DJYD-KABUM-24-YA-013: Difference between revisions

From Dudjom Wiki
DJYD-KABUM-24-YA-013
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༄༅།  །པདྨ་གསང་བའི་ཐིག་ལེ་ལས།  ཐུན་མོང་ཚེ་ཡི་དབང་བསྐུར་
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|language=Tibetan
|pagestatus=Temporary stub only
|volumenumber=24
|volumeLetter=YA
|textnuminvol=013
|pdflink=File:DJYD-KABUM-24-YA-013.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-24-YA
}}
<h1>Tibetan Text</h1>
<onlyinclude>
{{TibP|༄༅།  །པདྨ་གསང་བའི་ཐིག་ལེ་ལས།  ཐུན་མོང་ཚེ་ཡི་དབང་བསྐུར་
འཆི་མེད་གྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།  །
འཆི་མེད་གྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།  །


(1བ)ན་མོ་པདྨ་ཀཱ་ར་ཡེ།  (དཀྱིལ་འཁོར་ཀུན་གྱི་ཁྱབ་པའི་བདག  །འཆི་མེད་པདྨ་སམྦྷ་ཝར།  །སྒོ་གསུམ་གུས་པས་རབ་བཏུད་དེ།  །ཚེ་ཡི་དབང་བསྐུར་འཇུག་བདེར་བསྡེབས།  །འདི་ལ་གསུམ།  སྦྱོར་དངོས་རྗེས་སོ།  །དང་པོ་ནི།  སྟེགས་བུའི་ཁར་མཎྜལ་ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་མཉྫིའི་ཁར་ཚེ་འབྲང་བུམ་གཟུགས་རྒྱན་སྤྲོས་ཅན།  གཡས་གཡོན་དུ་ཐབས་ཤེས་ཀྱི་རྫས།    ཚེ་རིལ།  ཚེ་ཆང་།  མདའ་དར།  སྨན་རཀ་གཏོར་གསུམ།  ཉེར་སྤྱོད།  སྔོན་འགྲོའི་གཏོར་མ་སོགས་དགོས་པའི་ཡོ་བྱད་འདུ་བྱའོ།  །དེ་ནས་འཆི་མེད་ཚེའི་ཕྲིན་ལས་བཏང་སྟེ།  བཟླས་པའི་ཐོག་མར་ཛཔྲ་ཁང་དབྱེ།  བདག་མདུན་རྣམས་དམིགས་བཟླས་ཀྱིས་ཁྱབ་པར་བྱས་ལ།  རྩ་སྔགས་ཅི་འགྲུབ་བཟླ།)  བདག་མདུན་(2ན)གཙོ་འཁོར་རྣམས་ཀྱི་སྐུ་ལས་ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་རང་གཞན་གྱི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་འོད་ཟེར་ཐིག་ལེ་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ཏེ་བདག་གནས་སྒྲུབ་པའི་རྫས་ལ་ཐིམ་པར་(བསམ་ལ།    གཞུང་གསལ་ཚེ་འགུགས་ལན་གསུམ་སོགས་གྱེར་ཞིང་སྟོང་ཚོག་མཆོད་བསྟོད་འབུལ།  རིག་པའི་མེ་ཏོག་དོར་ཞིང་སློབ་མ་འཇུག་པར་གནང་བར་ཞུ་བ་བཅས་སོང་ནས།  གཉིས་པ་དངོས་གཞི་དབང་བསྐུར་བ་ལ་སློབ་མ་རྣམས་ལས་ཁྲུས་བྱ།  བགེགས་གཏོར་བྱིན་གྱིས་བརླབས་ནས་ལས་བྱང་ལྟར་བགེགས་གཏོར་བཏང་ཞིང་སྲུང་འཁོར་བསྒོམ།  གྲལ་དུ་འཁོད་དེ་སེམས་བསྐྱེད་གསལ་གདབ་སྤྱི་ལྟར་སོང་ནས་ཆོས་བཤད་ཀྱི་ཁྱད་(2བ)པར།)དེ་ཡང་ཇི་སྐད་དུ།  སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཞལ་སྔ་ནས།  འཁོར་བར་སྲོག་ལས་གཅེས་པ་ནི།  །འགའ་ཡང་ཡོད་པ་མ་ཡིན་ཏེ།  །དེ་བས་མྱུར་དུ་ཐབས་མང་པོས།  །འཆི་བ་བསླུ་བ་ཡང་དག་བརྩམ།  །ཞེས་གསུངས་པ་ལྟར།  འཆི་བ་བསླུ་བའི་ཐབས་མདོ་རྒྱུད་བསྟན་བཅོས་རྣམས་སུ་མཐའ་ཀླས་པར་གསུངས་པ་ལས།  ད་ལམ་སྐབས་སུ་བབ་པར།  དུས་གསུམ་ཀུན་མཁྱེན་མ་ཧཱ་གུ་རུའི་ཐུགས་ཏིག  །པདྨ་ཟབ་པ་རྩ་བའི་རྒྱུད་དང་རྗེས་སུ་འབྲེལ་བའི་ཐུན་མོང་ཚེ་ཡི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པའི་རིམ་པ་རྣམས་སྔོན་དུ་ལེགས་པར་སོང་བ་ཡིན་པས།  །ཁྱེད་རྣམས་ཀྱི་བྱ་བའི་ཐོག་མར་འཆི་མེད་ཚེ་ཡི་དབང་བསྐུར་གསན་པའི་ཆེད་དུ་མཎྜལ།  དེ་ལྟར་མཎྜལ་གྱིས་མཚམས་སྦྱོར་ནས།  