DJYD-KABUM-24-YA-034: Difference between revisions

From Dudjom Wiki
DJYD-KABUM-24-YA-034
m Text replacement - "བདུད་འཇོམས་རིན་པོ་ཆེ་བཀའ་འབུམ།" to "བདུད་འཇོམས་རིན་པོ་ཆེའི་བཀའ་འབུམ།"
m Text replacement - "\{\{TibChung\|\s*(\[?\d+[ab]\]?)\s*\}\}" to "{{FolioNumber|$1}}"
 
Line 31: Line 31:
<h1>Tibetan Text</h1>
<h1>Tibetan Text</h1>
<onlyinclude>
<onlyinclude>
{{TibP|༄༅། །ཕྱག་རྒྱའི་པདྨ་ལ་དགའ་བའི་ཅོལ་གཏམ་རྡོ་རྗེ་ཆགས་པའི་སྒྲ་དབྱངས་སུ་བསྙད་པ།  ན་མོ་མ་ཧཱ་མནྟྲ་བྷ་ག་བྷ་དྲཱ་ཡ།    ཆོས་རྣམས་གང་ལས་འབྱུང་བའི་སྒོ།  །སྐྱེ་མེད་རྣམ་པར་ཐར་པའི་དབྱིངས།  །ཡེ་ཤེས་རྣམ་པ་ཐམས་ཅད་པ།  །མི་ཟད་ཀུན་ཏུ་འཁྱིལ་བ་དེར།  །མཉམ་པ་ཆེན་པོར་སྦྱོར་བའི་ཕྱག  །དགའ་བ་ཆེན་པོས་བཙལ་ནས་ཀྱང་།  །བྷ་ག་བཟང་པོའི་ཚུལ་ཤེས་པས།  །དེ་ལ་དགའ་བའི་གཏམ་ཞིག་གླེང་།  བྷ་ག་སྐལ་བ་བཟང་པོ་སྟེ།  །བཟང་པོའི་དཔལ་གྱིས་འཁྱུད་པས་ན།  །ཐབས་ཤེས་ལྡན་པ་སུས་བསྟེན་པ།  །དེ་ཡང་བཟང་པོའི་སྐལ་པས་མཛེས།  །བྷ་ག་ཞེས་པ་བཅོམ་པ་སྟེ།  །གང་དུ་དྲི་མ་བཅོམ་པའི་གཞི།  །གང་གིས་དྲི་མ་འཇོམས་པའི་ལམ།  །གང་ཞིག་དྲི་བྲལ་འབྲས་བུ་ཡང་།  །གང་གིས་བླུན་པོ་འཆིངས་བྱེད་པ།    །དེ་ཡིས་མཁས་རྣམས་གྲོལ་འགྱུར་ཏེ།  །སྲིད་ན་དགའ་བའི་ཆུ་གཏེར་དང་།    །ཞི་བ་དམ་པའི་ཡེ་ཤེས་མཚོ།  །འཆིངས་བྱེད་ཀུན་ལས་དམ་པ་དེ།  །གྲོལ་བྱེད་ཀུན་ལས་མྱུར་བ་སྟེ།  །ཕོ་ཉ་ལྟ་བུར་བགྲོད་བྱེད་པས།    །མྱུར་བ་ཕོ་ཉའི་ལམ་ཞེས་བྱ།  །དག་པ་དབྱིངས་ཀྱི་ཐིག་ལེ་ནི།  །ཕྱག་རྒྱའི་གཟུགས་སུ་རབ་སྣང་བས།  །རྣལ་འབྱོར་ཅན་ལ་མཆོག་སྟེར་ {{TibChung|[1b]}} བ།  དེ་ལ་རྣམ་པ་བཞི་རུ་བཤད།    །གཞི་གནས་བདེ་བའི་ཐིག་ལེ་ཉིད།  །ལམ་དུ་སློང་ལ་སྟོབས་ཆེ་བ།  །ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས།  །མི་མོ་རྣམས་ཀྱི་རེག་བྱ་མཆོག  །དེ་ལྡན་ཀརྨ་མུ་དྲ་ཞེས།  །ལྔ་ཡི་རིགས་ལ་གསུམ་གྱིས་དབྱེ།  །པཉྩས་ལྷག་པའི་བཅུ་ཕྲག་གྲངས།  །ཀུན་ལ་ཐུན་མོང་རྗེས་འགྲོ་བའི།  །མཚན་ཉིད་འདི་དག་ལྡན་པ་ནི།  །བྷ་ག་བཟང་པོ་ཉིད་དུ་ཤེས།  །བྷ་ག་ཡངས་ལ་དོགས་པ་དགོས།  །ཡངས་པ་སྟེང་གི་ཁྱོན་ཉིད་དེ།  །དོགས་པ་ནང་གི་བུ་གའོ།  །བྷ་ག་མཐོ་ལ་དམའ་བ་དགོས།  །མཐོ་བ་སྟེང་དུ་འབུར་བ་སྟེ།  །དམའ་བ་རྒྱབ་ནས་ཀྱང་རུང་བ།  །བྷ་ག་སྐམ་ལ་རློན་པ་དགོས།  །སྐམ་པ་རྒྱུན་དུ་གཤེར་བག་ཆུང་།  །རློན་པ་དུས་སུ་ཟིལ་འབབ་པ།  །བྷ་ག་ཚ་ཞིང་བའིལ་བ་དགོས།  །ཚ་བ་ཤ་དྲོད་རྒྱས་པ་སྟེ།  །བའིལ་བ་གདུང་བ་བའིལ་བའོ།  །བྷ་ག་ཕྱེ་ལ་རུབ་པ་དགོས།  །ཕྱེ་བ་རྩ་སྒོ་བྱེ་བ་སྟེ།    གཏིང་སྦུག་རིམ་པས་རུབ་པའོ།  །བྷ་ག་བརྟན་ཞིང་གཡོ་བ་དགོས།  །འཕོ་བར་ཉེ་ན་བརྟན་པར་སྡོམ།  །ཡལ་བར་ཕྱོགས་ཚེ་གཡོ་བའོ།  །བྷ་ག་འབྱེད་དང་འཛུམ་པ་དགོས།  །འཇུག་པའི་ཚེ་ན་འབྱེད་བྱེད་ཅིང་།  །འབྱིན་པའི་དུས་སུ་འཛུམ་པ་སྟེ།  །སྐབས་སུ་དེ་ལས་ {{TibChung|[2a]}} ལྡོག་པ་དང་།  །ཐེམ་གྱིས་མནན་ན་སྤེལ་མའམ།  །ཡང་ན་དམ་པོར་བཙུམ་པའོ།  །གཞན་ཡང་ཁྱད་པར་འདི་ལྟ་སྟེ།  །སྐབས་སུ་ཕྲིལ་ཕྲིལ་ཁོལ་བུར་འཕར།  །གཏིང་དུ་མནན་ན་སིལ་སིལ་ཁོལ།  །རེས་འགའ་གཞིབ་ཅིང་གཞིབ་ཅིང་གཅུ།  །བཙུམ་ནས་ཐད་ཀ་དྲང་པོར་སྡོམ།  །སྐབས་སུ་རྩ་སྣེ་རིབ་རིབ་འཁྱུགས།  །པདྨའི་སྐུད་པ་གཡོ་བའི་ལྕེས།  །རྡོ་རྗེའི་མིག་ཏུ་ཉུག་པར་བྱེད།  །རེས་འགའ་ལྡེམ་ཞིང་རེས་འགའ་འགྱིང་།  །རེས་འགའ་གཡས་གཡོན་འཕེན་པ་བཞིན།  །འདར་བའི་དབུགས་དང་ལྷན་ཅིག་ཏུ།  །དགའ་བའི་བུ་ག་ཕྲིལ་ཕྲིལ་གཡོ།  །འབྱིན་འཇུག་སྒྲ་དང་ལྷན་ཅིག་ཏུ།    །དགྱེ་རྒུ་སྦྱོར་བའི་སྟངས་ཀ་སྒྱུར།  །ཆགས་པས་བསྐུལ་བས་གྲིམ་ཆགས་ཤིང་།  །བདེ་བས་མྱོས་པས་ལྷོད་ཆགས་པ།    །དགའ་བ་རྒྱས་པའི་རོལ་མོ་འབུམ།  །བདེ་བའི་གནས་སུ་ཁོལ་བ་བཞིན།  །ལུས་གནས་རྩ་ཡི་དྲྭ་བ་རུ།  །བདེ་ཆེན་རྒྱ་མཚོ་འཕྱུར་རླབས་ཀྱིས།  །ལྕགས་ལ་གསེར་འགྱུར་རྩི་བཞིན་དུ།  །ཕུང་ཁམས་བདེ་ཆེན་གཅིག་ཏུ་བསྐྱིལ།  །རྩ་གནས་ཡི་གེའི་རང་སྒྲ་ནི།  །རྡོ་རྗེ་ཆགས་པའི་གདངས་ཤར་བ།  །བདེ་ཆེན་སྔགས་ཀྱི་སྒྲ་དབྱངས་འབུམ།      །ཨ་ཧཾ་མྱོས་པའི་འཁུན་བུར་སྒྱུར། {{TibChung|[2b]}} རྣམ་པར་གཡོ་བའི་ཀུན་རྟོག་སེམས།  །བདེ་བའི་མལ་དུ་མནལ་བྱས་པས།  །འགྱུར་མེད་རིག་པའི་ཡེ་ཤེས་ནི།    །ཟང་ཐལ་རང་གི་མལ་ནས་སད།  །དཀའ་ཐུབ་ཉི་མས་མ་ཞུ་ཞིང་།  །ལུང་རིག་སེར་བས་མ་ཆོམ་པ།  །ཀུན་རྟོག་ཚེར་མའི་ནགས་ཀླུང་ཆེ།  །ཡེ་ཤེས་མེ་ལྕེས་བཟའ་བའི་ཞལ།  །འབྱིན་འཇུག་རླུང་གི་དབབ་ལྡོག་དགྲམ།  །རྩོལ་མེད་ཨ་ཝ་དྷུ་ཏིའི་མཁའ།  །སྦྱར་བ་ཁོ་ནས་དོན་འགྲུབ་པ།  །ཨེ་མ་ཡ་མཚན་བྷ་གའི་ཆོས།  །ཐབས་མཆོག་སྔགས་ཀྱི་ད་ལ་ཆེ།  །ཤེས་རབ་པདྨའི་ཀེ་ས་རར།  །མི་འགྱུར་བདེ་བའི་རོལ་རྩེད་ཀྱིས།  །ས་གསུམ་ཀུན་དགར་བྱེད་པར་ཤོག  །སྲིད་པའི་ཆུ་བོས་ཁྱེར་བ་ཞིག  །དེ་ཡི་རྦ་ལ་རྩེ་བའི་གཏམ།  །ཉོན་མོངས་རླབས་ཀྱིས་བཙིར་བས་ཏེ།  །ཧ་ཅང་ཐལ་ན་བཟོད་པར་འཚལ།།    །།}}
{{TibP|༄༅། །ཕྱག་རྒྱའི་པདྨ་ལ་དགའ་བའི་ཅོལ་གཏམ་རྡོ་རྗེ་ཆགས་པའི་སྒྲ་དབྱངས་སུ་བསྙད་པ།  ན་མོ་མ་ཧཱ་མནྟྲ་བྷ་ག་བྷ་དྲཱ་ཡ།    ཆོས་རྣམས་གང་ལས་འབྱུང་བའི་སྒོ།  །སྐྱེ་མེད་རྣམ་པར་ཐར་པའི་དབྱིངས།  །ཡེ་ཤེས་རྣམ་པ་ཐམས་ཅད་པ།  །མི་ཟད་ཀུན་ཏུ་འཁྱིལ་བ་དེར།  །མཉམ་པ་ཆེན་པོར་སྦྱོར་བའི་ཕྱག  །དགའ་བ་ཆེན་པོས་བཙལ་ནས་ཀྱང་།  །བྷ་ག་བཟང་པོའི་ཚུལ་ཤེས་པས།  །དེ་ལ་དགའ་བའི་གཏམ་ཞིག་གླེང་།  བྷ་ག་སྐལ་བ་བཟང་པོ་སྟེ།  །བཟང་པོའི་དཔལ་གྱིས་འཁྱུད་པས་ན།  །ཐབས་ཤེས་ལྡན་པ་སུས་བསྟེན་པ།  །དེ་ཡང་བཟང་པོའི་སྐལ་པས་མཛེས།  །བྷ་ག་ཞེས་པ་བཅོམ་པ་སྟེ།  །གང་དུ་དྲི་མ་བཅོམ་པའི་གཞི།  །གང་གིས་དྲི་མ་འཇོམས་པའི་ལམ།  །གང་ཞིག་དྲི་བྲལ་འབྲས་བུ་ཡང་།  །གང་གིས་བླུན་པོ་འཆིངས་བྱེད་པ།    །དེ་ཡིས་མཁས་རྣམས་གྲོལ་འགྱུར་ཏེ།  །སྲིད་ན་དགའ་བའི་ཆུ་གཏེར་དང་།    །ཞི་བ་དམ་པའི་ཡེ་ཤེས་མཚོ།  །འཆིངས་བྱེད་ཀུན་ལས་དམ་པ་དེ།  །གྲོལ་བྱེད་ཀུན་ལས་མྱུར་བ་སྟེ།  །ཕོ་ཉ་ལྟ་བུར་བགྲོད་བྱེད་པས།    །མྱུར་བ་ཕོ་ཉའི་ལམ་ཞེས་བྱ།  །དག་པ་དབྱིངས་ཀྱི་ཐིག་ལེ་ནི།  །ཕྱག་རྒྱའི་གཟུགས་སུ་རབ་སྣང་བས།  །རྣལ་འབྱོར་ཅན་ལ་མཆོག་སྟེར་ {{FolioNumber|[1b]}} བ།  དེ་ལ་རྣམ་པ་བཞི་རུ་བཤད།    །གཞི་གནས་བདེ་བའི་ཐིག་ལེ་ཉིད།  །ལམ་དུ་སློང་ལ་སྟོབས་ཆེ་བ།  །ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས།  །མི་མོ་རྣམས་ཀྱི་རེག་བྱ་མཆོག  །དེ་ལྡན་ཀརྨ་མུ་དྲ་ཞེས།  །ལྔ་ཡི་རིགས་ལ་གསུམ་གྱིས་དབྱེ།  །པཉྩས་ལྷག་པའི་བཅུ་ཕྲག་གྲངས།  །ཀུན་ལ་ཐུན་མོང་རྗེས་འགྲོ་བའི།  །མཚན་ཉིད་འདི་དག་ལྡན་པ་ནི།  །བྷ་ག་བཟང་པོ་ཉིད་དུ་ཤེས།  །བྷ་ག་ཡངས་ལ་དོགས་པ་དགོས།  །ཡངས་པ་སྟེང་གི་ཁྱོན་ཉིད་དེ།  །དོགས་པ་ནང་གི་བུ་གའོ།  །བྷ་ག་མཐོ་ལ་དམའ་བ་དགོས།  །མཐོ་བ་སྟེང་དུ་འབུར་བ་སྟེ།  །དམའ་བ་རྒྱབ་ནས་ཀྱང་རུང་བ།  །བྷ་ག་སྐམ་ལ་རློན་པ་དགོས།  །སྐམ་པ་རྒྱུན་དུ་གཤེར་བག་ཆུང་།  །རློན་པ་དུས་སུ་ཟིལ་འབབ་པ།  །བྷ་ག་ཚ་ཞིང་བའིལ་བ་དགོས།  །ཚ་བ་ཤ་དྲོད་རྒྱས་པ་སྟེ།  །བའིལ་བ་གདུང་བ་བའིལ་བའོ།  །བྷ་ག་ཕྱེ་ལ་རུབ་པ་དགོས།  །ཕྱེ་བ་རྩ་སྒོ་བྱེ་བ་སྟེ།    