DJYD-KABUM-25-AA-012: Difference between revisions

From Dudjom Wiki
DJYD-KABUM-25-AA-012
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
(1ན)ཞར་ལ་མཆོད་རྫས་སྣ་ཚོགས་ཀྱི་དགེ་བསྔོའི་སྨོན་ཚིག་གི་སྐོར་ལ།  འདྲེན་མཆོག་སྲས་བཅས་རྒྱལ་བའི་སྤྱན་ལམ་དུ།  །བདག་གཞན་བསོད་ནམས་ཚོགས་གཉིས་སྤེལ་བའི་སླད།  །ས་སྙིང་ཐུར་སྲང་ལྔ་བཅུས་ལེགས་བསྐྲུན་པའི།  །སྣང་གསལ་མཆོད་སྡོང་བཟང་པོ་འདི་ཕུལ་མཐུས།  །རྒྱལ་བསྟན་གསང་ཆེན་སྙིང་པོའི་རིང་ལུགས་མཆོག    །ནམ་ཡང་མི་ཉམས་དར་རྒྱས་ཡུན་གནས་ཤིང་།  །བསྟན་འཛིན་སྐྱེས་མཆོག་དགེ་འདུན་འདུས་པའི་སྡེ།  །འཁོར་ལོ་གསུམ་གྱི་མཛད་ཕྲིན་གོང་དུ་འཕེལ།  །སྙིགས་མའི་དུས་ཀྱི་རྒུད་པ་ཀུན་ཞི་ནས།  །ཆས་སྲིད་མངའ་ཐང་བདེ་སྐྱིད་རབ་ཏུ་འཕེལ།  །ཡངས་པའི་རྒྱལ་ཁམས་ཕན་བདའི་དཔལ་ལ་སྦྱོར།  །ཚུལ་འདིར་འབྲེལ་ཐོབ་གཙོ་གྱུར་མཁའ་མཉམ་འགྲོ།  །མཐར་ཐུག་རྣམ་མཁྱེན་ཐར་པའི་གླིང་བགྲོད་ཤོག    །ཅེས་པའང་ནང་ཆེན་རྗེ་འབངས་དད་པ་ཅན་རྣམས་ནས་མཆོད་ཀོང་གསར་བསྐྲུན་གྱི་སྨོན་ཚིག་ཏུ་ཛྙཱ་ནས་སྤེལ་བ་ཤུ་བྷཾ།།  །།
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|language=Tibetan
|pagestatus=Temporary stub only
|volumenumber=25
|volumeLetter=AA
|textnuminvol=012
|pdflink=File:DJYD-KABUM-25-AA-012.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-25-AA
}}
<h1>Tibetan Text</h1>
<onlyinclude>
{{TibP|(1ན)ཞར་ལ་མཆོད་རྫས་སྣ་ཚོགས་ཀྱི་དགེ་བསྔོའི་སྨོན་ཚིག་གི་སྐོར་ལ།  འདྲེན་མཆོག་སྲས་བཅས་རྒྱལ་བའི་སྤྱན་ལམ་དུ།  །བདག་གཞན་བསོད་ནམས་ཚོགས་གཉིས་སྤེལ་བའི་སླད།  །ས་སྙིང་ཐུར་སྲང་ལྔ་བཅུས་ལེགས་བསྐྲུན་པའི།  །སྣང་གསལ་མཆོད་སྡོང་བཟང་པོ་འདི་ཕུལ་མཐུས།  །རྒྱལ་བསྟན་གསང་ཆེན་སྙིང་པོའི་རིང་ལུགས་མཆོག    །ནམ་ཡང་མི་ཉམས་དར་རྒྱས་ཡུན་གནས་ཤིང་།  །བསྟན་འཛིན་སྐྱེས་མཆོག་དགེ་འདུན་འདུས་པའི་སྡེ།  །འཁོར་ལོ་གསུམ་གྱི་མཛད་ཕྲིན་གོང་དུ་འཕེལ།  །སྙིགས་མའི་དུས་ཀྱི་རྒུད་པ་ཀུན་ཞི་ནས།  །ཆས་སྲིད་མངའ་ཐང་བདེ་སྐྱིད་རབ་ཏུ་འཕེལ།  །ཡངས་པའི་རྒྱལ་ཁམས་ཕན་བདའི་དཔལ་ལ་སྦྱོར།  །ཚུལ་འདིར་འབྲེལ་ཐོབ་གཙོ་གྱུར་མཁའ་མཉམ་འགྲོ།  །མཐར་ཐུག་རྣམ་མཁྱེན་ཐར་པའི་གླིང་བགྲོད་ཤོག    །ཅེས་པའང་ནང་ཆེན་རྗེ་འབངས་དད་པ་ཅན་རྣམས་ནས་མཆོད་ཀོང་གསར་བསྐྲུན་གྱི་སྨོན་ཚིག་ཏུ་ཛྙཱ་ནས་སྤེལ་བ་ཤུ་བྷཾ།།  །།
  ༈  །ཨོཾ་སྭསྟི་སིངྔྷཾ།  གུ་རུ་རྩ་གསུམ་རྒྱལ་བའི་སྤྱན་སྔ་རུ།  །རིན་གཉིས་མཆོད་ཏིང་བདུན་ཚར་བསྡོམ་ཚད་དུ།  །རྒྱ་སྲང་ཉིས་བརྒྱ་སྐར་བཅུའི་གྲངས་ལྡན་འདི།  །ཕུལ་(1བ)དགེས་སྦྱིན་བདག་འབྲེལ་བཅས་ཚོགས་རྫོགས་ཤོག    །ཅེས་པའང་རབ་ཚེས་ཤིང་རྟ་ཟླ་བ་ལྔ་པའི་ཚེས་གསུམ་ལ་དཔལ་རི་བཀྲ་ཤིས་ཀུན་ཟང་ཆོས་གླིང་གི་ཆབ་ཏིང་སྨོན་ཚིག་ཏུ་སྦྱར་བ་ཤུ་བྷཾ།།  །།

