DJYD-KABUM-23-A-023: Difference between revisions

From Dudjom Wiki
DJYD-KABUM-23-A-023
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༄༅།  །ནོར་བདག་ཨ་པ་ར་ཙིཏྟའི་སྦྱིན་སྲེག་གི་ཆོ་ག་འདོད་རྒུ་
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|language=Tibetan
|pagestatus=Temporary stub only
|volumenumber=23
|volumeLetter=A
|textnuminvol=023
|pdflink=File:DJYD-KABUM-23-A-023.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-23-A
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅།  །ནོར་བདག་ཨ་པ་ར་ཙིཏྟའི་སྦྱིན་སྲེག་གི་ཆོ་ག་འདོད་རྒུ་
ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།  །
ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།  །

(1བ)ཨོཾ་སྭསྟི།  ཁྱོད་མཚན་ཉི་གཞོན་ཡིད་མཁར་ཤར་བའི་མོད།  །ཉམ་ཐག་དབུལ་བའི་མུན་འཐུག་མཐར་མཛད་པ།  །གནོད་སྦྱིན་ནོར་གྱི་བདག་པོ་དེར་བཏུད་ན།  །མཉེས་བྱེད་སྦྱིན་སྲེག་ཆོ་ག་བརྗོད་པར་བྱ།  །(འདི་ལ་གཉིས།  རྒྱས་པ་དང་།  དབང་ངོ་།  །དང་པོ་ནི།  ཟླ་བ་ཡར་ངོའམ་ཉིན་ཕྱེད་ཀྱི་དུས་ནགས་ཚལ་སོགས་ཤིས་པའི་གནས་སུ་མེ་ཐབས་དྲི་དང་བ་བྱུང་གིས་བྱུགས་པར་མཎྜལ་གྲུ་བཞི་རིན་པོ་ཆེའི་དབྱིབས་ཅན་བྲིས་པའི་ཁར་ཤུག་པ་སོགས་འོ་མ་ཅན་གྱི་ཤིང་སྐམ་པོས་གྲུ་བཞིར་བརྩིག  །རང་གི་གཡས་སུ་སྟེགས་བུར་གཏོར་མ་ཁ་ཟས་བཟང་རྒུས་བརྒྱན་པ་དང་མཆོད་པ།  ཁྱད་པར་ཤུག་པ་དང་ཙན་དཀར་སོགས་མདོག་བཟང་ལ་དྲི་ཞིམ་པའི་ཡམ་ཤིང་(2ན)དང་ཞུན་མར།  བསྲེག་རྫས་ནས།  གྲོ།  འབྲས།  རིན་པོ་ཆེ།  ཤ།  མར།  ཞོ།  འོ་མ།  ཀ་ར།  བུ་རམ།  སྦྲང་རྩི་རྣམས་ཡུང་བ་སེར་པོ།  ལྡོང་རོས།  གུར་གུམ་རྣམས་ཀྱི་ཁུ་བས་སེར་པོར་ཁ་བསྒྱུར།  དགང་གཟར་བླུགས་སོགས་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ།  སྤྲོ་ཞིང་དགའ་བའི་སེམས་ཀྱིས་བྱང་དུ་ཕྱོགས་པར་བཟང་པོའི་སྟབས་ཀྱིས་འདུག་སྟེ།  བདག་བསྐྱེད་བཟླས་པའི་བར་འགྲུབ་མཚམས།  བསྲེག་རྫས་རྣམས།)    རཾ་ཡཾ་ཁཾ་(གིས་བསང་སྦྱང་།)    སྟོང་པའི་ངང་ལས་རིན་ཆེན་སྣོད་མཆོག་ཏུ།  །འབྲུ་གསུམ་འོད་ཞུ་མཆོད་རྫས་བསྲེག་རྫས་ཚོགས།  །ངོ་བོ་ཟག་མེད་བདུད་རྩིའི་རང་བཞིན་ལ།  །རྣམ་པ་འདོད་ཡོན་རྒྱ་མཚོས་ཁམས་(2བ)གང་གྱུར།  ཨོཾ་ཨཱཿཧཱུཾ།  (ཞེས་ལན་གསུམ་གྱིས་བརླབས་ནས།  རིན་པོ་ཆེའམ་དགོན་པ་ལས་བྱུང་བའི་མེ་སྦར་ལ།)    