DJYD-KABUM-24-YA-036: Difference between revisions

From Dudjom Wiki
DJYD-KABUM-24-YA-036
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
(1ན)དགེ་བསྐུལ་སློང་ཡིག་གི་ཟིན་བྲིས་ས་སྐྱ་ཁྲི་ཆེན་རིན་པོ་ཆེའི་གསུང་ཚབ་ཏུ་བྲིས་པ།    ཕུལ་བྱུང་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེར་ཞུགས་ཏེ་རིང་མོ་ཉིད་ནས་གཏོང་བ་རབ་ཏུ་གོམས་པའི་བྱང་ཆུབ་སེམས་དཔའ་རྒྱལ་པོ་དང་བློན་པོའི་ཚུལ་གྱིས་ཆོས་སྐྱོང་བ་དང་།  དགེ་བའི་བཤེས་གཉེན་གྱི་རྣམ་པར་བཞུགས་པ་དང་།  གཞན་ཡང་སྡོམ་བརྩོན་རབ་ཏུ་བྱུང་བ་དང་།  ཁྱིམ་ན་གནས་པ་དང་།    ཚོང་དཔོན་གྱི་གཟུགས་སུ་སྣང་བ་སོགས་གང་ཡང་སྦྱིན་པ་རྒྱ་མཚོའི་ཕ་རོལ་ཏུ་ཡང་དག་པར་གཤེགས་ནས་བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་སྐུ་བཟང་པོ་མངོན་པར་བདག་གིར་མཛད་པར་བཞེད་པ་ཀུན་ལ་གཡོ་སྒྱུ་མེད་པའི་སེམས་ཀྱིས་དོན་བཟང་དགེ་བའི་གཏམ་གྱི་འཕྲིན་ཆུང་ཞིག་གསོལ་ཞིང་ཟློ་བ།  རབ་དཀར་ཁ་བས་མཛེས་པའི་ས་འཛིན་མུ་ཏིག་དོ་ཤལ་ལྟ་བུས་ཡོངས་སུ་གཏམས་ཤིང་།  ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉེ་འོད་ལྟར་གསལ་བའི་ཞིང་ཁམས་གངས་ཅན་བོད་དུ་གྲགས་པའི་ལྗོངས་འདིར།  བདེ་བར་གཤེགས་པའི་རིང་ལུགས་འཆད་ཉན་སྒོམ་གསུམ་གྱིས་གཏན་ལ་འབེབས་པའི་བྱེད་པོ་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་རྣམས་ལེགས་པར་བསྟི་བའི་(1བ)གནས་མཆོག་དཔལ་ལྡན་ས་སྐྱ་ཞེས་སྙན་གྲགས་ཀྱི་འོད་སྣང་ཟླ་བ་གསར་པའི་ངང་ཚུལ་བཞིན་འཛུམ་པའི་གདན་ས་འདིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་རོལ་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་གང་གི་ཞབས་སེན་ནོར་བུའི་དོ་ཤལ་འཇམ་དབྱངས་གོང་མ་སེ་ཆེན་གྱི་དབུའི་ཅོད་པན་དུ་བཞེས་ཏེ་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་བའི་སྐབས་དེར།    ལུང་གིས་མངགས་པའི་དཔོན་ཆེན་ཤཱཀྱ་བཟང་པོ་ཞེས་དཔའ་མཛང་བརྟུལ་ཕོད་ཅན་གྱི་བློན་པོས་འདུ་བྱེད་བརྩམས་ཤིང་མི་དང་མི་མ་ཡིན་པའི་ལས་བྱེད་ཆོ་འཕྲུལ་སྣ་ཚོགས་ཀྱིས་བཞེངས་པའི་གཙུག་ལག་ཁང་སྤྲུལ་པའི་ལྷ་ཁང་ཆེན་མོར་གྲགས་པ་འདི་ཉིད་ཧ་ཅང་ཐོག་སྔས་བགྲང་བྱ་དུ་མས་བཀལ་སྟབས་གྱང་རྩིག་རྣམས་གས་རལ་ཡོ་འཁྱོམ་དང་།    ཤིང་ཆ་ཕལ་ཆེར་འབུ་ཟོས་རུལ་སྐྱོན་སོགས་ཉམས་གོག་གཅོང་ཟོམ་ཅི་ཆེའི་ཁར།    བར་ལམ་ལྔ་བདོ་རྒུད་པའི་ལྟས་ཀྱི་རྣམ་པས་རབ་རྒྱལ་ཤིང་བྱ་ཟླ་བ་དང་པོའི་ཚེས་ཉེར་གཅིག་སྲོད་དུས་གཙུག་ལག་ཁང་ནུབ་ཕྱོགས་ཀྱི་ཀ་བ་གཉིས་རང་བཞིན་སྙེམས་མེད་དུ་ཆག་སྟེ་སྟེང་ཤོད་རྡིབ་ཞོམ་གྱི་རྐྱེན་པས་ཕྱི་ནང་རྟེན་གསུམ་རྣམས་ལ་ཉམས་ཆག་རྒྱ་ཆེ་གང་མིན་བྱུང་སོང་བ་འདི་དག་གངས་ཅན་བསྟན་པའི་ཕྱིར་(2ན)མོ་གཅིག་པུར་གྱུར་པ་མ་ཟད།  བོད་ཁམས་ས་ཡི་མེ་བཙའ་སྟོད་ཧོར་དུ་རུ་ཀའི་ཁ་གནོན་དམིགས་ཀྱིས་བསལ་བར་བརྟེན་རང་བཞིན་ཉམས་དབང་སྙོམས་ལས་སུ་འཇོག་བློས་བཟོད་མིན་སྟབས།  བསྟན་པ་མཆོད་སྦྱིན་གྱི་མངའ་བདག་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོར་གསེར་སྙན་སྒྲོན་འབུལ་ལ་ཟབ་དགོངས་ཆེ་བཞེས་ཀྱིས་ཉམས་གསོའི་མཐུན་རྐྱེན་འབྲུ་དངུལ་སྤམ་ཆེ་གསོལ་རས་དང་འབྲེལ།  རྡོ་ཤིང་ལྷ་བྲིས་པ་སོགས་ཀྱིས་མཚོན་པའི་བཟོ་རིགས་དང་།  ལས་གཡོར་འུལ་མི་ཁྱོན་གྲངས་མི་ཉུང་བ་གཙང་རྫོང་ཁག་ནས་བསྐུལ་འཐུས་ཐོག    །ཨར་པོའི་དོ་དམ་གྲོ་སྤྱི་རིམ་བཞི་སྤོམ་མདའ་བར་བསྐོ་སྩལ་སོགས་སྐུ་དྲིན་ཟབ་མོས་རྗེས་སུ་བསྐྱངས་དང་སྐྱོང་མུས་རུང་།  