DJYD-KABUM-08-NYA-025: Difference between revisions

From Dudjom Wiki
DJYD-KABUM-08-NYA-025
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
(1ན) (ཟབ་ཆོས་ཡིད་བཞིན་འོད་འཕྲོའི་བཀའ་སྲུང་རེ་ཏཱི་མཆེད་བཞིའི་ཕྲིན་འདོད་དོན་རེ་སྐོང་ཞེས་བྱ་བ།) ན་མོ་བཛྲ་མ་ཧཱ་ཀྲོ་དྷཡ།  དམ་རྫས་མཆོད་གཏོར་བཤམས་པ་བྱིན་གྱིས་རླབས་ཏེ།  རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་གྱིས་བྱང་ཤར་མུ་ལེ་མཐིང་གི་ཕོ་བྲང་སོགས་རང་བཞིན་གྱི་གནས་ནས་བསྟན་སྲུང་རེ་ཏཱི་མཆེད་བཞི་འཁོར་བཅས་སྤྱན་དྲངས་པར་(བསམ་ལ།) བྷྱོ།  སངས་རྒྱས་ཀུན་དང་སྦྱོར་བའི་ཡུམ།  །སྲིད་གསུམ་ཟ་བར་བྱེད་པ་མོ།  །དཔལ་ལྡན་གཉན་གྱི་རེ་མ་ཏཱི།  །ནག་མོ་མི་བཟད་ཆོ་འཕྲུལ་ཅན།  །མཆེད་བཞི་འཁོར་དང་བཅས་པ་རྣམས།  །དུས་ལ་བབ་ཀྱི་ད་ཚུར་བྱོན།  །མ་མོ་ནག་མོ་ཏིང་ལམ་མ་མོ་དུན་ཏིང་བྷྱོ་ཨེ་ཧྱེ་ཧི༔  ཧཱུྃ་བཾ་ཧོཿ ཐོད་རུས་གཏམས་པའི་དཀྱིལ་འཁོར་ན།  །ལྷ་སྲིན་བསྣོལ་བའི་གབ་རྩེ་ལ།  །དགྱེས་པའི་ཚུལ་གྱིས་བཞུགས་ནས་ཀྱང་།  །རང་གི་དམ་དགོངས་ཕྲིན་ལས་མཛོད།  །བྷྱོ།  ཁྱོད་ལ་མཆོད་པ་འབུལ་བ་ནི།  །ཉེར་སྤྱོད་འདོད་ཡོན་དཔག་ཏུ་མེད།  །སྨན་སྣ་བདུད་རྩི་རྒྱ་མཚོར་འཁྱིལ།  །རཀྟའི་ཆུ་ཀླུང་འབུམ་ཕྲག་འབབ།  །གཏོར་མའི་ཚོགས་ནི་རི་ལྟར་བརྩིགས།  །མི་དབང་འབྲས་བུ་སྨིན་པའི་ཤ།  །མཚལ་གྱི་ཤིང་ཐོག་སྐམ་པོ་དང་།  །ཤིང་ལོ་རླུང་ཁྱེར་སར་མ་ལྷུང་།  །འཆི་ཁའི་མཚལ་ཐིག་གྲི་རྒོད་སྙིང་།  །ནལ་བུའི་ཤ་ཁྲག་རྒྱལ་མཚན་དང་།  །བྱ་ལུག་སྨུག་(1བ)ནག་ལ་སོགས་པ།  །དགྱེས་རྒུར་འཆར་བའི་འདོད་ཡོན་སྤྲིན།  །མཐུན་པའི་དམ་རྫས་སྣ་ཚོགས་པས།  །ཁྱོད་ཀྱི་ཐུགས་དམ་བསྐང་བར་བགྱི།  །ཨ་ལ་ལ་ཏེ་བཞེས་སུ་གསོལ།  །མ་མོ་ནག་མོ་ཏིང་ལམ་མ་མོ་དུན་ཏིང་བྷྱོ་ཨརྒྷཾ་(སོགས་ནས་)ཤཔྡ་པཱུ་ཛ་ཧོཿ(འི་བར་གྱི་ཉེར་སྤྱོད་དང་།) མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི།  མཧཱ་རཀྟ་ཁཱ་ཧི།  (ཞེས་སྨན་རཀ་སྟོབ།) ཨོཾ་ཏྲག་རཀྴ་མ་ཧི་དུན་བྷྱོ་མ་ཧཱ་ཡཀྵ་ཀ་ལི་དུན་བྷྱོ་ས་པ་རི་ཝ་ར་ཨི་དཾ་བ་ལིདྷ་ཁ་ཁ་ཁཱ་ཧི་ཁཱ་ཧི།   (ཞེས་རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་མམ་བདུན་གྱི་གཏོར་མ་ཕུལ་བས་དགྱེས་ཤིང་ཚིམ་པར་བསམ་ལ།) བྷྱོ།  དཔལ་ལྡན་ལྷ་མོ་ཆེན་མོ་ནི།  །སྲིན་པོའི་ཆུང་མ་རལ་པ་ཅན།  །སྐྱེ་གནས་རྣམ་བཞི་སྒྲོལ་བ་མོ།  །དབང་ཕྱུག་ཀུན་གྱི་གཙོ་ལ་བསྟོད།  །རེ་ཏཱི་མཐིང་ནག་ཁྲོ་གཏུམ་རྔམས།  །ཕྱག་གཉིས་ཁ་ཊཱཾ་མེ་ལོང་འཛིན།  །ཞིང་ཆེན་གཡང་གཞི་རློན་པ་གསོལ།  །དྲེལ་རྟ་རྐང་གསུམ་རླུང་གཤོག་ཆིབས།  །རེ་ཛི་སེར་ནག་སྒེག་མཛེས་ཉམས།  །གསེར་ཟོར་དང་ནི་གཡུ་སྒྲོམ་འཛིན།  །རྨ་བྱའི་མདོངས་ཀྱི་ཐུལ་བ་སོགས།  །མྱུར་མགྱོགས་ཤ་བ་ཡུ་མོ་ཆིབས།  །རེ་ཛ་དམར་ནག་ཁྲོ་ཆགས་གཟུགས།  །ལྕགས་ཀྱུས་འགུགས་ཤིང་ཐོད་ཁྲག་འཐུང་།  །རེ་ལྡེའི་ལྭ་བ་ལྷུབ་ཆེན་གསོལ།  །རྔམས་བརྗིད་ཆུ་གླང་ཁྲོས་པ་ཆིབས།  །རེ་ཛུ་ལྗང་ནག་མི་སྡུག་རྔམས།  །(2ན)ཁྲམ་ཤིང་ཚོན་གྱི་གྲུ་གུ་འཛིན།  །ཆུ་དར་ནག་པོའི་གོ་ཟུ་གསོལ།  །མི་སྲུན་རབ་འཇིགས་རྔ་མོང་ཆིབས།  །ཡེ་ཤེས་ལས་དང་འཇིག་རྟེན་གྱི།  །མ་མོ་མཁའ་འགྲོ་འཁོར་དུ་འགྱེད།  །སྲིད་གསུམ་ཀུན་ལ་དབང་བསྒྱུར་མ།  །དབང་ཕྱུག་ནག་མོའི་ཚོགས་ལ་བསྟོད།  །བྷྱོ།  ཁྱོད་ལ་ཕྲིན་ལས་བཅོལ་བ་ནི།  །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས།  །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བསྲིངས།  །སྣོད་བཅུད་འཇིག་རྟེན་ཕན་བདེ་སྤེལ།  །ཁྱད་པར་པདྨ་ཐོད་ཕྲེང་གི  །སྤྱན་སྔར་ཁས་བླངས་དམ་བཅས་བཞིན།  །ཟབ་ཆོས་ཡིད་བཞིན་འོད་འཕྲོ་ཡི།  །བསྟན་དང་བསྟན་འཛིན་སྡེ་དང་བཅས།  །མ་ཡིས་བུ་བཞིན་གཡེལ་མེད་སྐྱོངས།  །ཆོས་སྲིད་མངའ་ཐང་དགུང་དུ་སྤོར།  །འགལ་རྐྱེན་སེལ་ལ་མཐུན་རྐྱེན་སྒྲུབས།  །ལོག་པར་ལྟ་བའི་དགྲ་འདྲེའི་དཔུང་།  །མ་ལུས་སྐད་ཅིག་རྡུལ་དུ་རློག  །རྟགས་དང་མཚན་མ་མྱུར་དུ་སྟོན།  །གངས་ཅན་སྤྱི་དང་སྦས་ཡུལ་དུ།  །ནད་མཚོན་མུ་གེའི་གཡོ་འཁྲུགས་བཟློག  །གནས་ཆེན་བྱིན་གྱིས་རློབ་པའི་གཏེར།  །མ་ཉམས་སྨོན་ལམ་རྡུལ་དུ་རློག  །རྟགས་དང་མཚན་མ་མྱུར་དུ་སྟོན།  །གངས་ཅན་སྤྱི་དང་སྦས་ཡུལ་དུ།  །ནད་མཚོན་མུ་གེའི་གཡོལ་འཁྲུགས་བཟློག  །གནས་ཆེན་བྱིན་གྱིས་རློབས་པའི་གཏེར།  །མ་ཉམས་སྨོན་ལམ་བཙན་པར་གྱིས།  །མདོར་ན་རྣལ་འབྱོར་བདག་ཅག་གི  །བསམ་པའི་དོན་དང་བཅོལ་བའི་ལས།  །རེ་བའི་འབྲས་བུ་གང་ཡིན་པ།  །མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད།  །(ཅེས་བསྟོད་ཅིང་ཕྲིན་ལས་(2བ)བཅོལ།  མགྲོན་རང་གནས་སུ་གཤེགས་པར་བསམ་ཞིང་མཆོད་གཏོར་གཙང་སར་འབུལ་ལོ།  །ཞེས་པའང་མངོན་པར་འདོད་པའི་དོན་ལ་ཕྲིན་ལས་གསོལ་བའི་སླད་དུ་འཇིགས་བྲལ་ཡེ་ཤེས་སྤེལ་བ་ཛ་ཡམྟུ།  །།)[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|language=Tibetan
|pagestatus=Temporary stub only
|volumenumber=08
|volumeLetter=NYA
|textnuminvol=025
|pdflink=File:DJYD-KABUM-08-NYA-025.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-08-NYA
}}
<h1>Tibetan Text</h1>
<onlyinclude>
{{TibP|(1ན) (ཟབ་ཆོས་ཡིད་བཞིན་འོད་འཕྲོའི་བཀའ་སྲུང་རེ་ཏཱི་མཆེད་བཞིའི་ཕྲིན་འདོད་དོན་རེ་སྐོང་ཞེས་བྱ་བ།) ན་མོ་བཛྲ་མ་ཧཱ་ཀྲོ་དྷཡ།  དམ་རྫས་མཆོད་གཏོར་བཤམས་པ་བྱིན་གྱིས་རླབས་ཏེ།  རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་གྱིས་བྱང་ཤར་མུ་ལེ་མཐིང་གི་ཕོ་བྲང་སོགས་རང་བཞིན་གྱི་གནས་ནས་བསྟན་སྲུང་རེ་ཏཱི་མཆེད་བཞི་འཁོར་བཅས་སྤྱན་དྲངས་པར་(བསམ་ལ།) བྷྱོ།  སངས་རྒྱས་ཀུན་དང་སྦྱོར་བའི་ཡུམ།  །སྲིད་གསུམ་ཟ་བར་བྱེད་པ་མོ།  །དཔལ་ལྡན་གཉན་གྱི་རེ་མ་ཏཱི།  །ནག་མོ་མི་བཟད་ཆོ་འཕྲུལ་ཅན།  །མཆེད་བཞི་འཁོར་དང་བཅས་པ་རྣམས།  །དུས་ལ་བབ་ཀྱི་ད་ཚུར་བྱོན།  །མ་མོ་ནག་མོ་ཏིང་ལམ་མ་མོ་དུན་ཏིང་བྷྱོ་ཨེ་ཧྱེ་ཧི༔  ཧཱུྃ་བཾ་ཧོཿ ཐོད་རུས་གཏམས་པའི་དཀྱིལ་འཁོར་ན།  །ལྷ་སྲིན་བསྣོལ་བའི་གབ་རྩེ་ལ།  །དགྱེས་པའི་ཚུལ་གྱིས་བཞུགས་ནས་ཀྱང་།  །རང་གི་དམ་དགོངས་ཕྲིན་ལས་མཛོད།  །བྷྱོ།  ཁྱོད་ལ་མཆོད་པ་འབུལ་བ་ནི།  །ཉེར་སྤྱོད་འདོད་ཡོན་དཔག་ཏུ་མེད།  །སྨན་སྣ་བདུད་རྩི་རྒྱ་མཚོར་འཁྱིལ།  །རཀྟའི་ཆུ་ཀླུང་འབུམ་ཕྲག་འབབ།  །གཏོར་མའི་ཚོགས་ནི་རི་ལྟར་བརྩིགས།  །མི་དབང་འབྲས་བུ་སྨིན་པའི་ཤ།  །མཚལ་གྱི་ཤིང་ཐོག་སྐམ་པོ་དང་།  །ཤིང་ལོ་རླུང་ཁྱེར་སར་མ་ལྷུང་།  །འཆི་ཁའི་མཚལ་ཐིག་གྲི་རྒོད་སྙིང་།  །ནལ་བུའི་ཤ་ཁྲག་རྒྱལ་མཚན་དང་།  །བྱ་ལུག་སྨུག་(1བ)ནག་ལ་སོགས་པ།  །དགྱེས་རྒུར་འཆར་བའི་འདོད་ཡོན་སྤྲིན།  །མཐུན་པའི་དམ་རྫས་སྣ་ཚོགས་པས།  །ཁྱོད་ཀྱི་ཐུགས་དམ་བསྐང་བར་བགྱི།  །ཨ་ལ་ལ་ཏེ་བཞེས་སུ་གསོལ།  །མ་མོ་ནག་མོ་ཏིང་ལམ་མ་མོ་དུན་ཏིང་བྷྱོ་ཨརྒྷཾ་(སོགས་ནས་)ཤཔྡ་པཱུ་ཛ་ཧོཿ(འི་བར་གྱི་ཉེར་སྤྱོད་དང་།) མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི།  མཧཱ་རཀྟ་ཁཱ་ཧི།  (ཞེས་སྨན་རཀ་སྟོབ།) ཨོཾ་ཏྲག་རཀྴ་མ་ཧི་དུན་བྷྱོ་མ་ཧཱ་ཡཀྵ་ཀ་ལི་དུན་བྷྱོ་ས་པ་རི་ཝ་ར་ཨི་དཾ་བ་ལིདྷ་ཁ་ཁ་ཁཱ་ཧི་ཁཱ་ཧི།   (ཞེས་རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་མམ་བདུན་གྱི་གཏོར་མ་ཕུལ་བས་དགྱེས་ཤིང་ཚིམ་པར་བསམ་ལ།) བྷྱོ།  དཔལ་ལྡན་ལྷ་མོ་ཆེན་མོ་ནི།  །སྲིན་པོའི་ཆུང་མ་རལ་པ་ཅན།  །སྐྱེ་གནས་རྣམ་བཞི་སྒྲོལ་བ་མོ།  །དབང་ཕྱུག་ཀུན་གྱི་གཙོ་ལ་བསྟོད།  །རེ་ཏཱི་མཐིང་ནག་ཁྲོ་གཏུམ་རྔམས།  །ཕྱག་གཉིས་ཁ་ཊཱཾ་མེ་ལོང་འཛིན།  །ཞིང་ཆེན་གཡང་གཞི་རློན་པ་གསོལ།  །དྲེལ་རྟ་རྐང་གསུམ་རླུང་གཤོག་ཆིབས།  །རེ་ཛི་སེར་ནག་སྒེག་མཛེས་ཉམས།  །གསེར་ཟོར་དང་ནི་གཡུ་སྒྲོམ་འཛིན།  །རྨ་བྱའི་མདོངས་ཀྱི་ཐུལ་བ་སོགས།  །མྱུར་མགྱོགས་ཤ་བ་ཡུ་མོ་ཆིབས།  །རེ་ཛ་དམར་ནག་ཁྲོ་ཆགས་གཟུགས།  །ལྕགས་ཀྱུས་འགུགས་ཤིང་ཐོད་ཁྲག་འཐུང་།  །རེ་ལྡེའི་ལྭ་བ་ལྷུབ་ཆེན་གསོལ།  །རྔམས་བརྗིད་ཆུ་གླང་ཁྲོས་པ་ཆིབས།  །རེ་ཛུ་ལྗང་ནག་མི་སྡུག་རྔམས།  །(2ན)ཁྲམ་ཤིང་ཚོན་གྱི་གྲུ་གུ་འཛིན།  །ཆུ་དར་ནག་པོའི་གོ་ཟུ་གསོལ།  །མི་སྲུན་རབ་འཇིགས་རྔ་མོང་ཆིབས།  །ཡེ་ཤེས་ལས་དང་འཇིག་རྟེན་གྱི།  །མ་མོ་མཁའ་འགྲོ་འཁོར་དུ་འགྱེད།  །སྲིད་གསུམ་ཀུན་ལ་དབང་བསྒྱུར་མ།  །དབང་ཕྱུག་ནག་མོའི་ཚོགས་ལ་བསྟོད།  །བྷྱོ།  ཁྱོད་ལ་ཕྲིན་ལས་བཅོལ་བ་ནི།  །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས།  །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བསྲིངས།  །སྣོད་བཅུད་འཇིག་རྟེན་ཕན་བདེ་སྤེལ།  །ཁྱད་པར་པདྨ་ཐོད་ཕྲེང་གི  །སྤྱན་སྔར་ཁས་བླངས་དམ་བཅས་བཞིན།  །ཟབ་ཆོས་ཡིད་བཞིན་འོད་འཕྲོ་ཡི།  །བསྟན་དང་བསྟན་འཛིན་སྡེ་དང་བཅས།  །མ་ཡིས་བུ་བཞིན་གཡེལ་མེད་སྐྱོངས།  །ཆོས་སྲིད་མངའ་ཐང་དགུང་དུ་སྤོར།  །འགལ་རྐྱེན་སེལ་ལ་མཐུན་རྐྱེན་སྒྲུབས།  །ལོག་པར་ལྟ་བའི་དགྲ་འདྲེའི་དཔུང་།  །མ་ལུས་སྐད་ཅིག་རྡུལ་དུ་རློག  །རྟགས་དང་མཚན་མ་མྱུར་དུ་སྟོན།  །གངས་ཅན་སྤྱི་དང་སྦས་ཡུལ་དུ།  །ནད་མཚོན་མུ་གེའི་གཡོ་འཁྲུགས་བཟློག  །གནས་ཆེན་བྱིན་གྱིས་རློབ་པའི་གཏེར།  །མ་ཉམས་སྨོན་ལམ་རྡུལ་དུ་རློག  །རྟགས་དང་མཚན་མ་མྱུར་དུ་སྟོན།  །གངས་ཅན་སྤྱི་དང་སྦས་ཡུལ་དུ།  །ནད་མཚོན་མུ་གེའི་གཡོལ་འཁྲུགས་བཟློག  །གནས་ཆེན་བྱིན་གྱིས་རློབས་པའི་གཏེར།  །མ་ཉམས་སྨོན་ལམ་བཙན་པར་གྱིས།  །མདོར་ན་རྣལ་འབྱོར་བདག་ཅག་གི  །བསམ་པའི་དོན་དང་བཅོལ་བའི་ལས།  །རེ་བའི་འབྲས་བུ་གང་ཡིན་པ།  །མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད།  །(ཅེས་བསྟོད་ཅིང་ཕྲིན་ལས་(2བ)བཅོལ།  མགྲོན་རང་གནས་སུ་གཤེགས་པར་བསམ་ཞིང་མཆོད་གཏོར་གཙང་སར་འབུལ་ལོ།  །ཞེས་པའང་མངོན་པར་འདོད་པའི་དོན་ལ་ཕྲིན་ལས་གསོལ་བའི་སླད་དུ་འཇིགས་བྲལ་ཡེ་ཤེས་སྤེལ་བ་ཛ་ཡམྟུ།  །།)}}
</onlyinclude>
{{TsagliCall}}
<headertabs/>

Revision as of 05:20, 1 June 2024

Wylie title DJYD-KABUM-08-NYA-025.pdf
Location bdud 'joms rin po che bka' 'bum
Volume 8, Text 25, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན) (ཟབ་ཆོས་ཡིད་བཞིན་འོད་འཕྲོའི་བཀའ་སྲུང་རེ་ཏཱི་མཆེད་བཞིའི་ཕྲིན་འདོད་དོན་རེ་སྐོང་ཞེས་བྱ་བ།) ན་མོ་བཛྲ་མ་ཧཱ་ཀྲོ་དྷཡ། དམ་རྫས་མཆོད་གཏོར་བཤམས་པ་བྱིན་གྱིས་རླབས་ཏེ། རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་གྱིས་བྱང་ཤར་མུ་ལེ་མཐིང་གི་ཕོ་བྲང་སོགས་རང་བཞིན་གྱི་གནས་ནས་བསྟན་སྲུང་རེ་ཏཱི་མཆེད་བཞི་འཁོར་བཅས་སྤྱན་དྲངས་པར་(བསམ་ལ།) བྷྱོ། སངས་རྒྱས་ཀུན་དང་སྦྱོར་བའི་ཡུམ། །སྲིད་གསུམ་ཟ་བར་བྱེད་པ་མོ། །དཔལ་ལྡན་གཉན་གྱི་རེ་མ་ཏཱི། །ནག་མོ་མི་བཟད་ཆོ་འཕྲུལ་ཅན། །མཆེད་བཞི་འཁོར་དང་བཅས་པ་རྣམས། །དུས་ལ་བབ་ཀྱི་ད་ཚུར་བྱོན། །མ་མོ་ནག་མོ་ཏིང་ལམ་མ་མོ་དུན་ཏིང་བྷྱོ་ཨེ་ཧྱེ་ཧི༔ ཧཱུྃ་བཾ་ཧོཿ ཐོད་རུས་གཏམས་པའི་དཀྱིལ་འཁོར་ན། །ལྷ་སྲིན་བསྣོལ་བའི་གབ་རྩེ་ལ། །དགྱེས་པའི་ཚུལ་གྱིས་བཞུགས་ནས་ཀྱང་། །རང་གི་དམ་དགོངས་ཕྲིན་ལས་མཛོད། །བྷྱོ། ཁྱོད་ལ་མཆོད་པ་འབུལ་བ་ནི། །ཉེར་སྤྱོད་འདོད་ཡོན་དཔག་ཏུ་མེད། །སྨན་སྣ་བདུད་རྩི་རྒྱ་མཚོར་འཁྱིལ། །རཀྟའི་ཆུ་ཀླུང་འབུམ་ཕྲག་འབབ། །གཏོར་མའི་ཚོགས་ནི་རི་ལྟར་བརྩིགས། །མི་དབང་འབྲས་བུ་སྨིན་པའི་ཤ། །མཚལ་གྱི་ཤིང་ཐོག་སྐམ་པོ་དང་། །ཤིང་ལོ་རླུང་ཁྱེར་སར་མ་ལྷུང་། །འཆི་ཁའི་མཚལ་ཐིག་གྲི་རྒོད་སྙིང་། །ནལ་བུའི་ཤ་ཁྲག་རྒྱལ་མཚན་དང་། །བྱ་ལུག་སྨུག་(1བ)ནག་ལ་སོགས་པ། །དགྱེས་རྒུར་འཆར་བའི་འདོད་ཡོན་སྤྲིན། །མཐུན་པའི་དམ་རྫས་སྣ་ཚོགས་པས། །ཁྱོད་ཀྱི་ཐུགས་དམ་བསྐང་བར་བགྱི། །ཨ་ལ་ལ་ཏེ་བཞེས་སུ་གསོལ། །མ་མོ་ནག་མོ་ཏིང་ལམ་མ་མོ་དུན་ཏིང་བྷྱོ་ཨརྒྷཾ་(སོགས་ནས་)ཤཔྡ་པཱུ་ཛ་ཧོཿ(འི་བར་གྱི་ཉེར་སྤྱོད་དང་།) མཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། (ཞེས་སྨན་རཀ་སྟོབ།) ཨོཾ་ཏྲག་རཀྴ་མ་ཧི་དུན་བྷྱོ་མ་ཧཱ་ཡཀྵ་ཀ་ལི་དུན་བྷྱོ་ས་པ་རི་ཝ་ར་ཨི་དཾ་བ་ལིདྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། (ཞེས་རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་མམ་བདུན་གྱི་གཏོར་མ་ཕུལ་བས་དགྱེས་ཤིང་ཚིམ་པར་བསམ་ལ།) བྷྱོ། དཔལ་ལྡན་ལྷ་མོ་ཆེན་མོ་ནི། །སྲིན་པོའི་ཆུང་མ་རལ་པ་ཅན། །སྐྱེ་གནས་རྣམ་བཞི་སྒྲོལ་བ་མོ། །དབང་ཕྱུག་ཀུན་གྱི་གཙོ་ལ་བསྟོད། །རེ་ཏཱི་མཐིང་ནག་ཁྲོ་གཏུམ་རྔམས། །ཕྱག་གཉིས་ཁ་ཊཱཾ་མེ་ལོང་འཛིན། །ཞིང་ཆེན་གཡང་གཞི་རློན་པ་གསོལ། །དྲེལ་རྟ་རྐང་གསུམ་རླུང་གཤོག་ཆིབས། །རེ་ཛི་སེར་ནག་སྒེག་མཛེས་ཉམས། །གསེར་ཟོར་དང་ནི་གཡུ་སྒྲོམ་འཛིན། །རྨ་བྱའི་མདོངས་ཀྱི་ཐུལ་བ་སོགས། །མྱུར་མགྱོགས་ཤ་བ་ཡུ་མོ་ཆིབས། །རེ་ཛ་དམར་ནག་ཁྲོ་ཆགས་གཟུགས། །ལྕགས་ཀྱུས་འགུགས་ཤིང་ཐོད་ཁྲག་འཐུང་། །རེ་ལྡེའི་ལྭ་བ་ལྷུབ་ཆེན་གསོལ། །རྔམས་བརྗིད་ཆུ་གླང་ཁྲོས་པ་ཆིབས། །རེ་ཛུ་ལྗང་ནག་མི་སྡུག་རྔམས། །(2ན)ཁྲམ་ཤིང་ཚོན་གྱི་གྲུ་གུ་འཛིན། །ཆུ་དར་ནག་པོའི་གོ་ཟུ་གསོལ། །མི་སྲུན་རབ་འཇིགས་རྔ་མོང་ཆིབས། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །མ་མོ་མཁའ་འགྲོ་འཁོར་དུ་འགྱེད། །སྲིད་གསུམ་ཀུན་ལ་དབང་བསྒྱུར་མ། །དབང་ཕྱུག་ནག་མོའི་ཚོགས་ལ་བསྟོད། །བྷྱོ། ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བསྲིངས། །སྣོད་བཅུད་འཇིག་རྟེན་ཕན་བདེ་སྤེལ། །ཁྱད་པར་པདྨ་ཐོད་ཕྲེང་གི །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །ཟབ་ཆོས་ཡིད་བཞིན་འོད་འཕྲོ་ཡི། །བསྟན་དང་བསྟན་འཛིན་སྡེ་དང་བཅས། །མ་ཡིས་བུ་བཞིན་གཡེལ་མེད་སྐྱོངས། །ཆོས་སྲིད་མངའ་ཐང་དགུང་དུ་སྤོར། །འགལ་རྐྱེན་སེལ་ལ་མཐུན་རྐྱེན་སྒྲུབས། །ལོག་པར་ལྟ་བའི་དགྲ་འདྲེའི་དཔུང་། །མ་ལུས་སྐད་ཅིག་རྡུལ་དུ་རློག །རྟགས་དང་མཚན་མ་མྱུར་དུ་སྟོན། །གངས་ཅན་སྤྱི་དང་སྦས་ཡུལ་དུ། །ནད་མཚོན་མུ་གེའི་གཡོ་འཁྲུགས་བཟློག །གནས་ཆེན་བྱིན་གྱིས་རློབ་པའི་གཏེར། །མ་ཉམས་སྨོན་ལམ་རྡུལ་དུ་རློག །རྟགས་དང་མཚན་མ་མྱུར་དུ་སྟོན། །གངས་ཅན་སྤྱི་དང་སྦས་ཡུལ་དུ། །ནད་མཚོན་མུ་གེའི་གཡོལ་འཁྲུགས་བཟློག །གནས་ཆེན་བྱིན་གྱིས་རློབས་པའི་གཏེར། །མ་ཉམས་སྨོན་ལམ་བཙན་པར་གྱིས། །མདོར་ན་རྣལ་འབྱོར་བདག་ཅག་གི །བསམ་པའི་དོན་དང་བཅོལ་བའི་ལས། །རེ་བའི་འབྲས་བུ་གང་ཡིན་པ། །མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །(ཅེས་བསྟོད་ཅིང་ཕྲིན་ལས་(2བ)བཅོལ། མགྲོན་རང་གནས་སུ་གཤེགས་པར་བསམ་ཞིང་མཆོད་གཏོར་གཙང་སར་འབུལ་ལོ། །ཞེས་པའང་མངོན་པར་འདོད་པའི་དོན་ལ་ཕྲིན་ལས་གསོལ་བའི་སླད་དུ་འཇིགས་བྲལ་ཡེ་ཤེས་སྤེལ་བ་ཛ་ཡམྟུ། །།)