DJYD-KABUM-24-YA-032: Difference between revisions

From Dudjom Wiki
DJYD-KABUM-24-YA-032
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
(1ན)ཟློས་གར་འཁྲབ་སྟོན་གྱི་ངོ་སྤྲོད་སྔོན་བརྗོད།  གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་སྨན་ལྗོངས་གངས་ཅན་བོད་དུ་གྲགས་པའི་ཞིང་ཁམས་སུ།  རྒྱལ་བསྟན་སྣང་བའི་ཉིན་བྱེད་གསར་དུ་འདྲེན་པའི་ཤིང་རྟ་ཆེན་པོ་འཇམ་དཔལ་དབྱངས་དངོས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཞེས་ཕུལ་བྱུང་ལུགས་གཉིས་ཀྱི་མངའ་ཐང་མཐོན་པོས་འཛམ་གླིང་དྲེགས་ལྡན་སུས་ཀྱང་འགྲན་དུ་མི་བཟོད་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་ལས་བརྩམས་པའི་ཟློས་གར་ངོ་མཚར་སྒྱུ་མའི་རོལ་རྩེད་མདོ་ཙམ་བསྒྱུར་བ་ལ།  དང་པོ།  ཡབ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་དང་།  ཡུམ་གྱིམ་ཤང་ཀོང་ཇོའི་སྲས་སུ།  ལྕགས་ཕོ་རྟའི་ལོ་ལ་ཕོ་བྲང་བྲག་དམར་འོམ་བུའི་ཚལ་དུ་སྐུ་བལྟམས།  རྒྱལ་སྲས་དགུང་ལོ་བཅུ་གསུམ་དུ་ཕེབས་པ་ན།    མི་འཇིགས་སེང་གེའི་ཁྲི་ལ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་མངའ་གསོལ་ཏེ།  བློན་འབངས་འཁོར་དང་བཅས་པས་དགའ་སྟོན་གྱི་རིམ་པ་རྒྱ་ཆེན་པོར་མཛད།  གཉིས་པ།  རྒྱལ་པོས་དམ་ཆོས་རྒྱ་ཆེར་སྤེལ་བའི་བཞེད་པ་ལ།    ཞང་མ་ཞང་སྡིག་ལ་དགའ་བས་ཆོས་གནང་དུ་མ་བཅུག་པ་ལ།  ཆོས་བློན་འགོས་རྒན་ལ་སོགས་པས་ཐབས་མཁས་ཀྱིས་མ་ཞང་གསོན་དུར་དུ་བཅུག    །རྦ་གསལ་སྣང་སོགས་བལ་(1བ)ཡུལ་དུ་མངགས་ནས།  བལ་རྗེ་ལ་ཕྱག་རྟེན་དང་བཅས་མཁན་ཆེན་བོ་དྷི་སཏྭ་སྤྱན་འདྲེན་གྱི་ཞུ་ངོ་སྦྲན་ནས།    མཁན་པོས་བོད་ཀྱི་གདུལ་བྱ་ལ་དགོངས་ཏེ་བྱོན།    བློན་པོ་རྣམས་ཀྱིས་བསུ་བ་དང་བཅས་ཕོ་བྲང་བྲག་དམར་དུ་ཕེབས།  རྒྱལ་པོ་ཕྱག་རྟེན་བཅས་མཇལ་འཕྲད་མཛད་པ་ན་རྒྱལ་པོའི་ན་བཟའི་ཆ་བྱད་དང་སྦྱར་བའི་ལུང་བསྟན་གནང་།  ཕོ་བྲང་རླུང་འཚུབས་སུ་བཞུགས་ནས་ཆོས་གསུངས་པ་ན།  བོད་ཀྱི་ལྷ་འདྲེ་ནག་ཕྱོགས་པ་རྣམས་འཁྲུགས་ཏེ་བར་ཆད་བརྩམས་པས།  མཁན་པོས་སློབ་དཔོན་པདྨ་སྤྱན་འདྲེན་དགོས་པའི་ལུང་བསྟན་སྩལ་ཏེ་རེ་ཞིག་བལ་ཡུལ་དུ་ཕྱིར་ཕེབས།  གསུམ་པ།    