ཆོས་རྗེས་ས་སྐྱ་པཎྜི་ཏ་ཆེན་པོས་བཞེངས་པའི་འཇམ་དབྱངས་གཟི་འོད་འབར་བའི་ཕོ་བྲང་དབུ་རྩེ་ལྷ་ཁང་སོགས་ངོ་མཚར་རྟེན་བཞིས་མཚོན་པའི་ལྷ་ཁང་རྣམས་དང་།    མཐའི་ཕྱོགས་མཚམས་ཀྱི་སྤེལ་ལྕོག་ལྕགས་རི་དང་བཅས་པ་ཁྱོན་ཆེ་ཁག་མང་སྡེབས་སུ་ཉམས་གསོ་ཞུ་དགོས་ལ།    ཤིང་ཆ་གང་ཡོད་གསར་བརྗེས་ཀྱི་ཤིང་རིན་དང་ཚོན་རྩིའི་རིན་བབ།  ལས་མིའི་འགོ་བྱེད་དབུ་མཛད་ནས་དམངས་འུལ་ཡན་མི་མང་ལས་རྒྱུན་(2བ)ཡུན་རིང་གི་གླ་ལྟོ་སོགས་དགོས་ཆ་ཕལ་ཆེར་གསར་བཞེངས་དང་ཁྱད་པར་མ་མཆིས་པའི་འགྲོ་སོང་རྒྱ་ཆེ་སྤམ་མཐོ་དགོས་ངེས་ལ་བརྟེན།  ས་སྐྱ་རང་ཁོངས་ནས་འཁོས་འབྱོར་གྱིས་རྒྱ་འུབ་འདུས་དཀར་བློས་འཁྱུད་མིན་སྟབས་ད་ཆ་བསྟན་པ་མཆོད་པའི་སྦྱིན་བདག་རྣམས་ལ་ཞལ་འདེབས་གཏོང་བའི་སྐབས་དབྱེ་བར་མི་གསོལ་མཐུ་མེད་བྱུང་ལགས་ན།  དེའང་ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་ལས།    བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་རྒྱུ་བ་གཅོད།    །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད།  །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱལ་བ་ཐོབ་པར་འགྱུར།    །ཞེས་སེར་སྣའི་དབང་གིས་ཡི་དྭགས་སུ་སྐྱེ་འགྱུར་གྱི་ལས་རྣམས་སྦྱིན་པར་བཏང་བས་གཅོད་པར་ནུས་ཤིང་།    དབུལ་ཕོངས་སོགས་ཉོན་མོངས་པ་ཐམས་ཅད་ལས་ཐར་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ན་ལོངས་སྤྱོད་མཐའ་ཡས་པར་འབྱུང་བར་གསུངས་པ་དང་།  སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པར།  སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་།  །མི་རྣམ་བདེ་བའང་ལོང་སྤྱོད་མེད་མིན་ལ།    །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས།  །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ།  །(3ན)ཞེས་གསུངས་པ་ལྟར།  བདེ་བའི་དཔལ་ལ་སྤྱོད་པ་འདོད་པ་རྣམས་ཀྱིས་བདེ་བ་དང་ལེགས་པའི་རྒྱུ་ལོངས་སྤྱོད་སྒྲུབ་པ་ལ་འབད་པར་རིགས་ཤིང་།    ལོངས་སྤྱོད་དེ་ཡང་རྒྱུ་མེད་པ་ལས་ཀྱང་མི་འབྱུང་ལ།  རྒྱུ་ཕྱིན་ཅི་ལོག་པ་ལས་ཀྱང་མི་འབྱུང་།    འོ་ན་གང་ལས་འབྱུང་ཞེ་ན།    རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་ལ་བརྟེན་ནས་འབྲས་བུ་ལོངས་སྤྱོད་ཀྱི་དཔལ་ཕུན་སུམ་ཚོགས་པ་འབྱུང་བ་སྟེ།  མདོ་སྡེ་རྒྱན་ལས།  སྦྱིན་པ་པོ་ནི་ལོངས་སྤྱོད་མི་འདོད་ཀྱང་།  །ལོངས་སྤྱོད་མང་ལ་བཟང་དང་འཕྲད་པར་འགྱུར།    །ཞེས་དང་།    བླ་ན་མེད་པའི་བྱང་ཆུབ་ཀྱང་སྦྱིན་པ་ལ་བརྟེན་ནས་མྱུར་དུ་ཐོབ་པར་འགྱུར་བའི་ཚུལ།  སྦྱིན་པ་གཏོང་ལ་བྱང་ཆུབ་རྙེད་མི་དཀའ།  །ཞེས་གསུངས།  དེ་ཡང་ལེགས་སྦྱར་གྱི་སྒྲ་ལས་དཱ་ན་ཞེས་ཕོངས་པ་འདོར་བས་ན་སྦྱིན་པ་ཞེས་བྱ་བའམ།  ཡང་ན་སྒྲའི་ཁམས་ལས་དྲངས་ན།  ཨཱརྱ་དེ་ཝས།  འཆི་དང་ཆོས་དང་སྲིད་པ་གཞན།  །སྦྱིན་པའི་སྒྲ་ནི་ཤིན་ཏུ་སྙན།  །ཞེས་གསུངས་པའི་ཕྱིར།    ཆོས་ཐམས་ཅད་སྦྱིན་པའི་ཁོངས་སུ་འདུ་ཞིང་།  དེ་ལས་སྦྱིན་པའི་ངོ་བོ་སེར་སྣ་མེད་པ།    རྒྱུ་གཏོང་སེམས་དགེ་བ།  འབྲས་བུ་ལུས་ལོངས་སྤྱོད་ཕུན་ཚོགས་བསྒྲུབ་(3བ)པ།  བྱེད་ལས་རང་གཞན་གཉིས་རྗེས་སུ་འཛིན་ཅིང་ཚོགས་གཉིས་རྫོགས་པར་བྱེད་པ་སྟེ།    དེའང་ཞིང་དང་།  བསམ་པ།    དངོས་པོ་གསུམ་རྣམ་པར་དག་པ་ནི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཅིང་།    སྦྱིན་པའི་ཡུལ་ཞིང་གི་དབང་དུ་བྱས་ནས།    སྤྱོད་འཇུག་ལས།  ཡོན་ཏན་ཞིང་དང་ཕན་འདོགས་ཞིང་།  །སྡུག་བསྔལ་བ་ལས་དགེ་ཆེར་འགྱུར།    །ཞེས་པ་ལྟར་གསུམ་དུ་དབྱེ་བ་ལས།    