བླ་མ་དང་གཉིས་སུ་མེད་པའི་སྐྱབས་ཡུལ་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས།    ན་མོ༔  གདོད་ནས་དག་པ་(སོགས་ལན་གསུམ།)ཡུལ་མཆོག་དེ་དག་གི་སྤྱན་སྔར།  སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱིས་སེམས་བསྐྱེད་པ་འདིའི་རྗེས་ཟློས།  ཧོཿ    མེད་བཞིན་སྣང་བ་འཁྲུལ་པའི་འགྲོ༔  (སོགས་གསུམ།)  རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས།  འཆི་མེད་ཚེ་ཡི་ལྷ་སོགས་(3ན)(ལན་གསུམ།)ཁྱད་པར་འཆི་མེད་ཚེ་ཡི་དབང་བསྐུར་ཞུ་བའི་ཆེད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས།  ཀྱེ་ཧོཿ  ཐུགས་རྗེའི་བདག་ཉིད་སློབ་དཔོན་གྱིས༔  བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔  འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ༔  མ་སྨིན་སྨིན་བྱེད་དབང་བསྐུར་སྩོལ༔  (ལན་གསུམ།)དེ་ནས་དབང་གི་གཞི་འགོད་པར་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད།  (ལས་སྔགས་ཀྱིས་བསང་།)  སྭ་བྷཱ་ཝ(ས་སྦྱང་།)སྒོ་གསུམ་དངོས་འཛིན་མི་དམིགས་པར༔  སློབ་མ་དཔལ་ཆེན་ཧེ་རུ་ཀ༔    རྟ་མཆོག་རྒྱལ་པོར་གསལ་བ་ཡི༔    སྙིང་ཁར་ཆུ་སྐྱེས་ཉི་ཟླའི་དབུས༔    འཆི་མེད་ཡེ་ཤེས་ཚེ་དཔག་མེད༔  དེ་ཡི་ཐུགས་ཀར་མཁའ་འགྲོ་མ༔    གསང་བ་ཡེ་ཤེས་དམར་གསལ་མདངས༔  ཌཱ་རུ་དཀྲོལ་ཞིང་ཐོད་ཆང་བསྣམས༔    འོད་དམར་ཞགས་པས་བསྐོར་བ་ཡི༔    གསང་བར་གཡུང་དྲུང་རིས་དམར་པོ༔  གཡོན་ཕྱོགས་དྲག་ཏུ་འཁོར་བ་ལས༔    མཁའ་འགྲོ་བདེ་བའི་གར་དང་སྒྲས༔    སྲས་བཅས་རྒྱལ་རྣམས་དབང་མེད་བཀུག༔    སློབ་མའི་ལུས་ལ་ཐིམ་པར་(བསམ༔  སྤྲོ་ན་བྱིན་འབེབས་དབྱངས་དང་བཅས་གྱེར་ལ།  སྔགས་མཐར།)སྟྭམྦྷ་ཡ།  སྟྭམྦྷ་ཡ།  ར་ར།  ར་ར།  ཙ་ལ་ཡ།  ཙ་ལ་ཡ།  ཧྲིཾ་ཧྲིཾ།  ཕེཾ་ཕེཾ།  ཧཱུཾ་ཧ་ཨ་ཛྷཱེཾ༔  (ཞེས་རོལ་མོའི་སྒྲ་དང་བཅས་ཏེ་བྱིན་དབབ།)(3བ)ཏིཥྛ་བཛྲ།  (ཞེས་རྡོ་རྗེ་མེ་ཏོག་དང་བཅས་སྤྱི་བོར་བཞག་སྟེ་བརྟན་པར་བྱ།)  དངོས་གཞི་དབང་བསྐུར་བ་ལ་ཐོག་མར་ཚེ་བཅུད་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག  །བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དང་།  ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་པས་སྟོང་གསུམ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་པས།  ས་ཆུ་མེ་རླུང་སོགས་འབྱུང་བ་ཆེན་པོ་བཞིའི་བཅུད་དྭངས་མ།    ནང་བཅུད་ཀྱི་སེམས་ཅན་ཕྱོགས་སྐྱོང་།  རྒྱལ་མཚན་ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་ཀྱི་ཚེ་དང་བསོད་ནམས།    ཉན་ཐོས།  རང་རྒྱལ་རྣམས་ཀྱི་ཚེ་ཡི་བྱིན་རླབས།    ཁྱད་པར་བསྒྲུབ་བྱ་རྣམས་ཀྱི་བླ་ཚེ་ཡར་བ།    འཐོར་བ།  བྱད་མ་གདོན་བགེགས་འབྱུང་པོས་རྐུ་འཕྲོག་ཁྱེར་བ་ཐམས་ཅད་དྭངས་མའི་ཐིག་ལེ་འོད་ཟེར་ཁ་དོག་སྣ་ཚོགས་སྲོག་རྟེན་ཨ་ནྲྀ་ཧཱུྃ་གསུམ་གྱི་རྣམ་པར་དཔག་ཏུ་མེད་པར་སྤྱན་དྲངས་ཏེ་མདུན་བསྐྱེད་སྒྲུབ་རྫས་རྣམས་ལ་སིབ་སིབ་ཐིམ་པས།  གྲིབ་པའི་དངུལ་ཆུ་བཞིན་དུ་དགེ་ལེགས་(4ན)དཔལ་ཡོན་གྱི་སྣང་བ་མཆོག་ཏུ་འབར་བའི་དྭངས་མ་ཐིག་ལེ་ཆེན་པོར་གྱུར་(པར་བསམ་ལ་ཚེ་འགུགས་དབྱངས་དང་བཅས་ཏེ་གྱེར།)  