རྦ་གསལ་སྣང་སོགས་སློབ་དཔོན་ཆེན་པོ་སྤྲན་འདྲེན་དུ་བཏང་བ་མང་ཡུལ་དུ་མཇལ།    འབྱོན་པར་གནང་སྟེ་ཕེབས་ལམ་དུ་དམ་ཅན་རྡོར་ལེགས་ཀྱི་མདུན་བསུས།  བརྟན་མ་བཅུ་ཉིས།  གཉན་ཆེན་ཐང་ལྷ།    ཡར་ལྷ་ཤམ་པོ་སོགས་དམ་ལ་འདོགས་བཞིན་པས་ཕེབས།    བྲག་དམར་འོམ་བུའི་ཚལ་དུ་རྗེ་བློན་རྣམས་ཀྱི་བསུས་ཏེ་མཇལ་འཕྲད་མཛད།    སླར་ཡང་མཁན་ཆེན་བོ་ངྷི་སཏྭ་སྤྱན་དྲངས།  བཞི་པ།  མཁན་པོ་ས་དཔྱད་གནང་།  སློབ་དཔོན་གྱིས་ས་འདུལ་མཛད།  རྒྱལ་པོས་རྨང་བཏིང་ནས།    བསམ་ཡས་ལོ་ལྔ་ལ་(2ན)བཞེངས།  ལྷ་སྲས་མུ་རུབ་བཙན་པོ་དམག་དཔུང་བཅས་བྱང་ལ་བཏང་ནས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ།  རྒྱལ་པོ་པེ་ཧར།    བློན་ཙིའུ་དམར་པོ།    རྡོ་རྗེ་གྲགས་ལྡན་སོགས་རུ་འདྲེན་གྱི་འཁོར་དང་བཅས་པ་བསམ་ཡས་སུ་བཀུགས།  སློབ་དཔོན་ཆེན་པོས་དམ་ལ་བཏགས་ཏེ་བསམ་ཡས་ཀྱི་དཀོར་སྲུང་དུ་བསྐོས།  མཁན་སློབ་གཉིས་ཀྱིས་བསམ་ཡས་ལ་རབ་གནས་མངའ་གསོལ་མཛད།  རྒྱལ་བློན་འབངས་དང་བཅས་པས་གླུ་གར་དགའ་སྟོན་རྒྱ་ཆེན་པོ་མཛད།  ལྔ་པ།    བཻ་རོ་ཙ་ན་སོགས་ལ་ལོ་ཙཱ་བསླབ།    མཁན་ཆེན་གྱིས་རྦ་གསལ་སྣང་སོགས་སད་མི་མི་བདུན་རབ་ཏུ་བྱུང་།    ལོ་པཎ་རྣམས་ཀྱིས་རྒྱ་གར་གྱི་ཆོས་ཐམས་ཅད་བོད་སྐད་དུ་སྒྲ་བསྒྱུར་ཞིང་འཆད་ཉན་མཛད།  རྒྱལ་པོས་སློབ་དཔོན་ཆེན་པོ་ལ་གསང་སྔགས་ཀྱི་དབང་ཡོན་དུ་རྒྱལ་སྲིད་སྣ་བདུན་མཚོན་པའི་ཡེ་ཤེས་མཚོ་རྒྱལ་མཎྜལ་དུ་ཕུལ།  བོན་དང་བན་ཆོས་ལ་རྩོད་པས་བོན་ཕམ་ནས་བསྣུབས།  ཕྱིན་ཆད་ཆོས་མི་བཤིག་པའི་ཕྱིར་བཀའ་གཙིགས་ཀྱི་ཕྱག་རྒྱའི་རྡོ་རིང་བཙུགས།  མཁན་སློབ་ཆོས་གསུམ་ལྷན་རྒྱས་པས་བཀྲ་ཤིས་དགའ་སྟོན་གྱིས་ཀུན་ཏུ་ཁྱབ་པར་མཛད་དོ།།  །།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms rin po che bka' 'bum
|collectiontitletib=བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།
|totalvolumes=25
|author=Dudjom Rinpoche
|authortib=བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
|citation=[[Dudjom Rinpoche]] 'Jigs bral ye shes rdo rje. ''Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod''. Kalimpong: Dupjung Lama, 1979-1985.
