DJYD-KABUM-18-TSHA-026: Difference between revisions

From Dudjom Wiki
DJYD-KABUM-18-TSHA-026
m Text replacement - "\{\{TibChung\|\s*(\[?\d+[ab]\]?)\s*\}\}" to "{{FolioNumber|$1}}"
m Text replacement - "སྭཱཧཱ" to "སྭཱ་ཧཱ "
 
Line 36: Line 36:




༄༅།  །ཨོཾ་སྭསྟི།  རྫས་ཀྱི་བདུད་རྩིའི་འཕྲུལ་འཁོར་གྱིས།  །ཆོས་ཀྱི་བདུད་རྩི་བཅུད་དུ་ལེན།  །རིགས་འདུས་བླ་མར་གུས་བཏུད་དེ།  །བདུད་རྩི་སྒྲུབ་པའི་ཐབས་ཚུལ་དབྱེ།  །{{TibChung|དེའང་མཆོག་གི་ཕྲིན་ལས་རྨད་དུ་བྱུང་བ་དམ་རྫས་བདུད་རྩི་ཆེན་པོ་བསྒྲུབ་པར་བྱ་བ་ལ་གསུམ།  སྦྱོར་བ།  དངོས་གཞི།  རྗེས་སོ།  །དང་པོ་སྦྱོར་བའི་ཆོས་ནི།  །སློབ་དཔོན་ཆེན་པོའི་མན་ངག་ལས།  བདུད་རྩི་སྨན་གྱི་སྒྲུབ་པ་ནི༔  སྐྱེ་བདུན་གྲུབ་པ་ཐོབ་པ་ཡི༔  ཤ་ཆེན་གཙོར་གྱུར་སྒྲོན་མ་ལ༔  བླ་མ་ཡབ་ཡུམ་བྱང་ཆུབ་སེམས༔  གཙོར་འགྱུར་ལྕགས་ཀྱུ་རྣམ་པ་ལྔ༔  གཞིར་བྱས་གཞན་གང་སེལ་མེད་པའི༔  བདུད་རྩི་ཕབ་གཏའ་མ་ད་ན༔  སྦྱར་ཞིང་འདྲེས་པར་བསྣུར་བྱས་ལ༔  འབྲས་གསུམ་བཟང་དྲུག་རྟག་ངུ་གསུམ༔  ག་བུར་གི་ཝཾ་སིནྡྷུ་ར༔    {{FolioNumber|[2a]}} ཅུ་གང་བྲག་ཞུན་ཅོང་ཞི་དང་༔  རྩ་བ་ལྔ་དང་དབང་པོ་ལག༔  ཤིང་ཚ་ཤུ་དག་སྤང་གི་སྤོས་༔  མ་ནུ་རུ་རྟ་པྲི་ཡང་ཀུ༔  ཨུཏྤལ་ཙནྡན་དམར་པོ་སོགས༔  སེར་དང་དམར་བ་ཤས་ཆེ་ཞིང་༔  མངར་སྐྱུར་ལན་ཚྭའི་རོ་ལྡན་ཕྱེ༔  རྩ་བརྒྱད་ཡན་ལག་སྟོང་ལ་སོགས་༔  ཁ་དོག་དྲི་རོ་ནུས་ལྡན་པའི༔  སྨན་དུ་གྱུར་པ་ཐམས་ཅད་བསག༔  ཅེས་གསུངས་པ་ལྟར༔  སེལ་མེད་བདུད་རྩིའི་ཕབ་གཏའ་བཞིར་བྱས།  ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པའི་སྨན་སྣ་རྣམས་བསགས་ལ།  ཐོག་མར་བྷནྡྷ་མཚན་ལྡན་དུ་ཁྲོལ་བུར་བླུགས་ཏེ་དཀྱིལ་འཁོར་གྱི་དབུས་སུ་འགོད།  བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་བགེགས་བསལ་ཞིང་ཁྲུས་ཀྱིས་སྦྱངས།  མདུན་རྟེན་ལ་དམིགས་ཏེ།}} ཨ༔  སྣང་སྲིད་ཐམས་ཅད་བདུད་རྩི་ལྔ༔  དེ་ཉིད་རང་བྱུང་ཐིག་ལེ་ {{FolioNumber|[2b]}} གཅིག༔  རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔    ཁ་སྦྱོར་གཉུག་མའི་སྐུ་རུ་བཞེངས༔  ཨོཾ་བཛྲ་སཏྭ་ཨཱཿ      {{TibChung|ཞེས་ཅུང་ཟད་བཟླས་མཐར།}} ཡབ་ཡུམ་སྙོམས་པར་ཞུགས་པ་ཡི༔  བདེ་སྟོང་རོལ་པའི་འོད་ཟེར་གྱིས༔  རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུས༔  བརྟན་གཡོའི་དུག་གཞིལ་འབྱུང་ལྔའི་བཅུད༔  དམ་ཚིག་རྫས་དང་རོ་གཅིག་གྱུར༔  སྨན་གྱི་ལྷ་སྲུང་དྲང་སྲོང་བསྐུལ༔  དེ་རྣམས་ཕོ་ཉ་མཁའ་ཁྱབ་ཀྱིས༔  འཁོར་འདས་བདུད་རྩི་ཆར་བཞིན་ཕབ༔  སྒྲུབ་པའི་རྫས་ལ་སིབ་སིབ་ཐིམ༔  དག་པ་མཆོག་གི་བདུད་རྩི་དང་༔  དབྱེར་མེད་ཁ་དོག་དྲི་དང་རོ༔  ནུས་བཅུད་ཕུན་སུམ་ཚོགས་པར་བསམ༔  ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ར་སཱ་ཡ་ན་ཏ་ན་ཛ་ཡ་གུ་ཧྱ་སིདྡྷི་ཧཱུཾ་ཧྲཱིཿཋཱ༔  {{TibChung|ཞེས་ཅི་ནུས་སུ་བཟླ་ཞིང་།  ཐུན་གྱི་མཐར་ཞག་གསུམ་མམ་གཅིག་གིས་མཐའ་བརྟེན་པས་ཁྲོལ་སྒྲུབ་ཟིན་ནས།  སྨན་རྣམས་བླངས་ལ་རྡོ་རྗེའི་གཏུན་དུ་འཐག་ཅིང་།  རྩ་བའི་སྔགས་ཀྱི་མཐར།}} ཨོཾ་ཨོཾ་ཨོཾ།  {{TibChung|ཞེས་བརྗོད་པས་སྦྱང་།  དར་གྱི་འདོ་ལེར་བཙག་ཅིང་།  སྔགས་ {{FolioNumber|[3a]}} མཐར།}} ཨཱཿཨཱཿཨཱཿ    {{TibChung|ཞེས་པས་སྤེལ།  ཆང་སྣ།  ཆུ་སྣ།  འོ་མ།  རིན་པོ་ཆེའི་ཆུས་སྦོལ་ཞིང་།  སྔགས་མཐར།}} ཧཱུྃ་ཧཱུྃ་ཧཱུྃ།  {{TibChung|ཞེས་པས་བསྣུར།  དམ་རྫས་སྔ་མའི་ཕབ་རྒྱུན་སེལ་མེད་པ་དང་།  ཕབ་ཀྱིས་བྲན་ཅིང་འདྲེས་པར་དཀྲུགས་ལ།  སྔགས་མཐར།}} ཧོཿ ཧོཿ ཧོཿ    {{TibChung|ཞེས་པས་དབྱེར་མེད་དུ་བྱ།  སྨན་རྣམས་དྲིལ་བུའམ་ཀ་པཱ་ལས་གཞལ་ཞིང་དར་གྱི་སྒྱེའུར་བླུགས་ལ་བྷནྡྷ་མཚན་ལྡན་ཁ་སྦྱོར་གྱི་ནང་དུ་གཏམས།  དེ་ཉིད་སྨན་ཟངས་སུ་རྩི་ཤིང་གི་ཡལ་འདབ་དང་ཆང་གླུམ་ཕབ་ལྡན་གྱིས་གཅེར་ཞིང་དར་དཀར་དམར་གྱིས་ཁ་བཅད་ལ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པར་གཟུངས་ཐག་བཏགས།  སླར་ཡང་བགེགས་བསལ་ཞིང་ཁྲུས་ཀྱིས་སྦྱངས།  ཅོད་པན་དང་རྡོ་དྲིལ་སོགས་ཀྱིས་བརྒྱན་ཏེ་དཀྱིལ་འཁོར་དབུས་སུ་ལྡིང་ཁྲིའི་ཁར་བཀོད།  འོག་ཏུ་དྲོད་འབེབས་ཀྱི་མར་མེ་སྦར།  འབྱོར་ན་འཕན་གདུགས་རྒྱལ་མཚན་ཚར་དུ་དངར་བས་བརྒྱན།  །ཕྱི་ནང་གི་མཆོད་པ་དང་ཚོགས་ཀྱི་ལོངས་སྤྱོད་གཙང་ཞིང་བཟང་བར་བཤམ།  གཞན་ཡང་ཉེར་མཁོའི་ཡོ་བྱད་ཐམས་ཅད་འདུ་བྱའོ།  །གཉིས་པ་དངོས་གཞིའི་ལས་རིམ་ནི།  ཕྲིན་ལས་གཞུང་བསྲང་སྟེ་བདག་བསྐྱེད་བཟླས་པ་བཅས་གྲུབ་མཚམས།  མདུན་རྟེན།}}    ཨ་མྲྀ་ཏ{{TibChung|ས་བསང་།}} སྭ་བྷཱ་ཝ{{TibChung|ས་སྦྱང་།}} སྟོང་པའི་ངང་ལས་སྐད་ཅིག་གིས༔  དམ་ཚིག་སྒྲོལ་མ་རླུང་དཀྱིལ་དང་༔  གོས་དཀར་འབར་བ་མེ་ཡི་སྟེང་༔  སྤྱན་མའི་རང་བཞིན་ཐོད་སྒྱེད་ {{FolioNumber|[3b]}} གསུམ༔  