ཨོཾ་ཨགྣ་ཡེ་ཛྭ་ལ་རཾ།  (ཞེས་དང་།  མར་ཁུས་ཀྱང་གསོ།)    ཐབ་ཤུ་ནྱ་ཏའི་སྔགས་(ཀྱིས་བསང་སྦྱང་།)    སྟོང་པའི་ངང་ལས་རང་གི་མདུན་དུ་ནི།  །རྒྱས་པའི་ཐབ་ཁུང་སེར་པོ་མཚན་ཉིད་ཀུན།  །ཡོངས་རྫོགས་འོད་ཟེར་རབ་ཏུ་འཕྲོ་བའི་དབུས།  །རིན་ཆེན་མཛེས་ཁྲི་པདྨ་ཉི་ཟླའི་སྟེང་།  །ཧཱུཾ་ཡིག་དཀར་པོ་མཆོག་ཏུ་འབར་བ་ལས།  །(ཞེས་པ་ནས་བསྟོད་པའི་བར་སྒྲུབ་ཐབ་ལྟར་སྦྱར་ལ།)    རྫས་རྣམས་བསྲེག་པའི་བདུད་རྩི་དྭངས་མའི་བཅུད།  །ཞལ་དུ་དྲངས་པས་དགྱེས་ཤིང་ཚིམས་གྱུར་ནས།  །འཛད་མེད་འདོད་རྒུའི་རིན་ཆེན་གཏེར་ཆེན་པོ།  །ཆར་ལྟར་ཕབ་ནས་བདག་ལ་སྩལ་བར་གྱུར།  །(ཅེས་གསལ་བཏབ་སྟེ།  དགང་བླུགས་ཀྱི་མར་ཁུ།)    ཨོཾ་ཨ་པ་ར་ཙིཏྟ་ཡཀྵ་ཧཱུཾ༔   ཨ་མྲྀ་ཏྲ་ཁཱ་ཧི༔  (ཞེས་ལན་བདུན་གྱིས་ཕུལ།  དེ་ནས་བསྲེག་རྫས་རྣམས།)    ཨོཾ་ཨ་པ་ར་ཙིཏྟ་ཡཀྵ་ཧཱུཾ༔   སརྦ་རཏྣ་སིངྔྷི་ཧཱུཾ༔  (ཞེས་པས་རིམ་པར་ཐབ་ཏུ་འབུལ་ཞིང་།)    བདག་གི་མཆོད་རྫས་དམ་པ་འདི་བཞེས་ལ།  །ཚེ་དང་ནོར་དང་བསོད་ནམས་ལོངས་སྤྱོད་སོགས།  །མངོན་པར་འདོད་པའི་དོན་རྣམས་མ་ལུས་པ།  །འབད་མེད་མྱུར་དུ་འཕེལ་བར་མཛད་དུ་གསོལ།  །(ཞེས་འདོད་དོན་གསོལ།  (3ན)དེ་ལྟ་བུའི་ཚུལ་གྱིས་རྫས་རྣམས་རྫོགས་པ་དང་།  གོང་ལྟར་དགང་བླུགས་ལན་བདུན་ཕུལ་མཐར།  མཆོད་བསྟོད་མདོར་བསྡུས་དང་།  རྩ་སྔགས་ལ་གཏོར་སྔགས་བཏགས་པ་བདུན་གྱིས་གཏོར་མ་ཐབ་ཏུ་ཕུལ་ཏེ།)      གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་ཀྱིས།  །མཆོད་སྦྱིན་གཏོར་མ་འདི་བཞེས་ལ།  །(སོགས་ཀྱིས་ཕྲིན་ལས་བཅོལ།)    ཧོཿ    བདག་གིས་མ་འབྱོར་མ་རྙེད་ཅིང་།  (སོགས་དང་ཡིག་བརྒྱས་ནོངས་པ་བཤགས།)    ཧོཿ    ཡེ་ཤེས་དབྱིངས་ནས་དྲངས་པའི་ལྷ༔  རང་བཞིན་གནས་སུ་གཤེགས་ནས་ཀྱང་༔  བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔  འདོད་དོན་སྤེལ་བའི་བྱེད་པོ་མཛོད༔  བཛྲ་མུཾ༔  (ཞེས་ཡེ་ཤེས་པ་གཤེགས།  དམ་ཚིག་པ་རང་ཉིད་ལ་བསྡུ།)    ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ༔  ཁྲོ་བོ་བགེགས་མཐར་བྱེད་ཀྱི་བྱིན་གྱིས་བརླབས་ནས་སྦྱིན་སྲེག་གི་ལྷག་མ་ཟ་བའི་བགེགས་རྣམས་གཞོམ་པར་གྱུར།  (སྒྲུབ་ཐབས་ལྟར་བསྔོ་སྨོན་དང་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན།  ཐལ་བ་མཛོད་དུ་སྦའོ།  །)

