TTDL-ZABTER-01-KA-045: Difference between revisions

From Dudjom Wiki
TTDL-ZABTER-01-KA-045
m Text replacement - "bdud 'joms gling pa zab gter" to "bdud 'joms gling pa'i zab gter"
m Text replacement - "བདུད་འཇོམས་གླིང་པ་ཟབ་གཏེར" to "བདུད་འཇོམས་གླིང་པའི་ཟབ་གཏེར"
 
Line 5: Line 5:
|fulltitle=zab gsang mkha' 'gro'i snying thig las: che mchog rdo rje'i gro lod kyi: hUM sgrub rdo rje'i sgra dbyangs:
|fulltitle=zab gsang mkha' 'gro'i snying thig las: che mchog rdo rje'i gro lod kyi: hUM sgrub rdo rje'i sgra dbyangs:
|citation=Khrag 'thung [[Bdud 'joms gling pa]]. ''Zab gsang mkha' 'gro'i snying thig las che mchog rdo rje'i gro lod kyi hUM sgrub rdo rje'i sgra dbyangs''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 1: 415-419. Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Zab gsang mkha' 'gro'i snying thig las che mchog rdo rje'i gro lod kyi hUM sgrub rdo rje'i sgra dbyangs''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 1: 415-419. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitletib=བདུད་འཇོམས་གླིང་པའི་ཟབ་གཏེར།
|collectiontitle=bdud 'joms gling pa'i zab gter
|collectiontitle=bdud 'joms gling pa'i zab gter
|author=bdud 'joms gling pa
|author=bdud 'joms gling pa

Latest revision as of 13:00, 24 February 2026

Wylie title zab gsang mkha' 'gro'i snying thig las: che mchog rdo rje'i gro lod kyi: hUM sgrub rdo rje'i sgra dbyangs:
Location bdud 'joms gling pa'i zab gter
Volume 1, Text 45, Pages 415-419 (Folios 1a1 to 3a2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las che mchog rdo rje'i gro lod kyi hUM sgrub rdo rje'i sgra dbyangs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 415-419. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: hUM sgrub   Verso: bdud 'joms gro lod
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་ཤིན་ཏུ་སྦས་པའི་རྣལ་འབྱོར་པ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ཀྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་སློབ་མའི་མཆོག་གྱུར་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །བཀྲ་ཤིས།།