གཏིང་སྦུག་རིམ་པས་རུབ་པའོ།  །བྷ་ག་བརྟན་ཞིང་གཡོ་བ་དགོས།  །འཕོ་བར་ཉེ་ན་བརྟན་པར་སྡོམ།  །ཡལ་བར་ཕྱོགས་ཚེ་གཡོ་བའོ།  །བྷ་ག་འབྱེད་དང་འཛུམ་པ་དགོས།  །འཇུག་པའི་ཚེ་ན་འབྱེད་བྱེད་ཅིང་།  །འབྱིན་པའི་དུས་སུ་འཛུམ་པ་སྟེ།  །སྐབས་སུ་དེ་ལས་ {{FolioNumber|[2a]}} ལྡོག་པ་དང་།  །ཐེམ་གྱིས་མནན་ན་སྤེལ་མའམ།  །ཡང་ན་དམ་པོར་བཙུམ་པའོ།  །གཞན་ཡང་ཁྱད་པར་འདི་ལྟ་སྟེ།  །སྐབས་སུ་ཕྲིལ་ཕྲིལ་ཁོལ་བུར་འཕར།  །གཏིང་དུ་མནན་ན་སིལ་སིལ་ཁོལ།  །རེས་འགའ་གཞིབ་ཅིང་གཞིབ་ཅིང་གཅུ།  །བཙུམ་ནས་ཐད་ཀ་དྲང་པོར་སྡོམ།  །སྐབས་སུ་རྩ་སྣེ་རིབ་རིབ་འཁྱུགས།  །པདྨའི་སྐུད་པ་གཡོ་བའི་ལྕེས།  །རྡོ་རྗེའི་མིག་ཏུ་ཉུག་པར་བྱེད།  །རེས་འགའ་ལྡེམ་ཞིང་རེས་འགའ་འགྱིང་།  །རེས་འགའ་གཡས་གཡོན་འཕེན་པ་བཞིན།  །འདར་བའི་དབུགས་དང་ལྷན་ཅིག་ཏུ།  །དགའ་བའི་བུ་ག་ཕྲིལ་ཕྲིལ་གཡོ།  །འབྱིན་འཇུག་སྒྲ་དང་ལྷན་ཅིག་ཏུ།    །དགྱེ་རྒུ་སྦྱོར་བའི་སྟངས་ཀ་སྒྱུར།  །ཆགས་པས་བསྐུལ་བས་གྲིམ་ཆགས་ཤིང་།  །བདེ་བས་མྱོས་པས་ལྷོད་ཆགས་པ།    །དགའ་བ་རྒྱས་པའི་རོལ་མོ་འབུམ།  །བདེ་བའི་གནས་སུ་ཁོལ་བ་བཞིན།  །ལུས་གནས་རྩ་ཡི་དྲྭ་བ་རུ།  །བདེ་ཆེན་རྒྱ་མཚོ་འཕྱུར་རླབས་ཀྱིས།  །ལྕགས་ལ་གསེར་འགྱུར་རྩི་བཞིན་དུ།  །ཕུང་ཁམས་བདེ་ཆེན་གཅིག་ཏུ་བསྐྱིལ།  །རྩ་གནས་ཡི་གེའི་རང་སྒྲ་ནི།  །རྡོ་རྗེ་ཆགས་པའི་གདངས་ཤར་བ།  །བདེ་ཆེན་སྔགས་ཀྱི་སྒྲ་དབྱངས་འབུམ།      །ཨ་ཧཾ་མྱོས་པའི་འཁུན་བུར་སྒྱུར། {{FolioNumber|[2b]}} རྣམ་པར་གཡོ་བའི་ཀུན་རྟོག་སེམས།  །བདེ་བའི་མལ་དུ་མནལ་བྱས་པས།  །འགྱུར་མེད་རིག་པའི་ཡེ་ཤེས་ནི།    །ཟང་ཐལ་རང་གི་མལ་ནས་སད།  །དཀའ་ཐུབ་ཉི་མས་མ་ཞུ་ཞིང་།  །ལུང་རིག་སེར་བས་མ་ཆོམ་པ།  །ཀུན་རྟོག་ཚེར་མའི་ནགས་ཀླུང་ཆེ།  །ཡེ་ཤེས་མེ་ལྕེས་བཟའ་བའི་ཞལ།  །འབྱིན་འཇུག་རླུང་གི་དབབ་ལྡོག་དགྲམ།  །རྩོལ་མེད་ཨ་ཝ་དྷུ་ཏིའི་མཁའ།  །སྦྱར་བ་ཁོ་ནས་དོན་འགྲུབ་པ།  །ཨེ་མ་ཡ་མཚན་བྷ་གའི་ཆོས།  །ཐབས་མཆོག་སྔགས་ཀྱི་ད་ལ་ཆེ།  །ཤེས་རབ་པདྨའི་ཀེ་ས་རར།  །མི་འགྱུར་བདེ་བའི་རོལ་རྩེད་ཀྱིས།  །ས་གསུམ་ཀུན་དགར་བྱེད་པར་ཤོག  །སྲིད་པའི་ཆུ་བོས་ཁྱེར་བ་ཞིག  །དེ་ཡི་རྦ་ལ་རྩེ་བའི་གཏམ།  །ཉོན་མོངས་རླབས་ཀྱིས་བཙིར་བས་ཏེ།  །ཧ་ཅང་ཐལ་ན་བཟོད་པར་འཚལ།།    །།}}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 17:47, 24 February 2026

Wylie title pad+ma'i gtam
Location bdud 'joms rin po che'i bka' 'bum
Volume 24, Text 34, Pages 383-386 (Folios 1a1 to 2b4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Pad+ma'i gtam. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: 383-386. Kalimpong: Dupjung Lama, 1979-1985.
Side notes Recto: pad+ma'i gtam   Verso: sna tshogs skor
More details More details
Genre Discourses - gtam

[edit]
༄༅། །ཕྱག་རྒྱའི་པདྨ་ལ་དགའ་བའི་ཅོལ་གཏམ་རྡོ་རྗེ་ཆགས་པའི་སྒྲ་དབྱངས་སུ་བསྙད་པ། ན་མོ་མ་ཧཱ་མནྟྲ་བྷ་ག་བྷ་དྲཱ་ཡ། ཆོས་རྣམས་གང་ལས་འབྱུང་བའི་སྒོ། །སྐྱེ་མེད་རྣམ་པར་ཐར་པའི་དབྱིངས། །ཡེ་ཤེས་རྣམ་པ་ཐམས་ཅད་པ། །མི་ཟད་ཀུན་ཏུ་འཁྱིལ་བ་དེར། །མཉམ་པ་ཆེན་པོར་སྦྱོར་བའི་ཕྱག །དགའ་བ་ཆེན་པོས་བཙལ་ནས་ཀྱང་། །བྷ་ག་བཟང་པོའི་ཚུལ་ཤེས་པས། །དེ་ལ་དགའ་བའི་གཏམ་ཞིག་གླེང་། བྷ་ག་སྐལ་བ་བཟང་པོ་སྟེ། །བཟང་པོའི་དཔལ་གྱིས་འཁྱུད་པས་ན། །ཐབས་ཤེས་ལྡན་པ་སུས་བསྟེན་པ། །དེ་ཡང་བཟང་པོའི་སྐལ་པས་མཛེས། །བྷ་ག་ཞེས་པ་བཅོམ་པ་