དེ་ནས་ཚེ་ཡི་འབྲང་རྒྱས་འདི་ཉིད་སྣོད་བཅུད་ཡོངས་རྫོགས་རབ་འབྱམས་ཚེ་ལྷའི་དཀྱིལ་འཁོར་ཆེན་པོར་གསལ་བར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་ལྷ་ཚོགས་རྣམས་ཀྱི་གནས་གསུམ་དང་གཙོ་བོའི་ཕྱག་མཚན་ཚེ་བུམ་དང་གསང་བའི་སྦྱོར་མཚམས་ནས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས།  ཁྱེད་རང་གི་ལུས་ཀྱི་ནང་ཐམས་ཅད་གང་།    དབང་བཞིའི་རིམ་པ་ཐོད་བརྒལ་དུ་ཐོབ།  སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ཚེ་ཡི་དངོས་གྲུབ་ཐམས་ཅད་ཐོབ་པའི་མོས་པ་མཛོད་ཅིང་།  ཨོཾ།  མི་འགྱུར་སྙིང་པོ་འོད་གསལ་བ༔  རྡོ་རྗེའི་རང་བཞིན་འཕོ་འགྱུར་བྲལ༔    ལྷར་སྣང་ཡེ་ཤེས་ཕྱག་རྒྱ་ཆེ༔    སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔  ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔  (ཞེས་སྤྱི་བོར་བཞག་ཅིང་དབང་བསྐུར།)ལག་གཡས་སུ་ཐབས་ཤེས་ཀྱི་རྫས་ཚེ་ཡི་རིལ་བུ་བྱིན་པ་མྱང་བས་བདེ་ཆེན་རྡོ་རྗེའི་ཚེ་ལ་མངའ་བརྙེས་པའི་མོས་པ་མཛོད་ཅིག༔    ཨོཾ༔    བཀྲ་ཤིས་སྙིང་པོ་ཚེ་ཡི་སྲོག༔  རྟག་པ་དམ་པ་རྡོ་རྗེའི་སྲོག༔  གྲུབ་པའི་བཅུད་ལེན་འཆི་མེད་དབྱིག༔    མྱང་བས་ཡེ་ཤེས་མཆོག་ཐོབ་(བསམ༔)  ཨོཾ་བཛྲ་ཨ་ཡུ་ཥེ་སིདྡྷི་ཕ་ལ་ཧཱུྃ༔  ལག་གཡོན་དུ་ཤེས་རབ་ཀྱི་(4བ)རྫས་ཚེ་ཡི་བདུད་རྩི་བྱིན་པ་ལ་བརྟེན།  རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཆེན་པོའི་ཚེ་ལ་མངའ་བརྙེས་པའི་མོས་པ་མཛོད་ཅིག  །ཨོཾ༔  བཀྲ་ཤིས་སྙིང་པོ་(སོགས་ནས།)  སིདྡྷི་ཕ་ལ་ཧཱུྃ༔  དེ་ལྟར་ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩིས་གང་བ་དྭངས་མའི་དྭངས་མ་ཐམས་ཅད་ཁྱེད་རང་རྟ་མགྲིན་དུ་གསལ་བའི་སྙིང་གར་ཧཱུྃ་གི་ཁོག་པར་ནྲྀ་ཡིག་ཨས་མཚན་པ་ལ་ཐིམ་པས་འཆི་མེད་རྡོ་རྗེའི་སྲོག་འགྲུབ།    ཚེ་རྟེན་འདི་ཉིད་ཡི་གེ་ཧཱུྃ་ཁ་སྦྱོར་གྱིས་རྒྱས་བཏབ་པས་གཞོམ་ཞིག་འཕོ་འགྱུར་དང་བྲལ་བའི་རྡོ་རྗེའི་ཚེ་ཐོབ་པའི་མོས་པ་མཛོད་ཅིག  །ཨཱཿ  འབྱུང་ལྔའི་ཁམས་ནས་ཡར་བའི་ཚེ༔    ཡུམ་ལྔའི་ཀློང་དུ་ཕྱག་རྒྱས་བཏབ༔    འཕོ་འགྱུར་མེད་པ་རྡོ་རྗེའི་ཚེ༔    གཞོམ་མེད་ཀློང་དུ་ཨ་ཏི་ཧོཿ  (ཞེས་མདའ་དར་སྤྱི་བོར་རྒྱ་གྲམ་དུ་བཞག་ཅིང་རྒྱས་གདབ།)  དེ་ལྟར་འཆི་མེད་ཚེ་ཡི་དབང་བསྐུར་ཡོངས་སུ་རྫོགས་པ་ལ་ནམ་མཁའ་གང་བའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཤིས་པ་བརྗོད་པས་མངའ་གསོལ་བའི་མོས་པ་མཛོད་ཅིག  །(ཅེས་བརྗོད་ལ།  དཀོན་མཆོག་གསུམ་གྱི་བཀྲ་ཤིས་སོགས་བརྗོད།  རྗེས་ཀྱི་རིམ་པ་ལ།  དམ་ཚིག་ཁས་བླངས།  གཏང་རག་འབུལ་བ།  དགེ་བ་བསྔོ་བ་སོགས་སྤྱི་ལྟར་བྱས་པས་འགྲུབ་བོ།  །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་(5ན)འགྲོ་ཀུན་འཆི་བའི་འཇིགས་པ་ལས་མྱུར་དུ་གྲོལ་བའི་རྒྱུར་གྱུར་ཅིག  །སརྦ་མངྒ་ལཾ།།    །།)[[Category:Wyckibaat]]
(1བ)ན་མོ་པདྨ་ཀཱ་ར་ཡེ།  (དཀྱིལ་འཁོར་ཀུན་གྱི་ཁྱབ་པའི་བདག  །འཆི་མེད་པདྨ་སམྦྷ་ཝར།  །སྒོ་གསུམ་གུས་པས་རབ་བཏུད་དེ།  །ཚེ་ཡི་དབང་བསྐུར་འཇུག་བདེར་བསྡེབས།  །འདི་ལ་གསུམ།  སྦྱོར་དངོས་རྗེས་སོ།  །དང་པོ་ནི།  སྟེགས་བུའི་ཁར་མཎྜལ་ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་མཉྫིའི་ཁར་ཚེ་འབྲང་བུམ་གཟུགས་རྒྱན་སྤྲོས་ཅན།  གཡས་གཡོན་དུ་ཐབས་ཤེས་ཀྱི་རྫས།    ཚེ་རིལ།  ཚེ་ཆང་།  མདའ་དར།  སྨན་རཀ་གཏོར་གསུམ།  ཉེར་སྤྱོད།  