དེ་སྟེང་དབྱིངས་ཕྱུག་ཀ་པཱ་ལ༔  ཡངས་ཤིང་རྒྱ་ཆེའི་ནང་ཁོངས་སུ༔  མཱ་མ་ཀི་ཡི་བདུད་རྩིའི་བཅུད༔  ཤ་ལྔའི་རི་བོ་ལྷུན་མཐོར་བརྩེགས༔  བདུད་རྩི་ལྔ་ཡི་རྒྱ་མཚོར་འཁྱིལ༔  ཐབས་ཤེས་ཡི་གེ་འབྲུ་བཅུས་མཚན༔  དེ་ཉིད་ཡོངས་སུ་གྱུར་སྐད་ཅིག་གིས༔  བདེ་གཤེགས་རིགས་ལྔ་ཡབ་ཡུམ་གསལ༔  ཧཱུྃ་ཨོཾ་ཏྲཱ་ཧྲཱིཿཧཱཿ    མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔  བདག་གི་ཐུགས་སྲོག་འོད་ཟེར་གྱིས༔  རླུང་གཡོས་མེ་སྦར་ཐོད་པ་དྲོས༔  ལྷ་རྣམས་སྙོམས་ཞུགས་སྦྱོར་མཚམས་ནས༔  འོད་ཟེར་ལྕགས་ཀྱུས་འཁོར་འདས་བཅུད༔  དབང་མཛད་ཡུམ་གྱི་བྷ་གར་འཁྱིལ༔  དངུལ་ཆུ་བཞིན་དུ་འབར་ཞིང་འཕྲོག༔  དེ་ལས་བདུད་རྩི་ཆར་ལྟར་བབས༔  ཤ་ལྔ་བདུད་རྩིའི་བཅུད་དང་འདྲེས༔  ཞུ་ཁོལ་དམ་རྫས་ཨ་མྲྀ་ཏ༔  འཁོར་འདས་རོ་མཉམ་གཅིག་ཏུ་འཁྱིལ༔  རིགས་ལྔ་ཡབ་ཡུམ་འོད་ཞུ་ནས༔  དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔  བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔    དེ་དབུས་པདྨ་ཉི་ཟླའི་སྟེང་༔  གསང་ཆེན་རིགས་གཅིག་རྡོ་རྗེ་སེམས༔  དྲི་མེད་སྟོན་ཀའི་ཟླ་ལྟར་འཚེར༔  ཞི་འཛུམ་ཡིད་འོང་མཚན་དཔེ་འབར༔  གཡས་པས་རྡོ་རྗེ་རྩེ་ལྔ་ {{FolioNumber|[4a]}} པ༔  ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན༔  གཡོན་པས་སྟོང་ཉིད་སྒྲ་སྒྲོགས་པའི༔  དྲིལ་བུ་དཀུར་བརྟེན་ཅུང་ཟད་སྒེག༔  རང་འོད་སྙེམས་མ་དཀར་མ་ནི༔  ལང་ཚོས་གང་བའི་ཉམས་འགྱུར་ཅན༔  གྲི་ཐོད་འཛིན་པས་རྣམ་པར་འཁྱུད༔  ཡབ་ཡུམ་བདེ་བ་ཆེན་པོར་སྦྱོར༔  སྣ་ཚོགས་དར་དང་རིན་ཆེན་སོགས༔  ལོངས་སྤྱོད་ཡོངས་རྫོགས་རྒྱན་ཆས་ལྡན༔  ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔  རང་འདྲའི་ཐུགས་ཀར་ཟླ་སྟེང་ཧཱུྃ༔  དེ་མཐར་གསང་སྔགས་འབྲུ་དགུས་བསྐོར༔    གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔  ཞི་ཁྲོ་རབ་འབྱམས་རྒྱལ་བའི་ལྷ༔  མ་སྐྱེས་ཡེ་རྫོགས་ཆེན་པོའི་ངང་༔    གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་གིས༔  རྡོ་རྗེ་གསུམ་དུ་བྱིན་བརླབས་ཤིང་༔  རིགས་ལྔས་དབང་བསྐུར་ཡེ་ཤེས་ལྔ༔  དབུ་རྒྱན་ཅོད་པན་ཚུལ་དུ་རྫོགས༔  ཨོཾ་ཨཱཿཧཱུྃ༔  ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿ {{TibChung|ཞེས་དམ་ཚིག་པ་བསྐྱེད་ཅིང་རྒྱས་གདབ་ལ་དབང་བསྐུར།  ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི།}} སྙོམས་ཞུགས་བདེ་བའི་འོད་དང་སྒྲས༔  ཡེ་ཤེས་འཁོར་ལོ་སྤྱན་དྲངས་{{TibChung|བསམ༔  }} ཨོཾ༔  ཡོད་མེད་སྟོང་པ་འོད་གསལ་དབྱིངས༔  ཕྱག་རྒྱ་ཆེན་པོའི་སྐུར་བཞེངས་ནས༔  སྨོན་ {{FolioNumber|[4b]}} ལམ་སྙིང་རྗེའི་དམ་ཚིག་གིས༔  ཡེ་ཤེས་སྒྱུ་མའི་རོལ་པས་གཤེགས༔  ཨོཾ་བཛྲ་སཏྭ་ཨེ་ཧྱེ་ཧི།  ས་མ་ཡ་སྟྭཾ༔  ཛཿཧཱུྃ་བྃ་ཧོཿ  {{TibChung|ཞེས་དབྱེར་མེད་དུ་བསྟིམ།}} ཏིཥྛ་ལྷན༔  {{TibChung|ཞེས་བཞུགས་སུ་གསོལ།}} ཨ་ཏི་པུ་ཧོཿ {{TibChung|ས་ཕྱག་འཚལ།}}  པྲ་ཏཱིཙྪ་ཧོཿ {{TibChung|ས་ལན་སྩལ་བར་མོས།}} ཨོ༔  མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔  སེམས་ཀྱི་ཡིད་བཞིན་རིན་ཆེན་སྤྲིན༔  ཕྱི་ནང་གསང་བ་བླ་མེད་པ༔  བདེ་ཆེན་ལོངས་སྤྱོད་མཆོག་ཏུ་རོལ༔  ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྔྷེ་ནཻ་བིདྱ་ཤཔྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱཧཱ༔   མ་ཧཱ་ཨ་མྲྀ་རཀྟ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔  མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཧོཿ    {{TibChung|ཞེས་མཆོད།}} ཧཱུྃ༔  བསམ་ཡས་སྒྱུ་འཕྲུལ་དྲྭ་བ་ཡི༔  དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔  དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ༔  གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔  {{TibChung|ཅེས་བསྟོད།  སྨན་སྲུང་སྤྱན་འདྲེན་པའི་སླད་དུ་སྤོས་དཀར་གྱི་དུད་པ་འཐུལ།  དར་སྣ་ལྔའི་གཡབ་མོ་བྱ་ཞིང་།}} ཧཱུྃ༔  སྟོང་གསུམ་འཇིག་རྟེན་རབ་འབྱམས་ན༔  ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔  ཚངས་དང་དྲང་སྲོང་རིག་པ་འཛིན༔  བྲམ་ཟེ་དཀའ་ཐུབ་གྲུབ་པ་དང་༔    རི་དང་ནགས་ཚལ་འབྱུང་བའི་ལྷ༔    གཟའ་དང་རྒྱུ་སྐར་རྫུ་འཕྲུལ་བདག༔  སྨན་དང་བཅུད་ཀྱི་གཉེར་ {{FolioNumber|[5a]}} འཛིན་པ༔  ལྷ་དང་ལྷ་མོ་སྲུང་མའི་ཚོགས༔  ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས༔  བདེ་གཤེགས་ཞི་ཁྲོ་རབ་འབྱམས་དང་༔  རིག་འཛིན་གྲུབ་པའི་བཀའ་བྱུང་བས༔  དམ་ཚིག་གཉན་པོ་རྗེས་དགོངས་ལ༔  ཐུགས་དམ་དབང་གིས་གནས་འདིར་གཤེགས༔  རང་རང་རིག་འཛིན་གྲུབ་པའི་ཚེ༔  ཇི་ལྟར་རྟག་བརྟན་མ་བསྙེལ་བར༔  རྣལ་འབྱོར་བདག་ཅག་སྒྲུབ་པ་པོས༔  མཐའ་ཡས་གདུལ་བྱའི་དོན་སླད་དུ༔  