༈  (གཉིས་པ་དབང་གི་སྦྱིན་སྲེག་ནི།  ཟླ་བ་མར་ངོའམ་ཕྱི་དྲོའི་དུས་སུ་ཆུ་བོ་འདུས་པའི་མདོ་ལ་སོགས་པའི་གནས་སུ་མེ་ཐབ་དྲི་དང་བ་བྱུང་གིས་བྱུགས་པར་མཎྜལ་ཟླ་གམ་དུ་བྲིས་པའི་ཁར་ཙནྡན་དམར་པོའམ་འོམ་བུ་ཤིང་ལ་སོགས་པས་ཟླ་གམ་དུ་བརྩིགས།  མཆོད་གཏོར་སྔར་ལྟར་ལས།  ཁྱད་པར་འོམ་བུ་(3བ)སོགས་དམར་ལ་དྲི་ཞིམ་པའི་ཡམ་ཤིང་དང་།  འབྲི་མོག་གིས་བསྒྱུར་བའི་མར་ཁུ།  རྒྱ་སྐྱེགས་ཀྱིས་བྲིས་པའི་བསྒྲུབ་བྱའི་ལིངྒ།  ཨུག་ཆོས་སོགས་མེ་ཏོག་དམར་པོའི་རིགས་གང་འཛོམས།  གོང་དུ་སྨོས་པའི་བསྲེག་རྫས་རྣམས་ལ་ཨ་བར་སྐྱུར་གསུམ།  རྩ་བ་ལྔ།  དབང་ལག་རྣམས་ཀྱི་ཁུ་བ་དང་མཚལ་ལ་སོགས་པས་དམར་པོར་ཁ་བསྒྱུར།  དགང་བླུགས་སོགས་དགོས་ཆས་ཚོགས་པར་བསགས་ལ།  ཆགས་ཤིང་གདུང་བའི་སེམས་ཀྱིས་བྱང་དུ་ཕྱོགས་པར་སྐྱིལ་ཀྲུང་གིས་འདུག་སྟེ།  བདག་བསྐྱེད་སྔོན་དུ་འགྲོ་བས་བསྲེག་རྫས་སྔར་ལྟར་བརླབ།  (སྨད་འཚོང་མའམ་རང་འདོད་པའི་ལག་ནས་བྱུང་བའི་མེ་སྦར་ལ།)    ཨོཾ་ཨགྣ་ཡེ་ཛྭ་ལ་རཾ།  (ཞེས་དང་།  མར་ཁུས་གསོ།)    ཐབ་ཤུ་ནྱ་ཏ(ས་བསང་སྦྱང་།)      སྟོང་པའི་ངང་ལས་རང་གི་མདུན་དུ་ནི།  །དབང་གི་ཐབ་ཁུང་དམར་པོ་མཚན་ཉིད་ཀུན།  །ཡོངས་རྫོགས་འོད་ཟེར་རབ་ཏུ་འཕྲོ་བའི་དབུས།  །རིན་ཆེན་མཛེས་ཁྲི་པདྨ་ཉི་ཟླ་དང་།  །ཧཱུཾ་ཡིག་དཀར་པོ་མཆོག་ཏུ་འབར་བ་ལས།  །(ཞེས་པ་ནས་བསྟོད་པའི་བར་སྒྲུབ་ཐབས་ལྟར་སྦྱར་ལ།)    རྫས་རྣམས་བསྲེག་པའི་བདུད་རྩི་དྭངས་མའི་བཅུད།  །ཞལ་དུ་དྲངས་པས་དགྱེས་ཤིང་ཚིམས་གྱུར་ནས།  །དེ་ཡི་ཐུགས་ལས་འོད་དམར་ལྕགས་ཀྱུ་དང་།  །ཞགས་པའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས།  །བསྒྲུབ་བྱའི་སྙིང་(4ན)གར་ཞུགས་པས་སེམས་རྒྱུད་བསྐུལ།  །དབང་མེད་ཡིད་ཆགས་མེ་ལྷའི་མདུན་དུ་བཀུག  །སླར་ཡང་མེ་ཉིད་ཆེར་འབར་གཟི་བརྗིད་ཀྱིས།  །རེག་པས་བསྒྲུབ་བྱ་ཆགས་པས་ཡིད་མྱོས་ཏེ།  །རང་དབང་མེད་པར་བདག་གི་དབང་འདུས་གྱུརེ།  །(ཅེས་གསལ་བཏབ་ལ་དགང་བླུགས་ཀྱི་མར་ཁུ་ལན་བདུན་ཕུལ་མཐར།  བསྲེས་རྫས་རྣམས།)    ཨོཾ་ཨ་པ་ར་ཙིཏྟ་ཡཀྴ་ཧཱུཾ༔  ཆེ་གེ་མོ་ཝཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔  (ཞེས་པས་ཐབ་ཏུ་རིམ་པར་ཕུལ་ཞིང་།)    བདག་གི་མཆོད་རྫས་དམ་པ་འདི་བཞེས་ལ།  །ས་གསུམ་འགྲོ་བ་སྤྱི་དང་ཁྱད་པར་དུ།  །ཆེ་གེའི་རླུང་སེམས་སྣང་བ་ཐམས་ཅད་ཀུན།  །འབད་མེད་དབང་དུ་འདུ་བར་མཛད་དུ་གསོལ།  །(ཞེས་འདོད་དོན་གསོལ།  །དེ་ལྟ་བུའི་ཚུལ་གྱིས་གྲངས་རྫོགས་པ་ན།  དགང་བླུགས་འབུལ་ཞིང་མཆོད་བསྟོད་གཏོར་འབུལ་ཕྲིན་བཅོལ་ནོངས་བཤགས་གཤེགས་བསྡུ་བསྔོ་སྨོན་ཤིས་བརྗོད་རྣམས་གོང་དུ་སྨོས་པ་ལྟར་མཐར་དབྱུང་།  