TTDL-ZABTER-13-PA-047: Difference between revisions

From Dudjom Wiki
TTDL-ZABTER-13-PA-047
m Text replacement - "bdud 'joms gling pa zab gter" to "bdud 'joms gling pa'i zab gter"
m Text replacement - "བདུད་འཇོམས་གླིང་པ་ཟབ་གཏེར" to "བདུད་འཇོམས་གླིང་པའི་ཟབ་གཏེར"
Line 5: Line 5:
|fulltitle=chos nyid nam mkha'i klong mdzod las: gza' mchog chen po'i bsang mchod ye shes bdud rtsi:
|fulltitle=chos nyid nam mkha'i klong mdzod las: gza' mchog chen po'i bsang mchod ye shes bdud rtsi:
|citation=Khrag 'thung [[Bdud 'joms gling pa]]. ''Chos nyid nam mkha'i klong mdzod las gza' mchog chen po'i bsang mchod ye shes bdud rtsi''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: 183-184. Thimphu, Bhutan: Lama Kuenzang Wangdue, 2004.
|citation=Khrag 'thung [[Bdud 'joms gling pa]]. ''Chos nyid nam mkha'i klong mdzod las gza' mchog chen po'i bsang mchod ye shes bdud rtsi''. In ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. 13: 183-184. Thimphu, Bhutan: Lama Kuenzang Wangdue, 2004.
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|collectiontitletib=བདུད་འཇོམས་གླིང་པའི་ཟབ་གཏེར།
|collectiontitle=bdud 'joms gling pa'i zab gter
|collectiontitle=bdud 'joms gling pa'i zab gter
|author=bdud 'joms gling pa
|author=bdud 'joms gling pa

Revision as of 13:20, 24 February 2026

Wylie title chos nyid nam mkha'i klong mdzod las: gza' mchog chen po'i bsang mchod ye shes bdud rtsi:
Location bdud 'joms gling pa'i zab gter
Volume 13, Text 47, Pages 183-184 (Folios 1a1 to 1b1)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Chos nyid nam mkha'i klong mdzod las gza' mchog chen po'i bsang mchod ye shes bdud rtsi. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 13: 183-184. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bsang mchod   Verso: bdud 'joms srung ma gza' bdud
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Smoke Offerings - bsangs mchod - lha bsang
Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Colophon

ཞེས་པ་འདིའང་པདྨ་དགའ་བས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།།

zhes pa 'di'ang pad+ma dga' bas bskul ngor khrag 'thung bdud 'joms rdo rjes nam mkha'i mdzod las bsgyur ba'i yi ge pa ni phun tshogs bkra shis so/_/dge'o//

[edit]
ཅྂ།།༔ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གཟའ་མཆོག་ཆེན་པོའི་བསང་མཆོད་ཡེ་ཤེས་བདུད་རྩི་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གཟའ་མཆོག་ཆེན་པོའི་བསང་མཆོད་ལ༔ དཀར་དམར་ཕྱེ་མའི་འཕུར་མ་ལ༔ བཟང་ཤིང་སྣ་ཚོགས་དུ་བ་བཏང་༔ སྭཱ་བྷཱ་ཝ་ཡིས་སྦྱངས་ནས་སུ༔ ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་བརླབ༔ ཨོཾ་ཨཱཿཧཱུྃ༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི༔ འདོད་འཇོའི་བདུད་རྩིའི་བསང་མཆོད་འདིས༔ གཟའ་རྒོད་ཁྱབ་འཇུག་ཆེན་པོ་བསང་༔ ཡུམ་མཆོག་དབྱིངས་ཀྱི་རྗེ་མོ་བསང་༔ སྡོང་ཟླ་གདོང་མོ་མཆེད་བཞི་བསང་༔ སྤྲུལ་པའི་གཟའ་ཆེན་རྣམ་བརྒྱད་བསང་༔ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་བསང་༔ བཀའ་སྡོད་ལྷ་སྲིད་སྡེ་བརྒྱད་བསང་༔ སྣང་སྲིད་དྲེགས་པའི་འཁོར་ཚོགས་བསང་༔ བཟང་ཤིང་ཕྱེ་མར་སྤོས་སྣ་དང་༔ ར་ཡི་ཤ་ཁྲག་གསུར་དུད་ཀྱིས༔ སྣང་སྲིད་བདག་པོ་འཁོར་བཅས་དང་༔ དམ་ཚིག་ཅན་གྱི་སྲུང་མ་ལ༔ གསོལ་ལོ་མཆོད་དོ་བསང་ཞིང་བརྔན༔ ཕྱག་ན་རྡོ་རྗེའི་བཀའ་དམ་བཞིན༔ སྒྲུབ་པའི་རྣལ་འབྱོར་བདག་ཉིད་ལ༔ ཕ་མ་བུ་ཚ་བཞིན་བརྩེས་སྐྱོངས༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ལས༔ འདོད་དོན་འབད་མེད་ལྷུན་གྲུབ་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདིའང་པདྨ་དགའ་བས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།། །།