རྡོ་རྗེའི་ཚེ་དང་ལང་ཚོའི་དཔལ༔    ནད་གདོན་ཞི་ཞིང་རིག་རྩལ་རྒྱས༔  མཐོང་ཚོར་མྱོང་རེག་གྲོལ་བའི་ཕྱིར༔  བདུད་རྩི་སྒྲུབ་པའི་གྲོགས་མཛོད་ནས༔  དངོས་གྲུབ་དམ་པ་སྩལ་དུ་གསོལ༔  སརྦ་པཉྩ་ཨ་མྲྀ་ཏ་བཻ་ཥ་ཛྱེ་དེ་བ་པཱ་ལ་ས་བ་རི་ཧཱ་ར་ཨེ་ཧྱེ་ཧི༔  ས་མ་ཡ་ཧོཿ    ས་མ་ཡ་སྟྭཾ༔  ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔  {{TibChung|ཞེས་སྤྱན་དྲངས།}} སྨན་གྱི་ལྷ་དང་དྲང་སྲོང་ཚོགས༔  བདུད་རྩིའི་ཕྲིན་ལས་སྒྲུབ་པའི་ཕྱིར༔  བདེ་ཆེན་དགྱེས་པའི་ཕོ་བྲང་གི༔  མཁའ་ལ་སྤྲིན་ལྟར་གཏིབས་པར་གྱུར༔  {{TibChung|ཞེས་བསམ་ལ།  རྟོག་པ་བསལ་བའི་སླད་དུ་ནང་མཆོད་ཀྱི་བདུད་རྩི་འཐོར་ཞིང་༔  }} ཧཱུྃ༔  ལྷ་དང་དྲང་སྲོང་བྲམ་ཟེ་ཀླུ༔  གཙང་ཞིང་གཙང་མའི་ཚལ་ལ་སྤྱོད༔  ཁྱི་ཕག་ལ་སོགས་དམེ་བའི་རྫས༔  ཐམས་ཅད་དོགས་པ་ {{FolioNumber|[5b]}} མེད་པར་ཟ༔  གང་ཡང་རྣམ་པར་རྟོག་པ་སྟེ༔  རྟོག་པར་བཅས་པས་གྲོལ་མི་འགྱུར༔  སྣོད་བཅུད་གདོད་ནས་བདུད་རྩི་ལྔ༔    མ་བཅོས་མ་བསླད་དེ་བཞིན་གཤེགས༔  ཡེ་ཤེས་རིགས་ལྔར་རྣམ་པར་དག༔  ཐམས་ཅད་ཆོས་ཀྱི་དབྱིངས་སུ་མཉམ༔  འཁོར་འདས་དབྱེར་མེད་ཆེན་པོར་རྟོགས༔  དེ་ལྟར་ཤེས་ན་གྲོལ་བའི་ཕྱིར༔  དཀར་རྩི་དམར་རྩི་དྲི་ཤ་ཆེན༔  རྡོ་རྗེའི་ཆུ་རྣམས་དང་དུ་བླང་༔  དངོས་གྲུབ་རྫས་ཀྱིས་གཙོར་བྱས་པས༔  ནད་ལྔ་སེལ་ཞིང་གདོན་ལྔ་ཞི༔  ཕུང་པོ་གནས་གྱུར་ཡེ་ཤེས་དང་༔  རིགས་ལྔའི་དངོས་གྲུབ་མངོན་འགྱུར་ཕྱིར༔  ཐམས་ཅད་གཙང་མའི་རྟོག་པ་སྤོངས༔  བདེ་ཆེན་རྡོ་རྗེའི་རིགས་མཆོག་ཏུ༔  དངོས་གྲུབ་སྒྲུབ་པའི་ཕྲིན་ལས་མཛོད༔  {{TibChung|ཅེས་བསྐུལ།  བཟླས་པ་བྱ་བ་ལ་གཟུངས་ཐག་བླངས་ཏེ།}} བདག་གི་ཐུགས་ཀའི་སྔགས་ཀྱི་འོད༔  བདེ་ཆེན་རྡོ་རྗེ་ལུ་གུ་རྒྱུད༔  མཐེབ་སྲིན་ཐབས་ཤེས་མཉམ་སྦྱོར་ལས༔  གཟུངས་ཀྱི་ཐག་པ་ནས་བརྒྱུད་དེ༔  བདུད་རྩི་རྫས་ཀྱི་དཀྱིལ་འཁོར་ལ༔  ཕོག་པས་ཞུ་ཁོལ་རླངས་པ་ཡིས༔    རྡོར་སེམས་ཡབ་ཡུམ་ཐུགས་རྒྱུད་བསྐུལ༔  རྗེས་ཆགས་བདེ་སྟོང་འོད་ཟེར་སྤྲིན༔  འཁོར་འདས་བརྟན་གཡོ་ཀུན་ལ་ཁྱབ༔  རྩ་གསུམ་རྒྱལ་བ་མཆོད་ {{FolioNumber|[6a]}} པས་མཉེས༔  ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔  སྣང་སྲིད་བདུད་རྩིའི་ཕྱག་རྒྱར་རྫོགས༔  ཚུར་འདུས་སྲིད་ཞིའི་ཡེ་ཤེས་དང་༔  དྭངས་བཅུད་ནུས་མཐུ་ཐམས་ཅད་ཀུན༔  རང་དབང་མེད་པར་བསྡུས་ཤིང་བཀུག༔  ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ཐིམ༔  དེ་ལས་བདུད་རྩིའི་ཆར་རྒྱུན་གཡོས༔  བདེ་ཆེན་ཡེ་ཤེས་ལྷག་པར་འབར༔  སྦྱོར་མཚམས་ལས་ནི་བྱང་སེམས་སྤྲིན༔  དྲག་ཏུ་དབབ་ཅིང་ཞུ་བའི་རྒྱུན༔  རང་བཞིན་བདུད་རྩིའི་དཀྱོལ་འཁོར་དང་༔    དབྱེར་མེད་ཐིག་ལེ་གཅིག་ཏུ་འཁྱོལ༔  སྨན་རྣམས་ཀྱང་༔  དམ་ཚིག་ཆེན་པོས་རབ་བསྐུལ་བས༔  འོད་ཟེར་ཕོ་ཉ་གློག་ལྟར་འཁྱུགས༔  བརྟན་གཡོའི་རྩི་བཅུད་དྭངས་མ་ཀུན༔    བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔  སྒྲུབ་པའི་རྫས་ལ་སིབ་སིབ་ཐིམ༔  དག་པ་མཆོག་གི་བདུད་རྩ་དང་༔  དབྱེར་མེད་ཁ་དོག་དྲི་དང་ར༔  ནུས་བཅུད་ཕུན་སུམ་ཚོགས་པ་ཡི༔  ར་སཱ་ཡ་ནའི་མཆོག་ཏུ་གྱུར༔  ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔  {{TibChung|ཞེས་གཙོ་བོར་བཟླ།  ཐུན་གྱི་མཐར།}} ལྷ་ཉིད་འོད་ཞུ་བཅུད་ལ་ཐིམ༔  འཆི་མེད་བདུད་རྩིར་འཁྱིལ་བར་གྱུར༔  {{TibChung|ཞེས་བསྡུ།  ཐུན་མཚམས་སུ།  ལས་སྔགས་དྲག་པོར་བཟླ་ཞིང་ {{FolioNumber|[6b]}} ཐུན་བྲབ་པས་བལྟ་ཉན་ཐོ་འཚམ་གྱི་ཉུལ་ལེ་ཚར་བཅད་ནས།  སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་ལ།}} ཧཱུྃ༔  འོག་མིན་རྡོ་རྗེ་དང་དབྱིངས་ཀྱི་ཞིང་༔  མཁའ་ཁྱབ་ཡེ་ཤེས་འཁོར་ལོ་དང་༔  ཧེ་རུ་ཀ་ཡི་གནས་དང་ཡུལ༔  དུར་ཁྲོད་བརྒྱད་ན་བཞུགས་པ་ཡི༔  བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཆེ༔  རྩ་གསུམ་དཔའ་བོ་རྣལ་འབྱོར་མ༔  ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔  ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔  སྐུ་ཡི་གར་སྟབས་གློག་ལྟར་འཁྱུགས༔  གསུང་གི་ཛཔྲ་དབྱངས་སྔགས་སྒྲ་སྒྲོགས༔  ཐུགས་ཀྱི་ཡེ་ཤེས་རྩལ་སྐྱེད་ལ༔  ཡོན་ཏན་བདེ་ཆེན་འོད་ཟེར་དང་༔  ཕྲིན་ལས་ཕོ་ཉ་ཕྱོགས་བཅུར་སྤྲོས༔  རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔  མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང་༔  སྙོམས་འཇུག་ཟག་མེད་བདུད་རྩིའི་བཅུད༔  འབྱུང་བ་ལྔ་ཡི་དྭངས་མ་དང་༔  ལྷ་ཀླུ་མི་ཡི་ཚེ་བསོད་སྟོབས༔  གཟི་བརྗིད་དཔལ་དང་ནུས་བཅུད་ཀུན༔  ཐོགས་པ་མེད་པར་གནས་འདིར་སྡུས༔  འཁོར་འདས་དབྱེར་མེད་བྱིན་ཆེན་ཕོབ༔  དམ་ཚིག་སྒྲུབ་པའི་རྫས་ལ་སྟིམས༔  མཐོར་ཚོར་མྱོང་རེག་གྲོལ་བ་ཡི༔  བདེ་ཆེན་རྡོ་རྗེའི་གཟི་བྱིན་སྦོར༔  ལས་དང་ཡེ་ཤེས་དངོས་གྲུབ་ཀུན༔  