ཐལ་བ་རི་རྩེའམ་ཆུ་བོ་ཆེན་པོའི་གཞུང་དུ་སྦྱང་ངོ་།  །དེ་ལྟར་མེ་ཡི་ལས་ལ་བརྟེན་ནས་ཀྱང་།  །འདོད་པའི་དངོས་གྲུབ་བདེ་བླག་བསྒྲུབ་པའི་ཐབས།  །གསལ་བར་བརྗོད་དགེས་རྣམ་མང་ཡིད་ཅན་འགྲོ།  །དབུལ་ཕོངས་སྡུག་བསྔལ་རྒྱུ་འབྲས་ཀུན་བྲལ་ཤོག  །ནོར་གྱི་བདག་པོའི་སྦྱིན་སྲེག་གི་ཆོ་ག་འདོད་རྒུ་ལྷུན་གྲུབ་ཅེས་བྱ་བ་འདི་ནི།  ཀོང་པོ་ང་ཕོད་ནས་(4བ)མཁྱེན་རྟོགས་ཡོན་ཏན་གྱི་བདག་ཉིད་སློབ་དཔོན་ངག་དབང་ཨོ་རྒྱན་བསྟན་འཛིན་གྱི་གསུང་བསྐུལ་ནན་ཆགས་སུ་གནང་བའི་བཞེད་སྐོང་དུ།  སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་གི་དགོངས་པ་མན་ངག་གིས་གསལ་བར་བགྱིས་ཏེ་དཀར་པོའི་ཕྱོགས་ཀྱི་འགྲུབ་པའི་སྦྱོར་བ་དང་ལྡན་པའི་ཕྱི་དྲོའི་ཐུན་གཅིག་ལ་རང་གནས་བདེ་ཆེན་ཆོས་འཁོར་གླིང་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག།  །།  སརྦ་མངྒ་ལཾ།།  །།)[[Category:Wyckibaat]]
༈  (གཉིས་པ་དབང་གི་སྦྱིན་སྲེག་ནི།  ཟླ་བ་མར་ངོའམ་ཕྱི་དྲོའི་དུས་སུ་ཆུ་བོ་འདུས་པའི་མདོ་ལ་སོགས་པའི་གནས་སུ་མེ་ཐབ་དྲི་དང་བ་བྱུང་གིས་བྱུགས་པར་མཎྜལ་ཟླ་གམ་དུ་བྲིས་པའི་ཁར་ཙནྡན་དམར་པོའམ་འོམ་བུ་ཤིང་ལ་སོགས་པས་ཟླ་གམ་དུ་བརྩིགས།  མཆོད་གཏོར་སྔར་ལྟར་ལས།  ཁྱད་པར་འོམ་བུ་(3བ)སོགས་དམར་ལ་དྲི་ཞིམ་པའི་ཡམ་ཤིང་དང་།  འབྲི་མོག་གིས་བསྒྱུར་བའི་མར་ཁུ།  རྒྱ་སྐྱེགས་ཀྱིས་བྲིས་པའི་བསྒྲུབ་བྱའི་ལིངྒ།  ཨུག་ཆོས་སོགས་མེ་ཏོག་དམར་པོའི་རིགས་གང་འཛོམས།  གོང་དུ་སྨོས་པའི་བསྲེག་རྫས་རྣམས་ལ་ཨ་བར་སྐྱུར་གསུམ།  རྩ་བ་ལྔ།  དབང་ལག་རྣམས་ཀྱི་ཁུ་བ་དང་མཚལ་ལ་སོགས་པས་དམར་པོར་ཁ་བསྒྱུར།  དགང་བླུགས་སོགས་དགོས་ཆས་ཚོགས་པར་བསགས་ལ།  ཆགས་ཤིང་གདུང་བའི་སེམས་ཀྱིས་བྱང་དུ་ཕྱོགས་པར་སྐྱིལ་ཀྲུང་གིས་འདུག་སྟེ།  བདག་བསྐྱེད་སྔོན་དུ་འགྲོ་བས་བསྲེག་རྫས་སྔར་ལྟར་བརླབ།  (སྨད་འཚོང་མའམ་རང་འདོད་པའི་ལག་ནས་བྱུང་བའི་མེ་སྦར་ལ།)    ཨོཾ་ཨགྣ་ཡེ་ཛྭ་ལ་རཾ།  (ཞེས་དང་།  མར་ཁུས་གསོ།)    ཐབ་ཤུ་ནྱ་ཏ(ས་བསང་སྦྱང་།)      སྟོང་པའི་ངང་ལས་རང་གི་མདུན་དུ་ནི།  །དབང་གི་ཐབ་ཁུང་དམར་པོ་མཚན་ཉིད་ཀུན།  །ཡོངས་རྫོགས་འོད་ཟེར་རབ་ཏུ་འཕྲོ་བའི་དབུས།  །རིན་ཆེན་མཛེས་ཁྲི་པདྨ་ཉི་ཟླ་དང་།  །ཧཱུཾ་ཡིག་དཀར་པོ་མཆོག་ཏུ་འབར་བ་ལས།  །(ཞེས་པ་ནས་བསྟོད་པའི་བར་སྒྲུབ་ཐབས་ལྟར་སྦྱར་ལ།)    