༈  །བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ།  །རིན་ཆེན་གཉིས་པའི་ཆབ་ཏིང་བཅུ་ཚར་ལ།  །ཐུར་སྲང་ཆིག་བརྒྱ་དྲུག་ཅུའི་ལྗིད་ལྡན་པ།  །ཕུལ་བས་བསོད་ནམས་ཚོགས་གཉིས་ཡོངས་རྫོགས་ཤོག    །ཅེས་པའང་དཔལ་རི་བཀྲ་ཤིས་ཀུན་བཟང་ཆོས་གླིང་གི་ཆབ་ཏིང་གསར་བསྐྲུན་སྨོན་ཚིག་ཏུ་བྲིས་པ་དགེ།  །།   

༈  །རབ་འབྱམས་རྩ་གསུམ་རྒྱལ་བའི་སྤྱན་སྔ་རུ།  །རིན་ཆེན་དང་པོ་ཐུར་སྲང་བཅུ་བཞི་ལས།  །ལེགས་བསྐྲུན་སྣང་གསལ་མཆོད་ཤོང་འདི་ཕུལ་མཐུས།  །འགྲོ་ཀུན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག  །  ཚུལ་འདི་ལྷག་བསམ་དག་པའི་རྒྱུ་འབྱོར་མཁན།  །དཔལ་བདེ་ཡུལ་སྤྱིའི་གཙོ་བྱས་འབྲེལ་ཐོབ་ཀུན།  །གནས་སྐབས་ཚེ་རིང་ནད་མེད་བསམ་རྒུ་འགྲུབ།  །མཐར་ཐུག་གཏན་བདེའི་དཔལ་ལ་དབུགས་འབྱིན་ཤོག    །ཅེས་པའང་ཤིང་ལུག་ལོར་གསེར་ཀོང་གསལ་བསྐྲུན་གྱི་སྨོན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཤུ་བྷཾ།།  །།