ལྷུན་གྱིས་གྲུབ་པའི་དབང་མཆོག་ {{FolioNumber|[7a]}} སྐུར༔  སྣོད་བཅུད་རྡོ་རྗེ་སེམས་དཔའ་ཡི༔  རྟེན་དང་བརྟེན་པའི་བྱིན་རློབས་ཤིག༔    ཨོཾ་གུ་རུ་བཛྲ་སཏྭ་མ་ཧཱ་སུ་ཁ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ  {{TibChung|ཞེས་བྱིན་དབབ།}} ཧཱུྃ་ཧཱུྃ་ཧཱུྃ་{{TibChung|གིས་བྱིན་བསྡུ།  བར་སྐབས་སུ་སྐོང་བཤགས་དང་ཚོགས་ཀྱི་མཆོད་པ་རྒྱ་ཆེར་སྤེལ།  དེ་ལྟར་ཐུན་བཞིའམ་དྲུག་ཏུ་བཅད་ལ་ཞག་གྲངས་བདུན་ཕྲག་གཅིག་གམ་གསུམ་གྱིས་མཐའ་བརྟེན་པའི་བར་དུ་བརྩོན་པས་བསྒྲུབ་བོ།  །འདིར་གཞུང་རྒྱས་པ་རྣམས་སུ་བདུད་རྩི་བསྐྱིལ་དབབ་དབང་དུ་བྱ་བ་རྣམས་རིམ་པར་འབྱུང་ཡང་༔  ཉམས་ལེན་བསྡུས་པའི་ཕྱོགས་སུ་འདི་ཁོ་ན་ལ་དོན་གྱི་དགོངས་པ་ཚང་བ་ཡིན་པས་དམིགས་འདོན་རྒྱས་པའི་ཕྱོགས་ཀྱི་སྤྲོས་པ་བསྐྱུར་བར་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ།  །གསུམ་པ་རྗེས་ཀྱི་བྱ་བ་ནི།  ཇི་སྐད་དུ།  ཁ་དོག་དྲི་རོ་བཟང་དང་འཕེལ༔  སྒྲ་འོད་མེ་ཏོག་ཆར་པ་འབེབས༔  བདེ་ཆེན་ཡེ་ཤེས་སྐྱེ་བ་སོགས༔  རྟགས་བྱུང་དངོས་གྲུབ་བླང་བར་བྱ༔  ཞེས་གསུངས་པ་ལྟར།  གྲུབ་པའི་མཚན་མ་དགེ་བར་མཐོང་བའམ་དུས་ཀྱི་ངེས་པ་རྫོགས་ནས་དངོས་གྲུབ་ལེན་པའི་ཚུལ་ལ།  ཐོག་མར་དངོས་གྲུབ་བསྐུལ་བའི་དོན་དུ།  སྔགས་ཀྱི་མཐར།}}  ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔  {{TibChung|ཞེས་བཏགས་པ་མང་དུ་བཟླས་མཐར།}} ཧོཿ    བདེ་ཆེན་བདུད་རྩིའི་དཀྱིལ་འཁོར་ལྷ༔  ཡོན་ཏན་མཆོག་ཏུ་རོལ་པའི་ཚོགས༔  རྡོ་རྗེའི་དམ་ཚིག་གཉན་པོ་ཡིས༔  ཐུགས་ {{FolioNumber|[7b]}} དམ་བསྐུལ་ཞིང་རྩེ་གཅིག་བསྒྲུབས༔  རྡོ་རྗེ་སྲིན་པོའི་ནམ་ལངས་ཤིང་༔  ཡེ་ཤེས་འོད་གསལ་ཉི་ཟླ་འཆར༔  སྒྲིབ་མེད་ཏིང་འཛིན་རྩལ་རྫོགས་པས༔  དངོས་གྲུབ་འབྱུང་བའི་དུས་ལ་བབ༔    སྐུ་གསུང་ཐུགས་ཀྱི་ཕོ་བྲང་ནས༔  བདུད་རྩི་གསང་བའི་དབང་མཆོག་བསྐུར༔  ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔  དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ༔  {{TibChung|ཞེས་ཐུགས་དམ་བསྐུལ་ཏེ།}} ཨོཾ་བོ་ངྷི་ཙིཏྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་མ་ཧཱ་ས་མ་ཡ་ཧོཿ  {{TibChung|ཞེས་རིག་པའི་མེ་ཏོག་དོར།  སྨན་གྱི་ཕོ་བྲང་རང་གི་སྤྱི་བོར་བླངས་ལ།}} ཧཱུྃ༔  རང་བྱུང་བདུད་རྩིའི་ཕོ་བྲང་ནས༔  ཁ་སྦྱོར་བདེ་ཆེན་རྡོ་རྗེ་ཡིས༔  བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོས༔  གཉིས་མེད་མཉམ་པའི་དབང་མཆོག་སྩོལ༔  ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་སརྦ་ཉྩ་ཨ་མྲྀ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱཧཱ༔   སརྦ་སིདྡྷི་ཕ་ལ་ཧོཿ    {{TibChung|ཞེས་གནས་གསུམ་དུ་གཏུག  །སློབ་མ་ཡོད་ན་དབང་བསྐུར།}} བདུད་རྩི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པ་བསམ།  ཨ་ཧོ་མ་ཧཱ་སུ་ཁ་ཧོཿ    {{TibChung|ཞེས་རྟོགས་བརྗོད་པ་ལ།}} བཛྲ་པྲ་ཝེ་ཤ་ཡ་ཕཊ༔  {{TibChung|ཅེས་སྨན་ཐོད་ལ་དཀྲིས་པའི་སྲད་བུ་རིམ་པར་བཀྲོལ།}} སརྦ་པཉྩ་ཨ་མྲྀ་ཏ་ཨ་བེ་ཤ་ཡ་ཨཱཿ  {{TibChung|ཞེས་ཁ་ཕྱེ་བས།}} བདུད་རྩིའི་དྭངས་ {{FolioNumber|[8a]}} མ་དཀར་དམར་མཐིང་ཁའི་འོད་ཀྱི་རྣམ་པར་བྱུང་བ་བདག་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་བྱིན་གྱིས་བརླབས་པར་བསམ།  ཨ་མྲྀ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔  {{TibChung|ཞེས་བརྗོད།  ཐོད་པ་ཆང་གིས་བཀང་བར་བསྒྲུབ་མ་ཐག་པའི་ཕུར་མ་ལས་ཅུང་ཟད་བླུགས་ལ།}} རྡོ་རྗེའི་དམ་ཚིག་རྨད་པོ་ཆེ༔  རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད༔  རྒྱུ་དྲུག་སྡུག་བསྔལ་འཇོམས་པའི་རྩི༔  རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས༔  ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔  {{TibChung|ཞེས་སྨན་གྱི་ཆེ་བ་བརྗོད་དེ།  སྨན་མཆོད་ཆོ་གའི་གཞུང་བཞིན་ཕུལ་བའི་རྗེས་སུ།}}  རང་གི་ལྕེར་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བ་ཧཱུྃ་ཡིག་གིས་མཚན་པར་{{TibChung|བསམ་ལ།  གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ལྕེ་ཐོག་ཏུ་བཞག་སྟེ།}} ཧཱུྃ༔  ལྕེ་ཡི་དམ་ཚིག་རྡོ་རྗེ་ལ༔  དམ་ཚིག་ཅན་གྱིས་ཧཱུྃ་བསྒོམས་ཏེ༔  མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས༔  མྱོང་ན་དངོས་གྲུབ་མཆོག་ཐོབ་འགྱུར༔  ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་སིདྡྷི་ཨོཾ༔  ཝཱ་ཀ་སིདྡྷི་ཨཱཿ  ཙིཏྟ་སིདྡྷི་ཧཱུྃ༔  {{TibChung|ཞེས་བརྗོད་ཅིང་གནས་གསུམ་དུ་ཐིག་ལེ་བྱས་ལ་མྱང་ཞིང་སློབ་མ་ལའང་སྦྱིན།}} རྩ་ཁམས་ཐམས་ཅད་བྱང་སེམས་བདུད་རྩིས་གང་བས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་{{TibChung|བསམ།  