DJYD-KABUM-24-YA-023: Difference between revisions

From Dudjom Wiki
DJYD-KABUM-24-YA-023
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
(1ན)མ་ཧཱ་གུ་རུའི་གསང་སྒྲུབ་མཚོ་སྐྱེས་ཐུགས་ཐིག་གི་རྩ་བའི་དམིགས་གནད་ནི།    བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བར་སྣ་ཚོགས་པདྨ་ཉི་ཟླའི་སྟེང་དུ་རང་རིག་ཧྲཱིཿལས་པདྨ་ཐོད་ཕྲེང་རྩལ་གྱི་སྐུར་གྱུར་པ་ནི།    སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ལོ་བརྒྱད་ལོན་པའི་ན་ཚོད་ཅན།  འཛུམ་ཞིང་ཆགས་པའི་ཉམས་ཞལ་དང་།    ཅུང་ཟད་ཁྲོས་པའི་ཉམས་སྤྱན་ལ་ཡོད་པ།    ཕྱག་གཡས་སྡིག་མཛུབ་ཚུལ་གྱིས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀའི་སྟོད་དུ་འཛིན་ཅིང་།    གཡོན་ཡུམ་གྱི་སྐེད་ནས་འཁྲིལ་བའི་རྒྱབ་ནས་རང་གི་ལྟེ་འོག་ཐད་དུ་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པ།    ཐོར་ཚུགས་རིན་ཆེན་འབར་བའི་རྩེ་བྲན་དང་།    ཧེ་རུ་ཀའི་ཆ་བྱད་ཐོད་སྐམ་རིགས་ལྔའི་དབུ་རྒྱན་ནོར་བུ་འབར་བའི་རྩེ་བྲན་ཅན།    ཕྱག་ཞབས་ཀྱི་གདུ་བུ།  སྙན་རྒྱན།  མགུལ་རྒྱན་སོགས་དང་།    སྟག་ཤམ་རུས་རྒྱན་དྲིལ་གཡེར་དར་དཔྱངས་ཅོད་པན་རྣམས་ཀྱིས་སྤྲས་པ།    ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་པང་དུ་ཡུམ་མནྡྷ་ར་བ་སྐུ་མདོག་དཀར་ལ་ཅུང་ཟད་དམར་བའི་མདངས་ཅན་ཞི་འཛུམ་མཉེན་ལྕུགས་འཁྲིལ་ལྡེམ་དགྱེས་ཆགས་ཟིམ་བུའི་སྤྱན་གྱིས་(1བ)ཡབ་ཀྱི་ཞལ་ལ་བལྟ་བ།  གཡས་མདའ་དར་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་།  གཡོན་ཚེ་བུམ་ཡབ་ཀྱི་ཕྲག་གཡས་ཐད་དུ་འདེགས་པ།  ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བའི་ཞབས་མཐིལ་གཉིས་ཁ་སྦྱར་བ་པདྨའི་སྐྱིལ་ཀྲུང་ཅན།    དབུ་སྐྲ་སིལ་བུར་གྲོལ་ཞིང་རིན་པོ་ཆེའི་རྒྱན་ཆས་སྒེག་པ།  དར་གྱི་སྨད་དཀྲིས་དང་དར་དཔྱངས་ཅན།  གཉིས་ཀའང་འཇའ་ཟེར་འོད་གུར་འཁྱིལ་བའི་དཀྱིལ་ན་དགྱེས་ཉམས་བདེ་བ་ཆེན་པོར་རོལ་པ།  དེ་ལྟར་གསལ་བའི་ཕུང་པོ་ལྔ་རྒྱལ་བ་ཡབ་ལྔ།    ཁམས་ལྔ་དབྱིངས་ཕྱུག་ཡུམ་ལྔ།    སྐྱེ་མཆེད་དབང་ཡུལ་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད།    ཡན་ལག་སྒོ་སྐྱོང་ཕོ་མོ་སྟེ་དག་མཉམ་ལྷའི་འཁོར་ལོ་མ་བསྐྱེད་ཡེ་རྫོགས་ཆེན་པོར་གསལ་གདབ།  །