སྟེ། །གང་དུ་དྲི་མ་བཅོམ་པའི་གཞི། །གང་གིས་དྲི་མ་འཇོམས་པའི་ལམ། །གང་ཞིག་དྲི་བྲལ་འབྲས་བུ་ཡང་། །གང་གིས་བླུན་པོ་འཆིངས་བྱེད་པ། །དེ་ཡིས་མཁས་རྣམས་གྲོལ་འགྱུར་ཏེ། །སྲིད་ན་དགའ་བའི་ཆུ་གཏེར་དང་། །ཞི་བ་དམ་པའི་ཡེ་ཤེས་མཚོ། །འཆིངས་བྱེད་ཀུན་ལས་དམ་པ་དེ། །གྲོལ་བྱེད་ཀུན་ལས་མྱུར་བ་སྟེ། །ཕོ་ཉ་ལྟ་བུར་བགྲོད་བྱེད་པས། །མྱུར་བ་ཕོ་ཉའི་ལམ་ཞེས་བྱ། །དག་པ་དབྱིངས་ཀྱི་ཐིག་ལེ་ནི། །ཕྱག་རྒྱའི་གཟུགས་སུ་རབ་སྣང་བས། །རྣལ་འབྱོར་ཅན་ལ་མཆོག་སྟེར་ བ། དེ་ལ་རྣམ་པ་བཞི་རུ་བཤད། །གཞི་གནས་བདེ་བའི་ཐིག་ལེ་ཉིད། །ལམ་དུ་སློང་ལ་སྟོབས་ཆེ་བ། །ཁམས་དྲུག་ལྡན་པ་རྡོ་རྗེའི་ལུས། །མི་མོ་རྣམས་ཀྱི་རེག་བྱ་མཆོག །དེ་ལྡན་ཀརྨ་མུ་དྲ་ཞེས། །ལྔ་ཡི་རིགས་ལ་གསུམ་གྱིས་དབྱེ། །པཉྩས་ལྷག་པའི་བཅུ་ཕྲག་གྲངས། །ཀུན་ལ་ཐུན་མོང་རྗེས་འགྲོ་བའི། །མཚན་ཉིད་འདི་དག་ལྡན་པ་ནི། །བྷ་ག་བཟང་པོ་ཉིད་དུ་ཤེས། །བྷ་ག་ཡངས་ལ་དོགས་པ་དགོས། །ཡངས་པ་སྟེང་གི་ཁྱོན་ཉིད་དེ། །དོགས་པ་ནང་གི་བུ་གའོ། །བྷ་ག་མཐོ་ལ་དམའ་བ་དགོས། །མཐོ་བ་སྟེང་དུ་འབུར་བ་སྟེ། །དམའ་བ་རྒྱབ་ནས་ཀྱང་རུང་བ། །བྷ་ག་སྐམ་ལ་རློན་པ་དགོས། །སྐམ་པ་རྒྱུན་དུ་གཤེར་བག་ཆུང་། །རློན་པ་དུས་སུ་ཟིལ་འབབ་པ། །བྷ་ག་ཚ་ཞིང་བའིལ་བ་དགོས། །ཚ་བ་ཤ་དྲོད་རྒྱས་པ་སྟེ། །བའིལ་བ་གདུང་བ་བའིལ་བའོ། །བྷ་ག་ཕྱེ་ལ་རུབ་པ་དགོས། །ཕྱེ་བ་རྩ་སྒོ་བྱེ་བ་སྟེ། གཏིང་སྦུག་རིམ་པས་རུབ་པའོ། །བྷ་ག་བརྟན་ཞིང་གཡོ་བ་དགོས། །འཕོ་བར་ཉེ་ན་བརྟན་པར་སྡོམ། །ཡལ་བར་ཕྱོགས་ཚེ་གཡོ་བའོ། །བྷ་ག་འབྱེད་དང་འཛུམ་པ་དགོས། །འཇུག་པའི་ཚེ་ན་འབྱེད་བྱེད་ཅིང་། །འབྱིན་པའི་དུས་སུ་འཛུམ་པ་སྟེ། །སྐབས་སུ་དེ་ལས་ ལྡོག་པ་དང་། །ཐེམ་གྱིས་མནན་ན་སྤེལ་མའམ། །ཡང་ན་དམ་པོར་བཙུམ་པའོ། །གཞན་ཡང་ཁྱད་པར་འདི་ལྟ་སྟེ། །སྐབས་སུ་ཕྲིལ་ཕྲིལ་ཁོལ་བུར་འཕར། །གཏིང་དུ་མནན་ན་སིལ་སིལ་ཁོལ། །རེས་འགའ་གཞིབ་ཅིང་གཞིབ་ཅིང་གཅུ། །བཙུམ་ནས་ཐད་ཀ་དྲང་པོར་སྡོམ། །སྐབས་སུ་རྩ་སྣེ་རིབ་རིབ་འཁྱུགས། །པདྨའི་སྐུད་པ་གཡོ་བའི་ལྕེས། །རྡོ་རྗེའི་མིག་ཏུ་ཉུག་པར་བྱེད། །རེས་འགའ་ལྡེམ་ཞིང་རེས་འགའ་འགྱིང་། །རེས་འགའ་གཡས་གཡོན་འཕེན་པ་བཞིན། །འདར་བའི་དབུགས་དང་ལྷན་ཅིག་ཏུ། །དགའ་བའི་བུ་ག་ཕྲིལ་ཕྲིལ་གཡོ། །འབྱིན་འཇུག་སྒྲ་དང་ལྷན་ཅིག་ཏུ། །དགྱེ་རྒུ་སྦྱོར་བའི་སྟངས་ཀ་སྒྱུར། །ཆགས་པས་བསྐུལ་བས་གྲིམ་ཆགས་ཤིང་། །བདེ་བས་མྱོས་པས་ལྷོད་ཆགས་པ། །དགའ་བ་རྒྱས་པའི་རོལ་མོ་འབུམ། །བདེ་བའི་གནས་སུ་ཁོལ་བ་བཞིན། །ལུས་གནས་རྩ་ཡི་དྲྭ་བ་རུ། །བདེ་ཆེན་རྒྱ་མཚོ་འཕྱུར་རླབས་ཀྱིས། །ལྕགས་ལ་གསེར་འགྱུར་རྩི་བཞིན་དུ། །ཕུང་ཁམས་བདེ་ཆེན་གཅིག་ཏུ་བསྐྱིལ། །རྩ་གནས་ཡི་གེའི་རང་སྒྲ་ནི། །རྡོ་རྗེ་ཆགས་པའི་གདངས་ཤར་བ། །བདེ་ཆེན་སྔགས་ཀྱི་སྒྲ་དབྱངས་འབུམ། །ཨ་ཧཾ་མྱོས་པའི་འཁུན་བུར་སྒྱུར། རྣམ་པར་གཡོ་བའི་ཀུན་རྟོག་སེམས། །བདེ་བའི་མལ་དུ་མནལ་བྱས་པས། །འགྱུར་མེད་རིག་པའི་ཡེ་ཤེས་ནི། །ཟང་ཐལ་རང་གི་མལ་ནས་སད། །དཀའ་ཐུབ་ཉི་མས་མ་ཞུ་ཞིང་། །ལུང་རིག་སེར་བས་མ་ཆོམ་པ། །ཀུན་རྟོག་ཚེར་མའི་ནགས་ཀླུང་ཆེ། །ཡེ་ཤེས་མེ་ལྕེས་བཟའ་བའི་ཞལ། །འབྱིན་འཇུག་རླུང་གི་དབབ་ལྡོག་དགྲམ། །རྩོལ་མེད་ཨ་ཝ་དྷུ་ཏིའི་མཁའ། །སྦྱར་བ་ཁོ་ནས་དོན་འགྲུབ་པ། །ཨེ་མ་ཡ་མཚན་བྷ་གའི་ཆོས། །ཐབས་མཆོག་སྔགས་ཀྱི་ད་ལ་ཆེ། །ཤེས་རབ་པདྨའི་ཀེ་ས་རར། །མི་འགྱུར་བདེ་བའི་རོལ་རྩེད་ཀྱིས། །ས་གསུམ་ཀུན་དགར་བྱེད་པར་ཤོག །སྲིད་པའི་ཆུ་བོས་ཁྱེར་བ་ཞིག །དེ་ཡི་རྦ་ལ་རྩེ་བའི་གཏམ། །ཉོན་མོངས་རླབས་ཀྱིས་བཙིར་བས་ཏེ། །ཧ་ཅང་ཐལ་ན་བཟོད་པར་འཚལ།། །།