པྲ་བརྟག་ཅིང་ཚད་གཞལ་བ་སོགས་སྤྲོ་ན་འདིར་བྱ།  ཆོ་གའི་རྗེས་ {{FolioNumber|[8b]}} ཀྱི་བྱ་བ་རྣམས་ཀྱང་གཞུང་བཞིན་མཐའ་རྒྱས་སུ་སྤེལ་བས་ལེགས་པར་གྲུབ་བོ།  །ཡང་འདིཉིད་བླ་མ་གསང་འདུས་དང་ཚེ་སྒྲུབ།  ཡི་དམ་ཁྲོ་བོའི་རིགས་སོགས་ལ་སྦྱར་བར་འདོད་ནའང་སྤྲོས་པས་ཆོག་སྟེ།  ཁྲོལ་སྒྲུབ་གོང་བཞིན་ལ།  ཕྱེ་སྒྲུབ་ཀྱི་ཚེ་ན་ལྷ་བསྐྱེད་མངོན་རྟོགས་སོགས་སྐབས་ཐོབ་ཀྱི་གཞུང་ལྟར་ཁ་བསྒྱུར་ཞིང་།  བཟླས་པ་ནི་བདུད་རྩིའི་སྔགས་འབྲུ་དགུ་པ་ཉིད་ལ་བརྩོན་པར་བྱ་བ་ཁོ་ནའོ།  །དེ་ལྟར་བསྒྲུབས་པའི་ཕན་ཡོན་ཀྱང་།  ཇི་སྐད་དུ།  བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡི༔  གྲོལ་བའི་ཕྲིན་ལས་ཤུགས་ཕྱུངས་པ༔  བདུད་རྩི་མཆོག་འདི་འབྲེལ་ཚད་ཀུན༔  གནས་སྐབས་ཚེ་བསྲིང་ཉམས་ཆག་སྐོང་༔  ཡིད་འཕྲོག་དབང་འགྱུར་ནད་གདོན་ཞི༔  གཏུམ་ཆེན་དྲག་པོའང་ལྷན་ནེར་འགྱུར༔  མཐར་ཐུག་མཐོང་ཚོར་མྱང་དང་རེག༔  ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ༔  དཔའ་བོ་མཁའ་འགྲོའི་འདུ་བ་ཐོབ༔  བདེ་ཆེན་ཡེ་ཤེས་རྩོལ་མེད་སྐྱེ༔  ཚེ་གཅིག་རྣམ་གྲོལ་ཆེ་ལ་སྦྱོར༔  ཞེས་སོགས་རྒྱ་ཆེར་འབྱུང་བ་ལྟར་ཡོན་ཏན་མཐའ་ཀླས་པ་ཉིད་དོ།  །}} དོན་དམ་བདུད་རྩི་ལ་བརྟེན་ནས།  །ཀུན་རྫོབ་བདུད་རྩི་སྒྲུབ་པའི་ཐབས།  །ཟབ་དོན་བཅུད་དུ་བླངས་འདི་ཀོ།  །རྣམ་མང་གདུལ་བྱའི་དཔལ་དུ་ཤོག  {{TibChung|ཅེས་པའང་དཀྱིལ་འཁོར་སྒྲུབ་པ་ཆེན་པོའི་ལས་ཁྲིགས་ཀྱི་སྤྲོས་པས་དུབ་པ་ན་སྐབས་འགར་སྤྲོས་མེད་དཔའ་བོ་གཅིག་སྒྲུབ་ཀྱི་ཚུལ་ལ་བརྟེན་ནས་རང་གཞན་གྱི་རེ་བ་སྐོང་བའི་ཆ་རྐྱེན་དུ་ཟབ་གཏེར་གསང་བའི་མན་ངག་རྣམས་ཀྱི་བཅུད་ཕྱུངས་ཏེ།  འཇིགས་ {{FolioNumber|[9a]}} བྲལ་ཡེ་ཤེས་རྡོ་རྗེས་དམར་སེར་ཅན་གྱི་ལོ་ཆུ་སྟོད་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་བལ་ཡུལ་ལྷུན་གྲུབ་བརྩེགས་པའི་དུར་ཁྲོད་ཆེན་པོར་སྦྱར་བ་ལས།  ཡི་གེ་པ་ནི་བློ་གསལ་དགེ་སྦྱོང་རིན་ཆེན་ཕུན་ཚོགས་སོ།  །འདིས་ཀྱང་དངོས་གྲུབ་ཆེན་པོ་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག  །སརྦ་དཱ་མངྒ་ལཾ།།  །།}} }}
༄༅།  །ཨོཾ་སྭསྟི།  རྫས་ཀྱི་བདུད་རྩིའི་འཕྲུལ་འཁོར་གྱིས།  །ཆོས་ཀྱི་བདུད་རྩི་བཅུད་དུ་ལེན།  །རིགས་འདུས་བླ་མར་གུས་བཏུད་དེ།  །བདུད་རྩི་སྒྲུབ་པའི་ཐབས་ཚུལ་དབྱེ།  །{{TibChung|དེའང་མཆོག་གི་ཕྲིན་ལས་རྨད་དུ་བྱུང་བ་དམ་རྫས་བདུད་རྩི་ཆེན་པོ་བསྒྲུབ་པར་བྱ་བ་ལ་གསུམ།  སྦྱོར་བ།  དངོས་གཞི།  རྗེས་སོ།  །དང་པོ་སྦྱོར་བའི་ཆོས་ནི།  །སློབ་དཔོན་ཆེན་པོའི་མན་ངག་ལས།  བདུད་རྩི་སྨན་གྱི་སྒྲུབ་པ་ནི༔  སྐྱེ་བདུན་གྲུབ་པ་ཐོབ་པ་ཡི༔  ཤ་ཆེན་གཙོར་གྱུར་སྒྲོན་མ་ལ༔  བླ་མ་ཡབ་ཡུམ་བྱང་ཆུབ་སེམས༔  གཙོར་འགྱུར་ལྕགས་ཀྱུ་རྣམ་པ་ལྔ༔  གཞིར་བྱས་གཞན་གང་སེལ་མེད་པའི༔  བདུད་རྩི་ཕབ་གཏའ་མ་ད་ན༔  སྦྱར་ཞིང་འདྲེས་པར་བསྣུར་བྱས་ལ༔  འབྲས་གསུམ་བཟང་དྲུག་རྟག་ངུ་གསུམ༔  ག་བུར་གི་ཝཾ་སིནྡྷུ་ར༔    {{FolioNumber|[2a]}} ཅུ་གང་བྲག་ཞུན་ཅོང་ཞི་དང་༔  རྩ་བ་ལྔ་དང་དབང་པོ་ལག༔  ཤིང་ཚ་ཤུ་དག་སྤང་གི་སྤོས་༔  མ་ནུ་རུ་རྟ་པྲི་ཡང་ཀུ༔  ཨུཏྤལ་ཙནྡན་དམར་པོ་སོགས༔  སེར་དང་དམར་བ་ཤས་ཆེ་ཞིང་༔  མངར་སྐྱུར་ལན་ཚྭའི་རོ་ལྡན་ཕྱེ༔  རྩ་བརྒྱད་ཡན་ལག་སྟོང་ལ་སོགས་༔  ཁ་དོག་དྲི་རོ་ནུས་ལྡན་པའི༔  སྨན་དུ་གྱུར་པ་ཐམས་ཅད་བསག༔  ཅེས་གསུངས་པ་ལྟར༔  སེལ་མེད་བདུད་རྩིའི་ཕབ་གཏའ་བཞིར་བྱས།  ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པའི་སྨན་སྣ་རྣམས་བསགས་ལ།  ཐོག་མར་བྷནྡྷ་མཚན་ལྡན་དུ་ཁྲོལ་བུར་བླུགས་ཏེ་དཀྱིལ་འཁོར་གྱི་དབུས་སུ་འགོད།  བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་བགེགས་བསལ་ཞིང་ཁྲུས་ཀྱིས་སྦྱངས།  མདུན་རྟེན་ལ་དམིགས་ཏེ།}} ཨ༔  སྣང་སྲིད་ཐམས་ཅད་བདུད་རྩི་ལྔ༔  དེ་ཉིད་རང་བྱུང་ཐིག་ལེ་ {{FolioNumber|[2b]}} གཅིག༔  རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔    ཁ་སྦྱོར་གཉུག་མའི་སྐུ་རུ་བཞེངས༔  ཨོཾ་བཛྲ་སཏྭ་ཨཱཿ      {{TibChung|ཞེས་ཅུང་ཟད་བཟླས་མཐར།}} ཡབ་ཡུམ་སྙོམས་པར་ཞུགས་པ་ཡི༔  བདེ་སྟོང་རོལ་པའི་འོད་ཟེར་གྱིས༔  རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུས༔  བརྟན་གཡོའི་དུག་གཞིལ་འབྱུང་ལྔའི་བཅུད༔  དམ་ཚིག་རྫས་དང་རོ་གཅིག་གྱུར༔  སྨན་གྱི་ལྷ་སྲུང་དྲང་སྲོང་བསྐུལ༔  དེ་རྣམས་ཕོ་ཉ་མཁའ་ཁྱབ་ཀྱིས༔  འཁོར་འདས་བདུད་རྩི་ཆར་བཞིན་ཕབ༔  སྒྲུབ་པའི་རྫས་ལ་སིབ་སིབ་ཐིམ༔  དག་པ་མཆོག་གི་བདུད་རྩི་དང་༔  དབྱེར་མེད་ཁ་དོག་དྲི་དང་རོ༔  ནུས་བཅུད་ཕུན་སུམ་ཚོགས་པར་བསམ༔  ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ར་སཱ་ཡ་ན་ཏ་ན་ཛ་ཡ་གུ་ཧྱ་སིདྡྷི་ཧཱུཾ་ཧྲཱིཿཋཱ༔  {{TibChung|ཞེས་ཅི་ནུས་སུ་བཟླ་ཞིང་།  ཐུན་གྱི་མཐར་ཞག་གསུམ་མམ་གཅིག་གིས་མཐའ་བརྟེན་པས་ཁྲོལ་སྒྲུབ་ཟིན་ནས།  