|language=Tibetan
|pagestatus=Temporary stub only
|volumenumber=24
|volumeLetter=YA
|textnuminvol=032
|pdflink=File:DJYD-KABUM-24-YA-032.pdf
|InitCategories=Dudjom Tersar Project; DJYD-KABUM-Volume-24-YA
}}
<h1>Tibetan Text</h1>
<onlyinclude>
{{TibP|(1ན)ཟློས་གར་འཁྲབ་སྟོན་གྱི་ངོ་སྤྲོད་སྔོན་བརྗོད།  གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་སྨན་ལྗོངས་གངས་ཅན་བོད་དུ་གྲགས་པའི་ཞིང་ཁམས་སུ།  རྒྱལ་བསྟན་སྣང་བའི་ཉིན་བྱེད་གསར་དུ་འདྲེན་པའི་ཤིང་རྟ་ཆེན་པོ་འཇམ་དཔལ་དབྱངས་དངོས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཞེས་ཕུལ་བྱུང་ལུགས་གཉིས་ཀྱི་མངའ་ཐང་མཐོན་པོས་འཛམ་གླིང་དྲེགས་ལྡན་སུས་ཀྱང་འགྲན་དུ་མི་བཟོད་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་ལས་བརྩམས་པའི་ཟློས་གར་ངོ་མཚར་སྒྱུ་མའི་རོལ་རྩེད་མདོ་ཙམ་བསྒྱུར་བ་ལ།  དང་པོ།  ཡབ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་དང་།  ཡུམ་གྱིམ་ཤང་ཀོང་ཇོའི་སྲས་སུ།  ལྕགས་ཕོ་རྟའི་ལོ་ལ་ཕོ་བྲང་བྲག་དམར་འོམ་བུའི་ཚལ་དུ་སྐུ་བལྟམས།  རྒྱལ་སྲས་དགུང་ལོ་བཅུ་གསུམ་དུ་ཕེབས་པ་ན།    མི་འཇིགས་སེང་གེའི་ཁྲི་ལ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་མངའ་གསོལ་ཏེ།  བློན་འབངས་འཁོར་དང་བཅས་པས་དགའ་སྟོན་གྱི་རིམ་པ་རྒྱ་ཆེན་པོར་མཛད།  གཉིས་པ།  རྒྱལ་པོས་དམ་ཆོས་རྒྱ་ཆེར་སྤེལ་བའི་བཞེད་པ་ལ།    ཞང་མ་ཞང་སྡིག་ལ་དགའ་བས་ཆོས་གནང་དུ་མ་བཅུག་པ་ལ།  ཆོས་བློན་འགོས་རྒན་ལ་སོགས་པས་ཐབས་མཁས་ཀྱིས་མ་ཞང་གསོན་དུར་དུ་བཅུག    །རྦ་གསལ་སྣང་སོགས་བལ་(1བ)ཡུལ་དུ་མངགས་ནས།  བལ་རྗེ་ལ་ཕྱག་རྟེན་དང་བཅས་མཁན་ཆེན་བོ་དྷི་སཏྭ་སྤྱན་འདྲེན་གྱི་ཞུ་ངོ་སྦྲན་ནས།    མཁན་པོས་བོད་ཀྱི་གདུལ་བྱ་ལ་དགོངས་ཏེ་བྱོན།    བློན་པོ་རྣམས་ཀྱིས་བསུ་བ་དང་བཅས་ཕོ་བྲང་བྲག་དམར་དུ་ཕེབས།  རྒྱལ་པོ་ཕྱག་རྟེན་བཅས་མཇལ་འཕྲད་མཛད་པ་ན་རྒྱལ་པོའི་ན་བཟའི་ཆ་བྱད་དང་སྦྱར་བའི་ལུང་བསྟན་གནང་།  ཕོ་བྲང་རླུང་འཚུབས་སུ་བཞུགས་ནས་ཆོས་གསུངས་པ་ན།  བོད་ཀྱི་ལྷ་འདྲེ་ནག་ཕྱོགས་པ་རྣམས་འཁྲུགས་ཏེ་བར་ཆད་བརྩམས་པས།  