DJYD-KABUM-23-A-015: Difference between revisions
From Dudjom Wiki
DJYD-KABUM-23-A-015
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
ཐྃ༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལསཿ ཚེ་སྒྲུབ་ | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms rin po che bka' 'bum | |||
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ། | |||
|totalvolumes=25 | |||
|author=Dudjom Rinpoche | |||
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |||
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=23 | |||
|volumeLetter=A | |||
|textnuminvol=015 | |||
|pdflink=File:DJYD-KABUM-23-A-015.pdf | |||
|InitCategories=Dudjom Tersar Project; DJYD-KABUM-Volume-23-A | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|ཐྃ༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལསཿ ཚེ་སྒྲུབ་ | |||
དངོས་གྲུབ་འདོད་འབྱུང་གི་གསོལ་འདེབས་ | དངོས་གྲུབ་འདོད་འབྱུང་གི་གསོལ་འདེབས་ | ||
ཐུགས་རྗེའི་རྒྱུད་བསྐུལ་བཞུགས་སོ༔ | ཐུགས་རྗེའི་རྒྱུད་བསྐུལ་བཞུགས་སོ༔ | ||
(1བ)ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (ཐ(繁体字) ཞ༔ ཚེ་ཡི་རིག་འཛིན་བསྒྲུབ་པའི་དུས༔ མོས་གུས་གདུང་ཤུགས་དྲག་པོ་ཡིས༔ གསོལ་བ་འདེབས་ཤིང་བློ་སྙིང་བཀལ༔ དེས་ནི་དབང་བྱིན་དངོས་གྲུབ་ཐོབ༔ ས་མ་ཡ༔ ) ཨེ་མ་ཧོཿ གདོད་མ་གཞི་ཡི་སངས་རྒྱས་ཆོས་ཀྱི་སྐུ༔ ཀ་དག་ཕྱོགས་ཡན་སྤྲོས་པའི་མཐའ་དང་བྲལ༔ ཀུན་བཟང་ཡབ་ཡུམ་གཉིས་ལ་གསོལ་བ་འདེབས༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས་པའི་སྐུ༔ གཞོམ་གཞིག་བྲལ་བ་མི་འགྱུར་རྡོ་རྗེའི་སྐུ༔ རྡོ་རྗེ་(2ན)སེམས་དཔའི་ཞབས་ལ༴ མཆོག་དང་ཐུན་མོང་༴ ཐུགས་རྗེའི་རོལ་པ་འགྲོ་བའི་དཔལ་དུ་ཤར༔ སླར་ཡང་གཞོན་ནུ་བུམ་སྐུར་འབྱམས་ཀླས་པ༔ དགའ་རབ་རྡོ་རྗེའི་ཞབས་ལ༴ མཆོག་དང་ཐུན་མོང་༴ ཡེ་སངས་རྒྱས་ཀྱང་གདུལ་བྱའི་མོས་ངོ་རུ༔ སྒྱུ་མ་ལྟ་བུའི་སྐུར་སྟོན་རྗེས་སུ་འཛིནཿ ཤྲཱི་སིངྷའི་སྐུ་ལ༴ མཆོག་དང་ཐུན་མོང་༴ གདོད་ནས་མ་བཅོས་སྐྱེ་མེད་ཀུན་ཏུ་བཟང་༔ ལྷུན་གྲུབ་མ་འགགས་སྣང་བ་མཐའ་ཡས་སྐུ༔ ཐུགས་རྗེའི་རོལ་པ་ནམ་མཁའི་རྒྱལ་པོར་(2བ)ཤར༔ གང་འདུལ་སྒྱུ་འཕྲུལ་སྤུལ་སྐུ་པདྨ་འབྱུང་༔ གྲངས་མེད་དཔག་ཡས་མཛད་པ་སྟོན་མཛད་པ༔ སྐུ་བཞིའི་བདག་ཉིད་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གཉིས་མེད་སྣང་སྟོང་རོལ་པའི་དབྱིངས་ཆེན་མོ༔ མཐོང་ཐོས་དྲན་རེག་ཡང་དག་ལམ་དུ་སྦྱར༔ ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས༴ ལྟ་བའི་གདེངས་ཐོབ་གཞན་སྣང་ཟིལ་གྱིས་གནོན༔ དཔལ་དགུའི་དཀྱིལ་འཁོར་ཡོངས་ལ་མངའ་དབང་བསྒྱུར༔ ཁྲི་སྲོང་ལྡེའུ་བཙན༴ བསམ་པ་ལྷུན་གྱིས༴ རྒྱུད་སྡེ་རྒྱ་མཚོ་དགོངས་མཛོད་ཀློང་ནས་རྡོལ༔ མུན་གླིང་བོད་ཀྱི་གསལ་སྒྲོན་བླ་ན་མེད༔ བཻ་རོ་ཙ་ནའི༴ བསམ་པ་ལྷུན་གྱིས༴ གྲུབ་པ་མངོན་གྱུར་གདུལ་བྱ་རྗེས་སུ་འཛིན༔ མ་འོངས་སངས་རྒྱས་མོས་པར་དེ་བཞིན་གཤེགས༔ ཁྱེའུ་ཆུང་ལོ་ཙཱའི༴ བསམ་པ་ལྷུན་གྱིས༴ གང་དེའི་ཐུགས་གསང་ཀློང་ཆེན་ནམ་མཁའི་མཛོད༔ ཆོས་ཉིད་སྒྱུ་མར་རོལ་པའི་(3ན)གར་དབང་པོ༔ རྩ་བའི་བླ་མའི༴ (བདུད་འཇོམས་གྲོ་ལོད་རྩལ་ལ་གསོལ་བ་འདེབས། མཆན།) བསམ་པ་ལྷུན་གྱིས༴ ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་དཔལ༔ ཕུན་སུམ་ཚོགས་པའི་ཕུང་པོར་སྐུར་སྟོན་པའི༔ མགོན་པོ་ཚེ་དཔག་མེད་ལ༴ བསམ་པ་ལྷུན་གྱིས༴ བཅོམ་ལྡན་སྐུ་ཡི་གསང་ཆེན་ཡོངས་རྫོགས་དཔལ༔ སྟུག་པོ་བཀོད་པར་སྟོན་འཁོར་རོལ་པའི་གར༔ རྣམ་སྣང་གངས་ཆེན་མཚོ་ལ༴ བསམ་པ་ལྷུན་གྱིས༴ བདེ་གཤེགས་ཐུགས་ཀྱི་གསང་ཆེན་ཡོངས་རྫོགས་དཔལ༔ མངོན་དགའི་ཞིང་དུ་སྟོན་འཁོར་བཀོད་པ་ངོམས༔ མི་བསྐྱོད་རྡོ་རྗེའི་ཞབས་ལ༴ བསམ་པ་ལྷུན་གྱིས༴ བདེ་གཤེགས་ཡོན་ཏན་གསང་ཆེན་རྫོགས་པའི་དཔལ༴ དཔལ་ལྡན་ཞིང་དུ་སྟོན་འཁོར་རྣམ་རོལ་རྩེ༔ རིན་ཆེན་འབྱུང་ལྡན༴ བསམ་པ་ལྷུན་གྱིས༴ བཅོམ་ལྡན་གསུང་གི་གསང་ཆེན་རྫོགས་པའི་དཔལ༔ བདེ་ཆེན་ཞིང་དུ་སྟོན་འཁོར་སྒྱུ་འཕྲུལ་ངོམས༔ སྣང་བ་མཐའ་ཡས༴ བསམ་པ་ལྷུན་གྱིས༴ བཅོམ་(3བ)ལྡན་ཕྲིན་ལས་གསང་ཆེན་རྫོགས་པའི་དཔལ༔ ལས་རབ་རྫོགས་པར་སྟོན་འཁོར་སྒྱུ་འཕྲུལ་ངོམས༔ དོན་གྲུབ་རྒྱལ་པོའི༴ བསམ་པ་ལྷུན་གྱིས༴ ཤར་ལྷོ་མཚམས་ནས་ཞི་བའི་ཕྲིན་ལས་བསྒྲུབ༔ ཚད་མེད་སྙིང་རྗེས་ཁམས་གསུམ་འགུགས་མཛད་མ༔ ལས་མཛད་ལྕགས་ཀྱུ་མ་ལ༴ བསམ་པ་ལྷུན་གྱིས༴ ལྷོ་ནུབ་མཚམས་ནས་རྒྱས་པའི་ཕྲིན་ལས་བསྒྲུབ༔ བྱམས་པ་ཆེན་པོས་འཁོར་བའི་འགྲོ་བ་སྐྱོབ༔ ལས་མཛད་ཞགས་པ་མ་ལ༴ བསམ་པ་ལྷུན་གྱིས༴ ནུབ་བྱང་མཚམས་ནས་དབང་གི་ཕྲིན་ལས་བསྒྲུབ༔ དགའ་བས་འགྲོ་ཀུན་སྡུག་བསྔལ་སྐྱོབ་བྱེད་མ༔ ལས་མཛད་ལྕགས་སྒྲོག་མ་ལ༴ བསམ་པ་ལྷུན་གྱིས༴ བྱང་ཤར་མཚམས་ནས་དྲག་པོའི་ཕྲིན་ལས་བསྒྲུབ༔ བཏང་སྙོམས་ཆེན་པོས་འཁོར་བའི་འགྲོ་བ་སྐྱོབ༔ ལས་མཛད་དྲིལ་བུ་མ་ལ༴ བསམ་པ་ལྷུན་གྱིས༴ ཕྲིན་ལས་དྲག་པོས་དགྲ་བགེགས་རྡུལ་དུ་བརླག༔ དམ་ཚིག་གཉན་པོའི་སྲོག་འཛིན་བསྟན་པ་སྐྱོང་༔ བཀའ་སྲུང་དམ་ཅན་རྣམས་ལ་གསོལ་བ་འདེབས༔ བསམ་པ་(4ན)ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཁྱེད་ལ་རྩེ་གཅིག་གསོལ་བ་བཏབ་པའི་མཐུས༔ བདག་གི་བློ་སྣ་དམ་པའི་ཆོས་སུ་བསྒྱུར༔ ཚེ་སྒྲུབ་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ཅིང་༔ འཁྲུལ་པའི་འཁོར་ལོ་དབྱིངས་སུ་ཞིག་ནས་ཀྱང་༔ འཇའ་ལུས་ཆོས་སྐུར་འགྲུབ་པར་བྱིན་གྱིས་རློབས༔ (དེ་ལྟར་གསོལ་བ་རྩེ་གཅིག་འདེབས་པའི་ཚེ༔ གནས་ལུགས་རང་ཞལ་མངོན་གྱུར་གདེངས་ལྡན་གྱིས༔ བླ་མ་རང་རིག་དབྱེར་མེད་རོ་གཅིག་དང་༔ གཏན་དུ་མི་འབྲལ་དམ་བཅའ་དྲན་པར་བྱ༔ དེས་ནི་བྱིན་རླབས་དངོས་གྲུབ་ངེས་པར་ཐོབ༔ ཕྱི་ནང་བར་ཆད་གེགས་ལས་རྣམ་གྲོལ་འགྱུར༔ བཀའ་སྲུང་ལྷ་ཆེན་གཙུག་ན་ཟླ་བར་གཏད༔ ཐུབ་པ་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཅེས་པ་འདི་ཡང་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བཅོ་བརྒྱད་བར་བཀའ་རྒྱས་བཏབ་སྟེ་མཐར་རང་སློབ་དམ་པ་འགྱུར་མེད་དབང་ཆེན་རྡོ་རྗེས་དབང་གི་ཁ་དོག་བཀྲ་བའི་ལྷ་རེག་རྟེན་དུ་བཞག་ནས་ནན་དུ་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པའང་དེ་ཉིད་དོ༔ དགེའོ༔ དགེའོ༔ དགེའོ༔ སརྦ་མངྒ་ལཾ༔ ༔ ) | (1བ)ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (ཐ(繁体字) ཞ༔ ཚེ་ཡི་རིག་འཛིན་བསྒྲུབ་པའི་དུས༔ མོས་གུས་གདུང་ཤུགས་དྲག་པོ་ཡིས༔ གསོལ་བ་འདེབས་ཤིང་བློ་སྙིང་བཀལ༔ དེས་ནི་དབང་བྱིན་དངོས་གྲུབ་ཐོབ༔ ས་མ་ཡ༔ ) ཨེ་མ་ཧོཿ གདོད་མ་གཞི་ཡི་སངས་རྒྱས་ཆོས་ཀྱི་སྐུ༔ ཀ་དག་ཕྱོགས་ཡན་སྤྲོས་པའི་མཐའ་དང་བྲལ༔ ཀུན་བཟང་ཡབ་ཡུམ་གཉིས་ལ་གསོལ་བ་འདེབས༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས་པའི་སྐུ༔ གཞོམ་གཞིག་བྲལ་བ་མི་འགྱུར་རྡོ་རྗེའི་སྐུ༔ རྡོ་རྗེ་(2ན)སེམས་དཔའི་ཞབས་ལ༴ མཆོག་དང་ཐུན་མོང་༴ ཐུགས་རྗེའི་རོལ་པ་འགྲོ་བའི་དཔལ་དུ་ཤར༔ སླར་ཡང་གཞོན་ནུ་བུམ་སྐུར་འབྱམས་ཀླས་པ༔ དགའ་རབ་རྡོ་རྗེའི་ཞབས་ལ༴ མཆོག་དང་ཐུན་མོང་༴ ཡེ་སངས་རྒྱས་ཀྱང་གདུལ་བྱའི་མོས་ངོ་རུ༔ སྒྱུ་མ་ལྟ་བུའི་སྐུར་སྟོན་རྗེས་སུ་འཛིནཿ ཤྲཱི་སིངྷའི་སྐུ་ལ༴ མཆོག་དང་ཐུན་མོང་༴ གདོད་ནས་མ་བཅོས་སྐྱེ་མེད་ཀུན་ཏུ་བཟང་༔ ལྷུན་གྲུབ་མ་འགགས་སྣང་བ་མཐའ་ཡས་སྐུ༔ ཐུགས་རྗེའི་རོལ་པ་ནམ་མཁའི་རྒྱལ་པོར་(2བ)ཤར༔ གང་འདུལ་སྒྱུ་འཕྲུལ་སྤུལ་སྐུ་པདྨ་འབྱུང་༔ གྲངས་མེད་དཔག་ཡས་མཛད་པ་སྟོན་མཛད་པ༔ སྐུ་བཞིའི་བདག་ཉིད་ཨོ་རྒྱན་རིན་པོ་ཆེ༔ གསོལ་བ་འདེབས་སོ་དབང་དང་དངོས་གྲུབ་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གཉིས་མེད་སྣང་སྟོང་རོལ་པའི་དབྱིངས་ཆེན་མོ༔ མཐོང་ཐོས་དྲན་རེག་ཡང་དག་ལམ་དུ་སྦྱར༔ ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས༴ ལྟ་བའི་གདེངས་ཐོབ་གཞན་སྣང་ཟིལ་གྱིས་གནོན༔ དཔལ་དགུའི་དཀྱིལ་འཁོར་ཡོངས་ལ་མངའ་དབང་བསྒྱུར༔ ཁྲི་སྲོང་ལྡེའུ་བཙན༴ བསམ་པ་ལྷུན་གྱིས༴ རྒྱུད་སྡེ་རྒྱ་མཚོ་དགོངས་མཛོད་ཀློང་ནས་རྡོལ༔ མུན་གླིང་བོད་ཀྱི་གསལ་སྒྲོན་བླ་ན་མེད༔ བཻ་རོ་ཙ་ནའི༴ བསམ་པ་ལྷུན་གྱིས༴ གྲུབ་པ་མངོན་གྱུར་གདུལ་བྱ་རྗེས་སུ་འཛིན༔ མ་འོངས་སངས་རྒྱས་མོས་པར་དེ་བཞིན་གཤེགས༔ ཁྱེའུ་ཆུང་ལོ་ཙཱའི༴ བསམ་པ་ལྷུན་གྱིས༴ གང་དེའི་ཐུགས་གསང་ཀློང་ཆེན་ནམ་མཁའི་མཛོད༔ ཆོས་ཉིད་སྒྱུ་མར་རོལ་པའི་(3ན)གར་དབང་པོ༔ རྩ་བའི་བླ་མའི༴ (བདུད་འཇོམས་གྲོ་ལོད་རྩལ་ལ་གསོལ་བ་འདེབས། མཆན།) བསམ་པ་ལྷུན་གྱིས༴ ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་དཔལ༔ ཕུན་སུམ་ཚོགས་པའི་ཕུང་པོར་སྐུར་སྟོན་པའི༔ མགོན་པོ་ཚེ་དཔག་མེད་ལ༴ བསམ་པ་ལྷུན་གྱིས༴ བཅོམ་ལྡན་སྐུ་ཡི་གསང་ཆེན་ཡོངས་རྫོགས་དཔལ༔ སྟུག་པོ་བཀོད་པར་སྟོན་འཁོར་རོལ་པའི་གར༔ རྣམ་སྣང་གངས་ཆེན་མཚོ་ལ༴ བསམ་པ་ལྷུན་གྱིས༴ བདེ་གཤེགས་ཐུགས་ཀྱི་གསང་ཆེན་ཡོངས་རྫོགས་དཔལ༔ མངོན་དགའི་ཞིང་དུ་སྟོན་འཁོར་བཀོད་པ་ངོམས༔ མི་བསྐྱོད་རྡོ་རྗེའི་ཞབས་ལ༴ བསམ་པ་ལྷུན་གྱིས༴ བདེ་གཤེགས་ཡོན་ཏན་གསང་ཆེན་རྫོགས་པའི་དཔལ༴ དཔལ་ལྡན་ཞིང་དུ་སྟོན་འཁོར་རྣམ་རོལ་རྩེ༔ རིན་ཆེན་འབྱུང་ལྡན༴ བསམ་པ་ལྷུན་གྱིས༴ བཅོམ་ལྡན་གསུང་གི་གསང་ཆེན་རྫོགས་པའི་དཔལ༔ བདེ་ཆེན་ཞིང་དུ་སྟོན་འཁོར་སྒྱུ་འཕྲུལ་ངོམས༔ སྣང་བ་མཐའ་ཡས༴ བསམ་པ་ལྷུན་གྱིས༴ བཅོམ་(3བ)ལྡན་ཕྲིན་ལས་གསང་ཆེན་རྫོགས་པའི་དཔལ༔ ལས་རབ་རྫོགས་པར་སྟོན་འཁོར་སྒྱུ་འཕྲུལ་ངོམས༔ དོན་གྲུབ་རྒྱལ་པོའི༴ བསམ་པ་ལྷུན་གྱིས༴ ཤར་ལྷོ་མཚམས་ནས་ཞི་བའི་ཕྲིན་ལས་བསྒྲུབ༔ ཚད་མེད་སྙིང་རྗེས་ཁམས་གསུམ་འགུགས་མཛད་མ༔ ལས་མཛད་ལྕགས་ཀྱུ་མ་ལ༴ བསམ་པ་ལྷུན་གྱིས༴ ལྷོ་ནུབ་མཚམས་ནས་རྒྱས་པའི་ཕྲིན་ལས་བསྒྲུབ༔ བྱམས་པ་ཆེན་པོས་འཁོར་བའི་འགྲོ་བ་སྐྱོབ༔ ལས་མཛད་ཞགས་པ་མ་ལ༴ བསམ་པ་ལྷུན་གྱིས༴ ནུབ་བྱང་མཚམས་ནས་དབང་གི་ཕྲིན་ལས་བསྒྲུབ༔ དགའ་བས་འགྲོ་ཀུན་སྡུག་བསྔལ་སྐྱོབ་བྱེད་མ༔ ལས་མཛད་ལྕགས་སྒྲོག་མ་ལ༴ བསམ་པ་ལྷུན་གྱིས༴ བྱང་ཤར་མཚམས་ནས་དྲག་པོའི་ཕྲིན་ལས་བསྒྲུབ༔ བཏང་སྙོམས་ཆེན་པོས་འཁོར་བའི་འགྲོ་བ་སྐྱོབ༔ ལས་མཛད་དྲིལ་བུ་མ་ལ༴ བསམ་པ་ལྷུན་གྱིས༴ ཕྲིན་ལས་དྲག་པོས་དགྲ་བགེགས་རྡུལ་དུ་བརླག༔ དམ་ཚིག་གཉན་པོའི་སྲོག་འཛིན་བསྟན་པ་སྐྱོང་༔ བཀའ་སྲུང་དམ་ཅན་རྣམས་ལ་གསོལ་བ་འདེབས༔ བསམ་པ་(4ན)ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཁྱེད་ལ་རྩེ་གཅིག་གསོལ་བ་བཏབ་པའི་མཐུས༔ བདག་གི་བློ་སྣ་དམ་པའི་ཆོས་སུ་བསྒྱུར༔ ཚེ་སྒྲུབ་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ཅིང་༔ འཁྲུལ་པའི་འཁོར་ལོ་དབྱིངས་སུ་ཞིག་ནས་ཀྱང་༔ འཇའ་ལུས་ཆོས་སྐུར་འགྲུབ་པར་བྱིན་གྱིས་རློབས༔ (དེ་ལྟར་གསོལ་བ་རྩེ་གཅིག་འདེབས་པའི་ཚེ༔ གནས་ལུགས་རང་ཞལ་མངོན་གྱུར་གདེངས་ལྡན་གྱིས༔ བླ་མ་རང་རིག་དབྱེར་མེད་རོ་གཅིག་དང་༔ གཏན་དུ་མི་འབྲལ་དམ་བཅའ་དྲན་པར་བྱ༔ དེས་ནི་བྱིན་རླབས་དངོས་གྲུབ་ངེས་པར་ཐོབ༔ ཕྱི་ནང་བར་ཆད་གེགས་ལས་རྣམ་གྲོལ་འགྱུར༔ བཀའ་སྲུང་ལྷ་ཆེན་གཙུག་ན་ཟླ་བར་གཏད༔ ཐུབ་པ་སྲུངས་ཤིག་བཛྲ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཅེས་པ་འདི་ཡང་ཡེ་ཤེས་སྒྱུ་མའི་རྣལ་འབྱོར་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བཅོ་བརྒྱད་བར་བཀའ་རྒྱས་བཏབ་སྟེ་མཐར་རང་སློབ་དམ་པ་འགྱུར་མེད་དབང་ཆེན་རྡོ་རྗེས་དབང་གི་ཁ་དོག་བཀྲ་བའི་ལྷ་རེག་རྟེན་དུ་བཞག་ནས་ནན་དུ་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པའང་དེ་ཉིད་དོ༔ དགེའོ༔ དགེའོ༔ དགེའོ༔ སརྦ་མངྒ་ལཾ༔ ༔ )}} | ||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 05:20, 1 June 2024
| Wylie title | ||
|---|---|---|
| Location | bdud 'joms rin po che bka' 'bum Volume 23, Text 15, Pages (Folios to ) | |
| Author | བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ | |
| Citation | Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985. | |
| Side notes | ||
| More details More details | ||
| Genre | ||