སྨན་རྣམས་བླངས་ལ་རྡོ་རྗེའི་གཏུན་དུ་འཐག་ཅིང་།  རྩ་བའི་སྔགས་ཀྱི་མཐར།}} ཨོཾ་ཨོཾ་ཨོཾ།  {{TibChung|ཞེས་བརྗོད་པས་སྦྱང་།  དར་གྱི་འདོ་ལེར་བཙག་ཅིང་།  སྔགས་ {{FolioNumber|[3a]}} མཐར།}} ཨཱཿཨཱཿཨཱཿ    {{TibChung|ཞེས་པས་སྤེལ།  ཆང་སྣ།  ཆུ་སྣ།  འོ་མ།  རིན་པོ་ཆེའི་ཆུས་སྦོལ་ཞིང་།  སྔགས་མཐར།}} ཧཱུྃ་ཧཱུྃ་ཧཱུྃ།  {{TibChung|ཞེས་པས་བསྣུར།  དམ་རྫས་སྔ་མའི་ཕབ་རྒྱུན་སེལ་མེད་པ་དང་།  ཕབ་ཀྱིས་བྲན་ཅིང་འདྲེས་པར་དཀྲུགས་ལ།  སྔགས་མཐར།}} ཧོཿ ཧོཿ ཧོཿ    {{TibChung|ཞེས་པས་དབྱེར་མེད་དུ་བྱ།  སྨན་རྣམས་དྲིལ་བུའམ་ཀ་པཱ་ལས་གཞལ་ཞིང་དར་གྱི་སྒྱེའུར་བླུགས་ལ་བྷནྡྷ་མཚན་ལྡན་ཁ་སྦྱོར་གྱི་ནང་དུ་གཏམས།  དེ་ཉིད་སྨན་ཟངས་སུ་རྩི་ཤིང་གི་ཡལ་འདབ་དང་ཆང་གླུམ་ཕབ་ལྡན་གྱིས་གཅེར་ཞིང་དར་དཀར་དམར་གྱིས་ཁ་བཅད་ལ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པར་གཟུངས་ཐག་བཏགས།  སླར་ཡང་བགེགས་བསལ་ཞིང་ཁྲུས་ཀྱིས་སྦྱངས།  ཅོད་པན་དང་རྡོ་དྲིལ་སོགས་ཀྱིས་བརྒྱན་ཏེ་དཀྱིལ་འཁོར་དབུས་སུ་ལྡིང་ཁྲིའི་ཁར་བཀོད།  འོག་ཏུ་དྲོད་འབེབས་ཀྱི་མར་མེ་སྦར།  འབྱོར་ན་འཕན་གདུགས་རྒྱལ་མཚན་ཚར་དུ་དངར་བས་བརྒྱན།  །ཕྱི་ནང་གི་མཆོད་པ་དང་ཚོགས་ཀྱི་ལོངས་སྤྱོད་གཙང་ཞིང་བཟང་བར་བཤམ།  གཞན་ཡང་ཉེར་མཁོའི་ཡོ་བྱད་ཐམས་ཅད་འདུ་བྱའོ།  །གཉིས་པ་དངོས་གཞིའི་ལས་རིམ་ནི།  ཕྲིན་ལས་གཞུང་བསྲང་སྟེ་བདག་བསྐྱེད་བཟླས་པ་བཅས་གྲུབ་མཚམས།  མདུན་རྟེན།}}    ཨ་མྲྀ་ཏ{{TibChung|ས་བསང་།}} སྭ་བྷཱ་ཝ{{TibChung|ས་སྦྱང་།}} སྟོང་པའི་ངང་ལས་སྐད་ཅིག་གིས༔  དམ་ཚིག་སྒྲོལ་མ་རླུང་དཀྱིལ་དང་༔  གོས་དཀར་འབར་བ་མེ་ཡི་སྟེང་༔  སྤྱན་མའི་རང་བཞིན་ཐོད་སྒྱེད་ {{FolioNumber|[3b]}} གསུམ༔  དེ་སྟེང་དབྱིངས་ཕྱུག་ཀ་པཱ་ལ༔  ཡངས་ཤིང་རྒྱ་ཆེའི་ནང་ཁོངས་སུ༔  མཱ་མ་ཀི་ཡི་བདུད་རྩིའི་བཅུད༔  ཤ་ལྔའི་རི་བོ་ལྷུན་མཐོར་བརྩེགས༔  བདུད་རྩི་ལྔ་ཡི་རྒྱ་མཚོར་འཁྱིལ༔  ཐབས་ཤེས་ཡི་གེ་འབྲུ་བཅུས་མཚན༔  དེ་ཉིད་ཡོངས་སུ་གྱུར་སྐད་ཅིག་གིས༔  བདེ་གཤེགས་རིགས་ལྔ་ཡབ་ཡུམ་གསལ༔  ཧཱུྃ་ཨོཾ་ཏྲཱ་ཧྲཱིཿཧཱཿ    མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔  བདག་གི་ཐུགས་སྲོག་འོད་ཟེར་གྱིས༔  རླུང་གཡོས་མེ་སྦར་ཐོད་པ་དྲོས༔  ལྷ་རྣམས་སྙོམས་ཞུགས་སྦྱོར་མཚམས་ནས༔  འོད་ཟེར་ལྕགས་ཀྱུས་འཁོར་འདས་བཅུད༔  དབང་མཛད་ཡུམ་གྱི་བྷ་གར་འཁྱིལ༔  དངུལ་ཆུ་བཞིན་དུ་འབར་ཞིང་འཕྲོག༔  དེ་ལས་བདུད་རྩི་ཆར་ལྟར་བབས༔  ཤ་ལྔ་བདུད་རྩིའི་བཅུད་དང་འདྲེས༔  ཞུ་ཁོལ་དམ་རྫས་ཨ་མྲྀ་ཏ༔  འཁོར་འདས་རོ་མཉམ་གཅིག་ཏུ་འཁྱིལ༔  རིགས་ལྔ་ཡབ་ཡུམ་འོད་ཞུ་ནས༔  དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔  བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔    དེ་དབུས་པདྨ་ཉི་ཟླའི་སྟེང་༔  གསང་ཆེན་རིགས་གཅིག་རྡོ་རྗེ་སེམས༔  དྲི་མེད་སྟོན་ཀའི་ཟླ་ལྟར་འཚེར༔  ཞི་འཛུམ་ཡིད་འོང་མཚན་དཔེ་འབར༔  གཡས་པས་རྡོ་རྗེ་རྩེ་ལྔ་ {{FolioNumber|[4a]}} པ༔  ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན༔  གཡོན་པས་སྟོང་ཉིད་སྒྲ་སྒྲོགས་པའི༔  དྲིལ་བུ་དཀུར་བརྟེན་ཅུང་ཟད་སྒེག༔  རང་འོད་སྙེམས་མ་དཀར་མ་ནི༔  ལང་ཚོས་གང་བའི་ཉམས་འགྱུར་ཅན༔  གྲི་ཐོད་འཛིན་པས་རྣམ་པར་འཁྱུད༔  ཡབ་ཡུམ་བདེ་བ་ཆེན་པོར་སྦྱོར༔  སྣ་ཚོགས་དར་དང་རིན་ཆེན་སོགས༔  ལོངས་སྤྱོད་ཡོངས་རྫོགས་རྒྱན་ཆས་ལྡན༔  ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔  རང་འདྲའི་ཐུགས་ཀར་ཟླ་སྟེང་ཧཱུྃ༔  དེ་མཐར་གསང་སྔགས་འབྲུ་དགུས་བསྐོར༔    གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔  ཞི་ཁྲོ་རབ་འབྱམས་རྒྱལ་བའི་ལྷ༔  མ་སྐྱེས་ཡེ་རྫོགས་ཆེན་པོའི་ངང་༔    གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་གིས༔  རྡོ་རྗེ་གསུམ་དུ་བྱིན་བརླབས་ཤིང་༔  རིགས་ལྔས་དབང་བསྐུར་ཡེ་ཤེས་ལྔ༔  དབུ་རྒྱན་ཅོད་པན་ཚུལ་དུ་རྫོགས༔  ཨོཾ་ཨཱཿཧཱུྃ༔  ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿ {{TibChung|ཞེས་དམ་ཚིག་པ་བསྐྱེད་ཅིང་རྒྱས་གདབ་ལ་དབང་བསྐུར།  ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི།}} སྙོམས་ཞུགས་བདེ་བའི་འོད་དང་སྒྲས༔  ཡེ་ཤེས་འཁོར་ལོ་སྤྱན་དྲངས་{{TibChung|བསམ༔  }} ཨོཾ༔  ཡོད་མེད་སྟོང་པ་འོད་གསལ་དབྱིངས༔  ཕྱག་རྒྱ་ཆེན་པོའི་སྐུར་བཞེངས་ནས༔  སྨོན་ {{FolioNumber|[4b]}} ལམ་སྙིང་རྗེའི་དམ་ཚིག་གིས༔  ཡེ་ཤེས་སྒྱུ་མའི་རོལ་པས་གཤེགས༔  ཨོཾ་བཛྲ་སཏྭ་ཨེ་ཧྱེ་ཧི།  ས་མ་ཡ་སྟྭཾ༔  ཛཿཧཱུྃ་བྃ་ཧོཿ  {{TibChung|ཞེས་དབྱེར་མེད་དུ་བསྟིམ།}} ཏིཥྛ་ལྷན༔  {{TibChung|ཞེས་བཞུགས་སུ་གསོལ།}} ཨ་ཏི་པུ་ཧོཿ {{TibChung|ས་ཕྱག་འཚལ།}}  པྲ་ཏཱིཙྪ་ཧོཿ {{TibChung|ས་ལན་སྩལ་བར་མོས།}} ཨོ༔  མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔  སེམས་ཀྱི་ཡིད་བཞིན་རིན་ཆེན་སྤྲིན༔  ཕྱི་ནང་གསང་བ་བླ་མེད་པ༔  བདེ་ཆེན་ལོངས་སྤྱོད་མཆོག་ཏུ་རོལ༔  ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྔྷེ་ནཻ་བིདྱ་ཤཔྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ ༔   མ་ཧཱ་ཨ་མྲྀ་རཀྟ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔  མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཧོཿ    {{TibChung|ཞེས་མཆོད།}} ཧཱུྃ༔  བསམ་ཡས་སྒྱུ་འཕྲུལ་དྲྭ་བ་ཡི༔  དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔  དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ༔  གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔  {{TibChung|ཅེས་བསྟོད།  སྨན་སྲུང་སྤྱན་འདྲེན་པའི་སླད་དུ་སྤོས་དཀར་གྱི་དུད་པ་འཐུལ།  དར་སྣ་ལྔའི་གཡབ་མོ་བྱ་ཞིང་།}} ཧཱུྃ༔  སྟོང་གསུམ་འཇིག་རྟེན་རབ་འབྱམས་ན༔  ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔  ཚངས་དང་དྲང་སྲོང་རིག་པ་འཛིན༔  བྲམ་ཟེ་དཀའ་ཐུབ་གྲུབ་པ་དང་༔    རི་དང་ནགས་ཚལ་འབྱུང་བའི་ལྷ༔    གཟའ་དང་རྒྱུ་སྐར་རྫུ་འཕྲུལ་བདག༔  སྨན་དང་བཅུད་ཀྱི་གཉེར་ {{FolioNumber|[5a]}} འཛིན་པ༔  ལྷ་དང་ལྷ་མོ་སྲུང་མའི་ཚོགས༔  ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས༔  བདེ་གཤེགས་ཞི་ཁྲོ་རབ་འབྱམས་དང་༔  རིག་འཛིན་གྲུབ་པའི་བཀའ་བྱུང་བས༔  དམ་ཚིག་གཉན་པོ་རྗེས་དགོངས་ལ༔  ཐུགས་དམ་དབང་གིས་གནས་འདིར་གཤེགས༔  རང་རང་རིག་འཛིན་གྲུབ་པའི་ཚེ༔  ཇི་ལྟར་རྟག་བརྟན་མ་བསྙེལ་བར༔  རྣལ་འབྱོར་བདག་ཅག་སྒྲུབ་པ་པོས༔  མཐའ་ཡས་གདུལ་བྱའི་དོན་སླད་དུ༔  རྡོ་རྗེའི་ཚེ་དང་ལང་ཚོའི་དཔལ༔    ནད་གདོན་ཞི་ཞིང་རིག་རྩལ་རྒྱས༔  མཐོང་ཚོར་མྱོང་རེག་གྲོལ་བའི་ཕྱིར༔  བདུད་རྩི་སྒྲུབ་པའི་གྲོགས་མཛོད་ནས༔  དངོས་གྲུབ་དམ་པ་སྩལ་དུ་གསོལ༔  སརྦ་པཉྩ་ཨ་མྲྀ་ཏ་བཻ་ཥ་ཛྱེ་དེ་བ་པཱ་ལ་ས་བ་རི་ཧཱ་ར་ཨེ་ཧྱེ་ཧི༔  ས་མ་ཡ་ཧོཿ    ས་མ་ཡ་སྟྭཾ༔  ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔  {{TibChung|ཞེས་སྤྱན་དྲངས།}} སྨན་གྱི་ལྷ་དང་དྲང་སྲོང་ཚོགས༔  བདུད་རྩིའི་ཕྲིན་ལས་སྒྲུབ་པའི་ཕྱིར༔  བདེ་ཆེན་དགྱེས་པའི་ཕོ་བྲང་གི༔  མཁའ་ལ་སྤྲིན་ལྟར་གཏིབས་པར་གྱུར༔  {{TibChung|ཞེས་བསམ་ལ།  རྟོག་པ་བསལ་བའི་སླད་དུ་ནང་མཆོད་ཀྱི་བདུད་རྩི་འཐོར་ཞིང་༔  }} ཧཱུྃ༔  ལྷ་དང་དྲང་སྲོང་བྲམ་ཟེ་ཀླུ༔  གཙང་ཞིང་གཙང་མའི་ཚལ་ལ་སྤྱོད༔  ཁྱི་ཕག་ལ་སོགས་དམེ་བའི་རྫས༔  ཐམས་ཅད་དོགས་པ་ {{FolioNumber|[5b]}} མེད་པར་ཟ༔  གང་ཡང་རྣམ་པར་རྟོག་པ་སྟེ༔  རྟོག་པར་བཅས་པས་གྲོལ་མི་འགྱུར༔  སྣོད་བཅུད་གདོད་ནས་བདུད་རྩི་ལྔ༔    མ་བཅོས་མ་བསླད་དེ་བཞིན་གཤེགས༔  ཡེ་ཤེས་རིགས་ལྔར་རྣམ་པར་དག༔  ཐམས་ཅད་ཆོས་ཀྱི་དབྱིངས་སུ་མཉམ༔  འཁོར་འདས་དབྱེར་མེད་ཆེན་པོར་རྟོགས༔  དེ་ལྟར་ཤེས་ན་གྲོལ་བའི་ཕྱིར༔  དཀར་རྩི་དམར་རྩི་དྲི་ཤ་ཆེན༔  རྡོ་རྗེའི་ཆུ་རྣམས་དང་དུ་བླང་༔  དངོས་གྲུབ་རྫས་ཀྱིས་གཙོར་བྱས་པས༔  ནད་ལྔ་སེལ་ཞིང་གདོན་ལྔ་ཞི༔  ཕུང་པོ་གནས་གྱུར་ཡེ་ཤེས་དང་༔  རིགས་ལྔའི་དངོས་གྲུབ་མངོན་འགྱུར་ཕྱིར༔  ཐམས་ཅད་གཙང་མའི་རྟོག་པ་སྤོངས༔  བདེ་ཆེན་རྡོ་རྗེའི་རིགས་མཆོག་ཏུ༔  དངོས་གྲུབ་སྒྲུབ་པའི་ཕྲིན་ལས་མཛོད༔  {{TibChung|ཅེས་བསྐུལ།  བཟླས་པ་བྱ་བ་ལ་གཟུངས་ཐག་བླངས་ཏེ།}} བདག་གི་ཐུགས་ཀའི་སྔགས་ཀྱི་འོད༔  བདེ་ཆེན་རྡོ་རྗེ་ལུ་གུ་རྒྱུད༔  མཐེབ་སྲིན་ཐབས་ཤེས་མཉམ་སྦྱོར་ལས༔  གཟུངས་ཀྱི་ཐག་པ་ནས་བརྒྱུད་དེ༔  བདུད་རྩི་རྫས་ཀྱི་དཀྱིལ་འཁོར་ལ༔  ཕོག་པས་ཞུ་ཁོལ་རླངས་པ་ཡིས༔    རྡོར་སེམས་ཡབ་ཡུམ་ཐུགས་རྒྱུད་བསྐུལ༔  རྗེས་ཆགས་བདེ་སྟོང་འོད་ཟེར་སྤྲིན༔  འཁོར་འདས་བརྟན་གཡོ་ཀུན་ལ་ཁྱབ༔  རྩ་གསུམ་རྒྱལ་བ་མཆོད་ {{FolioNumber|[6a]}} པས་མཉེས༔  ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔  སྣང་སྲིད་བདུད་རྩིའི་ཕྱག་རྒྱར་རྫོགས༔  ཚུར་འདུས་སྲིད་ཞིའི་ཡེ་ཤེས་དང་༔  དྭངས་བཅུད་ནུས་མཐུ་ཐམས་ཅད་ཀུན༔  རང་དབང་མེད་པར་བསྡུས་ཤིང་བཀུག༔  ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ཐིམ༔  དེ་ལས་བདུད་རྩིའི་ཆར་རྒྱུན་གཡོས༔  བདེ་ཆེན་ཡེ་ཤེས་ལྷག་པར་འབར༔  སྦྱོར་མཚམས་ལས་ནི་བྱང་སེམས་སྤྲིན༔  དྲག་ཏུ་དབབ་ཅིང་ཞུ་བའི་རྒྱུན༔  རང་བཞིན་བདུད་རྩིའི་དཀྱོལ་འཁོར་དང་༔    དབྱེར་མེད་ཐིག་ལེ་གཅིག་ཏུ་འཁྱོལ༔  སྨན་རྣམས་ཀྱང་༔  དམ་ཚིག་ཆེན་པོས་རབ་བསྐུལ་བས༔  འོད་ཟེར་ཕོ་ཉ་གློག་ལྟར་འཁྱུགས༔  བརྟན་གཡོའི་རྩི་བཅུད་དྭངས་མ་ཀུན༔    བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔  སྒྲུབ་པའི་རྫས་ལ་སིབ་སིབ་ཐིམ༔  དག་པ་མཆོག་གི་བདུད་རྩ་དང་༔  