མཁན་པོས་སློབ་དཔོན་པདྨ་སྤྱན་འདྲེན་དགོས་པའི་ལུང་བསྟན་སྩལ་ཏེ་རེ་ཞིག་བལ་ཡུལ་དུ་ཕྱིར་ཕེབས།  གསུམ་པ།    རྦ་གསལ་སྣང་སོགས་སློབ་དཔོན་ཆེན་པོ་སྤྲན་འདྲེན་དུ་བཏང་བ་མང་ཡུལ་དུ་མཇལ།    འབྱོན་པར་གནང་སྟེ་ཕེབས་ལམ་དུ་དམ་ཅན་རྡོར་ལེགས་ཀྱི་མདུན་བསུས།  བརྟན་མ་བཅུ་ཉིས།  གཉན་ཆེན་ཐང་ལྷ།    ཡར་ལྷ་ཤམ་པོ་སོགས་དམ་ལ་འདོགས་བཞིན་པས་ཕེབས།    བྲག་དམར་འོམ་བུའི་ཚལ་དུ་རྗེ་བློན་རྣམས་ཀྱི་བསུས་ཏེ་མཇལ་འཕྲད་མཛད།    སླར་ཡང་མཁན་ཆེན་བོ་ངྷི་སཏྭ་སྤྱན་དྲངས།  བཞི་པ།  མཁན་པོ་ས་དཔྱད་གནང་།  སློབ་དཔོན་གྱིས་ས་འདུལ་མཛད།  རྒྱལ་པོས་རྨང་བཏིང་ནས།    བསམ་ཡས་ལོ་ལྔ་ལ་(2ན)བཞེངས།  ལྷ་སྲས་མུ་རུབ་བཙན་པོ་དམག་དཔུང་བཅས་བྱང་ལ་བཏང་ནས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ།  རྒྱལ་པོ་པེ་ཧར།    བློན་ཙིའུ་དམར་པོ།    རྡོ་རྗེ་གྲགས་ལྡན་སོགས་རུ་འདྲེན་གྱི་འཁོར་དང་བཅས་པ་བསམ་ཡས་སུ་བཀུགས།  སློབ་དཔོན་ཆེན་པོས་དམ་ལ་བཏགས་ཏེ་བསམ་ཡས་ཀྱི་དཀོར་སྲུང་དུ་བསྐོས།  མཁན་སློབ་གཉིས་ཀྱིས་བསམ་ཡས་ལ་རབ་གནས་མངའ་གསོལ་མཛད།  རྒྱལ་བློན་འབངས་དང་བཅས་པས་གླུ་གར་དགའ་སྟོན་རྒྱ་ཆེན་པོ་མཛད།  ལྔ་པ།    བཻ་རོ་ཙ་ན་སོགས་ལ་ལོ་ཙཱ་བསླབ།    མཁན་ཆེན་གྱིས་རྦ་གསལ་སྣང་སོགས་སད་མི་མི་བདུན་རབ་ཏུ་བྱུང་།    ལོ་པཎ་རྣམས་ཀྱིས་རྒྱ་གར་གྱི་ཆོས་ཐམས་ཅད་བོད་སྐད་དུ་སྒྲ་བསྒྱུར་ཞིང་འཆད་ཉན་མཛད།  རྒྱལ་པོས་སློབ་དཔོན་ཆེན་པོ་ལ་གསང་སྔགས་ཀྱི་དབང་ཡོན་དུ་རྒྱལ་སྲིད་སྣ་བདུན་མཚོན་པའི་ཡེ་ཤེས་མཚོ་རྒྱལ་མཎྜལ་དུ་ཕུལ།  བོན་དང་བན་ཆོས་ལ་རྩོད་པས་བོན་ཕམ་ནས་བསྣུབས།  ཕྱིན་ཆད་ཆོས་མི་བཤིག་པའི་ཕྱིར་བཀའ་གཙིགས་ཀྱི་ཕྱག་རྒྱའི་རྡོ་རིང་བཙུགས།  མཁན་སློབ་ཆོས་གསུམ་ལྷན་རྒྱས་པས་བཀྲ་ཤིས་དགའ་སྟོན་གྱིས་ཀུན་ཏུ་ཁྱབ་པར་མཛད་དོ།།  །།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 05:35, 1 June 2024

Wylie title DJYD-KABUM-24-YA-032.pdf
Location bdud 'joms rin po che bka' 'bum
Volume 24, Text 32, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod. Kalimpong: Dupjung Lama, 1979-1985.
Side notes  
More details More details
Genre
[edit]
(1ན)ཟློས་གར་འཁྲབ་སྟོན་གྱི་ངོ་སྤྲོད་སྔོན་བརྗོད། གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་སྨན་ལྗོངས་གངས་ཅན་བོད་དུ་གྲགས་པའི་ཞིང་ཁམས་སུ། རྒྱལ་བསྟན་སྣང་བའི་ཉིན་བྱེད་གསར་དུ་འདྲེན་པའི་ཤིང་རྟ་ཆེན་པོ་འཇམ་དཔལ་དབྱངས་དངོས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཞེས་ཕུལ་བྱུང་ལུགས་གཉིས་ཀྱི་མངའ་ཐང་མཐོན་པོས་འཛམ་གླིང་དྲེགས་ལྡན་སུས་ཀྱང་འགྲན་དུ་མི་བཟོད་པ་དེ་ཉིད་ཀྱི་རྣམ་པར་ཐར་པ་ལས་བརྩམས་པའི་ཟློས་གར་ངོ་མཚར་སྒྱུ་མའི་རོལ་རྩེད་མདོ་ཙམ་བསྒྱུར་བ་ལ། དང་པོ། ཡབ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་དང་། ཡུམ་གྱིམ་ཤང་ཀོང་ཇོའི་སྲས་སུ། ལྕགས་ཕོ་རྟའི་ལོ་ལ་ཕོ་བྲང་བྲག་དམར་འོམ་བུའི་ཚལ་དུ་སྐུ་བལྟམས། རྒྱལ་སྲས་དགུང་ལོ་བཅུ་གསུམ་དུ་ཕེབས་པ་ན། མི་འཇིགས་སེང་གེའི་ཁྲི་ལ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་མངའ་གསོལ་ཏེ། བློན་འབངས་འཁོར་དང་བཅས་པས་དགའ་སྟོན་གྱི་རིམ་པ་རྒྱ་ཆེན་པོར་མཛད། གཉིས་པ། རྒྱལ་པོས་དམ་ཆོས་རྒྱ་ཆེར་སྤེལ་བའི་བཞེད་པ་ལ། ཞང་མ་ཞང་སྡིག་ལ་དགའ་བས་ཆོས་གནང་དུ་མ་བཅུག་པ་ལ། ཆོས་བློན་འགོས་རྒན་ལ་སོགས་པས་ཐབས་མཁས་ཀྱིས་མ་ཞང་གསོན་དུར་དུ་བཅུག །རྦ་གསལ་སྣང་སོགས་བལ་(1བ)ཡུལ་དུ་མངགས་ནས། བལ་རྗེ་ལ་ཕྱག་རྟེན་དང་བཅས་མཁན་ཆེན་བོ་དྷི་སཏྭ་སྤྱན་འདྲེན་གྱི་ཞུ་ངོ་སྦྲན་ནས། མཁན་པོས་བོད་ཀྱི་གདུལ་བྱ་ལ་དགོངས་ཏེ་བྱོན། བློན་པོ་རྣམས་ཀྱིས་བསུ་བ་དང་བཅས་ཕོ་བྲང་བྲག་དམར་དུ་ཕེབས། རྒྱལ་པོ་ཕྱག་རྟེན་བཅས་མཇལ་འཕྲད་མཛད་པ་ན་རྒྱལ་པོའི་ན་བཟའི་ཆ་བྱད་དང་སྦྱར་བའི་ལུང་བསྟན་གནང་། ཕོ་བྲང་རླུང་འཚུབས་སུ་བཞུགས་ནས་ཆོས་གསུངས་པ་ན། བོད་ཀྱི་ལྷ་འདྲེ་