སྔོན་འགྲོའི་གཏོར་མ་སོགས་དགོས་པའི་ཡོ་བྱད་འདུ་བྱའོ།  །དེ་ནས་འཆི་མེད་ཚེའི་ཕྲིན་ལས་བཏང་སྟེ།  བཟླས་པའི་ཐོག་མར་ཛཔྲ་ཁང་དབྱེ།  བདག་མདུན་རྣམས་དམིགས་བཟླས་ཀྱིས་ཁྱབ་པར་བྱས་ལ།  རྩ་སྔགས་ཅི་འགྲུབ་བཟླ།)  བདག་མདུན་(2ན)གཙོ་འཁོར་རྣམས་ཀྱི་སྐུ་ལས་ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་རང་གཞན་གྱི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་འོད་ཟེར་ཐིག་ལེ་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ཏེ་བདག་གནས་སྒྲུབ་པའི་རྫས་ལ་ཐིམ་པར་(བསམ་ལ།    གཞུང་གསལ་ཚེ་འགུགས་ལན་གསུམ་སོགས་གྱེར་ཞིང་སྟོང་ཚོག་མཆོད་བསྟོད་འབུལ།  རིག་པའི་མེ་ཏོག་དོར་ཞིང་སློབ་མ་འཇུག་པར་གནང་བར་ཞུ་བ་བཅས་སོང་ནས།  གཉིས་པ་དངོས་གཞི་དབང་བསྐུར་བ་ལ་སློབ་མ་རྣམས་ལས་ཁྲུས་བྱ།  བགེགས་གཏོར་བྱིན་གྱིས་བརླབས་ནས་ལས་བྱང་ལྟར་བགེགས་གཏོར་བཏང་ཞིང་སྲུང་འཁོར་བསྒོམ།  གྲལ་དུ་འཁོད་དེ་སེམས་བསྐྱེད་གསལ་གདབ་སྤྱི་ལྟར་སོང་ནས་ཆོས་བཤད་ཀྱི་ཁྱད་(2བ)པར།)དེ་ཡང་ཇི་སྐད་དུ།  སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཞལ་སྔ་ནས།  འཁོར་བར་སྲོག་ལས་གཅེས་པ་ནི།  །འགའ་ཡང་ཡོད་པ་མ་ཡིན་ཏེ།  །དེ་བས་མྱུར་དུ་ཐབས་མང་པོས།  །འཆི་བ་བསླུ་བ་ཡང་དག་བརྩམ།  །ཞེས་གསུངས་པ་ལྟར།  འཆི་བ་བསླུ་བའི་ཐབས་མདོ་རྒྱུད་བསྟན་བཅོས་རྣམས་སུ་མཐའ་ཀླས་པར་གསུངས་པ་ལས།  ད་ལམ་སྐབས་སུ་བབ་པར།  དུས་གསུམ་ཀུན་མཁྱེན་མ་ཧཱ་གུ་རུའི་ཐུགས་ཏིག  །པདྨ་ཟབ་པ་རྩ་བའི་རྒྱུད་དང་རྗེས་སུ་འབྲེལ་བའི་ཐུན་མོང་ཚེ་ཡི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པའི་རིམ་པ་རྣམས་སྔོན་དུ་ལེགས་པར་སོང་བ་ཡིན་པས།  །ཁྱེད་རྣམས་ཀྱི་བྱ་བའི་ཐོག་མར་འཆི་མེད་ཚེ་ཡི་དབང་བསྐུར་གསན་པའི་ཆེད་དུ་མཎྜལ།  དེ་ལྟར་མཎྜལ་གྱིས་མཚམས་སྦྱོར་ནས།  བླ་མ་དང་གཉིས་སུ་མེད་པའི་སྐྱབས་ཡུལ་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས།    ན་མོ༔  གདོད་ནས་དག་པ་(སོགས་ལན་གསུམ།)ཡུལ་མཆོག་དེ་དག་གི་སྤྱན་སྔར།  སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱིས་སེམས་བསྐྱེད་པ་འདིའི་རྗེས་ཟློས།  ཧོཿ    མེད་བཞིན་སྣང་བ་འཁྲུལ་པའི་འགྲོ༔  (སོགས་གསུམ།)  རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས།  འཆི་མེད་ཚེ་ཡི་ལྷ་སོགས་(3ན)(ལན་གསུམ།)ཁྱད་པར་འཆི་མེད་ཚེ་ཡི་དབང་བསྐུར་ཞུ་བའི་ཆེད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས།  ཀྱེ་ཧོཿ  ཐུགས་རྗེའི་བདག་ཉིད་སློབ་དཔོན་གྱིས༔  བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔  འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ༔  མ་སྨིན་སྨིན་བྱེད་དབང་བསྐུར་སྩོལ༔  (ལན་གསུམ།)དེ་ནས་དབང་གི་གཞི་འགོད་པར་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད།  (ལས་སྔགས་ཀྱིས་བསང་།)  སྭ་བྷཱ་ཝ(ས་སྦྱང་།)སྒོ་གསུམ་དངོས་འཛིན་མི་དམིགས་པར༔  སློབ་མ་དཔལ་ཆེན་ཧེ་རུ་ཀ༔    རྟ་མཆོག་རྒྱལ་པོར་གསལ་བ་ཡི༔    སྙིང་ཁར་ཆུ་སྐྱེས་ཉི་ཟླའི་དབུས༔    འཆི་མེད་ཡེ་ཤེས་ཚེ་དཔག་མེད༔  དེ་ཡི་ཐུགས་ཀར་མཁའ་འགྲོ་མ༔    གསང་བ་ཡེ་ཤེས་དམར་གསལ་མདངས༔  ཌཱ་རུ་དཀྲོལ་ཞིང་ཐོད་ཆང་བསྣམས༔    འོད་དམར་ཞགས་པས་བསྐོར་བ་ཡི༔    