(2ན)སྲས་བཅས་རྒྱལ་བ་རྒྱ་མཚོའི་སྤྱན་ལམ་དུ།  །རིན་ཆེན་གཉིས་པ་ཐུར་སྲང་བརྒྱ་ཕྲག་གིས།  །ཡོངས་བསྐྲུན་སྣང་གསལ་མཆོད་ཀོང་འདི་ཕུལ་དགེས།  །འགྲོ་བའི་མ་རིག་མུན་པ་དྲུང་འབྱིན་ཤོག  །  ཁྱད་པར་རྒྱ་སྦྱོར་རྡོ་རྗེ་རྒྱལ་པོས་གཙོའི།  །དད་ལྡན་འབྲེལ་ཐོབ་སྐྱེ་འགྲོ་མ་ལུས་པ།  །ཚེ་རིང་ནད་མེད་ཆོས་མཐུན་བསམ་པ་གྲུབ།  །མཐར་ཐུག་པདྨ་འོད་དུ་བྱང་ཆུབ་ཤོག    །ཅེས་ཤིང་ལུག་ལོར་དངུལ་ཀོང་རྒྱུན་བཀང་གསར་བསྐྲུན་གྱི་སྨོན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།  །།  [[Category:Wyckibaat]]
(2ན)སྲས་བཅས་རྒྱལ་བ་རྒྱ་མཚོའི་སྤྱན་ལམ་དུ།  །རིན་ཆེན་གཉིས་པ་ཐུར་སྲང་བརྒྱ་ཕྲག་གིས།  །ཡོངས་བསྐྲུན་སྣང་གསལ་མཆོད་ཀོང་འདི་ཕུལ་དགེས།  །འགྲོ་བའི་མ་རིག་མུན་པ་དྲུང་འབྱིན་ཤོག  །  ཁྱད་པར་རྒྱ་སྦྱོར་རྡོ་རྗེ་རྒྱལ་པོས་གཙོའི།  །དད་ལྡན་འབྲེལ་ཐོབ་སྐྱེ་འགྲོ་མ་ལུས་པ།  །ཚེ་རིང་ནད་མེད་ཆོས་མཐུན་བསམ་པ་གྲུབ།  །མཐར་ཐུག་པདྨ་འོད་དུ་བྱང་ཆུབ་ཤོག    །ཅེས་ཤིང་ལུག་ལོར་དངུལ་ཀོང་རྒྱུན་བཀང་གསར་བསྐྲུན་གྱི་སྨོན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།  །།  }}
</onlyinclude>
{{TsagliCall}}
<headertabs/>

Revision as of 05:35, 1 June 2024

Wylie title DJYD-KABUM-25-AA-012.pdf
Location bdud 'joms rin po che bka' 'bum
Volume 25, Text 12, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)ཞར་ལ་མཆོད་རྫས་སྣ་ཚོགས་ཀྱི་དགེ་བསྔོའི་སྨོན་ཚིག་གི་སྐོར་ལ། འདྲེན་མཆོག་སྲས་བཅས་རྒྱལ་བའི་སྤྱན་ལམ་དུ། །བདག་གཞན་བསོད་ནམས་ཚོགས་གཉིས་སྤེལ་བའི་སླད། །ས་སྙིང་ཐུར་སྲང་ལྔ་བཅུས་ལེགས་བསྐྲུན་པའི། །སྣང་གསལ་མཆོད་སྡོང་བཟང་པོ་འདི་ཕུལ་མཐུས། །རྒྱལ་བསྟན་གསང་ཆེན་སྙིང་པོའི་རིང་ལུགས་མཆོག །ནམ་ཡང་མི་ཉམས་དར་རྒྱས་ཡུན་གནས་ཤིང་། །བསྟན་འཛིན་སྐྱེས་མཆོག་དགེ་འདུན་འདུས་པའི་སྡེ། །འཁོར་ལོ་གསུམ་གྱི་མཛད་ཕྲིན་གོང་དུ་འཕེལ། །སྙིགས་མའི་དུས་ཀྱི་རྒུད་པ་ཀུན་ཞི་ནས། །ཆས་སྲིད་མངའ་ཐང་བདེ་སྐྱིད་རབ་ཏུ་འཕེལ། །ཡངས་པའི་རྒྱལ་ཁམས་ཕན་བདའི་དཔལ་ལ་སྦྱོར། །ཚུལ་འདིར་འབྲེལ་ཐོབ་གཙོ་གྱུར་མཁའ་མཉམ་འགྲོ། །མཐར་ཐུག་རྣམ་མཁྱེན་ཐར་པའི་གླིང་བགྲོད་ཤོག །ཅེས་པའང་ནང་ཆེན་རྗེ་འབངས་དད་པ་ཅན་རྣམས་ནས་མཆོད་ཀོང་གསར་བསྐྲུན་གྱི་སྨོན་ཚིག་ཏུ་ཛྙཱ་ནས་སྤེལ་བ་ཤུ་བྷཾ།། །།
༈   །ཨོཾ་སྭསྟི་སིངྔྷཾ།   གུ་རུ་རྩ་གསུམ་རྒྱལ་བའི་སྤྱན་སྔ་རུ།   །རིན་གཉིས་མཆོད་ཏིང་བདུན་ཚར་བསྡོམ་ཚད་དུ།   །རྒྱ་སྲང་ཉིས་བརྒྱ་སྐར་བཅུའི་གྲངས་ལྡན་འདི།   །ཕུལ་(1བ)དགེས་སྦྱིན་བདག་འབྲེལ་བཅས་ཚོགས་རྫོགས་ཤོག    །ཅེས་པའང་རབ་ཚེས་ཤིང་རྟ་ཟླ་བ་ལྔ་པའི་ཚེས་གསུམ་ལ་དཔལ་རི་བཀྲ་ཤིས་ཀུན་ཟང་ཆོས་གླིང་གི་ཆབ་ཏིང་སྨོན་ཚིག་ཏུ་སྦྱར་བ་ཤུ་བྷཾ།།   །།