རྫས་རྣམས་བསྲེག་པའི་བདུད་རྩི་དྭངས་མའི་བཅུད།  །ཞལ་དུ་དྲངས་པས་དགྱེས་ཤིང་ཚིམས་གྱུར་ནས།  །དེ་ཡི་ཐུགས་ལས་འོད་དམར་ལྕགས་ཀྱུ་དང་།  །ཞགས་པའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས།  །བསྒྲུབ་བྱའི་སྙིང་(4ན)གར་ཞུགས་པས་སེམས་རྒྱུད་བསྐུལ།  །དབང་མེད་ཡིད་ཆགས་མེ་ལྷའི་མདུན་དུ་བཀུག  །སླར་ཡང་མེ་ཉིད་ཆེར་འབར་གཟི་བརྗིད་ཀྱིས།  །རེག་པས་བསྒྲུབ་བྱ་ཆགས་པས་ཡིད་མྱོས་ཏེ།  །རང་དབང་མེད་པར་བདག་གི་དབང་འདུས་གྱུརེ།  །(ཅེས་གསལ་བཏབ་ལ་དགང་བླུགས་ཀྱི་མར་ཁུ་ལན་བདུན་ཕུལ་མཐར།  བསྲེས་རྫས་རྣམས།)    ཨོཾ་ཨ་པ་ར་ཙིཏྟ་ཡཀྴ་ཧཱུཾ༔  ཆེ་གེ་མོ་ཝཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔  (ཞེས་པས་ཐབ་ཏུ་རིམ་པར་ཕུལ་ཞིང་།)    བདག་གི་མཆོད་རྫས་དམ་པ་འདི་བཞེས་ལ།  །ས་གསུམ་འགྲོ་བ་སྤྱི་དང་ཁྱད་པར་དུ།  །ཆེ་གེའི་རླུང་སེམས་སྣང་བ་ཐམས་ཅད་ཀུན།  །འབད་མེད་དབང་དུ་འདུ་བར་མཛད་དུ་གསོལ།  །(ཞེས་འདོད་དོན་གསོལ།  །དེ་ལྟ་བུའི་ཚུལ་གྱིས་གྲངས་རྫོགས་པ་ན།  དགང་བླུགས་འབུལ་ཞིང་མཆོད་བསྟོད་གཏོར་འབུལ་ཕྲིན་བཅོལ་ནོངས་བཤགས་གཤེགས་བསྡུ་བསྔོ་སྨོན་ཤིས་བརྗོད་རྣམས་གོང་དུ་སྨོས་པ་ལྟར་མཐར་དབྱུང་།  ཐལ་བ་རི་རྩེའམ་ཆུ་བོ་ཆེན་པོའི་གཞུང་དུ་སྦྱང་ངོ་།  །དེ་ལྟར་མེ་ཡི་ལས་ལ་བརྟེན་ནས་ཀྱང་།  །འདོད་པའི་དངོས་གྲུབ་བདེ་བླག་བསྒྲུབ་པའི་ཐབས།  །གསལ་བར་བརྗོད་དགེས་རྣམ་མང་ཡིད་ཅན་འགྲོ།  །དབུལ་ཕོངས་སྡུག་བསྔལ་རྒྱུ་འབྲས་ཀུན་བྲལ་ཤོག  །ནོར་གྱི་བདག་པོའི་སྦྱིན་སྲེག་གི་ཆོ་ག་འདོད་རྒུ་ལྷུན་གྲུབ་ཅེས་བྱ་བ་འདི་ནི།  ཀོང་པོ་ང་ཕོད་ནས་(4བ)མཁྱེན་རྟོགས་ཡོན་ཏན་གྱི་བདག་ཉིད་སློབ་དཔོན་ངག་དབང་ཨོ་རྒྱན་བསྟན་འཛིན་གྱི་གསུང་བསྐུལ་ནན་ཆགས་སུ་གནང་བའི་བཞེད་སྐོང་དུ།  སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་གི་དགོངས་པ་མན་ངག་གིས་གསལ་བར་བགྱིས་ཏེ་དཀར་པོའི་ཕྱོགས་ཀྱི་འགྲུབ་པའི་སྦྱོར་བ་དང་ལྡན་པའི་ཕྱི་དྲོའི་ཐུན་གཅིག་ལ་རང་གནས་བདེ་ཆེན་ཆོས་འཁོར་གླིང་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག།  །།  སརྦ་མངྒ་ལཾ།།  །།)}}
</onlyinclude>
{{TsagliCall}}
<headertabs/>

Revision as of 05:20, 1 June 2024

Wylie title DJYD-KABUM-23-A-023.pdf
Location bdud 'joms rin po che bka' 'bum
Volume 23, Text 23, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