ནག་ཕྱོགས་པ་རྣམས་འཁྲུགས་ཏེ་བར་ཆད་བརྩམས་པས། མཁན་པོས་སློབ་དཔོན་པདྨ་སྤྱན་འདྲེན་དགོས་པའི་ལུང་བསྟན་སྩལ་ཏེ་རེ་ཞིག་བལ་ཡུལ་དུ་ཕྱིར་ཕེབས། གསུམ་པ། རྦ་གསལ་སྣང་སོགས་སློབ་དཔོན་ཆེན་པོ་སྤྲན་འདྲེན་དུ་བཏང་བ་མང་ཡུལ་དུ་མཇལ། འབྱོན་པར་གནང་སྟེ་ཕེབས་ལམ་དུ་དམ་ཅན་རྡོར་ལེགས་ཀྱི་མདུན་བསུས། བརྟན་མ་བཅུ་ཉིས། གཉན་ཆེན་ཐང་ལྷ། ཡར་ལྷ་ཤམ་པོ་སོགས་དམ་ལ་འདོགས་བཞིན་པས་ཕེབས། བྲག་དམར་འོམ་བུའི་ཚལ་དུ་རྗེ་བློན་རྣམས་ཀྱི་བསུས་ཏེ་མཇལ་འཕྲད་མཛད། སླར་ཡང་མཁན་ཆེན་བོ་ངྷི་སཏྭ་སྤྱན་དྲངས། བཞི་པ། མཁན་པོ་ས་དཔྱད་གནང་། སློབ་དཔོན་གྱིས་ས་འདུལ་མཛད། རྒྱལ་པོས་རྨང་བཏིང་ནས། བསམ་ཡས་ལོ་ལྔ་ལ་(2ན)བཞེངས། ལྷ་སྲས་མུ་རུབ་བཙན་པོ་དམག་དཔུང་བཅས་བྱང་ལ་བཏང་ནས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ། རྒྱལ་པོ་པེ་ཧར། བློན་ཙིའུ་དམར་པོ། རྡོ་རྗེ་གྲགས་ལྡན་སོགས་རུ་འདྲེན་གྱི་འཁོར་དང་བཅས་པ་བསམ་ཡས་སུ་བཀུགས། སློབ་དཔོན་ཆེན་པོས་དམ་ལ་བཏགས་ཏེ་བསམ་ཡས་ཀྱི་དཀོར་སྲུང་དུ་བསྐོས། མཁན་སློབ་གཉིས་ཀྱིས་བསམ་ཡས་ལ་རབ་གནས་མངའ་གསོལ་མཛད། རྒྱལ་བློན་འབངས་དང་བཅས་པས་གླུ་གར་དགའ་སྟོན་རྒྱ་ཆེན་པོ་མཛད། ལྔ་པ། བཻ་རོ་ཙ་ན་སོགས་ལ་ལོ་ཙཱ་བསླབ། མཁན་ཆེན་གྱིས་རྦ་གསལ་སྣང་སོགས་སད་མི་མི་བདུན་རབ་ཏུ་བྱུང་། ལོ་པཎ་རྣམས་ཀྱིས་རྒྱ་གར་གྱི་ཆོས་ཐམས་ཅད་བོད་སྐད་དུ་སྒྲ་བསྒྱུར་ཞིང་འཆད་ཉན་མཛད། རྒྱལ་པོས་སློབ་དཔོན་ཆེན་པོ་ལ་གསང་སྔགས་ཀྱི་དབང་ཡོན་དུ་རྒྱལ་སྲིད་སྣ་བདུན་མཚོན་པའི་ཡེ་ཤེས་མཚོ་རྒྱལ་མཎྜལ་དུ་ཕུལ། བོན་དང་བན་ཆོས་ལ་རྩོད་པས་བོན་ཕམ་ནས་བསྣུབས། ཕྱིན་ཆད་ཆོས་མི་བཤིག་པའི་ཕྱིར་བཀའ་གཙིགས་ཀྱི་ཕྱག་རྒྱའི་རྡོ་རིང་བཙུགས། མཁན་སློབ་ཆོས་གསུམ་ལྷན་རྒྱས་པས་བཀྲ་ཤིས་དགའ་སྟོན་གྱིས་ཀུན་ཏུ་ཁྱབ་པར་མཛད་དོ།། །།