༈ །བླ་མ་རྒྱལ་བ་སྲས་བཅས་སྤྱན་ལམ་དུ། །རིན་ཆེན་གཉིས་པའི་ཆབ་ཏིང་བཅུ་ཚར་ལ། །ཐུར་སྲང་ཆིག་བརྒྱ་དྲུག་ཅུའི་ལྗིད་ལྡན་པ། །ཕུལ་བས་བསོད་ནམས་ཚོགས་གཉིས་ཡོངས་རྫོགས་ཤོག །ཅེས་པའང་དཔལ་རི་བཀྲ་ཤིས་ཀུན་བཟང་ཆོས་གླིང་གི་ཆབ་ཏིང་གསར་བསྐྲུན་སྨོན་ཚིག་ཏུ་བྲིས་པ་དགེ། །། ༈ །རབ་འབྱམས་རྩ་གསུམ་རྒྱལ་བའི་སྤྱན་སྔ་རུ། །རིན་ཆེན་དང་པོ་ཐུར་སྲང་བཅུ་བཞི་ལས། །ལེགས་བསྐྲུན་སྣང་གསལ་མཆོད་ཤོང་འདི་ཕུལ་མཐུས། །འགྲོ་ཀུན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག ། ཚུལ་འདི་ལྷག་བསམ་དག་པའི་རྒྱུ་འབྱོར་མཁན། །དཔལ་བདེ་ཡུལ་སྤྱིའི་གཙོ་བྱས་འབྲེལ་ཐོབ་ཀུན། །གནས་སྐབས་ཚེ་རིང་ནད་མེད་བསམ་རྒུ་འགྲུབ། །མཐར་ཐུག་གཏན་བདེའི་དཔལ་ལ་དབུགས་འབྱིན་ཤོག །ཅེས་པའང་ཤིང་ལུག་ལོར་གསེར་ཀོང་གསལ་བསྐྲུན་གྱི་སྨོན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཤུ་བྷཾ།། །།

(2ན)སྲས་བཅས་རྒྱལ་བ་རྒྱ་མཚོའི་སྤྱན་ལམ་དུ། །རིན་ཆེན་གཉིས་པ་ཐུར་སྲང་བརྒྱ་ཕྲག་གིས། །ཡོངས་བསྐྲུན་སྣང་གསལ་མཆོད་ཀོང་འདི་ཕུལ་དགེས། །འགྲོ་བའི་མ་རིག་མུན་པ་དྲུང་འབྱིན་ཤོག ། ཁྱད་པར་རྒྱ་སྦྱོར་རྡོ་རྗེ་རྒྱལ་པོས་གཙོའི། །དད་ལྡན་འབྲེལ་ཐོབ་སྐྱེ་འགྲོ་མ་ལུས་པ། །ཚེ་རིང་ནད་མེད་ཆོས་མཐུན་བསམ་པ་གྲུབ། །མཐར་ཐུག་པདྨ་འོད་དུ་བྱང་ཆུབ་ཤོག །ཅེས་ཤིང་ལུག་ལོར་དངུལ་ཀོང་རྒྱུན་བཀང་གསར་བསྐྲུན་གྱི་སྨོན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།