DJYD-KABUM-23-A-012: Difference between revisions
From Dudjom Wiki
DJYD-KABUM-23-A-012
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༁ྃ༔ དགོངས་གཏེར་བསམ་ལྷུན་དབང་གི་ཆོ་ག་ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms rin po che bka' 'bum | |||
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། | |||
|totalvolumes=25 | |||
|author=Dudjom Rinpoche | |||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=23 | |||
|volumeLetter=A | |||
|textnuminvol=012 | |||
|pdflink=File:DJYD-KABUM-23-A-012.pdf | |||
|InitCategories=Dudjom Tersar Project; DJYD-KABUM-Volume-23-A | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༁ྃ༔ དགོངས་གཏེར་བསམ་ལྷུན་དབང་གི་ཆོ་ག་ | |||
བསམ་འཕེལ་ནོར་བུ་བཞུགས༔ | བསམ་འཕེལ་ནོར་བུ་བཞུགས༔ | ||
(1བ)ཐུགས་དམ་གསང་བའི་ལྷ་ལ་ཕྱག་འཚལ་ལོ༔ (བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འགྲོ་བའི་རེ་འདོད་བསྐང་བའི་ཕྱིར༔ ཡོན་ཏན་གཏེར་མཛོད་སྒྲུབ་ཐབས་ལ༔ བརྟེན་ནས་དབང་བསྐུར་ཆོ་ག་བསྟན༔ དབེན་པའི་གནས་སུ་མཎྜལ་ནི༔ བྲིའམ་མེ་ཏོག་ཚོམ་བུ་དགོད། ཕྱི་ནང་མཆོད་གཏོར་ཚོགས་མཆོད་ནི༔ སྤྱན་གཟིགས་དང་བཅས་རྒྱས་པར་བཤམ༔ དེ་སྟེང་མཉྫི་ཁྲི་རྐང་སྟེང་༔ པདྨ་སྤུངས་པའི་གཏོར་མ་ནི༔ དར་གྱི་རྒྱན་ཅན་དབུས་སུ་བཞག༔ སྨན་རཀ་ལ་སོགས་བཀོད་པའི་ཚོགས༔ ཀུན་ནས་བཀང་ཞིང་མཛེས་པས་བརྒྱན༔ དེ་ནས་ལས་བྱང་གཞུང་བསྲངས་ཏེ༔ བསམ་པ་ལྷུན་(2ན)འགྲུབ་གསོལ་འདེབས་ཀྱི༔ ཚིག་དང་བླ་མའི་གསང་སྔགས་སྤེལ༔ བརྒྱ་སྟོང་ཁྲི་འབུམ་དག་ཏུ་བཟླ༔ ཡང་ན་བུམ་པ་རྫས་ལྡན་དང་༔ ཨོ་རྒྱན་སྐུ་དང་བཅས་པ་ལ༔ བསྐྱེད་བསྟིམ་མཆོད་བསྟོད་བཟླས་པ་བྱ༔ དེ་ནས་སློབ་བུ་ཁྲུས་བྱས་ལ༔ གསར་པའི་གོས་གྱོན་མེ་ཏོག་ཐོགས༔ མཎྜལ་ཕུལ་ཏེ་གསོལ་བ་གདབ༔ ) ཨེ་མ་ཧོཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ ཛམྦུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་(2བ)ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབས་ནས་ཀྱང་༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ (ཞེས་པས་ལན་གསུམ་གསོལ་བ་གདབ༔ ) བླ་མས་འདི་ལྟར་རྗེས་གནང་སྦྱིན༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་རྒྱུད་མཐའ་ལ་མ་སྟོངས་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པོ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨའི་དབང་བསྐུར་སྦྱིན་པར་བྱ༔ བར་འདིར་སྐྱབས་སེམས་ཚོགས་བསགས་བྱ༔ སློབ་མ་ལྷར་བསྐྱེད་སྤོས་རོལ་བཅས༔ སྤྱན་འདྲེན་བྱིན་དབབ་བརྟན་པར་བྱ༔ དངོས་གཞིའི་དབང་དོན་གསོལ་འདེབས་ནི༔ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང་༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ནས༔ དད་ཅིང་མོས་གུས་གདུང་བས་གསོལ་བཏབ་ན༔ ཁྱེད་ཀྱི་ཐུགས་རྫེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བླ་མའི་(3ན)སྐུའམ་བུམ་པའམ༔ གཏོར་མས་གནས་གསུམ་དབང་བསྐུར་ལ༔ ཨེ་མ་ཧོཿ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་འགྲོ་བའི་དོན་ལ་དགོངས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ༔ སྐྱེ་མེད་སྐུ་སྟེ་རྡོ་རྗེའི་སྐུ༔ པདྨ་འབྱུང་གནས་སྐུ་ཡི་དབང་༔ བུ་ཡི་ལུས་ལ་ལྷ་དབང་བསྐུར༔ རྡོ་རྗེའི་སྐུ་རུ་སྨིན་པར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱཿ འགགས་མེད་གསུང་སྟེ་རྡོ་རྗེའི་གསུང་༔ པདྨ་འབྱུང་གནས་གསུང་གི་དབང་༔ བུ་ཡི་ངག་ལ་སྔགས་དབང་བསྐུར༔ རྡོ་རྗེའི་གསུང་དུ་སྨིན་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ འཁྲུལ་མེད་ཐུགས་ཏེ་རྡོ་རྗེའི་ཐུགས༔ པདྨ་འབྱུང་གནས་ཐུགས་ཀྱི་དབང་༔ བུ་ཡི་སེམས་ལ་ཆོས་དབང་བསྐུར༔ རྡོ་རྗེའི་ཐུགས་སུ་སྨིན་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ (3བ)(སྤྲོ་ན་སླར་ཡང་གསོལ་འདེབས་ཀྱི༔ ཚིག་མཐའ་དབང་གིས་བརྒྱན་བྱས་ཏེ༔ གང་འདོད་ལྷ་དང་སྔགས་ཀྱི་དབང་༔ ཡང་དག་ཉིད་དུ་བསྐུར་བ་བྱ༔ མཐར་ནི་ཨོ་རྒྱན་པདྨ་དང་༔ རང་གི་སྒོ་གསུམ་ཡེ་ཤེས་སྐུ༔ བསྲེས་ལ་ཆོས་ཉིད་ངང་དུ་བཞག༔ མཇུག་ཏུ་དམ་ཚིག་ཁས་བླངས་ལ༔ གཏང་རག་ཡོན་དབུལ་དགའ་སྟོན་དུ༔ ཚོགས་ལ་རོལ་ཞིང་སྨོན་ལམ་གདབ༔ གཏོར་མ་བཏང་ཞིང་དཀྱིལ་འཁོར་བསྡུ༔ བསྔོ་བ་དང་ནི་བཀྲ་ཤིས་བརྗོད༔ ཅེས་འཇིགས་བྲལ་བདེ་ཆེན་གླིང་པའི་དགོངས་གཏེར་བསམ་ལྷུན་གྱི་ཆོ་ག་འདི་ཉིད་རིག་འཛིན་མངའ་རིས་པའི་གཏེར་བྱོན་སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་དང་དོན་གྱི་དགོངས་པ་གནད་གཅིག་ཏུ་འབབ་པར་བརྟེན་དབང་ཆོག་དེ་ལས་ཞལ་སྐོང་དུ་བསྡེབས་པ་པོ་ནི་འགྲོ་འདུལ་གླིང་པ་སྟེ། ཆོས་བདག་མཁའ་འགྲོ་སྲུང་མའི་ཚོགས་ཀྱིས་བཟོད་པར་མཛོད་ལ། དད་པ་ཅན་ལ་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་འཇོ་བོའི་སྡོང་གྲོགས་མཛད་དུ་གསོལ་ལོ།། །།) | (1བ)ཐུགས་དམ་གསང་བའི་ལྷ་ལ་ཕྱག་འཚལ་ལོ༔ (བདག་འདྲ་པདྨ་འབྱུང་གནས་ཀྱིས༔ འགྲོ་བའི་རེ་འདོད་བསྐང་བའི་ཕྱིར༔ ཡོན་ཏན་གཏེར་མཛོད་སྒྲུབ་ཐབས་ལ༔ བརྟེན་ནས་དབང་བསྐུར་ཆོ་ག་བསྟན༔ དབེན་པའི་གནས་སུ་མཎྜལ་ནི༔ བྲིའམ་མེ་ཏོག་ཚོམ་བུ་དགོད། ཕྱི་ནང་མཆོད་གཏོར་ཚོགས་མཆོད་ནི༔ སྤྱན་གཟིགས་དང་བཅས་རྒྱས་པར་བཤམ༔ དེ་སྟེང་མཉྫི་ཁྲི་རྐང་སྟེང་༔ པདྨ་སྤུངས་པའི་གཏོར་མ་ནི༔ དར་གྱི་རྒྱན་ཅན་དབུས་སུ་བཞག༔ སྨན་རཀ་ལ་སོགས་བཀོད་པའི་ཚོགས༔ ཀུན་ནས་བཀང་ཞིང་མཛེས་པས་བརྒྱན༔ དེ་ནས་ལས་བྱང་གཞུང་བསྲངས་ཏེ༔ བསམ་པ་ལྷུན་(2ན)འགྲུབ་གསོལ་འདེབས་ཀྱི༔ ཚིག་དང་བླ་མའི་གསང་སྔགས་སྤེལ༔ བརྒྱ་སྟོང་ཁྲི་འབུམ་དག་ཏུ་བཟླ༔ ཡང་ན་བུམ་པ་རྫས་ལྡན་དང་༔ ཨོ་རྒྱན་སྐུ་དང་བཅས་པ་ལ༔ བསྐྱེད་བསྟིམ་མཆོད་བསྟོད་བཟླས་པ་བྱ༔ དེ་ནས་སློབ་བུ་ཁྲུས་བྱས་ལ༔ གསར་པའི་གོས་གྱོན་མེ་ཏོག་ཐོགས༔ མཎྜལ་ཕུལ་ཏེ་གསོལ་བ་གདབ༔ ) ཨེ་མ་ཧོཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ ཛམྦུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་(2བ)ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་ལ་དབང་བསྐུར་བྱིན་གྱིས་བརླབས་ནས་ཀྱང་༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ (ཞེས་པས་ལན་གསུམ་གསོལ་བ་གདབ༔ ) བླ་མས་འདི་ལྟར་རྗེས་གནང་སྦྱིན༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་རྒྱུད་མཐའ་ལ་མ་སྟོངས་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པོ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨའི་དབང་བསྐུར་སྦྱིན་པར་བྱ༔ བར་འདིར་སྐྱབས་སེམས་ཚོགས་བསགས་བྱ༔ སློབ་མ་ལྷར་བསྐྱེད་སྤོས་རོལ་བཅས༔ སྤྱན་འདྲེན་བྱིན་དབབ་བརྟན་པར་བྱ༔ དངོས་གཞིའི་དབང་དོན་གསོལ་འདེབས་ནི༔ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང་༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ནས༔ དད་ཅིང་མོས་གུས་གདུང་བས་གསོལ་བཏབ་ན༔ ཁྱེད་ཀྱི་ཐུགས་རྫེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བླ་མའི་(3ན)སྐུའམ་བུམ་པའམ༔ གཏོར་མས་གནས་གསུམ་དབང་བསྐུར་ལ༔ ཨེ་མ་ཧོཿ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་འགྲོ་བའི་དོན་ལ་དགོངས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་དབང་བསྐུར་རོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཨོཾ༔ སྐྱེ་མེད་སྐུ་སྟེ་རྡོ་རྗེའི་སྐུ༔ པདྨ་འབྱུང་གནས་སྐུ་ཡི་དབང་༔ བུ་ཡི་ལུས་ལ་ལྷ་དབང་བསྐུར༔ རྡོ་རྗེའི་སྐུ་རུ་སྨིན་པར་ཤོག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨཱཿ འགགས་མེད་གསུང་སྟེ་རྡོ་རྗེའི་གསུང་༔ པདྨ་འབྱུང་གནས་གསུང་གི་དབང་༔ བུ་ཡི་ངག་ལ་སྔགས་དབང་བསྐུར༔ རྡོ་རྗེའི་གསུང་དུ་སྨིན་པར་ཤོག༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ འཁྲུལ་མེད་ཐུགས་ཏེ་རྡོ་རྗེའི་ཐུགས༔ པདྨ་འབྱུང་གནས་ཐུགས་ཀྱི་དབང་༔ བུ་ཡི་སེམས་ལ་ཆོས་དབང་བསྐུར༔ རྡོ་རྗེའི་ཐུགས་སུ་སྨིན་པར་ཤོག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ (3བ)(སྤྲོ་ན་སླར་ཡང་གསོལ་འདེབས་ཀྱི༔ ཚིག་མཐའ་དབང་གིས་བརྒྱན་བྱས་ཏེ༔ གང་འདོད་ལྷ་དང་སྔགས་ཀྱི་དབང་༔ ཡང་དག་ཉིད་དུ་བསྐུར་བ་བྱ༔ མཐར་ནི་ཨོ་རྒྱན་པདྨ་དང་༔ རང་གི་སྒོ་གསུམ་ཡེ་ཤེས་སྐུ༔ བསྲེས་ལ་ཆོས་ཉིད་ངང་དུ་བཞག༔ མཇུག་ཏུ་དམ་ཚིག་ཁས་བླངས་ལ༔ གཏང་རག་ཡོན་དབུལ་དགའ་སྟོན་དུ༔ ཚོགས་ལ་རོལ་ཞིང་སྨོན་ལམ་གདབ༔ གཏོར་མ་བཏང་ཞིང་དཀྱིལ་འཁོར་བསྡུ༔ བསྔོ་བ་དང་ནི་བཀྲ་ཤིས་བརྗོད༔ ཅེས་འཇིགས་བྲལ་བདེ་ཆེན་གླིང་པའི་དགོངས་གཏེར་བསམ་ལྷུན་གྱི་ཆོ་ག་འདི་ཉིད་རིག་འཛིན་མངའ་རིས་པའི་གཏེར་བྱོན་སྒྲུབ་ཐབས་ཡོན་ཏན་གཏེར་མཛོད་དང་དོན་གྱི་དགོངས་པ་གནད་གཅིག་ཏུ་འབབ་པར་བརྟེན་དབང་ཆོག་དེ་ལས་ཞལ་སྐོང་དུ་བསྡེབས་པ་པོ་ནི་འགྲོ་འདུལ་གླིང་པ་སྟེ། ཆོས་བདག་མཁའ་འགྲོ་སྲུང་མའི་ཚོགས་ཀྱིས་བཟོད་པར་མཛོད་ལ། དད་པ་ཅན་ལ་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་འཇོ་བོའི་སྡོང་གྲོགས་མཛད་དུ་གསོལ་ལོ།། །།)}} | ||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 05:20, 1 June 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 23, Text 12, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985. | |
| Side notes | ||
| More details More details | ||
| Genre | ||