༄༅། །ནོར་བདག་ཨ་པ་ར་ཙིཏྟའི་སྦྱིན་སྲེག་གི་ཆོ་ག་འདོད་རྒུ་

ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ། །

(1བ)ཨོཾ་སྭསྟི། ཁྱོད་མཚན་ཉི་གཞོན་ཡིད་མཁར་ཤར་བའི་མོད། །ཉམ་ཐག་དབུལ་བའི་མུན་འཐུག་མཐར་མཛད་པ། །གནོད་སྦྱིན་ནོར་གྱི་བདག་པོ་དེར་བཏུད་ན། །མཉེས་བྱེད་སྦྱིན་སྲེག་ཆོ་ག་བརྗོད་པར་བྱ། །(འདི་ལ་གཉིས། རྒྱས་པ་དང་། དབང་ངོ་། །དང་པོ་ནི། ཟླ་བ་ཡར་ངོའམ་ཉིན་ཕྱེད་ཀྱི་དུས་ནགས་ཚལ་སོགས་ཤིས་པའི་གནས་སུ་མེ་ཐབས་དྲི་དང་བ་བྱུང་གིས་བྱུགས་པར་མཎྜལ་གྲུ་བཞི་རིན་པོ་ཆེའི་དབྱིབས་ཅན་བྲིས་པའི་ཁར་ཤུག་པ་སོགས་འོ་མ་ཅན་གྱི་ཤིང་སྐམ་པོས་གྲུ་བཞིར་བརྩིག །རང་གི་གཡས་སུ་སྟེགས་བུར་གཏོར་མ་ཁ་ཟས་བཟང་རྒུས་བརྒྱན་པ་དང་མཆོད་པ། ཁྱད་པར་ཤུག་པ་དང་ཙན་དཀར་སོགས་མདོག་བཟང་ལ་དྲི་ཞིམ་པའི་ཡམ་ཤིང་(2ན)དང་ཞུན་མར། བསྲེག་རྫས་ནས། གྲོ། འབྲས། རིན་པོ་ཆེ། ཤ། མར། ཞོ། འོ་མ། ཀ་ར། བུ་རམ། སྦྲང་རྩི་རྣམས་ཡུང་བ་སེར་པོ། ལྡོང་རོས། གུར་གུམ་རྣམས་ཀྱི་ཁུ་བས་སེར་པོར་ཁ་བསྒྱུར། དགང་གཟར་བླུགས་སོགས་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། སྤྲོ་ཞིང་དགའ་བའི་སེམས་ཀྱིས་བྱང་དུ་ཕྱོགས་པར་བཟང་པོའི་སྟབས་ཀྱིས་འདུག་སྟེ། བདག་བསྐྱེད་བཟླས་པའི་བར་འགྲུབ་མཚམས། བསྲེག་རྫས་རྣམས།) རཾ་ཡཾ་ཁཾ་(གིས་བསང་སྦྱང་།) སྟོང་པའི་ངང་ལས་རིན་ཆེན་སྣོད་མཆོག་ཏུ། །འབྲུ་གསུམ་འོད་ཞུ་མཆོད་རྫས་བསྲེག་རྫས་ཚོགས། །ངོ་བོ་ཟག་མེད་བདུད་རྩིའི་རང་བཞིན་ལ། །རྣམ་པ་འདོད་ཡོན་རྒྱ་མཚོས་ཁམས་(2བ)གང་གྱུར། ཨོཾ་ཨཱཿཧཱུཾ། (ཞེས་ལན་གསུམ་གྱིས་བརླབས་ནས། རིན་པོ་ཆེའམ་དགོན་པ་ལས་བྱུང་བའི་མེ་སྦར་ལ།) ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། (ཞེས་དང་། མར་ཁུས་ཀྱང་གསོ།) ཐབ་ཤུ་ནྱ་ཏའི་སྔགས་(ཀྱིས་བསང་སྦྱང་།) སྟོང་པའི་ངང་ལས་རང་གི་མདུན་དུ་ནི། །རྒྱས་པའི་ཐབ་ཁུང་སེར་པོ་མཚན་ཉིད་ཀུན། །ཡོངས་རྫོགས་འོད་ཟེར་རབ་ཏུ་འཕྲོ་བའི་དབུས། །རིན་ཆེན་མཛེས་ཁྲི་པདྨ་ཉི་ཟླའི་སྟེང་། །ཧཱུཾ་ཡིག་དཀར་པོ་མཆོག་ཏུ་འབར་བ་ལས། །(ཞེས་པ་ནས་བསྟོད་པའི་བར་སྒྲུབ་ཐབ་ལྟར་སྦྱར་ལ།) རྫས་རྣམས་བསྲེག་པའི་བདུད་རྩི་དྭངས་མའི་བཅུད། །ཞལ་དུ་དྲངས་པས་དགྱེས་ཤིང་ཚིམས་གྱུར་ནས། །འཛད་མེད་འདོད་རྒུའི་རིན་ཆེན་གཏེར་ཆེན་པོ། །ཆར་ལྟར་ཕབ་ནས་བདག་ལ་སྩལ་བར་གྱུར། །(ཅེས་གསལ་བཏབ་སྟེ། དགང་བླུགས་ཀྱི་མར་ཁུ།) ཨོཾ་ཨ་པ་ར་ཙིཏྟ་ཡཀྵ་ཧཱུཾ༔ ཨ་མྲྀ་ཏྲ་ཁཱ་ཧི༔ (ཞེས་ལན་བདུན་གྱིས་ཕུལ། དེ་ནས་བསྲེག་རྫས་རྣམས།) ཨོཾ་ཨ་པ་ར་ཙིཏྟ་ཡཀྵ་ཧཱུཾ༔ སརྦ་རཏྣ་སིངྔྷི་ཧཱུཾ༔ (ཞེས་པས་རིམ་པར་ཐབ་ཏུ་འབུལ་ཞིང་།) བདག་གི་མཆོད་རྫས་དམ་པ་འདི་བཞེས་ལ། །ཚེ་དང་ནོར་དང་བསོད་ནམས་ལོངས་སྤྱོད་སོགས། །མངོན་པར་འདོད་པའི་དོན་རྣམས་མ་ལུས་པ། །འབད་མེད་མྱུར་དུ་འཕེལ་བར་མཛད་དུ་གསོལ། །(ཞེས་འདོད་དོན་གསོལ། (3ན)དེ་ལྟ་བུའི་ཚུལ་གྱིས་རྫས་རྣམས་རྫོགས་པ་དང་། གོང་ལྟར་དགང་བླུགས་ལན་བདུན་ཕུལ་མཐར། མཆོད་བསྟོད་མདོར་བསྡུས་དང་། རྩ་སྔགས་ལ་གཏོར་སྔགས་བཏགས་པ་བདུན་གྱིས་གཏོར་མ་ཐབ་ཏུ་ཕུལ་ཏེ།) གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །(སོགས་ཀྱིས་ཕྲིན་ལས་བཅོལ།) ཧོཿ བདག་གིས་མ་འབྱོར་མ་རྙེད་ཅིང་། (སོགས་དང་ཡིག་བརྒྱས་ནོངས་པ་བཤགས།) ཧོཿ ཡེ་ཤེས་དབྱིངས་ནས་དྲངས་པའི་ལྷ༔ རང་བཞིན་གནས་སུ་གཤེགས་ནས་ཀྱང་༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔ འདོད་དོན་སྤེལ་བའི་བྱེད་པོ་མཛོད༔ བཛྲ་མུཾ༔ (ཞེས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ཉིད་ལ་བསྡུ།) ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ༔ ཁྲོ་བོ་བགེགས་མཐར་བྱེད་ཀྱི་བྱིན་གྱིས་བརླབས་ནས་སྦྱིན་སྲེག་གི་ལྷག་མ་ཟ་བའི་བགེགས་རྣམས་གཞོམ་པར་གྱུར། (སྒྲུབ་ཐབས་ལྟར་བསྔོ་སྨོན་དང་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན། ཐལ་བ་མཛོད་དུ་སྦའོ། །)

༈ (གཉིས་པ་དབང་གི་སྦྱིན་སྲེག་ནི། ཟླ་བ་མར་ངོའམ་ཕྱི་དྲོའི་དུས་སུ་ཆུ་བོ་འདུས་པའི་མདོ་ལ་སོགས་པའི་གནས་སུ་མེ་ཐབ་དྲི་དང་བ་བྱུང་གིས་བྱུགས་པར་མཎྜལ་ཟླ་གམ་དུ་བྲིས་པའི་ཁར་ཙནྡན་དམར་པོའམ་འོམ་བུ་ཤིང་ལ་སོགས་པས་ཟླ་གམ་དུ་བརྩིགས། མཆོད་གཏོར་སྔར་ལྟར་ལས། ཁྱད་པར་འོམ་བུ་(3བ)སོགས་དམར་ལ་དྲི་ཞིམ་པའི་ཡམ་ཤིང་དང་། འབྲི་མོག་གིས་བསྒྱུར་བའི་མར་ཁུ། རྒྱ་སྐྱེགས་ཀྱིས་བྲིས་པའི་བསྒྲུབ་བྱའི་ལིངྒ། ཨུག་ཆོས་སོགས་མེ་ཏོག་དམར་པོའི་རིགས་གང་འཛོམས། གོང་དུ་སྨོས་པའི་བསྲེག་རྫས་རྣམས་ལ་ཨ་བར་སྐྱུར་གསུམ། རྩ་བ་ལྔ། དབང་ལག་རྣམས་ཀྱི་ཁུ་བ་དང་མཚལ་ལ་སོགས་པས་དམར་པོར་ཁ་བསྒྱུར། དགང་བླུགས་སོགས་དགོས་ཆས་ཚོགས་པར་བསགས་ལ། ཆགས་ཤིང་གདུང་བའི་སེམས་ཀྱིས་བྱང་དུ་ཕྱོགས་པར་སྐྱིལ་ཀྲུང་གིས་འདུག་སྟེ། བདག་བསྐྱེད་སྔོན་དུ་འགྲོ་བས་བསྲེག་རྫས་སྔར་ལྟར་བརླབ། (སྨད་འཚོང་མའམ་རང་འདོད་པའི་ལག་ནས་བྱུང་བའི་མེ་སྦར་ལ།) ཨོཾ་ཨགྣ་ཡེ་ཛྭ་ལ་རཾ། (ཞེས་དང