ད་ལམ་དཀོན་མཆོག་གསུམ་གྱི་རྟེན་བརྟེན་པར་བཅས་པ་ཉམས་པ་སོར་ཆད།    མི་ཉམས་གོང་འཕེལ་གྱི་བྱ་བ་ལ་བརྟེན་ནས་བསྟན་པ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་དུ་གནས་པར་བྱེད་པས་ན་ཞིང་གི་ཡ་གྱལ་ཡོན་ཏན་གྱི་ཞིང་མཆོག་ཏུ་གྲུབ་པར་ཕྱིར།    ལྷག་པའི་བསམ་པ་རྣམ་པར་དག་པས།    གཏོང་བའི་སྒོ་ཕར་ཡངས་པོར་ཕྱེས་ཏེ་དངོས་རྫས་ཀྱི་འབྲེལ་བ་རང་བློས་གང་ལྕོགས་རེ་སྦྱིན་སྩལ་གྲུབ་ཚེ།    དངོས་པོ་ཆུང་ཡང་བསམ་སྦྱོར་དག་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ།  ཇི་སྐད་དུ།    མེ་ཏོག་གཅིག་ནི་རབ་ཕུལ་བ།  །གང་ཞིག་ངན་འགྲོར་ལྷུང་མ་གྱུར།    །དེ་ལ་དུས་ངེས་བསྟན་པ་ལ།    །མཚན་མིན་ཁྱོད་སྔོན་འདི་འདྲ་ལགས།  །ཞེས་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་རྒྱལ་བ་བདེན་པར་གསུངས་པའི་དཔལ་གྱི་མགུར་ནས་ཡང་དང་(4ན)ཡང་དུ་རྗེས་སུ་འདོམས་པར་མཛད་པ་བཞིན་དགེ་ཚོགས་ཀྱི་ཆུ་གཏེར་འཛད་མི་ཤེས་པས་རྣམ་མཁྱེན་བྱང་ཆུབ་ཀྱི་རྒྱ་མཚོར་རོ་གཅིག་ཏུ་སྨིན་པར་འགྱུར་ཏེ།    ནམ་མཁའི་མཛོད་ཀྱི་མདོ་ལས།    ཐ་དད་ཕྱོགས་ནས་ཆུ་ཀླུང་མང་པོ་དག  །རྒྱ་མཚོ་ཆེར་འབབ་གཅིག་ཏུ་འགྱུར་བ་ལྟར།  ཐ་དད་ཕྱོགས་ནས་དགེ་བ་གང་བྱས་པ།  །བྱང་ཆུབ་བསྔོས་པ་རྣམས་ཀྱང་རོ་གཅིག་འགྱུར།    །ཞེས་གསུངས་པ་ལྟར་ལགས་ཤིང་།    འདི་ནས་ཀྱང་དངོས་པོ་གང་བྱུང་བར་མདོར་ཆུད་མི་ཟ་བར་མིག་སྨན་མིག་ཐོག་ཏུ་ཕན་པ་ཞུ་རྒྱུའི་ཐོག་རྒྱལ་སྲས་གཞོན་ནུ་ས་དང་པོའི་གནས་ལ་ཕྱོགས་པ་ལྟ་བུའི་དགའ་བ་དང་གུས་པ་ཚད་མེད་པས་ཉེ་བར་དྲངས་ཏེ་སྙིང་ནས་རྗེས་སུ་ཡི་རང་བའི་སེམས་ཀྱིས་ཀུན་བཟང་འཇམ་དཔལ་དཔའ་བོའི་རྗེས་སློབ་ཡོངས་སུ་བསྔོ་བའི་རྒྱས་འདེབས་རྣམ་པར་དག་པ་སྤྲོ་བས་གཏོང་བ་པོ་རྣམས་ཀྱི་བསོད་ནམས་མི་འཛད་ནམ་མཁའི་མཛོད་ཀྱི་དཔལ་ལ་རབ་ཏུ་སྦྱོར་ཏེ་ས་གསུམ་ཕན་བདེའི་པད་ཚལ་དུས་གཅིག་ཏུ་འབྱེད་པར་བྱའོ་ཞེས་གསོང་པོར་སྨྲ་བའི་ངག་གི་རྒྱུད་མང་ཅུང་ཟད་སྒྲེང་པ་པོའང་།  དཔལ་ལྡན་འཁོན་གྱི་གདུང་རིགས་དྲི་མ་མེད་པ་ལས་ཉེ་བར་སད་པའི་རིགས་སྔགས་འཆང་བ་འཇིགས་བྲལ་ངག་དབང་མཐུ་སྟོབས་དབང་ཕྱུག་(4བ)དྲག་ཤུལ་ཡོན་ཏན་རྒྱ་མཚོར་འབོད་པས།    དབུ་རུ་ལྷ་ལྡན་གྱི་ཞིང་ཁམས་རང་བྱུང་སྤྲུལ་པའི་གནྡྷོ་ལ་ནས།  ཐམས་ཅད་དུལ་ཞེས་མེ་ཁམས་འཁོར་ལོའི་སྣ་ཅན་གྱི་ལོ།  ཆུ་སྟོད་ཟླ་བའི་དཀར་པོའི་ཕྱོགས་ཀྱི་གྲལ་ཚེས་བཟང་པོར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག།    །།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|language=Tibetan
|pagestatus=Temporary stub only
|volumenumber=24
|volumeLetter=YA
|textnuminvol=036
|pdflink=File:DJYD-KABUM-24-YA-036.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-24-YA
}}
<h1>Tibetan Text</h1>
<onlyinclude>
{{TibP|(1ན)དགེ་བསྐུལ་སློང་ཡིག་གི་ཟིན་བྲིས་ས་སྐྱ་ཁྲི་ཆེན་རིན་པོ་ཆེའི་གསུང་ཚབ་ཏུ་བྲིས་པ།    ཕུལ་བྱུང་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེར་ཞུགས་ཏེ་རིང་མོ་ཉིད་ནས་གཏོང་བ་རབ་ཏུ་གོམས་པའི་བྱང་ཆུབ་སེམས་དཔའ་རྒྱལ་པོ་དང་བློན་པོའི་ཚུལ་གྱིས་ཆོས་སྐྱོང་བ་དང་།  དགེ་བའི་བཤེས་གཉེན་གྱི་རྣམ་པར་བཞུགས་པ་དང་།  གཞན་ཡང་སྡོམ་བརྩོན་རབ་ཏུ་བྱུང་བ་དང་།  ཁྱིམ་ན་གནས་པ་དང་།    ཚོང་དཔོན་གྱི་གཟུགས་སུ་སྣང་བ་སོགས་གང་ཡང་སྦྱིན་པ་རྒྱ་མཚོའི་ཕ་རོལ་ཏུ་ཡང་དག་པར་གཤེགས་ནས་བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་སྐུ་བཟང་པོ་མངོན་པར་བདག་གིར་མཛད་པར་བཞེད་པ་ཀུན་ལ་གཡོ་སྒྱུ་མེད་པའི་སེམས་ཀྱིས་དོན་བཟང་དགེ་བའི་གཏམ་གྱི་འཕྲིན་ཆུང་ཞིག་གསོལ་ཞིང་ཟློ་བ།  རབ་དཀར་ཁ་བས་མཛེས་པའི་ས་འཛིན་མུ་ཏིག་དོ་ཤལ་ལྟ་བུས་ཡོངས་སུ་གཏམས་ཤིང་།  ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉེ་འོད་ལྟར་གསལ་བའི་ཞིང་ཁམས་གངས་ཅན་བོད་དུ་གྲགས་པའི་ལྗོངས་འདིར།  བདེ་བར་གཤེགས་པའི་རིང་ལུགས་འཆད་ཉན་སྒོམ་གསུམ་གྱིས་གཏན་ལ་འབེབས་པའི་བྱེད་པོ་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་རྣམས་ལེགས་པར་བསྟི་བའི་(1བ)གནས་མཆོག་དཔལ་ལྡན་ས་སྐྱ་ཞེས་སྙན་གྲགས་ཀྱི་འོད་སྣང་ཟླ་བ་གསར་པའི་ངང་ཚུལ་བཞིན་འཛུམ་པའི་གདན་ས་འདིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་རོལ་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་གང་གི་ཞབས་སེན་ནོར་བུའི་དོ་ཤལ་འཇམ་དབྱངས་གོང་མ་སེ་ཆེན་གྱི་དབུའི་ཅོད་པན་དུ་བཞེས་ཏེ་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་བའི་སྐབས་དེར།    ལུང་གིས་མངགས་པའི་དཔོན་ཆེན་ཤཱཀྱ་བཟང་པོ་ཞེས་དཔའ་མཛང་བརྟུལ་ཕོད་ཅན་གྱི་བློན་པོས་འདུ་བྱེད་བརྩམས་ཤིང་མི་དང་མི་མ་ཡིན་པའི་ལས་བྱེད་ཆོ་འཕྲུལ་སྣ་ཚོགས་ཀྱིས་བཞེངས་པའི་གཙུག་ལག་ཁང་སྤྲུལ་པའི་ལྷ་ཁང་ཆེན་མོར་གྲགས་པ་འདི་ཉིད་ཧ་ཅང་ཐོག་སྔས་བགྲང་བྱ་དུ་མས་བཀལ་སྟབས་གྱང་རྩིག་རྣམས་གས་རལ་ཡོ་འཁྱོམ་དང་།    ཤིང་ཆ་ཕལ་ཆེར་འབུ་ཟོས་རུལ་སྐྱོན་སོགས་ཉམས་གོག་གཅོང་ཟོམ་ཅི་ཆེའི་ཁར།    བར་ལམ་ལྔ་བདོ་རྒུད་པའི་ལྟས་ཀྱི་རྣམ་པས་རབ་རྒྱལ་ཤིང་བྱ་ཟླ་བ་དང་པོའི་ཚེས་ཉེར་གཅིག་སྲོད་དུས་གཙུག་ལག་ཁང་ནུབ་ཕྱོགས་ཀྱི་ཀ་བ་གཉིས་རང་བཞིན་སྙེམས་མེད་དུ་ཆག་སྟེ་སྟེང་ཤོད་རྡིབ་ཞོམ་གྱི་རྐྱེན་པས་ཕྱི་ནང་རྟེན་གསུམ་རྣམས་ལ་ཉམས་ཆག་རྒྱ་ཆེ་གང་མིན་བྱུང་སོང་བ་འདི་དག་གངས་ཅན་བསྟན་པའི་ཕྱིར་(2ན)མོ་གཅིག་པུར་གྱུར་པ་མ་ཟད།  བོད་ཁམས་ས་ཡི་མེ་བཙའ་སྟོད་ཧོར་དུ་རུ་ཀའི་ཁ་གནོན་དམིགས་ཀྱིས་བསལ་བར་བརྟེན་རང་བཞིན་ཉམས་དབང་སྙོམས་ལས་སུ་འཇོག་བློས་བཟོད་མིན་སྟབས།  བསྟན་པ་མཆོད་སྦྱིན་གྱི་མངའ་བདག་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོར་གསེར་སྙན་སྒྲོན་འབུལ་ལ་ཟབ་དགོངས་ཆེ་བཞེས་ཀྱིས་ཉམས་གསོའི་མཐུན་རྐྱེན་འབྲུ་དངུལ་སྤམ་ཆེ་གསོལ་རས་དང་འབྲེལ།  རྡོ་ཤིང་ལྷ་བྲིས་པ་སོགས་ཀྱིས་མཚོན་པའི་བཟོ་རིགས་དང་།  ལས་གཡོར་འུལ་མི་ཁྱོན་གྲངས་མི་ཉུང་བ་གཙང་རྫོང་ཁག་ནས་བསྐུལ་འཐུས་ཐོག    །ཨར་པོའི་དོ་དམ་གྲོ་སྤྱི་རིམ་བཞི་སྤོམ་མདའ་བར་བསྐོ་སྩལ་སོགས་སྐུ་དྲིན་ཟབ་མོས་རྗེས་སུ་བསྐྱངས་དང་སྐྱོང་མུས་རུང་།  ཆོས་རྗེས་ས་སྐྱ་པཎྜི་ཏ་ཆེན་པོས་བཞེངས་པའི་འཇམ་དབྱངས་གཟི་འོད་འབར་བའི་ཕོ་བྲང་དབུ་རྩེ་ལྷ་ཁང་སོགས་ངོ་མཚར་རྟེན་བཞིས་མཚོན་པའི་ལྷ་ཁང་རྣམས་དང་།    མཐའི་ཕྱོགས་མཚམས་ཀྱི་སྤེལ་ལྕོག་ལྕགས་རི་དང་བཅས་པ་ཁྱོན་ཆེ་ཁག་མང་སྡེབས་སུ་ཉམས་གསོ་ཞུ་དགོས་ལ།    ཤིང་ཆ་གང་ཡོད་གསར་བརྗེས་ཀྱི་ཤིང་རིན་དང་ཚོན་རྩིའི་རིན་བབ།  ལས་མིའི་འགོ་བྱེད་དབུ་མཛད་ནས་དམངས་འུལ་ཡན་མི་མང་ལས་རྒྱུན་(2བ)ཡུན་རིང་གི་གླ་ལྟོ་སོགས་དགོས་ཆ་ཕལ་ཆེར་གསར་བཞེངས་དང་ཁྱད་པར་མ་མཆིས་པའི་འགྲོ་སོང་རྒྱ་ཆེ་སྤམ་མཐོ་དགོས་ངེས་ལ་བརྟེན།  ས་སྐྱ་རང་ཁོངས་ནས་འཁོས་འབྱོར་གྱིས་རྒྱ་འུབ་འདུས་དཀར་བློས་འཁྱུད་མིན་སྟབས་ད་ཆ་བསྟན་པ་མཆོད་པའི་སྦྱིན་བདག་རྣམས་ལ་ཞལ་འདེབས་གཏོང་བའི་སྐབས་དབྱེ་བར་མི་གསོལ་མཐུ་མེད་བྱུང་ལགས་ན།  དེའང་ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་ལས།    བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་རྒྱུ་བ་གཅོད།    །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད།  །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱལ་བ་ཐོབ་པར་འགྱུར།    །ཞེས་སེར་སྣའི་དབང་གིས་ཡི་དྭགས་སུ་སྐྱེ་འགྱུར་གྱི་ལས་རྣམས་སྦྱིན་པར་བཏང་བས་གཅོད་པར་ནུས་ཤིང་།    དབུལ་ཕོངས་སོགས་ཉོན་མོངས་པ་ཐམས་ཅད་ལས་ཐར་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ན་ལོངས་སྤྱོད་མཐའ་ཡས་པར་འབྱུང་བར་གསུངས་པ་དང་།  སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པར།  སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་།  །མི་རྣམ་བདེ་བའང་ལོང་སྤྱོད་མེད་མིན་ལ།    །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས།  །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ།  །(3ན)ཞེས་གསུངས་པ་ལྟར།  བདེ་བའི་དཔལ་ལ་སྤྱོད་པ་འདོད་པ་རྣམས་ཀྱིས་བདེ་བ་དང་ལེགས་པའི་རྒྱུ་ལོངས་སྤྱོད་སྒྲུབ་པ་ལ་འབད་པར་རིགས་ཤིང་།    ལོངས་སྤྱོད་དེ་ཡང་རྒྱུ་མེད་པ་ལས་ཀྱང་མི་འབྱུང་ལ།  རྒྱུ་ཕྱིན་ཅི་ལོག་པ་ལས་ཀྱང་མི་འབྱུང་།    འོ་ན་གང་ལས་འབྱུང་ཞེ་ན།    རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་ལ་བརྟེན་ནས་འབྲས་བུ་ལོངས་སྤྱོད་ཀྱི་དཔལ་ཕུན་སུམ་ཚོགས་པ་འབྱུང་བ་སྟེ།  མདོ་སྡེ་རྒྱན་ལས།  སྦྱིན་པ་པོ་ནི་ལོངས་སྤྱོད་མི་འདོད་ཀྱང་།  །ལོངས་སྤྱོད་མང་ལ་བཟང་དང་འཕྲད་པར་འགྱུར།    །ཞེས་དང་།    བླ་ན་མེད་པའི་བྱང་ཆུབ་ཀྱང་སྦྱིན་པ་ལ་བརྟེན་ནས་མྱུར་དུ་ཐོབ་པར་འགྱུར་བའི་ཚུལ།  སྦྱིན་པ་གཏོང་ལ་བྱང་ཆུབ་རྙེད་མི་དཀའ།  །ཞེས་གསུངས།  དེ་ཡང་ལེགས་སྦྱར་གྱི་སྒྲ་ལས་དཱ་ན་ཞེས་ཕོངས་པ་འདོར་བས་ན་སྦྱིན་པ་ཞེས་བྱ་བའམ།  ཡང་ན་སྒྲའི་ཁམས་ལས་དྲངས་ན།  ཨཱརྱ་དེ་ཝས།  འཆི་དང་ཆོས་དང་སྲིད་པ་གཞན།  །སྦྱིན་པའི་སྒྲ་ནི་ཤིན་ཏུ་སྙན།  །ཞེས་གསུངས་པའི་ཕྱིར།    ཆོས་ཐམས་ཅད་སྦྱིན་པའི་ཁོངས་སུ་འདུ་ཞིང་།  དེ་ལས་སྦྱིན་པའི་ངོ་བོ་སེར་སྣ་མེད་པ།    རྒྱུ་གཏོང་སེམས་དགེ་བ།  འབྲས་བུ་ལུས་ལོངས་སྤྱོད་ཕུན་ཚོགས་བསྒྲུབ་(3བ)པ།  བྱེད་ལས་རང་གཞན་གཉིས་རྗེས་སུ་འཛིན་ཅིང་ཚོགས་གཉིས་རྫོགས་པར་བྱེད་པ་སྟེ།    དེའང་ཞིང་དང་།  བསམ་པ།    དངོས་པོ་གསུམ་རྣམ་པར་དག་པ་ནི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཅིང་།    སྦྱིན་པའི་ཡུལ་ཞིང་གི་དབང་དུ་བྱས་ནས།    སྤྱོད་འཇུག་ལས།  ཡོན་ཏན་ཞིང་དང་ཕན་འདོགས་ཞིང་།  །སྡུག་བསྔལ་བ་ལས་དགེ་ཆེར་འགྱུར།    །ཞེས་པ་ལྟར་གསུམ་དུ་དབྱེ་བ་ལས།    ད་ལམ་དཀོན་མཆོག་གསུམ་གྱི་རྟེན་བརྟེན་པར་བཅས་པ་ཉམས་པ་སོར་ཆད།    མི་ཉམས་གོང་འཕེལ་གྱི་བྱ་བ་ལ་བརྟེན་ནས་བསྟན་པ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་དུ་གནས་པར་བྱེད་པས་ན་ཞིང་གི་ཡ་གྱལ་ཡོན་ཏན་གྱི་ཞིང་མཆོག་ཏུ་གྲུབ་པར་ཕྱིར།    ལྷག་པའི་བསམ་པ་རྣམ་པར་དག་པས།    གཏོང་བའི་སྒོ་ཕར་ཡངས་པོར་ཕྱེས་ཏེ་དངོས་རྫས་ཀྱི་འབྲེལ་བ་རང་བློས་གང་ལྕོགས་རེ་སྦྱིན་སྩལ་གྲུབ་ཚེ།    དངོས་པོ་ཆུང་ཡང་བསམ་སྦྱོར་དག་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ།  ཇི་སྐད་དུ།    མེ་ཏོག་གཅིག་ནི་རབ་ཕུལ་བ།  །གང་ཞིག་ངན་འགྲོར་ལྷུང་མ་གྱུར།    །དེ་ལ་དུས་ངེས་བསྟན་པ་ལ།    །མཚན་མིན་ཁྱོད་སྔོན་འདི་འདྲ་ལགས།  །ཞེས་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་རྒྱལ་བ་བདེན་པར་གསུངས་པའི་དཔལ་གྱི་མགུར་ནས་ཡང་དང་(4ན)ཡང་དུ་རྗེས་སུ་འདོམས་པར་མཛད་པ་བཞིན་དགེ་ཚོགས་ཀྱི་ཆུ་གཏེར་འཛད་མི་ཤེས་པས་རྣམ་མཁྱེན་བྱང་ཆུབ་ཀྱི་རྒྱ་མཚོར་རོ་གཅིག་ཏུ་སྨིན་པར་འགྱུར་ཏེ།    