zhes pa 'di yang shin tu sbas pa'i rnal 'byor pa khrag 'thung bdud 'joms rdo rje gro lod kyis gter nas bton te dag par phab pa'i yi ge pa ni slob ma'i mchog gyur phun tshogs bkra shis so/_/dge'o/_/bkra shis//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་རྡོ་རྗེའི་གྲོ་ལོད་ཀྱི༔ ཧཱུྃ་སྒྲུབ་རྡོ་རྗེའི་སྒྲ་དབྱངས་བཞུགས༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ༔ བྱིན་གྱིས་བརླབ་ཕྱིར་བློ་སྙིང་ལྷ་ལ་གཏད༔ ལུས་ཡང་ལྷར་གསལ་ངག་ནས་ཧཱུྃ་གླུ་ལེན༔ གདན་གསུམ་དཀྱིལ་འཁོར་རིག་པའི་ངང་ནས་ནི༔ ཨོཾ་ཨཱཿཧཱུྃ༔ ཀ་དག་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་༔ འགགས་མེད་ལོངས་སྐུ་རིགས་ལྔ་གངས་ཅན་མཚོ༔ ཕྱོགས་མེད་སྤྲུལ་སྐུ་ཕྱག་ན་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེའི་རྒྱུད་བསྐུལ་ལོ༔ དགོངས་རྒྱུད་ཀློང་ཆེན་བདག་གི་རྒྱུད་ལ་སྤོར༔ རྡོ་རྗེ་གྲོ་བོ་ལོད་དུ་བྱིན་གྱིས་རློབས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ སྤྲུལ་པའི་སྐུ་མཆོག་དགའ་རབ་ཤྲཱི་སེང་༔ པདྨ་འབྱུང་གནས་རིག་འཛིན་ཧཱུྃ་ཀཱ་ར༔ འཇམ་དཔལ་བཤེས་གཉེན་ཀླུ་སྒྲུབ་པྲ་བྷ་ཧར༔ གསོལ་བ་འདེབས་སོ་ཐུགས་དམ་རྒྱུད་བསྐུལ་ལོ༔ དགོངས་རྒྱུད་ཀློང་ཆེན་བདག་གི་རྒྱུད་ལ་སྤོར༔ རྡོ་རྗེ་གྲོ་བོ་ལོད་དུ་བྱིན་གྱིས་རློབས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དྷ་ན་སཾསྐྲྀ་བི་མ་མི་ཏྲ་དང་༔ རམྦུ་གུ་ཧྱ་ཤཱནྟི་གརྦྷ་ལ༔ གསོལ་བ་འདེབས་སོ་ཐུགས་དམ་རྒྱུད་བསྐུལ་ལོ༔ དགོངས་རྒྱུད་ཀློང་ཆེན་བདག་གི་རྒྱུད་ལ་སྤོར༔ རྡོ་རྗེ་གྲོ་བོ་ལོད་དུ་བྱིན་གྱིས་རློབས༔ ཧཱུྃ་ཧཱུྃ་སོགས་འགྲེས་སོ༔ ཆོས་རྒྱལ་ཁྲི་སྲོང་བཻ་རོ་ཁྱེ་འུ་ཆུང་༔ མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་སོགས༔ ཕ་གཅིག་དྲིན་ཆེན་རྩ་བའི་བླ་མ་དང་༔ རིགས་ཀྱི་བདག་པོ་སྣང་སྲིད་ཟིལ་གནོན་ལ༔ གསོལ་བ་འདེབས་སོ་སོགས༔ ཆེ་བའི་ཆེ་མཆོག་རྡོ་རྗེ་གྲོ་ལོད་ལ༔ གསོལ་བ་འདེབས་སོ་སོགས༔ ཡེ་ཤེས་མཁའ་འགྲོ་ཕག་མོ་སྡེ་ལྔ་ལ༔ གསོལ་བ་འདེབས་སོ་སོགས༔ སྐུ་ལྔ་ལྷུན་གྲུབ་དཔའ་བོ་གིང་ཆེན་ལ༔ གསོལ་བ་འདེབས་སོ་སོགས༔ ཡེ་ཤེས་དབྱིངས་སྤྲུལ་སྒྲོལ་གིང་སྡེ་བཞི་ལ༔ གསོལ་བ་འདེབས་སོ་སོགས༔ སྣང་སྲིད་ཟིལ་གནོན་རྒྱལ་ཆེན་སྡེ་བཞི་ལ༔ གསོལ་བ་འདེབས་སོ་སོགས༔ བདུད་མགོན་ཆེན་པོ་སེང་གདོང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་ཐུགས་དམ་རྒྱུད་བསྐུལ་ལོ༔ ཕྱི་ནང་གསང་བའི་བར་ཆད་བཟློག་པ་དང་༔ དགྲ་བགེགས་གདུག་པ་མ་ལུས་ཚར་ཆོད་ཅིག༔ ཧཱུྃ་ཧཱུྃ་སོགས༔ གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་ལ༔ གསོལ་བ་འདེབས་སོ་ཐུགས་དམ་རྒྱུད་བསྐུལ་ལོ༔ བློ་སྣ་ཆོས་ལ་བསྒྱུར་ཞིང་བརྟན་པ་དང་༔ འདོད་དོན་འབད་མེད་ལྷུན་གྱིས་གྲུབ་པར་མཛོད༔ ཧཱུྃ་ཧཱུྃ་སོགས༔ ཡེ་ཤེས་ལས་གྲུབ་བཀའ་སྲུང་དམ་ཅན་ལ༔ གསོལ་བ་འདེབས་སོ་ཐུགས་དམ་རྒྱུད་བསྐུལ་ལོ༔ སྒྲུབ་མཆོག་རྣམས་ལ་དབྱེར་མེད་གྲོགས་མཛོད་ལ༔ ཕྱི་ནང་གསང་བའི་བར་ཆད་དགྲ་བགེགས་སྒྲོལ༔ ཧཱུྃ་ཧཱུྃ་སོགས༔ རང་སྣང་སྐུ་དང་ཡེ་ཤེས་རོལ་པའི་ངང་༔ རང་གྲོལ་བདེ་བ་ཆེན་པོའི་དཔལ་ཐོབ་ནས༔ ཀ་དག་ཆོས་སྐུའི་ཀློང་དུ་གདིང་ཐོབ་སྟེ༔ སྤྲུལ་པས་འགྲོ་ཁམས་དོང་སྤྲུགས་ནུས་པར་ཤོག༔ ཧཱུྃ་ཧཱུྃ་སོགས༔ འབྱུང་བའི་སྒྱུ་ལུས་ཡེ་ཤེས་འཇའ་སྐུར་འཕོས༔ མ་དག་ངག་རླུང་གསུང་གི་གསང་བར་དག༔ འཁྲུལ་པའི་རྟོག་ཚོགས་ཡེ་ཤེས་རོལ་པར་སངས༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་ལྷུམས་སུ་ཞུགས༔ ཧཱུྃ་ཧཱུྃ་སོགས༔ ཡེ་ཤེས་རོལ་པའི་འཕྲོ་འདུ་ལས༔ ཧཱུྃ་གི་རང་སྒྲ་དི་རི་རི༔ སྣོད་བཅུད་འཛིན་པ་ཧཱུྃ་གིས་གཞིག༔ སྐྱེ་མེད་ཧཱུྃ་སྒྲ་དི་རི་རི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཕྱོགས་དང་མཐའ་དབུས་བྲལ་བ་ཡི༔ སྣང་སྲིད་ཧཱུྃ་སྒྲ་དི་རི་རི༔ དབུགས་དབྱུང་དབུགས་རྔུབ་འཕྲོ་འདུ་རྣམས༔ ཆོས་ཉིད་རང་སྒྲ་ཧཱུྃ་གི་ངང་༔ ཧཱུྃ་ཧཱུྃ་སོགས༔ ཀུན་ཏུ་བཟང་པོ་མན་ཆད་ནས༔ སྲིན་བུ་པདྨ་ཡན་ཆད་ཀྱི༔ སྲོག་གི་སྙིང་པོ་ཡི་གེ་ཧཱུྃ༔ རང་བྱུང་རང་ཤར་ཆེན་པོར་རིག༔ ཧཱུྃ་ཧཱུྃ་སོགས༔ ཧཱུྃ་ཡིག་འབྲུ་གཅིག་འདི་བརྗོད་པས༔ བདེ་གཤེགས་ཀུན་གྱི་བསྙེན་པ་རྫོགས༔ ཧཱུྃ་ཧཱུྃ་སོགས༔ ཡེ་ནས་ཡི་གེ་འདི་གསལ་བས༔ འཁོར་འདས་ཡོངས་ཀྱི་སྲོག་སྙིང་འདུ༔ ཧཱུྃ་ཧཱུྃ་སོགས༔ སྐྱེ་མེད་ཡི་གེ་འདི་བརྗོད་པས༔ རྩ་ཁམས་ཡི་གེའི་རོལ་པར་དག༔ ཧཱུྃ་ཧཱུྃ་སོགས༔ ཧཱུྃ༔ རིག་པ་ཧཱུྃ་གི་འཕྲོ་འདུ་ལས༔ སྤངས་རྟོགས་མི་དམིགས་འཛིན་བྲལ་ཞིང་༔ གང་ཤར་ཆོས་ཉིད་རོལ་པའི་ཀློང་༔ མ་བཅོས་རང་བྱུང་ཆོས་སྐུར་སད༔ ཧཱུྃ་ཧཱུྃ་སོགས༔ ལུས་ཀྱི་འཛིན་པ་ལྷ་སྐུར་ཞིག༔ མ་དག་ངག་རླུང་གསུང་དུ་འཕོས༔ སྣང་སེམས་ཐུགས་ཀྱི་ཀློང་ལྷུམས་ཞུགས༔ རང་གྲོལ་རྡོ་རྗེ་གྲོ་བོ་ལོད༔ ཧཱུྃ་ཧཱུྃ་སོགས༔ གཟུང་དང་འཛིན་པ་རང་གྲོལ་ནས༔ འཁོར་འདས་དག་མཉམ་ཆེན་པོའི་ངང་༔ རིག་པ་རང་གྲོལ་རྫོགས་པ་ཆེ༔ ངང་ལས་མི་འདའ་དམ་བཅའ་འོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྒྱ་སྟོང་ལ་སོགས་སྐབས་དང་བསྟུན༔ མ་འོངས་ལས་ཅན་སྐལ་ལྡན་རྣམས༔ སྒོ་གསུམ་རྡོ་རྗེ་གསུམ་གསལ་ངང་༔ སྣང་སྲིད་ཧཱུྃ་གི་རང་བཞིན་དུ༔ གསལ་ཞིང་རྒྱས་གདབ་གདིང་བསྐྱེད་བརྗོད༔ སྲོག་གི་སྒྲུབ་པ་ཟབ་རྒྱའི་བཅུད༔ ཉམས་སུ་བླངས་པས་ངེས་གྲོལ་འགྱུར༔ བུད་མེད་ཡེ་ཤེས་མཚོ་རྒྱལ་མ༔ པདྨའི་སྙིང་ཐིག་ཡི་གེར་ཐོབས༔ ཁམས་ཀྱི་སྟག་རྫོང་བྲག་ལ་སྦོས༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཤིན་ཏུ་སྦས་པའི་རྣལ་འབྱོར་པ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ཀྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་སློབ་མའི་མཆོག་གྱུར་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །བཀྲ་ཤིས།། །།