DJYD-KABUM-22-ZA-022: Difference between revisions

From Dudjom Wiki
DJYD-KABUM-22-ZA-022
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
(1ན)(དུས་རིམ་གནམ་ལྕགས་སྤུ་གྲི་ཕུར་ཟློག་ཆེན་མོའི་ཆོ་ག་གཏོང་ལུགས་ཀྱི་བརྗེད་བྱང་ཟིན་བྲིས་ནི།  རྒྱལ་ཟླའི་༡༢ཚེས་༢༠ཀྱི་༼དགོང་ཚོགས་༽ས་ཆོག་ལ།  ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་སྔོན་འགྲོས།  ཚོགས་བསགས་བཅས་རྒྱུན་ཁྱེར་གཙོ་རྐྱང་ལ་བརྟེན་ནས་སྙིང་པོ་འབྲུ་དགུ་པ་ཅི་འགྲུབ་དང་།  འབྲུ་བཅུ་བདུན་པའི་བཟླས་པ་བརྒྱ་རྩ་ཙམ་གྱི་མཐར་བསྡུ་ལྡང་བྱས་ལ།  བྱིན་རླབས་སྔགས་བསྡོས་བཅས་)གང་དག་འདིར་གནས་(སོགས་སྤྱི་འགྲོའི་སྔོན་གཏོར་བཏང་བས་སློང་གི་གོ་བཅད།  སློབ་དཔོན་ལག་གཡས་རྡོ་རྗེ་དང་བཅས་ས་ལ་རེག་ཚུལ་གྱིས།)ཀཱི་ལ་ཡ་(དང་།)ཨོཾ་ཨཱཿཧཱུཾ་ཧ་ན་ཧ་ན་ཀྲོ་ངྷ་ཧཱུཾ་ཕཊ།  (ཅེས་ཉེར་གཅིག་ཙམ་བཟླས་པས་ས་སྦྱང་ཞིང་བཟུང་སྟེ།  ལས་སྔགས་འཇམ་རོལ་དང་བཅས་པས་ལས་དཀྱིལ་གྱི་གཞི་ལ་ཆག་ཆག་གདབ།  དེ་ནས་དགུང་ཚོགས་སོགས་ཀྱིས་ཚོགས་མང་གྲོལ།  སློབ་དཔོན་ལས་བྱེད་རྣམས་ཀྱིས་ཐིག་ཚོན་སྒྲུབ་ཁོག་བཞིན་བྱིན་བརླབས་ནས་ཐིག་གདབ་པ་སོགས་བྱའོ།  །༼ཚེས་༢༢༽དགུང་མོར་མཆོད་གཤོམ་ཚར་བ་དང་།  སློབ་དཔོན་ལྷ་བུའི་བསྙེན་སོང་ཞིག་གིས་བདག་གི་རྣལ་འབྱོར་ལ་གནས་པས་ལས་བྱང་བཞིན་མཆོད་པ་བྱིན་རླབས་དང་འབྲེལ་སྲུང་ཟློག་གི་ཙཀྲའི་རབ་གནས་དང་།  བསད་ལིང་ལ་སྦྱོང་ཁྲུས་གནད་སྨིན་མཛད།  དངོས་གཞི་ཚེས་༢༣ནས་ཚུགས་པར།  ཐོག་མར་༼ཞོག་ཚོགས་ལ།  ༽  ཚིག་བདུན་མ་དང་།  འཁྲུངས་རབས་གསོལ་འདེབས།  བརྒྱུད་འདེབས་སྔོན་འགྲོས་ལས་བྱང་གི་དབུའི་སྐྱབས་སེམས་ཚོགས་བསགས་བགེགས་གཏོར་བཀའ་(1བ)བསྒོ་ནས་དཀྱུས་བཞིན་ལས།  མཆོད་རླབས་མཇུག་སྨད་ལས་དབུའི་ཕུར་བུ་བྱིན་རློབ་དང་།  སྒོ་མ་བཞིའི་བསྐྱེད་ཚིག་མཚམས་དམ་ཅན་གབ་དོན་སྦྱར།  བཟླས་པའི་སྐབས་ཡེ་ཤེས་ལྷ་བསྙེས།  ༥༠༠  སྲུང་བའི་སྔགས་ཤམ་ཅན།  ༡༠༠  དམ་ཅན་ཉེ་བསྙེམ།  ༥༠  ངན་སྔགས་ཉེ་བསྙེན་༥༠ཙམ་བཟླས་རྗེས་བསྙེན་བསྟོད་ཀྱིས་ཞོག་ཚོགས་གྲོལ།  ༼ཚ་གུང་སྦྲེལ་མར།  ༽  བསྐང་གསོའི་མཆོད་བརླབ་ནས་དཀྱུས་ལྟར་ལས་མི་འདྲ་བའི་ཁྱད་པར།  ཉིན་དང་པོར་ལེགས་ལྡན་གྱི་མངོན་རྟོགས།  ཉིན་གཉིས་པར་འདས་གཏོར་རྫོགས་པ་དང་།)རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུག་པ་ལྟར་འཕྲོས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་(སོགས་དང་།  ཕྱག་བཞི་པའི་མདུན་བསྐྱེད།  དེ་བཞིན་དུ་ཉིན་གསུམ་པར་མ་ནིང་།  བཞི་པར་སྔགས་སྲུང་མ་དང་ལྷ་ཆེན།  ལྔ་པ་ཤན་དམར་དང་གཟའ།  དྲུག་པར་རྣམ་སྲས་དང་རྡོར་ལེགས།  བདུན་པར་ཞིང་སྐྱོང་རྣམས་ཀྱི་མངོན་རྟོགས་གཏོང་།  