གསང་བར་གཡུང་དྲུང་རིས་དམར་པོ༔  གཡོན་ཕྱོགས་དྲག་ཏུ་འཁོར་བ་ལས༔    མཁའ་འགྲོ་བདེ་བའི་གར་དང་སྒྲས༔    སྲས་བཅས་རྒྱལ་རྣམས་དབང་མེད་བཀུག༔    སློབ་མའི་ལུས་ལ་ཐིམ་པར་(བསམ༔  སྤྲོ་ན་བྱིན་འབེབས་དབྱངས་དང་བཅས་གྱེར་ལ།  སྔགས་མཐར།)སྟྭམྦྷ་ཡ།  སྟྭམྦྷ་ཡ།  ར་ར།  ར་ར།  ཙ་ལ་ཡ།  ཙ་ལ་ཡ།  ཧྲིཾ་ཧྲིཾ།  ཕེཾ་ཕེཾ།  ཧཱུཾ་ཧ་ཨ་ཛྷཱེཾ༔  (ཞེས་རོལ་མོའི་སྒྲ་དང་བཅས་ཏེ་བྱིན་དབབ།)(3བ)ཏིཥྛ་བཛྲ།  (ཞེས་རྡོ་རྗེ་མེ་ཏོག་དང་བཅས་སྤྱི་བོར་བཞག་སྟེ་བརྟན་པར་བྱ།)  དངོས་གཞི་དབང་བསྐུར་བ་ལ་ཐོག་མར་ཚེ་བཅུད་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག  །བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དང་།  ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་པས་སྟོང་གསུམ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་པས།  ས་ཆུ་མེ་རླུང་སོགས་འབྱུང་བ་ཆེན་པོ་བཞིའི་བཅུད་དྭངས་མ།    ནང་བཅུད་ཀྱི་སེམས་ཅན་ཕྱོགས་སྐྱོང་།  རྒྱལ་མཚན་ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་ཀྱི་ཚེ་དང་བསོད་ནམས།    ཉན་ཐོས།  རང་རྒྱལ་རྣམས་ཀྱི་ཚེ་ཡི་བྱིན་རླབས།    ཁྱད་པར་བསྒྲུབ་བྱ་རྣམས་ཀྱི་བླ་ཚེ་ཡར་བ།    འཐོར་བ།  བྱད་མ་གདོན་བགེགས་འབྱུང་པོས་རྐུ་འཕྲོག་ཁྱེར་བ་ཐམས་ཅད་དྭངས་མའི་ཐིག་ལེ་འོད་ཟེར་ཁ་དོག་སྣ་ཚོགས་སྲོག་རྟེན་ཨ་ནྲྀ་ཧཱུྃ་གསུམ་གྱི་རྣམ་པར་དཔག་ཏུ་མེད་པར་སྤྱན་དྲངས་ཏེ་མདུན་བསྐྱེད་སྒྲུབ་རྫས་རྣམས་ལ་སིབ་སིབ་ཐིམ་པས།  གྲིབ་པའི་དངུལ་ཆུ་བཞིན་དུ་དགེ་ལེགས་(4ན)དཔལ་ཡོན་གྱི་སྣང་བ་མཆོག་ཏུ་འབར་བའི་དྭངས་མ་ཐིག་ལེ་ཆེན་པོར་གྱུར་(པར་བསམ་ལ་ཚེ་འགུགས་དབྱངས་དང་བཅས་ཏེ་གྱེར།)  དེ་ནས་ཚེ་ཡི་འབྲང་རྒྱས་འདི་ཉིད་སྣོད་བཅུད་ཡོངས་རྫོགས་རབ་འབྱམས་ཚེ་ལྷའི་དཀྱིལ་འཁོར་ཆེན་པོར་གསལ་བར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་ལྷ་ཚོགས་རྣམས་ཀྱི་གནས་གསུམ་དང་གཙོ་བོའི་ཕྱག་མཚན་ཚེ་བུམ་དང་གསང་བའི་སྦྱོར་མཚམས་ནས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས།  ཁྱེད་རང་གི་ལུས་ཀྱི་ནང་ཐམས་ཅད་གང་།    དབང་བཞིའི་རིམ་པ་ཐོད་བརྒལ་དུ་ཐོབ།  སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ཚེ་ཡི་དངོས་གྲུབ་ཐམས་ཅད་ཐོབ་པའི་མོས་པ་མཛོད་ཅིང་།  ཨོཾ།  མི་འགྱུར་སྙིང་པོ་འོད་གསལ་བ༔  རྡོ་རྗེའི་རང་བཞིན་འཕོ་འགྱུར་བྲལ༔    ལྷར་སྣང་ཡེ་ཤེས་ཕྱག་རྒྱ་ཆེ༔    སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔  ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔  (ཞེས་སྤྱི་བོར་བཞག་ཅིང་དབང་བསྐུར།)ལག་གཡས་སུ་ཐབས་ཤེས་ཀྱི་རྫས་ཚེ་ཡི་རིལ་བུ་བྱིན་པ་མྱང་བས་བདེ་ཆེན་རྡོ་རྗེའི་ཚེ་ལ་མངའ་བརྙེས་པའི་མོས་པ་མཛོད་ཅིག༔    ཨོཾ༔    བཀྲ་ཤིས་སྙིང་པོ་ཚེ་ཡི་སྲོག༔  རྟག་པ་དམ་པ་རྡོ་རྗེའི་སྲོག༔  གྲུབ་པའི་བཅུད་ལེན་འཆི་མེད་དབྱིག༔    མྱང་བས་ཡེ་ཤེས་མཆོག་ཐོབ་(བསམ༔)  ཨོཾ་བཛྲ་ཨ་ཡུ་ཥེ་སིདྡྷི་ཕ་ལ་ཧཱུྃ༔  ལག་གཡོན་དུ་ཤེས་རབ་ཀྱི་(4བ)རྫས་ཚེ་ཡི་བདུད་རྩི་བྱིན་པ་ལ་བརྟེན།  རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཆེན་པོའི་ཚེ་ལ་མངའ་བརྙེས་པའི་མོས་པ་མཛོད་ཅིག  །ཨོཾ༔  བཀྲ་ཤིས་སྙིང་པོ་(སོགས་ནས།)  སིདྡྷི་ཕ་ལ་ཧཱུྃ༔  དེ་ལྟར་ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩིས་གང་བ་དྭངས་མའི་དྭངས་མ་ཐམས་ཅད་ཁྱེད་རང་རྟ་མགྲིན་དུ་གསལ་བའི་སྙིང་གར་ཧཱུྃ་གི་ཁོག་པར་ནྲྀ་ཡིག་ཨས་མཚན་པ་ལ་ཐིམ་པས་འཆི་མེད་རྡོ་རྗེའི་སྲོག་འགྲུབ།    ཚེ་རྟེན་འདི་ཉིད་ཡི་གེ་ཧཱུྃ་ཁ་སྦྱོར་གྱིས་རྒྱས་བཏབ་པས་གཞོམ་ཞིག་འཕོ་འགྱུར་དང་བྲལ་བའི་རྡོ་རྗེའི་ཚེ་ཐོབ་པའི་མོས་པ་མཛོད་ཅིག  །ཨཱཿ  འབྱུང་ལྔའི་ཁམས་ནས་ཡར་བའི་ཚེ༔    ཡུམ་ལྔའི་ཀློང་དུ་ཕྱག་རྒྱས་བཏབ༔    འཕོ་འགྱུར་མེད་པ་རྡོ་རྗེའི་ཚེ༔    གཞོམ་མེད་ཀློང་དུ་ཨ་ཏི་ཧོཿ  (ཞེས་མདའ་དར་སྤྱི་བོར་རྒྱ་གྲམ་དུ་བཞག་ཅིང་རྒྱས་གདབ།)  དེ་ལྟར་འཆི་མེད་ཚེ་ཡི་དབང་བསྐུར་ཡོངས་སུ་རྫོགས་པ་ལ་ནམ་མཁའ་གང་བའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཤིས་པ་བརྗོད་པས་མངའ་གསོལ་བའི་མོས་པ་མཛོད་ཅིག  །(ཅེས་བརྗོད་ལ།  དཀོན་མཆོག་གསུམ་གྱི་བཀྲ་ཤིས་སོགས་བརྗོད།  རྗེས་ཀྱི་རིམ་པ་ལ།  དམ་ཚིག་ཁས་བླངས།  གཏང་རག་འབུལ་བ།  དགེ་བ་བསྔོ་བ་སོགས་སྤྱི་ལྟར་བྱས་པས་འགྲུབ་བོ།  །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་(5ན)འགྲོ་ཀུན་འཆི་བའི་འཇིགས་པ་ལས་མྱུར་དུ་གྲོལ་བའི་རྒྱུར་གྱུར་ཅིག  །སརྦ་མངྒ་ལཾ།།    །།)}}
</onlyinclude>
{{TsagliCall}}
<headertabs/>

Revision as of 05:35, 1 June 2024

Wylie title DJYD-KABUM-24-YA-013.pdf
Location bdud 'joms rin po che bka' 'bum
Volume 24, Text 13, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
༄༅། །པདྨ་གསང་བའི་ཐིག་ལེ་ལས། ཐུན་མོང་ཚེ་ཡི་དབང་བསྐུར་

འཆི་མེད་གྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། །

(1བ)ན་མོ་པདྨ་ཀཱ་ར་ཡེ། (དཀྱིལ་འཁོར་ཀུན་གྱི་ཁྱབ་པའི་བདག །འཆི་མེད་པདྨ་སམྦྷ་ཝར། །སྒོ་གསུམ་གུས་པས་རབ་བཏུད་དེ། །ཚེ་ཡི་དབང་བསྐུར་འཇུག་བདེར་བསྡེབས། །འདི་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། སྟེགས་བུའི་ཁར་མཎྜལ་ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་མཉྫིའི་ཁར་ཚེ་འབྲང་བུམ་གཟུགས་རྒྱན་སྤྲོས་ཅན། གཡས་གཡོན་དུ་ཐབས་ཤེས་ཀྱི་རྫས། ཚེ་རིལ། ཚེ་ཆང་། མདའ་དར། སྨན་རཀ་གཏོར་གསུམ། ཉེར་སྤྱོད། སྔོན་འགྲོའི་གཏོར་མ་སོགས་དགོས་པའི་ཡོ་བྱད་འདུ་བྱའོ། །དེ་ནས་འཆི་མེད་ཚེའི་ཕྲིན་ལས་བཏང་སྟེ། བཟླས་པའི་ཐོག་མར་ཛཔྲ་ཁང་དབྱེ། བདག་མདུན་རྣམས་དམིགས་བཟླས་ཀྱིས་ཁྱབ་པར་བྱས་ལ། རྩ་སྔགས་ཅི་འགྲུབ་བཟླ།) བདག་མདུན་(2ན)གཙོ་འཁོར་རྣམས་ཀྱི་སྐུ་ལས་ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་རང་གཞན་གྱི་བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་འོད་ཟེར་ཐིག་ལེ་ཁ་དོག་ལྔ་ལྡན་གྱི་རྣམ་པར་བསྡུས་ཏེ་བདག་གནས་སྒྲུབ་པའི་རྫས་ལ་ཐིམ་པར་(བསམ་ལ། གཞུང་གསལ་ཚེ་འགུགས་ལན་གསུམ་སོགས་གྱེར་ཞིང་སྟོང་ཚོག་མཆོད་བསྟོད་འབུལ། རིག་པའི་མེ་ཏོག་དོར་ཞིང་སློབ་མ་འཇུག་པར་གནང་བར་ཞུ་བ་བཅས་སོང་ནས། གཉིས་པ་དངོས་གཞི་དབང་བསྐུར་བ་ལ་སློབ་མ་རྣམས་ལས་ཁྲུས་བྱ། བགེགས་གཏོར་བྱིན་གྱིས་བརླབས་ནས་ལས་བྱང་ལྟར་བགེགས་གཏོར་བཏང་ཞིང་སྲུང་འཁོར་བསྒོམ། གྲལ་དུ་འཁོད་དེ་སེམས་བསྐྱེད་གསལ་གདབ་སྤྱི་ལྟར་སོང་ནས་ཆོས་བཤད་ཀྱི་ཁྱད་(2བ)པར།)དེ་ཡང་ཇི་སྐད་དུ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཞལ་སྔ་ནས། འཁོར་བར་སྲོག་ལས་གཅེས་པ་ནི། །འགའ་ཡང་ཡོད་པ་མ་ཡིན་ཏེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བ་ཡང་དག་བརྩམ། །ཞེས་གསུངས་པ་ལྟར། འཆི་བ་བསླུ་བའི་ཐབས་མདོ་རྒྱུད་བསྟན་བཅོས་རྣམས་སུ་མཐའ་ཀླས་པར་གསུངས་པ་ལས། ད་ལམ་སྐབས་སུ་བབ་པར། དུས་གསུམ་ཀུན་མཁྱེན་མ་ཧཱ་གུ་རུའི་ཐུགས་ཏིག །པདྨ་ཟབ་པ་རྩ་བའི་རྒྱུད་དང་རྗེས་སུ་འབྲེལ་བའི་ཐུན་མོང་ཚེ་ཡི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པའི་རིམ་པ་རྣམས་སྔོན་དུ་ལེགས་པར་སོང་བ་ཡིན་པས། །ཁྱེད་རྣམས་ཀྱི་བྱ་བའི་ཐོག་མར་འཆི་མེད་ཚེ་ཡི་དབང་བསྐུར་གསན་པའི་ཆེད་དུ་མཎྜལ། དེ་ལྟར་མཎྜལ་གྱིས་མཚམས་སྦྱོར་ནས། བླ་མ་དང་གཉིས་སུ་མེད་པའི་སྐྱབས་ཡུལ་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ན་མོ༔ གདོད་ནས་དག་པ་(སོགས་ལན་གསུམ།)ཡུལ་མཆོག་དེ་དག་གི་སྤྱན་སྔར། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱིས་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿ མེད་བཞིན་སྣང་བ་འཁྲུལ་པའི་འགྲོ༔ (སོགས་གསུམ།) རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། འཆི་མེད་ཚེ་ཡི་ལྷ་སོགས་(3ན)(ལན་གསུམ།)ཁྱད་པར་འཆི་མེད་ཚེ་ཡི་དབང་བསྐུར་ཞུ་བའི་ཆེད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོཿ ཐུགས་རྗེའི་བདག་ཉིད་སློབ་དཔོན་གྱིས༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ༔ མ་སྨིན་སྨིན་བྱེད་དབང་བསྐུར་སྩོལ༔ (ལན་གསུམ།)དེ་ནས་དབང་གི་གཞི་འགོད་པར་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། (ལས་སྔགས་ཀྱིས་བསང་།) སྭ་བྷཱ་ཝ(ས་སྦྱང་།)སྒོ་གསུམ་དངོས་འཛིན་མི་དམིགས་པར༔ སློབ་མ་དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོར་གསལ་བ་ཡི༔ སྙིང་ཁར་ཆུ་སྐྱེས་ཉི་ཟླའི་དབུས༔ འཆི་མེད་ཡེ་ཤེས་ཚེ་དཔག་མེད༔ དེ་ཡི་ཐུགས་ཀར་མཁའ་འགྲོ་མ༔ གསང་བ་ཡེ་ཤེས་དམར་གསལ་མདངས༔ ཌཱ་རུ་དཀྲོལ་ཞིང་ཐོད་ཆང་བསྣམས༔ འོད་དམར་ཞགས་པས་བསྐོར་བ་ཡི༔ གསང་བར་གཡུང་དྲུང་རིས་དམར་པོ༔ གཡོན་ཕྱོགས་དྲག་ཏུ་འཁོར་བ་ལས༔ མཁའ་འགྲོ་བདེ་བའི་གར་དང་སྒྲས༔ སྲས་བཅས་རྒྱལ་རྣམས་དབང་མེད་བཀུག༔ སློབ་མའི་ལུས་ལ་ཐིམ་པར་(བསམ༔ སྤྲོ་ན་བྱིན་འབེབས་དབྱངས་དང་བཅས་གྱེར་ལ། སྔགས་མཐར།)སྟྭམྦྷ་ཡ། སྟྭམྦྷ་ཡ། ར་ར། ར་ར། ཙ་ལ་ཡ། ཙ་ལ་ཡ། ཧྲིཾ་ཧྲིཾ། ཕེཾ་ཕེཾ། ཧཱུཾ་ཧ་ཨ་ཛྷཱེཾ༔ (ཞེས་རོལ་མོའི་སྒྲ་དང་བཅས་ཏེ་བྱིན་དབབ།)(3བ)ཏིཥྛ་བཛྲ། (ཞེས་རྡོ་རྗེ་མེ་ཏོག་དང་བཅས་སྤྱི་བོར་བཞག་སྟེ་བརྟན་པར་བྱ།) དངོས་གཞི་དབང་བསྐུར་བ་ལ་ཐོག་མར་ཚེ་བཅུད་འགུགས་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དང་། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་པས་སྟོང་གསུམ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་བར་འཕྲོས་པས། ས་ཆུ་མེ་རླུང་སོགས་འབྱུང་བ་ཆེན་པོ་བཞིའི་བཅུད་དྭངས་མ། ནང་བཅུད་ཀྱི་སེམས་ཅན་ཕྱོགས་སྐྱོང་། རྒྱལ་མཚན་ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར་བའི་རྒྱལ་པོ་སོགས་ཀྱི་ཚེ་དང་བསོད་ནམས། ཉན་ཐོས། རང་རྒྱལ་རྣམས་ཀྱི་ཚེ་ཡི་བྱིན་རླབས། ཁྱད་པར་བསྒྲུབ་བྱ་རྣམས་ཀྱི་བླ་ཚེ་ཡར་བ། འཐོར་བ། བྱད་མ་གདོན་བགེགས་འབྱུང་པོས་རྐུ་འཕྲོག་ཁྱེར་བ་ཐམས་ཅད་དྭངས་མའི་ཐིག་ལེ་འོད་ཟེར་ཁ་དོག་སྣ་ཚོགས་སྲོག་རྟེན་ཨ་ནྲྀ་ཧཱུྃ་གསུམ་གྱི་རྣམ་པར་དཔག་ཏུ་མེད་པར་སྤྱན་དྲངས་ཏེ་མདུན་བསྐྱེད་སྒྲུབ་རྫས་རྣམས་ལ་སིབ་སིབ་ཐིམ་པས། གྲིབ་པའི་དངུལ་ཆུ་བཞིན་དུ་དགེ་ལེགས་(4ན)དཔལ་ཡོན་གྱི་སྣང་བ་མཆོག་ཏུ་འབར་བའི་དྭངས་མ་ཐིག་ལེ་ཆེན་པོར་གྱུར་(པར་བསམ་ལ་ཚེ་འགུགས་དབྱངས་དང་བཅས་ཏེ་གྱེར།) དེ་ནས་ཚེ་ཡི་འབྲང་རྒྱས་འདི་ཉིད་སྣོད་བཅུད་ཡོངས་རྫོགས་རབ་འབྱམས་ཚེ་ལྷའི་དཀྱིལ་འཁོར་ཆེན་པོར་གསལ་བར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་ལྷ་ཚོགས་རྣམས་ཀྱི་གནས་གསུམ་དང་གཙོ་བོའི་ཕྱག་མཚན་ཚེ་བུམ་དང་གསང་བའི་སྦྱོར་མཚམས་ནས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས། ཁྱེད་རང་གི་ལུས་ཀྱི་ནང་ཐམས་ཅད་གང་། དབང་བཞིའི་རིམ་པ་ཐོད་བརྒལ་དུ་ཐོབ། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ཚེ་ཡི་དངོས་གྲུབ་ཐམས་ཅད་ཐོབ་པའི་མོས་པ་མཛོད་ཅིང་། ཨོཾ། མི་འགྱུར་སྙིང་པོ་འོད་གསལ་བ༔ རྡོ་རྗེའི་རང་བཞིན་འཕོ་འགྱུར་བྲལ༔ ལྷར་སྣང་ཡེ་ཤེས་ཕྱག་རྒྱ་ཆེ༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་རོ༔ ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ (ཞེས་སྤྱི་བོར་བཞག་ཅིང་དབང་བསྐུར།)ལག་གཡས་སུ་ཐབས་ཤེས་ཀྱི་རྫས་ཚེ་ཡི་རིལ་བུ་བྱིན་པ་མྱང་བས་བདེ་ཆེན་རྡོ་རྗེའི་ཚེ་ལ་མངའ་བརྙེས་པའི་མོས་པ་མཛོད་ཅིག༔ ཨོཾ༔ བཀྲ་ཤིས་སྙིང་པོ་ཚེ་ཡི་སྲོག༔ རྟག་པ་དམ་པ་རྡོ་རྗེའི་སྲོག༔ གྲུབ་པའི་བཅུད་ལེན་འཆི་མེད་དབྱིག༔ མྱང་བས་ཡེ་ཤེས་མཆོག་ཐོབ་(བསམ༔) ཨོཾ་བཛྲ་ཨ་ཡུ་ཥེ་སིདྡྷི་ཕ་ལ་ཧཱུྃ༔ ལག་གཡོན་དུ་ཤེས་རབ་ཀྱི་(4བ)རྫས་ཚེ་ཡི་བདུད་རྩི་བྱིན་པ་ལ་བརྟེན། རྣམ་ཀུན་མཆོག་ལྡན་ཡེ་ཤེས་ཆེན་པོའི་ཚེ་ལ་མངའ་བརྙེས་པའི་མོས་པ་མཛོད་ཅིག །ཨོཾ༔ བཀྲ་ཤིས་སྙིང་པོ་(སོགས་ནས།) སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་ལུས་ཀྱི་ནང་ཐམས་ཅད་འཆི་མེད་ཚེ་ཡི་བདུད་རྩིས་གང་བ་དྭངས་མའི་དྭངས་མ་ཐམས་ཅད་ཁྱེད་རང་རྟ་མགྲིན་དུ་གསལ་བའི་སྙིང་གར་ཧཱུྃ་གི་ཁོག་པར་ནྲྀ་ཡིག་ཨས་མཚན་པ་ལ་ཐིམ་པས་འཆི་མེད་རྡོ་རྗེའི་སྲོག་འགྲུབ། ཚེ་རྟེན་འདི་ཉིད་ཡི་གེ་ཧཱུྃ་ཁ་སྦྱོར་གྱིས་རྒྱས་བཏབ་པས་གཞོམ་ཞིག་འཕོ་འགྱུར་དང་བྲལ་བའི་རྡོ་རྗེའི་ཚེ་ཐོབ་པའི་མོས་པ་མཛོད་ཅིག །ཨཱཿ འབྱུང་ལྔའི་ཁམས་ནས་ཡར་བའི་ཚེ༔ ཡུམ་ལྔའི་ཀློང་དུ་ཕྱག་རྒྱས་བཏབ༔ འཕོ་འགྱུར་མེད་པ་རྡོ་རྗེའི་ཚེ༔ གཞོམ་མེད་ཀློང་དུ་ཨ་ཏི་ཧོཿ (ཞེས་མདའ་དར་སྤྱི་བོར་རྒྱ་གྲམ་དུ་བཞག་ཅིང་རྒྱས་གདབ།) དེ་ལྟར་འཆི་མེད་ཚེ་ཡི་དབང་བསྐུར་ཡོངས་སུ་རྫོགས་པ་ལ་ནམ་མཁའ་གང་བའི་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་ཤིས་པ་བརྗོད་པས་མངའ་གསོལ་བའི་མོས་པ་མཛོད་ཅིག །(ཅེས་བརྗོད་ལ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་སོགས་བརྗོད། རྗེས་ཀྱི་རིམ་པ་ལ། དམ་ཚིག་ཁས་བླངས། གཏང་རག་འབུལ་བ། དགེ་བ་བསྔོ་བ་སོགས་སྤྱི་ལྟར་བྱས་པས་འགྲུབ་བོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་བདུད་འཇོམས་ནམ་མཁའི་རྡོ་རྗེས་བྲིས་པ་(5ན)འགྲོ་ཀུན་འཆི་བའི་འཇིགས་པ་ལས་མྱུར་དུ་གྲོལ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།)