ནམ་མཁའི་མཛོད་ཀྱི་མདོ་ལས།    ཐ་དད་ཕྱོགས་ནས་ཆུ་ཀླུང་མང་པོ་དག  །རྒྱ་མཚོ་ཆེར་འབབ་གཅིག་ཏུ་འགྱུར་བ་ལྟར།  ཐ་དད་ཕྱོགས་ནས་དགེ་བ་གང་བྱས་པ།  །བྱང་ཆུབ་བསྔོས་པ་རྣམས་ཀྱང་རོ་གཅིག་འགྱུར།    །ཞེས་གསུངས་པ་ལྟར་ལགས་ཤིང་།    འདི་ནས་ཀྱང་དངོས་པོ་གང་བྱུང་བར་མདོར་ཆུད་མི་ཟ་བར་མིག་སྨན་མིག་ཐོག་ཏུ་ཕན་པ་ཞུ་རྒྱུའི་ཐོག་རྒྱལ་སྲས་གཞོན་ནུ་ས་དང་པོའི་གནས་ལ་ཕྱོགས་པ་ལྟ་བུའི་དགའ་བ་དང་གུས་པ་ཚད་མེད་པས་ཉེ་བར་དྲངས་ཏེ་སྙིང་ནས་རྗེས་སུ་ཡི་རང་བའི་སེམས་ཀྱིས་ཀུན་བཟང་འཇམ་དཔལ་དཔའ་བོའི་རྗེས་སློབ་ཡོངས་སུ་བསྔོ་བའི་རྒྱས་འདེབས་རྣམ་པར་དག་པ་སྤྲོ་བས་གཏོང་བ་པོ་རྣམས་ཀྱི་བསོད་ནམས་མི་འཛད་ནམ་མཁའི་མཛོད་ཀྱི་དཔལ་ལ་རབ་ཏུ་སྦྱོར་ཏེ་ས་གསུམ་ཕན་བདེའི་པད་ཚལ་དུས་གཅིག་ཏུ་འབྱེད་པར་བྱའོ་ཞེས་གསོང་པོར་སྨྲ་བའི་ངག་གི་རྒྱུད་མང་ཅུང་ཟད་སྒྲེང་པ་པོའང་།  དཔལ་ལྡན་འཁོན་གྱི་གདུང་རིགས་དྲི་མ་མེད་པ་ལས་ཉེ་བར་སད་པའི་རིགས་སྔགས་འཆང་བ་འཇིགས་བྲལ་ངག་དབང་མཐུ་སྟོབས་དབང་ཕྱུག་(4བ)དྲག་ཤུལ་ཡོན་ཏན་རྒྱ་མཚོར་འབོད་པས།    དབུ་རུ་ལྷ་ལྡན་གྱི་ཞིང་ཁམས་རང་བྱུང་སྤྲུལ་པའི་གནྡྷོ་ལ་ནས།  ཐམས་ཅད་དུལ་ཞེས་མེ་ཁམས་འཁོར་ལོའི་སྣ་ཅན་གྱི་ལོ།  ཆུ་སྟོད་ཟླ་བའི་དཀར་པོའི་ཕྱོགས་ཀྱི་གྲལ་ཚེས་བཟང་པོར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག།    །།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 05:35, 1 June 2024

Wylie title DJYD-KABUM-24-YA-036.pdf
Location bdud 'joms rin po che bka' 'bum
Volume 24, Text 36, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)དགེ་བསྐུལ་སློང་ཡིག་གི་ཟིན་བྲིས་ས་སྐྱ་ཁྲི་ཆེན་རིན་པོ་ཆེའི་གསུང་ཚབ་ཏུ་བྲིས་པ། ཕུལ་བྱུང་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེར་ཞུགས་ཏེ་རིང་མོ་ཉིད་ནས་གཏོང་བ་རབ་ཏུ་གོམས་པའི་བྱང་ཆུབ་སེམས་དཔའ་རྒྱལ་པོ་དང་བློན་པོའི་ཚུལ་གྱིས་ཆོས་སྐྱོང་བ་དང་། དགེ་བའི་བཤེས་གཉེན་གྱི་རྣམ་པར་བཞུགས་པ་དང་། གཞན་ཡང་སྡོམ་བརྩོན་རབ་ཏུ་བྱུང་བ་དང་། ཁྱིམ་ན་གནས་པ་དང་། ཚོང་དཔོན་གྱི་གཟུགས་སུ་སྣང་བ་སོགས་གང་ཡང་སྦྱིན་པ་རྒྱ་མཚོའི་ཕ་རོལ་ཏུ་ཡང་དག་པར་གཤེགས་ནས་བསོད་ནམས་བརྒྱ་ལས་གྲུབ་པའི་མཚན་དཔེའི་སྐུ་བཟང་པོ་མངོན་པར་བདག་གིར་མཛད་པར་བཞེད་པ་ཀུན་ལ་གཡོ་སྒྱུ་མེད་པའི་སེམས་ཀྱིས་དོན་བཟང་དགེ་བའི་གཏམ་གྱི་འཕྲིན་ཆུང་ཞིག་གསོལ་ཞིང་ཟློ་བ། རབ་དཀར་ཁ་བས་མཛེས་པའི་ས་འཛིན་མུ་ཏིག་དོ་ཤལ་ལྟ་བུས་ཡོངས་སུ་གཏམས་ཤིང་། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉེ་འོད་ལྟར་གསལ་བའི་ཞིང་ཁམས་གངས་ཅན་བོད་དུ་གྲགས་པའི་ལྗོངས་འདིར། བདེ་བར་གཤེགས་པའི་རིང་ལུགས་འཆད་ཉན་སྒོམ་གསུམ་གྱིས་གཏན་ལ་འབེབས་པའི་བྱེད་པོ་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་རྣམས་ལེགས་པར་བསྟི་བའི་(1བ)གནས་མཆོག་དཔལ་ལྡན་ས་སྐྱ་ཞེས་སྙན་གྲགས་ཀྱི་འོད་སྣང་ཟླ་བ་གསར་པའི་ངང་ཚུལ་བཞིན་འཛུམ་པའི་གདན་ས་འདིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་རོལ་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་གང་གི་ཞབས་སེན་ནོར་བུའི་དོ་ཤལ་འཇམ་དབྱངས་གོང་མ་སེ་ཆེན་གྱི་དབུའི་ཅོད་པན་དུ་བཞེས་ཏེ་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་བའི་སྐབས་དེར། ལུང་གིས་མངགས་པའི་དཔོན་ཆེན་ཤཱཀྱ་བཟང་པོ་ཞེས་དཔའ་མཛང་བརྟུལ་ཕོད་ཅན་གྱི་བློན་པོས་འདུ་བྱེད་བརྩམས་ཤིང་མི་དང་མི་མ་ཡིན་པའི་ལས་བྱེད་ཆོ་འཕྲུལ་སྣ་ཚོགས་ཀྱིས་བཞེངས་པའི་གཙུག་ལག་ཁང་སྤྲུལ་པའི་ལྷ་ཁང་ཆེན་མོར་གྲགས་པ་འདི་ཉིད་ཧ་ཅང་ཐོག་སྔས་བགྲང་བྱ་དུ་མས་བཀལ་སྟབས་གྱང་རྩིག་རྣམས་གས་རལ་ཡོ་འཁྱོམ་དང་། ཤིང་ཆ་ཕལ་ཆེར་འབུ་ཟོས་རུལ་སྐྱོན་སོགས་ཉམས་གོག་གཅོང་ཟོམ་ཅི་ཆེའི་ཁར། བར་ལམ་ལྔ་བདོ་རྒུད་པའི་ལྟས་ཀྱི་རྣམ་པས་རབ་རྒྱལ་ཤིང་བྱ་ཟླ་བ་དང་པོའི་ཚེས་ཉེར་གཅིག་སྲོད་དུས་གཙུག་ལག་ཁང་ནུབ་ཕྱོགས་ཀྱི་ཀ་བ་གཉིས་རང་བཞིན་སྙེམས་མེད་དུ་ཆག་སྟེ་སྟེང་ཤོད་རྡིབ་ཞོམ་གྱི་རྐྱེན་པས་ཕྱི་ནང་རྟེན་གསུམ་རྣམས་ལ་ཉམས་ཆག་རྒྱ་ཆེ་གང་མིན་བྱུང་སོང་བ་འདི་དག་གངས་ཅན་བསྟན་པའི་ཕྱིར་(2ན)མོ་གཅིག་པུར་གྱུར་པ་མ་ཟད། བོད་ཁམས་ས་ཡི་མེ་བཙའ་སྟོད་ཧོར་དུ་རུ་ཀའི་ཁ་གནོན་དམིགས་ཀྱིས་བསལ་བར་བརྟེན་རང་བཞིན་ཉམས་དབང་སྙོམས་ལས་སུ་འཇོག་བློས་བཟོད་མིན་སྟབས། བསྟན་པ་མཆོད་སྦྱིན་གྱི་མངའ་བདག་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོར་གསེར་སྙན་སྒྲོན་འབུལ་ལ་ཟབ་དགོངས་ཆེ་བཞེས་ཀྱིས་ཉམས་གསོའི་མཐུན་རྐྱེན་འབྲུ་དངུལ་སྤམ་ཆེ་གསོལ་རས་དང་འབྲེལ། རྡོ་ཤིང་ལྷ་བྲིས་པ་སོགས་ཀྱིས་མཚོན་པའི་བཟོ་རིགས་དང་། ལས་གཡོར་འུལ་མི་ཁྱོན་གྲངས་མི་ཉུང་བ་གཙང་རྫོང་ཁག་ནས་བསྐུལ་འཐུས་ཐོག །ཨར་པོའི་དོ་དམ་གྲོ་སྤྱི་རིམ་བཞི་སྤོམ་མདའ་བར་བསྐོ་སྩལ་སོགས་སྐུ་དྲིན་ཟབ་མོས་རྗེས་སུ་བསྐྱངས་དང་སྐྱོང་མུས་རུང་། ཆོས་རྗེས་ས་སྐྱ་པཎྜི་ཏ་ཆེན་པོས་བཞེངས་པའི་འཇམ་དབྱངས་གཟི་འོད་འབར་བའི་ཕོ་བྲང་དབུ་རྩེ་ལྷ་ཁང་སོགས་ངོ་མཚར་རྟེན་བཞིས་མཚོན་པའི་ལྷ་ཁང་རྣམས་དང་། མཐའི་ཕྱོགས་མཚམས་ཀྱི་སྤེལ་ལྕོག་ལྕགས་རི་དང་བཅས་པ་ཁྱོན་ཆེ་ཁག་མང་སྡེབས་སུ་ཉམས་གསོ་ཞུ་དགོས་ལ། ཤིང་ཆ་གང་ཡོད་གསར་བརྗེས་ཀྱི་ཤིང་རིན་དང་ཚོན་རྩིའི་རིན་བབ། ལས་མིའི་འགོ་བྱེད་དབུ་མཛད་ནས་དམངས་འུལ་ཡན་མི་མང་ལས་རྒྱུན་(2བ)ཡུན་རིང་གི་གླ་ལྟོ་སོགས་དགོས་ཆ་ཕལ་ཆེར་གསར་བཞེངས་དང་ཁྱད་པར་མ་མཆིས་པའི་འགྲོ་སོང་རྒྱ་ཆེ་སྤམ་མཐོ་དགོས་ངེས་ལ་བརྟེན། ས་སྐྱ་རང་ཁོངས་ནས་འཁོས་འབྱོར་གྱིས་རྒྱ་འུབ་འདུས་དཀར་བློས་འཁྱུད་མིན་སྟབས་ད་ཆ་བསྟན་པ་མཆོད་པའི་སྦྱིན་བདག་རྣམས་ལ་ཞལ་འདེབས་གཏོང་བའི་སྐབས་དབྱེ་བར་མི་གསོལ་མཐུ་མེད་བྱུང་ལགས་ན། དེའང་ཇི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་ལས། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་རྒྱུ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱལ་བ་ཐོབ་པར་འགྱུར། །ཞེས་སེར་སྣའི་དབང་གིས་ཡི་དྭགས་སུ་སྐྱེ་འགྱུར་གྱི་ལས་རྣམས་སྦྱིན་པར་བཏང་བས་གཅོད་པར་ནུས་ཤིང་། དབུལ་ཕོངས་སོགས་ཉོན་མོངས་པ་ཐམས་ཅད་ལས་ཐར་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ན་ལོངས་སྤྱོད་མཐའ་ཡས་པར་འབྱུང་བར་གསུངས་པ་དང་། སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པར། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། །མི་རྣམ་བདེ་བའང་ལོང་སྤྱོད་མེད་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །(3ན)ཞེས་གསུངས་པ་ལྟར། བདེ་བའི་དཔལ་ལ་སྤྱོད་པ་འདོད་པ་རྣམས་ཀྱིས་བདེ་བ་དང་ལེགས་པའི་རྒྱུ་ལོངས་སྤྱོད་སྒྲུབ་པ་ལ་འབད་པར་རིགས་ཤིང་། ལོངས་སྤྱོད་དེ་ཡང་རྒྱུ་མེད་པ་ལས་ཀྱང་མི་འབྱུང་ལ། རྒྱུ་ཕྱིན་ཅི་ལོག་པ་ལས་ཀྱང་མི་འབྱུང་། འོ་ན་གང་ལས་འབྱུང་ཞེ་ན། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་ལ་བརྟེན་ནས་འབྲས་བུ་ལོངས་སྤྱོད་ཀྱི་དཔལ་ཕུན་སུམ་ཚོགས་པ་འབྱུང་བ་སྟེ། མདོ་སྡེ་རྒྱན་ལས། སྦྱིན་པ་པོ་ནི་ལོངས་སྤྱོད་མི་འདོད་ཀྱང་། །ལོངས་སྤྱོད་མང་ལ་བཟང་དང་འཕྲད་པར་འགྱུར། །ཞེས་དང་། བླ་ན་མེད་པའི་བྱང་ཆུབ་ཀྱང་སྦྱིན་པ་ལ་བརྟེན་ནས་མྱུར་དུ་ཐོབ་པར་འགྱུར་བའི་ཚུལ། སྦྱིན་པ་གཏོང་ལ་བྱང་ཆུབ་རྙེད་མི་དཀའ། །ཞེས་གསུངས། དེ་ཡང་ལེགས་སྦྱར་གྱི་སྒྲ་ལས་དཱ་ན་ཞེས་ཕོངས་པ་འདོར་བས་ན་སྦྱིན་པ་ཞེས་བྱ་བའམ། ཡང་ན་སྒྲའི་ཁམས་ལས་དྲངས་ན། ཨཱརྱ་དེ་ཝས། འཆི་དང་ཆོས་དང་སྲིད་པ་གཞན། །སྦྱིན་པའི་སྒྲ་ནི་ཤིན་ཏུ་སྙན། །ཞེས་གསུངས་པའི་ཕྱིར། ཆོས་ཐམས་ཅད་སྦྱིན་པའི་ཁོངས་སུ་འདུ་ཞིང་། དེ་ལས་སྦྱིན་པའི་ངོ་བོ་སེར་སྣ་མེད་པ། རྒྱུ་གཏོང་སེམས་དགེ་བ། འབྲས་བུ་ལུས་ལོངས་སྤྱོད་ཕུན་ཚོགས་བསྒྲུབ་(3བ)པ། བྱེད་ལས་རང་གཞན་གཉིས་རྗེས་སུ་འཛིན་ཅིང་ཚོགས་གཉིས་རྫོགས་པར་བྱེད་པ་སྟེ། དེའང་ཞིང་དང་། བསམ་པ། དངོས་པོ་གསུམ་རྣམ་པར་དག་པ་ནི་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ཅིང་། སྦྱིན་པའི་ཡུལ་ཞིང་གི་དབང་དུ་བྱས་ནས། སྤྱོད་འཇུག་ལས། ཡོན་ཏན་ཞིང་དང་ཕན་འདོགས་ཞིང་། །སྡུག་བསྔལ་བ་ལས་དགེ་ཆེར་འགྱུར། །ཞེས་པ་ལྟར་གསུམ་དུ་དབྱེ་བ་ལས། ད་ལམ་དཀོན་མཆོག་གསུམ་གྱི་རྟེན་བརྟེན་པར་བཅས་པ་ཉམས་པ་སོར་ཆད། མི་ཉམས་གོང་འཕེལ་གྱི་བྱ་བ་ལ་བརྟེན་ནས་བསྟན་པ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་དུ་གནས་པར་བྱེད་པས་ན་ཞིང་གི་ཡ་གྱལ་ཡོན་ཏན་གྱི་ཞིང་མཆོག་ཏུ་གྲུབ་པར་ཕྱིར། ལྷག་པའི་བསམ་པ་རྣམ་པར་དག་པས། གཏོང་བའི་སྒོ་ཕར་ཡངས་པོར་ཕྱེས་ཏེ་དངོས་རྫས་ཀྱི་འབྲེལ་བ་རང་བློས་གང་ལྕོགས་རེ་སྦྱིན་སྩལ་གྲུབ་ཚེ། དངོས་པོ་ཆུང་ཡང་བསམ་སྦྱོར་དག་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། ཇི་སྐད་དུ། མེ་ཏོག་གཅིག་ནི་རབ་ཕུལ་བ། །གང་ཞིག་ངན་འགྲོར་ལྷུང་མ་གྱུར། །དེ་ལ་དུས་ངེས་བསྟན་པ་ལ། །མཚན་མིན་ཁྱོད་སྔོན་འདི་འདྲ་ལགས། །ཞེས་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་རྒྱལ་བ་བདེན་པར་གསུངས་པའི་དཔལ་གྱི་མགུར་ནས་ཡང་དང་(4ན)ཡང་དུ་རྗེས་སུ་འདོམས་པར་མཛད་པ་བཞིན་དགེ་ཚོགས་ཀྱི་ཆུ་གཏེར་འཛད་མི་ཤེས་པས་རྣམ་མཁྱེན་བྱང་ཆུབ་ཀྱི་རྒྱ་མཚོར་རོ་གཅིག་ཏུ་སྨིན་པར་འགྱུར་ཏེ། ནམ་མཁའི་མཛོད་ཀྱི་མདོ་ལས། ཐ་དད་ཕྱོགས་ནས་ཆུ་ཀླུང་མང་པོ་དག །རྒྱ་མཚོ་ཆེར་འབབ་གཅིག་ཏུ་འགྱུར་བ་ལྟར། ཐ་དད་ཕྱོགས་ནས་དགེ་བ་གང་བྱས་པ། །བྱང་ཆུབ་བསྔོས་པ་རྣམས་ཀྱང་རོ་གཅིག་འགྱུར། །ཞེས་གསུངས་པ་ལྟར་ལགས་ཤིང་། འདི་ནས་ཀྱང་དངོས་པོ་གང་བྱུང་བར་མདོར་ཆུད་མི་ཟ་བར་མིག་སྨན་མིག་ཐོག་ཏུ་ཕན་པ་ཞུ་རྒྱུའི་ཐོག་རྒྱལ་སྲས་གཞོན་ནུ་ས་དང་པོའི་གནས་ལ་ཕྱོགས་པ་ལྟ་བུའི་དགའ་བ་དང་གུས་པ་ཚད་མེད་པས་ཉེ་བར་དྲངས་ཏེ་སྙིང་ནས་རྗེས་སུ་ཡི་རང་བའི་སེམས་ཀྱིས་ཀུན་བཟང་འཇམ་དཔལ་དཔའ་བོའི་རྗེས་སློབ་ཡོངས་སུ་བསྔོ་བའི་རྒྱས་འདེབས་རྣམ་པར་དག་པ་སྤྲོ་བས་གཏོང་བ་པོ་རྣམས་ཀྱི་བསོད་ནམས་མི་འཛད་ནམ་མཁའི་མཛོད་ཀྱི་དཔལ་ལ་རབ་ཏུ་སྦྱོར་ཏེ་ས་གསུམ་ཕན་བདེའི་པད་ཚལ་དུས་གཅིག་ཏུ་འབྱེད་པར་བྱའོ་ཞེས་གསོང་པོར་སྨྲ་བའི་ངག་གི་རྒྱུད་མང་ཅུང་ཟད་སྒྲེང་པ་པོའང་། དཔལ་ལྡན་འཁོན་གྱི་གདུང་རིགས་དྲི་མ་མེད་པ་ལས་ཉེ་བར་སད་པའི་རིགས་སྔགས་འཆང་བ་འཇིགས་བྲལ་ངག་དབང་མཐུ་སྟོབས་དབང་ཕྱུག་(4བ)དྲག་ཤུལ་ཡོན་ཏན་རྒྱ་མཚོར་འབོད་པས། དབུ་རུ་ལྷ་ལྡན་གྱི་ཞིང་ཁམས་རང་བྱུང་སྤྲུལ་པའི་གནྡྷོ་ལ་ནས། ཐམས་ཅད་དུལ་ཞེས་མེ་ཁམས་འཁོར་ལོའི་སྣ་ཅན་གྱི་ལོ། ཆུ་སྟོད་ཟླ་བའི་དཀར་པོའི་ཕྱོགས་ཀྱི་གྲལ་ཚེས་བཟང་པོར་སྤེལ་བ་དགེ་ལེགས་སུ་གྱུར་ཅིག། །།