{{Text
     ༈    ཚེ་སྒྲུབ་སྐབས་རང་ཉིད་སྐུ་མདོག་ཕྱག་མཚན་གང་ཡང་བསྒྱུར་མི་དགོས་ཤིང་།  ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་མགྱོགས་མ་དཀར་སེར་དམར་ལྗང་མཐིང་གའི་ཚོགས་གནམ་ས་བར་སྣང་གང་བར་འཕྲོས་པས།  དེ་དག་གིས་ཕྱི་འབྱུང་ལྔའི་དྭངས་བཅུད།  ནང་སྲིད་ཞིའི་ཁམས་ཀྱི་ཚེ་བཅུད།    གསང་བ་སྲས་བཅས་རྒྱལ་བའི་མཁྱེན་བརྩེ་ཡེ་(2ན)ཤེས་ཀྱི་ཚེ་བཅུད་ཐམས་ཅད་འོད་ལྔའི་རྣམ་པར་བསྡུས་ཏེ་རང་ལུས་དང་།  མདུན་དུ་ཚེ་རྫས་ཡོད་ན་དེ་ལ་ཐིམ་པར་བསམ་ལ་ཚེ་ཛཔྲ་བཟླའོ།  །ཞེས་པའང་ཛྙཱ་ནས་སོ།།  །།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|language=Tibetan
|pagestatus=Temporary stub only
|volumenumber=24
|volumeLetter=YA
|textnuminvol=023
|pdflink=File:DJYD-KABUM-24-YA-023.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-24-YA
}}
<h1>Tibetan Text</h1>
<onlyinclude>
{{TibP|(1ན)མ་ཧཱ་གུ་རུའི་གསང་སྒྲུབ་མཚོ་སྐྱེས་ཐུགས་ཐིག་གི་རྩ་བའི་དམིགས་གནད་ནི།    བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བར་སྣ་ཚོགས་པདྨ་ཉི་ཟླའི་སྟེང་དུ་རང་རིག་ཧྲཱིཿལས་པདྨ་ཐོད་ཕྲེང་རྩལ་གྱི་སྐུར་གྱུར་པ་ནི།    སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ལོ་བརྒྱད་ལོན་པའི་ན་ཚོད་ཅན།  འཛུམ་ཞིང་ཆགས་པའི་ཉམས་ཞལ་དང་།    ཅུང་ཟད་ཁྲོས་པའི་ཉམས་སྤྱན་ལ་ཡོད་པ།    ཕྱག་གཡས་སྡིག་མཛུབ་ཚུལ་གྱིས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀའི་སྟོད་དུ་འཛིན་ཅིང་།    གཡོན་ཡུམ་གྱི་སྐེད་ནས་འཁྲིལ་བའི་རྒྱབ་ནས་རང་གི་ལྟེ་འོག་ཐད་དུ་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པ།    ཐོར་ཚུགས་རིན་ཆེན་འབར་བའི་རྩེ་བྲན་དང་།    ཧེ་རུ་ཀའི་ཆ་བྱད་ཐོད་སྐམ་རིགས་ལྔའི་དབུ་རྒྱན་ནོར་བུ་འབར་བའི་རྩེ་བྲན་ཅན།    ཕྱག་ཞབས་ཀྱི་གདུ་བུ།  སྙན་རྒྱན།  མགུལ་རྒྱན་སོགས་དང་།    སྟག་ཤམ་རུས་རྒྱན་དྲིལ་གཡེར་དར་དཔྱངས་ཅོད་པན་རྣམས་ཀྱིས་སྤྲས་པ།    ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་པང་དུ་ཡུམ་མནྡྷ་ར་བ་སྐུ་མདོག་དཀར་ལ་ཅུང་ཟད་དམར་བའི་མདངས་ཅན་ཞི་འཛུམ་མཉེན་ལྕུགས་འཁྲིལ་ལྡེམ་དགྱེས་ཆགས་ཟིམ་བུའི་སྤྱན་གྱིས་(1བ)ཡབ་ཀྱི་ཞལ་ལ་བལྟ་བ།  གཡས་མདའ་དར་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་།  གཡོན་ཚེ་བུམ་ཡབ་ཀྱི་ཕྲག་གཡས་ཐད་དུ་འདེགས་པ།  ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བའི་ཞབས་མཐིལ་གཉིས་ཁ་སྦྱར་བ་པདྨའི་སྐྱིལ་ཀྲུང་ཅན།    དབུ་སྐྲ་སིལ་བུར་གྲོལ་ཞིང་རིན་པོ་ཆེའི་རྒྱན་ཆས་སྒེག་པ།  དར་གྱི་སྨད་དཀྲིས་དང་དར་དཔྱངས་ཅན།  གཉིས་ཀའང་འཇའ་ཟེར་འོད་གུར་འཁྱིལ་བའི་དཀྱིལ་ན་དགྱེས་ཉམས་བདེ་བ་ཆེན་པོར་རོལ་པ།  དེ་ལྟར་གསལ་བའི་ཕུང་པོ་ལྔ་རྒྱལ་བ་ཡབ་ལྔ།    ཁམས་ལྔ་དབྱིངས་ཕྱུག་ཡུམ་ལྔ།    སྐྱེ་མཆེད་དབང་ཡུལ་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད།    ཡན་ལག་སྒོ་སྐྱོང་ཕོ་མོ་སྟེ་དག་མཉམ་ལྷའི་འཁོར་ལོ་མ་བསྐྱེད་ཡེ་རྫོགས་ཆེན་པོར་གསལ་གདབ།  །
     ༈    ཚེ་སྒྲུབ་སྐབས་རང་ཉིད་སྐུ་མདོག་ཕྱག་མཚན་གང་ཡང་བསྒྱུར་མི་དགོས་ཤིང་།  ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་མགྱོགས་མ་དཀར་སེར་དམར་ལྗང་མཐིང་གའི་ཚོགས་གནམ་ས་བར་སྣང་གང་བར་འཕྲོས་པས།  དེ་དག་གིས་ཕྱི་འབྱུང་ལྔའི་དྭངས་བཅུད།  ནང་སྲིད་ཞིའི་ཁམས་ཀྱི་ཚེ་བཅུད།    གསང་བ་སྲས་བཅས་རྒྱལ་བའི་མཁྱེན་བརྩེ་ཡེ་(2ན)ཤེས་ཀྱི་ཚེ་བཅུད་ཐམས་ཅད་འོད་ལྔའི་རྣམ་པར་བསྡུས་ཏེ་རང་ལུས་དང་།  མདུན་དུ་ཚེ་རྫས་ཡོད་ན་དེ་ལ་ཐིམ་པར་བསམ་ལ་ཚེ་ཛཔྲ་བཟླའོ།  །ཞེས་པའང་ཛྙཱ་ནས་སོ།།  །།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 05:35, 1 June 2024

Wylie title DJYD-KABUM-24-YA-023.pdf
Location bdud 'joms rin po che bka' 'bum
Volume 24, Text 23, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)མ་ཧཱ་གུ་རུའི་གསང་སྒྲུབ་མཚོ་སྐྱེས་ཐུགས་ཐིག་གི་རྩ་བའི་དམིགས་གནད་ནི། བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བར་སྣ་ཚོགས་པདྨ་ཉི་ཟླའི་སྟེང་དུ་རང་རིག་ཧྲཱིཿལས་པདྨ་ཐོད་ཕྲེང་རྩལ་གྱི་སྐུར་གྱུར་པ་ནི། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ལོ་བརྒྱད་ལོན་པའི་ན་ཚོད་ཅན