་། མར་ཁུས་གསོ།) ཐབ་ཤུ་ནྱ་ཏ(ས་བསང་སྦྱང་།) སྟོང་པའི་ངང་ལས་རང་གི་མདུན་དུ་ནི། །དབང་གི་ཐབ་ཁུང་དམར་པོ་མཚན་ཉིད་ཀུན། །ཡོངས་རྫོགས་འོད་ཟེར་རབ་ཏུ་འཕྲོ་བའི་དབུས། །རིན་ཆེན་མཛེས་ཁྲི་པདྨ་ཉི་ཟླ་དང་། །ཧཱུཾ་ཡིག་དཀར་པོ་མཆོག་ཏུ་འབར་བ་ལས། །(ཞེས་པ་ནས་བསྟོད་པའི་བར་སྒྲུབ་ཐབས་ལྟར་སྦྱར་ལ།) རྫས་རྣམས་བསྲེག་པའི་བདུད་རྩི་དྭངས་མའི་བཅུད། །ཞལ་དུ་དྲངས་པས་དགྱེས་ཤིང་ཚིམས་གྱུར་ནས། །དེ་ཡི་ཐུགས་ལས་འོད་དམར་ལྕགས་ཀྱུ་དང་། །ཞགས་པའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས། །བསྒྲུབ་བྱའི་སྙིང་(4ན)གར་ཞུགས་པས་སེམས་རྒྱུད་བསྐུལ། །དབང་མེད་ཡིད་ཆགས་མེ་ལྷའི་མདུན་དུ་བཀུག །སླར་ཡང་མེ་ཉིད་ཆེར་འབར་གཟི་བརྗིད་ཀྱིས། །རེག་པས་བསྒྲུབ་བྱ་ཆགས་པས་ཡིད་མྱོས་ཏེ། །རང་དབང་མེད་པར་བདག་གི་དབང་འདུས་གྱུརེ། །(ཅེས་གསལ་བཏབ་ལ་དགང་བླུགས་ཀྱི་མར་ཁུ་ལན་བདུན་ཕུལ་མཐར། བསྲེས་རྫས་རྣམས།) ཨོཾ་ཨ་པ་ར་ཙིཏྟ་ཡཀྴ་ཧཱུཾ༔ ཆེ་གེ་མོ་ཝཱ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ (ཞེས་པས་ཐབ་ཏུ་རིམ་པར་ཕུལ་ཞིང་།) བདག་གི་མཆོད་རྫས་དམ་པ་འདི་བཞེས་ལ། །ས་གསུམ་འགྲོ་བ་སྤྱི་དང་ཁྱད་པར་དུ། །ཆེ་གེའི་རླུང་སེམས་སྣང་བ་ཐམས་ཅད་ཀུན། །འབད་མེད་དབང་དུ་འདུ་བར་མཛད་དུ་གསོལ། །(ཞེས་འདོད་དོན་གསོལ། །དེ་ལྟ་བུའི་ཚུལ་གྱིས་གྲངས་རྫོགས་པ་ན། དགང་བླུགས་འབུལ་ཞིང་མཆོད་བསྟོད་གཏོར་འབུལ་ཕྲིན་བཅོལ་ནོངས་བཤགས་གཤེགས་བསྡུ་བསྔོ་སྨོན་ཤིས་བརྗོད་རྣམས་གོང་དུ་སྨོས་པ་ལྟར་མཐར་དབྱུང་། ཐལ་བ་རི་རྩེའམ་ཆུ་བོ་ཆེན་པོའི་གཞུང་དུ་སྦྱང་ངོ་། །དེ་ལྟར་མེ་ཡི་ལས་ལ་བརྟེན་ནས་ཀྱང་། །འདོད་པའི་དངོས་གྲུབ་བདེ་བླག་བསྒྲུབ་པའི་ཐབས། །གསལ་བར་བརྗོད་དགེས་རྣམ་མང་ཡིད་ཅན་འགྲོ། །དབུལ་ཕོངས་སྡུག་བསྔལ་རྒྱུ་འབྲས་ཀུན་བྲལ་ཤོག །ནོར་གྱི་བདག་པོའི་སྦྱིན་སྲེག་གི་ཆོ་ག་འདོད་རྒུ་ལྷུན་གྲུབ་ཅེས་བྱ་བ་འདི་ནི། ཀོང་པོ་ང་ཕོད་ནས་(4བ)མཁྱེན་རྟོགས་ཡོན་ཏན་གྱི་བདག་ཉིད་སློབ་དཔོན་ངག་དབང་ཨོ་རྒྱན་བསྟན་འཛིན་གྱི་གསུང་བསྐུལ་ནན་ཆགས་སུ་གནང་བའི་བཞེད་སྐོང་དུ། སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་གི་དགོངས་པ་མན་ངག་གིས་གསལ་བར་བགྱིས་ཏེ་དཀར་པོའི་ཕྱོགས་ཀྱི་འགྲུབ་པའི་སྦྱོར་བ་དང་ལྡན་པའི་ཕྱི་དྲོའི་ཐུན་གཅིག་ལ་རང་གནས་བདེ་ཆེན་ཆོས་འཁོར་གླིང་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །། སརྦ་མངྒ་ལཾ།། །།)