གཏེར་བདག་ནས་གཉེར་གཏད་ཡན་གྱིས་གྲོལ།  ༼བར་ཆ་སྔོན་མར།  ༽  ཚོགས་བྱིན་རླབས་ནས་བར་པ་བཤགས་པའི་ཡན་སོང་བ་དང་།  སྨད་ལས་ཀྱི་རིག་འཛིན་བསྐུལ་བ་ནས་བཟུང་ཞལ་བསྟབ་ཀྱི་བར་བཏང་།  འདིར་)སྤྲོ་ན་བསྐང་བཟློག་སྦྱར།  (དེ་ནས་ཆ་གསུམ་ཤར་ཙམ་ནས་ཚོགས་ལ་རོལ་ཏེ་གྲོལ།  ༼བར་ཆ་རྗེས་མར།  ༽  ཧེ་རུ་ཀ་དཔལ་སོགས་ལྷག་མ་དང་།  བསྐུལ་ནས་བཟློག་བྱང་དཀྱུས་བཞིན་ལས།  གྲངས་གཅོག་ན་རྩ་བའི་ཟློག་གཞུང་དང་།)བྷྱོ༔  གཞན་ཡང་ཟློག་ཅིང་སྒྱུར་བ་ནི་(སོགས་ལ་གྲངས་འཛིན་(2ན)མཐར་ཟློག་སྔགས་ཉེར་གཅིག་ཙམ་དང་བདེན་སྟོབས་ཐལ་བརྡེབ་ལན་གསུམ།  སྤྲོ་ན་ལིཀྟྲིའི་སྔགས་དམོད་ཀྱང་སྦྱར།  རྗེས་ཐུན་གཏོར་གཏོང་ལ་གྲོལ།  ༼དགུང་ཚོགས་ལ།  ༽  དགུག་གཞུག་སོགས་ཆོས་སྐྱོང་གི་གཏོར་འབུལ་ནས་བཀྲ་ཤིས་བར་དང་།  དེ་རྗེས་གཞུང་གི་ཆད་བརྟན་ནས་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་མཐར་དབྱུང་།  ཚེས་༢༤ནས་ཚེས་༢༨བར་དེ་ཁོ་ནས་འགྲེས།  ཚེས་༢༩ཉིན་ཞོག་ཚོགས་རྡོར་ལེགས་ཡན་དང་།  ཚ་གུང་སྦྲེལ་མར་ཞིང་སྐྱོང་ནས་གཉེར་གཏད་ཡན།  ༼བར་ཆ་སྔ་མར་༽ཚོགས་བྱིན་རློབ་ནས་ཟློག་བྱང་བར་དཀྱུས་བཞིན་ལས།  ཁྱད་པར་ཞལ་སྟོབ་དང་བསྟུན་པསད་ལིང་མེ་ཧོམ་དུ་བསྲེག  །ཐལ་རྡེབ་དམོད་པ་བཅས་མཐར།)ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་(སོགས་ཀྱིས་མཆོད་ཅིང་།)སྲིད་གསུམ་གདུག་པ་(སོགས་ཤློ་ཀས་བསྟོད།  ཡིག་བརྒྱ་ལན་གསུམ་མཐར།)ས་མ་ཡ་མ་ཏི་(སོགས་ནས།)ལས་ལ་རྔམས་པར་གྱུར་(ཅེས་སྤུ་གྲིའི་དྲག་སྔགས་༣༠ཙམ་བཟླ་རིང་ཟོར་བསྐོར།  ཐུན་གཏོར་ལ་འགུགས་གཞུག་སྔོན་འགྲོས་བྱིན་རླབས་སྔགས་འབུལ་དང་།)  ཧཱུྃ།  རྩ་བརྒྱུད་བླ་མ་(སོགས་མཐར་དྲག་རོལ་བཅས་གཏོར་ཆེན་ལ་འབུལ།  ༼བར་ཆ་རྗེས་མར་༽  སློབ་དཔོན་དྲག་པོའི་ཆས་སུ་ཞུགས་ཏེ་སྒོ་དབྱེ།  ལས་བྱང་གི་བསྐུལ་དང་ལྷན་ཅིག་གཏོར་ཆེན་སྤག  །ཆད་མདོ་བཏང་རྗེས་དྲག་རོལ་རྔམས་བརྗིད་དང་ལྡན་པས་ཟློག་སྔགས་བཟླ་བཞིན་སྒྲུབ་ཁང་ནས་དོན།  འདིར་ཟོར་འཆམས་ཡོད་ཅིང་སྤྲོས་པ་རྒྱས་ན་ཕྱི་སྒོའི་(2བ)ཁྱམས་ཀྱི་དོ་རར་འཁོད་དེ་བསྐུལ་ནས་ཟློག་བྱང་བར་གྱི་སྨད་ལས་ཚང་བ་བསྒྲལ་འཆམས་དང་འབྲེལ་བར་གཏོང་བ་ལས།  བསྐུལ་དང་ཕུར་གདབ་ཟློག་བྱང་རྣམས་ཀྱི་ཚིག་ཚོགས་བསྡུ་བ་མཐོང་བརྒྱུད་བཞིན་བྱ།  གང་ལྟར་ཡང་འཕང་བའི་སར་སླེབ་པ་ན།  གསེར་སྐྱེམས་སྔོན་འགྲོས་རོལ་མོ་དང་བསྟུན་སློབ་དཔོན་གྱིས་སྲིད་པ་ཧུའི་ཕྱག་རྒྱའི་རྒྱབ་ཡིག་ཀློག  །)ཧཱུཾ།  སངས་རྒྱས་ཀྱིས་ནི་བདུད་ཕམ་མཛད།  །(སོགས་བདེན་སྟོབས་ནས་ཟོར་བསྐུལ་བར་གྱིས་ཟོར་རྣམས་གཏོར་ཆེན་བར་རིམ་པར་འཕང་རྗེས།  སློབ་དཔོན་གྱིས་ཐལ་རྡེབ་དང་།  དུལ་མོ་རྡེབ།  དེ་ནས།) ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤ་ཏྲུཾ་ཙིཏྟ་ཨགྣེ་ཛྭ་ལ་རཾ་ཁཱ་ཧི་ཁཱ་ཧི།  (ཞེས་ལན་གསུམ་ཙམ་བཟླ་ཞིང་ཟློག་འཁོར་ཧོམ་ནང་དུ་བསྲེག) །  ཧཱུཾ་ཁྲོ་(སོགས་བཟླ་བཞིན་ཅུང་ལྡོག་ལ་གདོང་ཕྱིར་ཕྱོགས་པས་སློབ་དཔོན་གྱིས་ལས་ཕུར་དྲིལ་བཞིན་སྤུ་གྲིའི་དྲག་སྔགས་བདུན་ཙམ་བཟླས་རྗེས་སྲུང་འཁོར་བསྒོམ།  སླར་ལོག་ལ་སྒོ་དྲུང་དུ་བརྟན་མ་བསྐྱང་།  ས་ལ་ཆོས་འབྱུང་ནྲྀ་ཏྲི་བྲིས་པར་འགུགས་གཞུག་མཐར་གཏོར་གཞོང་ཁ་སྦུབས་པའི་སྟེང་དུ་སློབ་དཔོན་གྱི་རྡོ་རྗེས་རྒྱས་བཏབ་ལ་བྲོ་བརྡུང་།  གཏོར་གཞོང་བཟེད་པར་མེ་ཏོག་འཐོར་ལ།)  བྱིན་རླབས་མཆོག་སྩོལ་(སོགས་ཀྱིས་ཤིས་པ་བརྗོད་ནས་ནང་དུ་ལོག  །༼དགུང་ཚོགས་ལ་༽རྒྱུན་ཁྱེར་ལྟར་)བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་(སོགས་ཀྱིས་ཚེ་ཛཔྲ་༣༠ཙམ་བཟླས་རྗེས་ཛེ་འགུགས་བསྐུལ་ཞིང་།)  སྲིད་པ་རྡོ་རྗེ་ཕུར་བུར་སྒྲུབ་པ་དང་༔    (སོགས་ཀྱིས་དངོས་གྲུབ་(3ན)བླང་།  བསྐང་གསོའི་གཏོར་འབུལ་ནས་བཀྲ་ཤིས་བར་དང་།  རྩ་བའི་གཏང་རག་གི་མཆོད་བསྟོད་ནོངས་བཤགས་མཐར།)ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།  །(སོགས་ཀྱིས་རྡུལ་ཚོན་གྱི་ཡེ་ཤེས་པ་གཤེགས།  རས་བྲིས་ཡིན་ན་བརྟན་བཞུགས་བྱ།  བདག་བསྐྱེད་བསྡུ་ལྔ་གོ་བགོའི་མཐར་རྡུལ་ཚོན་ཡོད་ན་ཨཀཱ་རོས་དབྱི།  བསྔོ་སྨོན་དང་ཤིས་བརྗོད་གཞུང་བཞིན་བྱའོ།  ༼ཚེས་༣༠ཉིན་༽)ལས་བྱང་གི་གཞུང་སྔར་ལྟར་བསྲངས་ཏེ་གཏང་རག་གི་ཚོགས་སྐོང་དང་།  སྲུང་མའི་བསྐང་ཕྲིན་སོགས་རྒྱས་པར་མཛད་པས་གྲུབ་བོ།  །ཞེས་ཕྱག་བཞེས་མཐོང་བརྒྱུད་ཀྱི་ལས་ཐོ་བརྗེད་བྱང་ཙམ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟིན་བྲིས་སུ་བཏབ་པ་ཤུ་བྷཾ།།  །།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|language=Tibetan
|pagestatus=Temporary stub only
|volumenumber=22
|volumeLetter=ZA
|textnuminvol=022
|pdflink=File:DJYD-KABUM-22-ZA-022.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-22-ZA
}}
<h1>Tibetan Text</h1>
<onlyinclude>
{{TibP|(1ན)(དུས་རིམ་གནམ་ལྕགས་སྤུ་གྲི་ཕུར་ཟློག་ཆེན་མོའི་ཆོ་ག་གཏོང་ལུགས་ཀྱི་བརྗེད་བྱང་ཟིན་བྲིས་ནི།  རྒྱལ་ཟླའི་༡༢ཚེས་༢༠ཀྱི་༼དགོང་ཚོགས་༽ས་ཆོག་ལ།  ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་སྔོན་འགྲོས།  ཚོགས་བསགས་བཅས་རྒྱུན་ཁྱེར་གཙོ་རྐྱང་ལ་བརྟེན་ནས་སྙིང་པོ་འབྲུ་དགུ་པ་ཅི་འགྲུབ་དང་།  འབྲུ་བཅུ་བདུན་པའི་བཟླས་པ་བརྒྱ་རྩ་ཙམ་གྱི་མཐར་བསྡུ་ལྡང་བྱས་ལ།  བྱིན་རླབས་སྔགས་བསྡོས་བཅས་)གང་དག་འདིར་གནས་(སོགས་སྤྱི་འགྲོའི་སྔོན་གཏོར་བཏང་བས་སློང་གི་གོ་བཅད།  སློབ་དཔོན་ལག་གཡས་རྡོ་རྗེ་དང་བཅས་ས་ལ་རེག་ཚུལ་གྱིས།)ཀཱི་ལ་ཡ་(དང་།)ཨོཾ་ཨཱཿཧཱུཾ་ཧ་ན་ཧ་ན་ཀྲོ་ངྷ་ཧཱུཾ་ཕཊ།  (ཅེས་ཉེར་གཅིག་ཙམ་བཟླས་པས་ས་སྦྱང་ཞིང་བཟུང་སྟེ།  ལས་སྔགས་འཇམ་རོལ་དང་བཅས་པས་ལས་དཀྱིལ་གྱི་གཞི་ལ་ཆག་ཆག་གདབ།  དེ་ནས་དགུང་ཚོགས་སོགས་ཀྱིས་ཚོགས་མང་གྲོལ།  སློབ་དཔོན་ལས་བྱེད་རྣམས་ཀྱིས་ཐིག་ཚོན་སྒྲུབ་ཁོག་བཞིན་བྱིན་བརླབས་ནས་ཐིག་གདབ་པ་སོགས་བྱའོ།  །༼ཚེས་༢༢༽དགུང་མོར་མཆོད་གཤོམ་ཚར་བ་དང་།  སློབ་དཔོན་ལྷ་བུའི་བསྙེན་སོང་ཞིག་གིས་བདག་གི་རྣལ་འབྱོར་ལ་གནས་པས་ལས་བྱང་བཞིན་མཆོད་པ་བྱིན་རླབས་དང་འབྲེལ་སྲུང་ཟློག་གི་ཙཀྲའི་རབ་གནས་དང་།  བསད་ལིང་ལ་སྦྱོང་ཁྲུས་གནད་སྨིན་མཛད།  དངོས་གཞི་ཚེས་༢༣ནས་ཚུགས་པར།  ཐོག་མར་༼ཞོག་ཚོགས་ལ།  ༽  ཚིག་བདུན་མ་དང་།  འཁྲུངས་རབས་གསོལ་འདེབས།  བརྒྱུད་འདེབས་སྔོན་འགྲོས་ལས་བྱང་གི་དབུའི་སྐྱབས་སེམས་ཚོགས་བསགས་བགེགས་གཏོར་བཀའ་(1བ)བསྒོ་ནས་དཀྱུས་བཞིན་ལས།  མཆོད་རླབས་མཇུག་སྨད་ལས་དབུའི་ཕུར་བུ་བྱིན་རློབ་དང་།  སྒོ་མ་བཞིའི་བསྐྱེད་ཚིག་མཚམས་དམ་ཅན་གབ་དོན་སྦྱར།  བཟླས་པའི་སྐབས་ཡེ་ཤེས་ལྷ་བསྙེས།  ༥༠༠  སྲུང་བའི་སྔགས་ཤམ་ཅན།  ༡༠༠  དམ་ཅན་ཉེ་བསྙེམ།  ༥༠  ངན་སྔགས་ཉེ་བསྙེན་༥༠ཙམ་བཟླས་རྗེས་བསྙེན་བསྟོད་ཀྱིས་ཞོག་ཚོགས་གྲོལ།  ༼ཚ་གུང་སྦྲེལ་མར།  ༽  བསྐང་གསོའི་མཆོད་བརླབ་ནས་དཀྱུས་ལྟར་ལས་མི་འདྲ་བའི་ཁྱད་པར།  ཉིན་དང་པོར་ལེགས་ལྡན་གྱི་མངོན་རྟོགས།  ཉིན་གཉིས་པར་འདས་གཏོར་རྫོགས་པ་དང་།)རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུག་པ་ལྟར་འཕྲོས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་(སོགས་དང་།  ཕྱག་བཞི་པའི་མདུན་བསྐྱེད།  དེ་བཞིན་དུ་ཉིན་གསུམ་པར་མ་ནིང་།  བཞི་པར་སྔགས་སྲུང་མ་དང་ལྷ་ཆེན།  ལྔ་པ་ཤན་དམར་དང་གཟའ།  དྲུག་པར་རྣམ་སྲས་དང་རྡོར་ལེགས།  བདུན་པར་ཞིང་སྐྱོང་རྣམས་ཀྱི་མངོན་རྟོགས་གཏོང་།  གཏེར་བདག་ནས་གཉེར་གཏད་ཡན་གྱིས་གྲོལ།  ༼བར་ཆ་སྔོན་མར།  ༽  ཚོགས་བྱིན་རླབས་ནས་བར་པ་བཤགས་པའི་ཡན་སོང་བ་དང་།  སྨད་ལས་ཀྱི་རིག་འཛིན་བསྐུལ་བ་ནས་བཟུང་ཞལ་བསྟབ་ཀྱི་བར་བཏང་།  འདིར་)སྤྲོ་ན་བསྐང་བཟློག་སྦྱར།  (དེ་ནས་ཆ་གསུམ་ཤར་ཙམ་ནས་ཚོགས་ལ་རོལ་ཏེ་གྲོལ།  ༼བར་ཆ་རྗེས་མར།  ༽  ཧེ་རུ་ཀ་དཔལ་སོགས་ལྷག་མ་དང་།  བསྐུལ་ནས་བཟློག་བྱང་དཀྱུས་བཞིན་ལས།  གྲངས་གཅོག་ན་རྩ་བའི་ཟློག་གཞུང་དང་།)བྷྱོ༔  གཞན་ཡང་ཟློག་ཅིང་སྒྱུར་བ་ནི་(སོགས་ལ་གྲངས་འཛིན་(2ན)མཐར་ཟློག་སྔགས་ཉེར་གཅིག་ཙམ་དང་བདེན་སྟོབས་ཐལ་བརྡེབ་ལན་གསུམ།  སྤྲོ་ན་ལིཀྟྲིའི་སྔགས་དམོད་ཀྱང་སྦྱར།  རྗེས་ཐུན་གཏོར་གཏོང་ལ་གྲོལ།  ༼དགུང་ཚོགས་ལ།  ༽  