། འཛུམ་ཞིང་ཆགས་པའི་ཉམས་ཞལ་དང་། ཅུང་ཟད་ཁྲོས་པའི་ཉམས་སྤྱན་ལ་ཡོད་པ། ཕྱག་གཡས་སྡིག་མཛུབ་ཚུལ་གྱིས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀའི་སྟོད་དུ་འཛིན་ཅིང་། གཡོན་ཡུམ་གྱི་སྐེད་ནས་འཁྲིལ་བའི་རྒྱབ་ནས་རང་གི་ལྟེ་འོག་ཐད་དུ་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་པ། ཐོར་ཚུགས་རིན་ཆེན་འབར་བའི་རྩེ་བྲན་དང་། ཧེ་རུ་ཀའི་ཆ་བྱད་ཐོད་སྐམ་རིགས་ལྔའི་དབུ་རྒྱན་ནོར་བུ་འབར་བའི་རྩེ་བྲན་ཅན། ཕྱག་ཞབས་ཀྱི་གདུ་བུ། སྙན་རྒྱན། མགུལ་རྒྱན་སོགས་དང་། སྟག་ཤམ་རུས་རྒྱན་དྲིལ་གཡེར་དར་དཔྱངས་ཅོད་པན་རྣམས་ཀྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་པང་དུ་ཡུམ་མནྡྷ་ར་བ་སྐུ་མདོག་དཀར་ལ་ཅུང་ཟད་དམར་བའི་མདངས་ཅན་ཞི་འཛུམ་མཉེན་ལྕུགས་འཁྲིལ་ལྡེམ་དགྱེས་ཆགས་ཟིམ་བུའི་སྤྱན་གྱིས་(1བ)ཡབ་ཀྱི་ཞལ་ལ་བལྟ་བ། གཡས་མདའ་དར་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་ཚེ་བུམ་ཡབ་ཀྱི་ཕྲག་གཡས་ཐད་དུ་འདེགས་པ། ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བའི་ཞབས་མཐིལ་གཉིས་ཁ་སྦྱར་བ་པདྨའི་སྐྱིལ་ཀྲུང་ཅན། དབུ་སྐྲ་སིལ་བུར་གྲོལ་ཞིང་རིན་པོ་ཆེའི་རྒྱན་ཆས་སྒེག་པ། དར་གྱི་སྨད་དཀྲིས་དང་དར་དཔྱངས་ཅན། གཉིས་ཀའང་འཇའ་ཟེར་འོད་གུར་འཁྱིལ་བའི་དཀྱིལ་ན་དགྱེས་ཉམས་བདེ་བ་ཆེན་པོར་རོལ་པ། དེ་ལྟར་གསལ་བའི་ཕུང་པོ་ལྔ་རྒྱལ་བ་ཡབ་ལྔ། ཁམས་ལྔ་དབྱིངས་ཕྱུག་ཡུམ་ལྔ། སྐྱེ་མཆེད་དབང་ཡུལ་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། ཡན་ལག་སྒོ་སྐྱོང་ཕོ་མོ་སྟེ་དག་མཉམ་ལྷའི་འཁོར་ལོ་མ་བསྐྱེད་ཡེ་རྫོགས་ཆེན་པོར་གསལ་གདབ། ། ༈ ཚེ་སྒྲུབ་སྐབས་རང་ཉིད་སྐུ་མདོག་ཕྱག་མཚན་གང་ཡང་བསྒྱུར་མི་དགོས་ཤིང་། ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་མགྱོགས་མ་དཀར་སེར་དམར་ལྗང་མཐིང་གའི་ཚོགས་གནམ་ས་བར་སྣང་གང་བར་འཕྲོས་པས། དེ་དག་གིས་ཕྱི་འབྱུང་ལྔའི་དྭངས་བཅུད། ནང་སྲིད་ཞིའི་ཁམས་ཀྱི་ཚེ་བཅུད། གསང་བ་སྲས་བཅས་རྒྱལ་བའི་མཁྱེན་བརྩེ་ཡེ་(2ན)ཤེས་ཀྱི་ཚེ་བཅུད་ཐམས་ཅད་འོད་ལྔའི་རྣམ་པར་བསྡུས་ཏེ་རང་ལུས་དང་། མདུན་དུ་ཚེ་རྫས་ཡོད་ན་དེ་ལ་ཐིམ་པར་བསམ་ལ་ཚེ་ཛཔྲ་བཟླའོ། །ཞེས་པའང་ཛྙཱ་ནས་སོ།། །།