྙེད་དཀའ་བའི། །སྔོན་མེད་ངོ་མཚར་གདམས་ཟབ་འདི་འདྲ་བ། །གཅེས་རྒུའི་ནོར་གྱི་དབྱིག་ཏུ་མི་བཟུང་སུ། །དེ་སླད་མི་འཛད་ཆོས་སྐུའི་རིང་བསྲེལ་དུ། །ཀ་སྤུངས་བདེ་ཆེན་ཆོས་གླིང་སྒོམ་གྲྭ་(2ན)ཡི། །སྔགས་འཆང་རྣལ་འབྱོར་མཆེད་ལྕམ་འདུས་པའི་སྡེས། །དད་མོས་བསམ་སྦྱོར་རྣམ་པར་དག་པས་བསྒྲུབས། །དེ་ལས་བྱུང་བའི་རབ་དགེའི་ཟླ་སྣང་གིས། །སྐལ་ངན་དུས་ཀྱི་མུན་པ་མཐར་བྱས་ཏེ། །རྫོགས་ལྡན་གསར་པའི་ཀནྡ་གྲོལ་བཞིན་དུ། །ཐེག་མཆོག་བསྟན་པའི་དགའ་ཚལ་རྒྱས་བྱེད་ཤོག །བདུད་བཞིའི་འཇི༵གས་ཚོགས་ཀུན་བྲལ༵་ཡེ༵་ཤེ༵ས་སྐུ། །འཕོ་མེད་རྡོ༵་རྗེ༵འི་ཁམས་སུ་ཡོངས་གྲུབ་པ། །སྙིགས་འགྲོའི་ལྷ་གཅིག་པདྨའི་རྒྱལ་ཚབ་གང་། །ཞབས་ཟུང་རྡོ་རྗེའི་ཁྲི་ལ་ཡུན་བརླིང་ཤོག །ཡང་ཟབ་གདམས་པའི་བདུད་རྩི་འདི་འཐུང་བའི། །སྐལ་བཟང་དེ་དག་རིང་འཚོའི་དགའ་སྟོན་ལ། །སྤྱོད་ལས་གྲུབ་གཉིས་ལང་ཚོ་རབ་དར་བས། །ཕན་བདེའི་ཟློས་གར་ཅི་ཡང་རྩེན་གྱུར་ཅིག །ཅེས་སྤར་བྱང་སྨོན་ཚིག་ཤློ་ཀ་རྟགས་བརྒྱད་ཀྱི་གྲངས་ལྡན་འདིའང་ཡབ་རྗེ་ཡིད་བཞིན་ནོར་བུའི་བཀའ་ཡི་རྗེས་གནང་སྤྱི་བོས་མཆོད་དེ་རྨོངས་བརྟུལ་འཕྲིན་ལས་ནོར་བུས་གང་དྲན་བྲིས་པ་དོན་ལྡན་དུ་གྱུར་ཅིག །མངྒ་ལཾ།། །།