དགུག་གཞུག་སོགས་ཆོས་སྐྱོང་གི་གཏོར་འབུལ་ནས་བཀྲ་ཤིས་བར་དང་།  དེ་རྗེས་གཞུང་གི་ཆད་བརྟན་ནས་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་མཐར་དབྱུང་།  ཚེས་༢༤ནས་ཚེས་༢༨བར་དེ་ཁོ་ནས་འགྲེས།  ཚེས་༢༩ཉིན་ཞོག་ཚོགས་རྡོར་ལེགས་ཡན་དང་།  ཚ་གུང་སྦྲེལ་མར་ཞིང་སྐྱོང་ནས་གཉེར་གཏད་ཡན།  ༼བར་ཆ་སྔ་མར་༽ཚོགས་བྱིན་རློབ་ནས་ཟློག་བྱང་བར་དཀྱུས་བཞིན་ལས།  ཁྱད་པར་ཞལ་སྟོབ་དང་བསྟུན་པསད་ལིང་མེ་ཧོམ་དུ་བསྲེག  །ཐལ་རྡེབ་དམོད་པ་བཅས་མཐར།)ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་(སོགས་ཀྱིས་མཆོད་ཅིང་།)སྲིད་གསུམ་གདུག་པ་(སོགས་ཤློ་ཀས་བསྟོད།  ཡིག་བརྒྱ་ལན་གསུམ་མཐར།)ས་མ་ཡ་མ་ཏི་(སོགས་ནས།)ལས་ལ་རྔམས་པར་གྱུར་(ཅེས་སྤུ་གྲིའི་དྲག་སྔགས་༣༠ཙམ་བཟླ་རིང་ཟོར་བསྐོར།  ཐུན་གཏོར་ལ་འགུགས་གཞུག་སྔོན་འགྲོས་བྱིན་རླབས་སྔགས་འབུལ་དང་།)  ཧཱུྃ།  རྩ་བརྒྱུད་བླ་མ་(སོགས་མཐར་དྲག་རོལ་བཅས་གཏོར་ཆེན་ལ་འབུལ།  ༼བར་ཆ་རྗེས་མར་༽  སློབ་དཔོན་དྲག་པོའི་ཆས་སུ་ཞུགས་ཏེ་སྒོ་དབྱེ།  ལས་བྱང་གི་བསྐུལ་དང་ལྷན་ཅིག་གཏོར་ཆེན་སྤག  །ཆད་མདོ་བཏང་རྗེས་དྲག་རོལ་རྔམས་བརྗིད་དང་ལྡན་པས་ཟློག་སྔགས་བཟླ་བཞིན་སྒྲུབ་ཁང་ནས་དོན།  འདིར་ཟོར་འཆམས་ཡོད་ཅིང་སྤྲོས་པ་རྒྱས་ན་ཕྱི་སྒོའི་(2བ)ཁྱམས་ཀྱི་དོ་རར་འཁོད་དེ་བསྐུལ་ནས་ཟློག་བྱང་བར་གྱི་སྨད་ལས་ཚང་བ་བསྒྲལ་འཆམས་དང་འབྲེལ་བར་གཏོང་བ་ལས།  བསྐུལ་དང་ཕུར་གདབ་ཟློག་བྱང་རྣམས་ཀྱི་ཚིག་ཚོགས་བསྡུ་བ་མཐོང་བརྒྱུད་བཞིན་བྱ།  གང་ལྟར་ཡང་འཕང་བའི་སར་སླེབ་པ་ན།  གསེར་སྐྱེམས་སྔོན་འགྲོས་རོལ་མོ་དང་བསྟུན་སློབ་དཔོན་གྱིས་སྲིད་པ་ཧུའི་ཕྱག་རྒྱའི་རྒྱབ་ཡིག་ཀློག  །)ཧཱུཾ།  སངས་རྒྱས་ཀྱིས་ནི་བདུད་ཕམ་མཛད།  །(སོགས་བདེན་སྟོབས་ནས་ཟོར་བསྐུལ་བར་གྱིས་ཟོར་རྣམས་གཏོར་ཆེན་བར་རིམ་པར་འཕང་རྗེས།  སློབ་དཔོན་གྱིས་ཐལ་རྡེབ་དང་།  དུལ་མོ་རྡེབ།  དེ་ནས།) ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤ་ཏྲུཾ་ཙིཏྟ་ཨགྣེ་ཛྭ་ལ་རཾ་ཁཱ་ཧི་ཁཱ་ཧི།  (ཞེས་ལན་གསུམ་ཙམ་བཟླ་ཞིང་ཟློག་འཁོར་ཧོམ་ནང་དུ་བསྲེག) །  ཧཱུཾ་ཁྲོ་(སོགས་བཟླ་བཞིན་ཅུང་ལྡོག་ལ་གདོང་ཕྱིར་ཕྱོགས་པས་སློབ་དཔོན་གྱིས་ལས་ཕུར་དྲིལ་བཞིན་སྤུ་གྲིའི་དྲག་སྔགས་བདུན་ཙམ་བཟླས་རྗེས་སྲུང་འཁོར་བསྒོམ།  སླར་ལོག་ལ་སྒོ་དྲུང་དུ་བརྟན་མ་བསྐྱང་།  ས་ལ་ཆོས་འབྱུང་ནྲྀ་ཏྲི་བྲིས་པར་འགུགས་གཞུག་མཐར་གཏོར་གཞོང་ཁ་སྦུབས་པའི་སྟེང་དུ་སློབ་དཔོན་གྱི་རྡོ་རྗེས་རྒྱས་བཏབ་ལ་བྲོ་བརྡུང་།  གཏོར་གཞོང་བཟེད་པར་མེ་ཏོག་འཐོར་ལ།)  བྱིན་རླབས་མཆོག་སྩོལ་(སོགས་ཀྱིས་ཤིས་པ་བརྗོད་ནས་ནང་དུ་ལོག  །༼དགུང་ཚོགས་ལ་༽རྒྱུན་ཁྱེར་ལྟར་)བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་(སོགས་ཀྱིས་ཚེ་ཛཔྲ་༣༠ཙམ་བཟླས་རྗེས་ཛེ་འགུགས་བསྐུལ་ཞིང་།)  སྲིད་པ་རྡོ་རྗེ་ཕུར་བུར་སྒྲུབ་པ་དང་༔    (སོགས་ཀྱིས་དངོས་གྲུབ་(3ན)བླང་།  བསྐང་གསོའི་གཏོར་འབུལ་ནས་བཀྲ་ཤིས་བར་དང་།  རྩ་བའི་གཏང་རག་གི་མཆོད་བསྟོད་ནོངས་བཤགས་མཐར།)ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད།  །(སོགས་ཀྱིས་རྡུལ་ཚོན་གྱི་ཡེ་ཤེས་པ་གཤེགས།  རས་བྲིས་ཡིན་ན་བརྟན་བཞུགས་བྱ།  བདག་བསྐྱེད་བསྡུ་ལྔ་གོ་བགོའི་མཐར་རྡུལ་ཚོན་ཡོད་ན་ཨཀཱ་རོས་དབྱི།  བསྔོ་སྨོན་དང་ཤིས་བརྗོད་གཞུང་བཞིན་བྱའོ།  ༼ཚེས་༣༠ཉིན་༽)ལས་བྱང་གི་གཞུང་སྔར་ལྟར་བསྲངས་ཏེ་གཏང་རག་གི་ཚོགས་སྐོང་དང་།  སྲུང་མའི་བསྐང་ཕྲིན་སོགས་རྒྱས་པར་མཛད་པས་གྲུབ་བོ།  །ཞེས་ཕྱག་བཞེས་མཐོང་བརྒྱུད་ཀྱི་ལས་ཐོ་བརྗེད་བྱང་ཙམ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟིན་བྲིས་སུ་བཏབ་པ་ཤུ་བྷཾ།།  །།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 05:20, 1 June 2024

Wylie title DJYD-KABUM-22-ZA-022.pdf
Location bdud 'joms rin po che bka' 'bum
Volume 22, Text 22, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)(དུས་རིམ་གནམ་ལྕགས་སྤུ་གྲི་ཕུར་ཟློག་ཆེན་མོའི་ཆོ་ག་གཏོང་ལུགས་ཀྱི་བརྗེད་བྱང་ཟིན་བྲིས་ནི། རྒྱལ་ཟླའི་༡༢ཚེས་༢༠ཀྱི་༼དགོང་ཚོགས་༽ས་ཆོག་ལ། ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་སྔོན་འགྲོས། ཚོགས་བསགས་བཅས་རྒྱུན་ཁྱེར་གཙོ་རྐྱང་ལ་བརྟེན་ནས་སྙིང་པོ་འབྲུ་དགུ་པ་ཅི་འགྲུབ་དང་། འབྲུ་བཅུ་བདུན་པའི་བཟླས་པ་བརྒྱ་རྩ་ཙམ་གྱི་མཐར་བསྡུ་ལྡང་བྱས་ལ། བྱིན་རླབས་སྔགས་བསྡོས་བཅས་)གང་དག་འདིར་གནས་(སོགས་སྤྱི་འགྲོའི་སྔོན་གཏོར་བཏང་བས་སློང་གི་གོ་བཅད། སློབ་དཔོན་ལག་གཡས་རྡོ་རྗེ་དང་བཅས་ས་ལ་རེག་ཚུལ་གྱིས།)ཀཱི་ལ་ཡ་(དང་།)ཨོཾ་ཨཱཿཧཱུཾ་ཧ་ན་ཧ་ན་ཀྲོ་ངྷ་ཧཱུཾ་ཕཊ། (ཅེས་ཉེར་གཅིག་ཙམ་བཟླས་པས་ས་སྦྱང་ཞིང་བཟུང་སྟེ། ལས་སྔགས་འཇམ་རོལ་དང་བཅས་པས་ལས་དཀྱིལ་གྱི་གཞི་ལ་ཆག་ཆག་གདབ། དེ་ནས་དགུང་ཚོགས་སོགས་ཀྱིས་ཚོགས་མང་གྲོལ། སློབ་དཔོན་ལས་བྱེད་རྣམས་ཀྱིས་ཐིག་ཚོན་སྒྲུབ་ཁོག་བཞིན་བྱིན་བརླབས་ནས་ཐིག་གདབ་པ་སོགས་བྱའོ། །༼ཚེས་༢༢༽དགུང་མོར་མཆོད་གཤོམ་ཚར་བ་དང་། སློབ་དཔོན་ལྷ་བུའི་བསྙེན་སོང་ཞིག་གིས་བདག་གི་རྣལ་འབྱོར་ལ་གནས་པས་ལས་བྱང་བཞིན་མཆོད་པ་བྱིན་རླབས་དང་འབྲེལ་སྲུང་ཟློག་གི་ཙཀྲའི་རབ་གནས་དང་། བསད་ལིང་ལ་སྦྱོང་ཁྲུས་གནད་སྨིན་མཛད། དངོས་གཞི་ཚེས་༢༣ནས་ཚུགས་པར། ཐོག་མར་༼ཞོག་ཚོགས་ལ། ༽ ཚིག་བདུན་མ་དང་། འཁྲུངས་རབས་གསོལ་འདེབས། བརྒྱུད་འདེབས་སྔོན་འགྲོས་ལས་བྱང་གི་དབུའི་སྐྱབས་སེམས་ཚོགས་བསགས་བགེགས་གཏོར་བཀའ་(1བ)བསྒོ་ནས་དཀྱུས་བཞིན་ལས། མཆོད་རླབས་མཇུག་སྨད་ལས་དབུའི་ཕུར་བུ་བྱིན་རློབ་དང་། སྒོ་མ་བཞིའི་བསྐྱེད་ཚིག་མཚམས་དམ་ཅན་གབ་དོན་སྦྱར། བཟླས་པའི་སྐབས་ཡེ་ཤེས་ལྷ་བསྙེས། ༥༠༠ སྲུང་བའི་སྔགས་ཤམ་ཅན། ༡༠༠ དམ་ཅན་ཉེ་བསྙེམ། ༥༠ ངན་སྔགས་ཉེ་བསྙེན་༥༠ཙམ་བཟླས་རྗེས་བསྙེན་བསྟོད་ཀྱིས་ཞོག་ཚོགས་གྲོལ། ༼ཚ་གུང་སྦྲེལ་མར། ༽ བསྐང་གསོའི་མཆོད་བརླབ་ནས་དཀྱུས་ལྟར་ལས་མི་འདྲ་བའི་ཁྱད་པར། ཉིན་དང་པོར་ལེགས་ལྡན་གྱི་མངོན་རྟོགས། ཉིན་གཉིས་པར་འདས་གཏོར་རྫོགས་པ་དང་།)རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུག་པ་ལྟར་འཕྲོས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་(སོགས་དང་། ཕྱག་བཞི་པའི་མདུན་བསྐྱེད། དེ་བཞིན་དུ་ཉིན་གསུམ་པར་མ་ནིང་། བཞི་པར་སྔགས་སྲུང་མ་དང་ལྷ་ཆེན། ལྔ་པ་ཤན་དམར་དང་གཟའ། དྲུག་པར་རྣམ་སྲས་དང་རྡོར་ལེགས། བདུན་པར་ཞིང་སྐྱོང་རྣམས་ཀྱི་མངོན་རྟོགས་གཏོང་། གཏེར་བདག་ནས་གཉེར་གཏད་ཡན་གྱིས་གྲོལ། ༼བར་ཆ་སྔོན་མར། ༽ ཚོགས་བྱིན་རླབས་ནས་བར་པ་བཤགས་པའི་ཡན་སོང་བ་དང་། སྨད་ལས་ཀྱི་རིག་འཛིན་བསྐུལ་བ་ནས་བཟུང་ཞལ་བསྟབ་ཀྱི་བར་བཏང་། འདིར་)སྤྲོ་ན་བསྐང་བཟློག་སྦྱར། (དེ་ནས་ཆ་གསུམ་ཤར་ཙམ་ནས་ཚོགས་ལ་རོལ་ཏེ་གྲོལ། ༼བར་ཆ་རྗེས་མར། ༽ ཧེ་རུ་ཀ་དཔལ་སོགས་ལྷག་མ་དང་། བསྐུལ་ནས་བཟློག་བྱང་དཀྱུས་བཞིན་ལས། གྲངས་གཅོག་ན་རྩ་བའི་ཟློག་གཞུང་དང་།)བྷྱོ༔ གཞན་ཡང་ཟློག་ཅིང་སྒྱུར་བ་ནི་(སོགས་ལ་གྲངས་འཛིན་(2ན)མཐར་ཟློག་སྔགས་ཉེར་གཅིག་ཙམ་དང་བདེན་སྟོབས་ཐལ་བརྡེབ་ལན་གསུམ། སྤྲོ་ན་ལིཀྟྲིའི་སྔགས་དམོད་ཀྱང་སྦྱར། རྗེས་ཐུན་གཏོར་གཏོང་ལ་གྲོལ། ༼དགུང་ཚོགས་ལ། ༽ དགུག་གཞུག་སོགས་ཆོས་སྐྱོང་གི་གཏོར་འབུལ་ནས་བཀྲ་ཤིས་བར་དང་། དེ་རྗེས་གཞུང་གི་ཆད་བརྟན་ནས་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་ཀྱི་བར་མཐར་དབྱུང་། ཚེས་༢༤ནས་ཚེས་༢༨བར་དེ་ཁོ་ནས་འགྲེས། ཚེས་༢༩ཉིན་ཞོག་ཚོགས་རྡོར་ལེགས་ཡན་དང་། ཚ་གུང་སྦྲེལ་མར་ཞིང་སྐྱོང་ནས་གཉེར་གཏད་ཡན། ༼བར་ཆ་སྔ་མར་༽ཚོགས་བྱིན་རློབ་ནས་ཟློག་བྱང་བར་དཀྱུས་བཞིན་ལས། ཁྱད་པར་ཞལ་སྟོབ་དང་བསྟུན་པསད་ལིང་མེ་ཧོམ་དུ་བསྲེག །ཐལ་རྡེབ་དམོད་པ་བཅས་མཐར།)ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་(སོགས་ཀྱིས་མཆོད་ཅིང་།)སྲིད་གསུམ་གདུག་པ་(སོགས་ཤློ་ཀས་བསྟོད། ཡིག་བརྒྱ་ལན་གསུམ་མཐར།)ས་མ་ཡ་མ་ཏི་(སོགས་ནས།)ལས་ལ་རྔམས་པར་གྱུར་(ཅེས་སྤུ་གྲིའི་དྲག་སྔགས་༣༠ཙམ་བཟླ་རིང་ཟོར་བསྐོར། ཐུན་གཏོར་ལ་འགུགས་གཞུག་སྔོན་འགྲོས་བྱིན་རླབས་སྔགས་འབུལ་དང་།) ཧཱུྃ། རྩ་བརྒྱུད་བླ་མ་(སོགས་མཐར་དྲག་རོལ་བཅས་གཏོར་ཆེན་ལ་འབུལ། ༼བར་ཆ་རྗེས་མར་༽ སློབ་དཔོན་དྲག་པོའི་ཆས་སུ་ཞུགས་ཏེ་སྒོ་དབྱེ། ལས་བྱང་གི་བསྐུལ་དང་ལྷན་ཅིག་གཏོར་ཆེན་སྤག །ཆད་མདོ་བཏང་རྗེས་དྲག་རོལ་རྔམས་བརྗིད་དང་ལྡན་པས་ཟློག་སྔགས་བཟླ་བཞིན་སྒྲུབ་ཁང་ནས་དོན། འདིར་ཟོར་འཆམས་ཡོད་ཅིང་སྤྲོས་པ་རྒྱས་ན་ཕྱི་སྒོའི་(2བ)ཁྱམས་ཀྱི་དོ་རར་འཁོད་དེ་བསྐུལ་ནས་ཟློག་བྱང་བར་གྱི་སྨད་ལས་ཚང་བ་བསྒྲལ་འཆམས་དང་འབྲེལ་བར་གཏོང་བ་ལས། བསྐུལ་དང་ཕུར་གདབ་ཟློག་བྱང་རྣམས་ཀྱི་ཚིག་ཚོགས་བསྡུ་བ་མཐོང་བརྒྱུད་བཞིན་བྱ། གང་ལྟར་ཡང་འཕང་བའི་སར་སླེབ་པ་ན། གསེར་སྐྱེམས་སྔོན་འགྲོས་རོལ་མོ་དང་བསྟུན་སློབ་དཔོན་གྱིས་སྲིད་པ་ཧུའི་ཕྱག་རྒྱའི་རྒྱབ་ཡིག་ཀློག །)ཧཱུཾ། སངས་རྒྱས་ཀྱིས་ནི་བདུད་ཕམ་མཛད། །(སོགས་བདེན་སྟོབས་ནས་ཟོར་བསྐུལ་བར་གྱིས་ཟོར་རྣམས་གཏོར་ཆེན་བར་རིམ་པར་འཕང་རྗེས། སློབ་དཔོན་གྱིས་ཐལ་རྡེབ་དང་། དུལ་མོ་རྡེབ། དེ་ནས།) ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤ་ཏྲུཾ་ཙིཏྟ་ཨགྣེ་ཛྭ་ལ་རཾ་ཁཱ་ཧི་ཁཱ་ཧི། (ཞེས་ལན་གསུམ་ཙམ་བཟླ་ཞིང་ཟློག་འཁོར་ཧོམ་ནང་དུ་བསྲེག) ། ཧཱུཾ་ཁྲོ་(སོགས་བཟླ་བཞིན་ཅུང་ལྡོག་ལ་གདོང་ཕྱིར་ཕྱོགས་པས་སློབ་དཔོན་གྱིས་ལས་ཕུར་དྲིལ་བཞིན་སྤུ་གྲིའི་དྲག་སྔགས་བདུན་ཙམ་བཟླས་རྗེས་སྲུང་འཁོར་བསྒོམ། སླར་ལོག་ལ་སྒོ་དྲུང་དུ་བརྟན་མ་བསྐྱང་། ས་ལ་ཆོས་འབྱུང་ནྲྀ་ཏྲི་བྲིས་པར་འགུགས་གཞུག་མཐར་གཏོར་གཞོང་ཁ་སྦུབས་པའི་སྟེང་དུ་སློབ་དཔོན་གྱི་རྡོ་རྗེས་རྒྱས་བཏབ་ལ་བྲོ་བརྡུང་། གཏོར་གཞོང་བཟེད་པར་མེ་ཏོག་འཐོར་ལ།) བྱིན་རླབས་མཆོག་སྩོལ་(སོགས་ཀྱིས་ཤིས་པ་བརྗོད་ནས་ནང་དུ་ལོག །༼དགུང་ཚོགས་ལ་༽རྒྱུན་ཁྱེར་ལྟར་)བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་(སོགས་ཀྱིས་ཚེ་ཛཔྲ་༣༠ཙམ་བཟླས་རྗེས་ཛེ་འགུགས་བསྐུལ་ཞིང་།) སྲིད་པ་རྡོ་རྗེ་ཕུར་བུར་སྒྲུབ་པ་དང་༔ (སོགས་ཀྱིས་དངོས་གྲུབ་(3ན)བླང་། བསྐང་གསོའི་གཏོར་འབུལ་ནས་བཀྲ་ཤིས་བར་དང་། རྩ་བའི་གཏང་རག་གི་མཆོད་བསྟོད་ནོངས་བཤགས་མཐར།)ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །(སོགས་ཀྱིས་རྡུལ་ཚོན་གྱི་ཡེ་ཤེས་པ་གཤེགས། རས་བྲིས་ཡིན་ན་བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་ལྔ་གོ་བགོའི་མཐར་རྡུལ་ཚོན་ཡོད་ན་ཨཀཱ་རོས་དབྱི། བསྔོ་སྨོན་དང་ཤིས་བརྗོད་གཞུང་བཞིན་བྱའོ། ༼ཚེས་༣༠ཉིན་༽)ལས་བྱང་གི་གཞུང་སྔར་ལྟར་བསྲངས་ཏེ་གཏང་རག་གི་ཚོགས་སྐོང་དང་། སྲུང་མའི་བསྐང་ཕྲིན་སོགས་རྒྱས་པར་མཛད་པས་གྲུབ་བོ། །ཞེས་ཕྱག་བཞེས་མཐོང་བརྒྱུད་ཀྱི་ལས་ཐོ་བརྗེད་བྱང་ཙམ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟིན་བྲིས་སུ་བཏབ་པ་ཤུ་བྷཾ།། །།