དབྱེར་མེད་ཁ་དོག་དྲི་དང་ར༔  ནུས་བཅུད་ཕུན་སུམ་ཚོགས་པ་ཡི༔  ར་སཱ་ཡ་ནའི་མཆོག་ཏུ་གྱུར༔  ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔  {{TibChung|ཞེས་གཙོ་བོར་བཟླ།  ཐུན་གྱི་མཐར།}} ལྷ་ཉིད་འོད་ཞུ་བཅུད་ལ་ཐིམ༔  འཆི་མེད་བདུད་རྩིར་འཁྱིལ་བར་གྱུར༔  {{TibChung|ཞེས་བསྡུ།  ཐུན་མཚམས་སུ།  ལས་སྔགས་དྲག་པོར་བཟླ་ཞིང་ {{FolioNumber|[6b]}} ཐུན་བྲབ་པས་བལྟ་ཉན་ཐོ་འཚམ་གྱི་ཉུལ་ལེ་ཚར་བཅད་ནས།  སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་ལ།}} ཧཱུྃ༔  འོག་མིན་རྡོ་རྗེ་དང་དབྱིངས་ཀྱི་ཞིང་༔  མཁའ་ཁྱབ་ཡེ་ཤེས་འཁོར་ལོ་དང་༔  ཧེ་རུ་ཀ་ཡི་གནས་དང་ཡུལ༔  དུར་ཁྲོད་བརྒྱད་ན་བཞུགས་པ་ཡི༔  བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཆེ༔  རྩ་གསུམ་དཔའ་བོ་རྣལ་འབྱོར་མ༔  ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔  ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔  སྐུ་ཡི་གར་སྟབས་གློག་ལྟར་འཁྱུགས༔  གསུང་གི་ཛཔྲ་དབྱངས་སྔགས་སྒྲ་སྒྲོགས༔  ཐུགས་ཀྱི་ཡེ་ཤེས་རྩལ་སྐྱེད་ལ༔  ཡོན་ཏན་བདེ་ཆེན་འོད་ཟེར་དང་༔  ཕྲིན་ལས་ཕོ་ཉ་ཕྱོགས་བཅུར་སྤྲོས༔  རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔  མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང་༔  སྙོམས་འཇུག་ཟག་མེད་བདུད་རྩིའི་བཅུད༔  འབྱུང་བ་ལྔ་ཡི་དྭངས་མ་དང་༔  ལྷ་ཀླུ་མི་ཡི་ཚེ་བསོད་སྟོབས༔  གཟི་བརྗིད་དཔལ་དང་ནུས་བཅུད་ཀུན༔  ཐོགས་པ་མེད་པར་གནས་འདིར་སྡུས༔  འཁོར་འདས་དབྱེར་མེད་བྱིན་ཆེན་ཕོབ༔  དམ་ཚིག་སྒྲུབ་པའི་རྫས་ལ་སྟིམས༔  མཐོར་ཚོར་མྱོང་རེག་གྲོལ་བ་ཡི༔  བདེ་ཆེན་རྡོ་རྗེའི་གཟི་བྱིན་སྦོར༔  ལས་དང་ཡེ་ཤེས་དངོས་གྲུབ་ཀུན༔  ལྷུན་གྱིས་གྲུབ་པའི་དབང་མཆོག་ {{FolioNumber|[7a]}} སྐུར༔  སྣོད་བཅུད་རྡོ་རྗེ་སེམས་དཔའ་ཡི༔  རྟེན་དང་བརྟེན་པའི་བྱིན་རློབས་ཤིག༔    ཨོཾ་གུ་རུ་བཛྲ་སཏྭ་མ་ཧཱ་སུ་ཁ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ  {{TibChung|ཞེས་བྱིན་དབབ།}} ཧཱུྃ་ཧཱུྃ་ཧཱུྃ་{{TibChung|གིས་བྱིན་བསྡུ།  བར་སྐབས་སུ་སྐོང་བཤགས་དང་ཚོགས་ཀྱི་མཆོད་པ་རྒྱ་ཆེར་སྤེལ།  དེ་ལྟར་ཐུན་བཞིའམ་དྲུག་ཏུ་བཅད་ལ་ཞག་གྲངས་བདུན་ཕྲག་གཅིག་གམ་གསུམ་གྱིས་མཐའ་བརྟེན་པའི་བར་དུ་བརྩོན་པས་བསྒྲུབ་བོ།  །འདིར་གཞུང་རྒྱས་པ་རྣམས་སུ་བདུད་རྩི་བསྐྱིལ་དབབ་དབང་དུ་བྱ་བ་རྣམས་རིམ་པར་འབྱུང་ཡང་༔  ཉམས་ལེན་བསྡུས་པའི་ཕྱོགས་སུ་འདི་ཁོ་ན་ལ་དོན་གྱི་དགོངས་པ་ཚང་བ་ཡིན་པས་དམིགས་འདོན་རྒྱས་པའི་ཕྱོགས་ཀྱི་སྤྲོས་པ་བསྐྱུར་བར་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ།  །གསུམ་པ་རྗེས་ཀྱི་བྱ་བ་ནི།  ཇི་སྐད་དུ།  ཁ་དོག་དྲི་རོ་བཟང་དང་འཕེལ༔  སྒྲ་འོད་མེ་ཏོག་ཆར་པ་འབེབས༔  བདེ་ཆེན་ཡེ་ཤེས་སྐྱེ་བ་སོགས༔  རྟགས་བྱུང་དངོས་གྲུབ་བླང་བར་བྱ༔  ཞེས་གསུངས་པ་ལྟར།  གྲུབ་པའི་མཚན་མ་དགེ་བར་མཐོང་བའམ་དུས་ཀྱི་ངེས་པ་རྫོགས་ནས་དངོས་གྲུབ་ལེན་པའི་ཚུལ་ལ།  ཐོག་མར་དངོས་གྲུབ་བསྐུལ་བའི་དོན་དུ།  སྔགས་ཀྱི་མཐར།}}  ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔  {{TibChung|ཞེས་བཏགས་པ་མང་དུ་བཟླས་མཐར།}} ཧོཿ    བདེ་ཆེན་བདུད་རྩིའི་དཀྱིལ་འཁོར་ལྷ༔  ཡོན་ཏན་མཆོག་ཏུ་རོལ་པའི་ཚོགས༔  རྡོ་རྗེའི་དམ་ཚིག་གཉན་པོ་ཡིས༔  ཐུགས་ {{FolioNumber|[7b]}} དམ་བསྐུལ་ཞིང་རྩེ་གཅིག་བསྒྲུབས༔  རྡོ་རྗེ་སྲིན་པོའི་ནམ་ལངས་ཤིང་༔  ཡེ་ཤེས་འོད་གསལ་ཉི་ཟླ་འཆར༔  སྒྲིབ་མེད་ཏིང་འཛིན་རྩལ་རྫོགས་པས༔  དངོས་གྲུབ་འབྱུང་བའི་དུས་ལ་བབ༔    སྐུ་གསུང་ཐུགས་ཀྱི་ཕོ་བྲང་ནས༔  བདུད་རྩི་གསང་བའི་དབང་མཆོག་བསྐུར༔  ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔  དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ༔  {{TibChung|ཞེས་ཐུགས་དམ་བསྐུལ་ཏེ།}} ཨོཾ་བོ་ངྷི་ཙིཏྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་མ་ཧཱ་ས་མ་ཡ་ཧོཿ  {{TibChung|ཞེས་རིག་པའི་མེ་ཏོག་དོར།  སྨན་གྱི་ཕོ་བྲང་རང་གི་སྤྱི་བོར་བླངས་ལ།}} ཧཱུྃ༔  རང་བྱུང་བདུད་རྩིའི་ཕོ་བྲང་ནས༔  ཁ་སྦྱོར་བདེ་ཆེན་རྡོ་རྗེ་ཡིས༔  བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོས༔  གཉིས་མེད་མཉམ་པའི་དབང་མཆོག་སྩོལ༔  ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་སརྦ་ཉྩ་ཨ་མྲྀ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ ༔   སརྦ་སིདྡྷི་ཕ་ལ་ཧོཿ    {{TibChung|ཞེས་གནས་གསུམ་དུ་གཏུག  །སློབ་མ་ཡོད་ན་དབང་བསྐུར།}} བདུད་རྩི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པ་བསམ།  ཨ་ཧོ་མ་ཧཱ་སུ་ཁ་ཧོཿ    {{TibChung|ཞེས་རྟོགས་བརྗོད་པ་ལ།}} བཛྲ་པྲ་ཝེ་ཤ་ཡ་ཕཊ༔  {{TibChung|ཅེས་སྨན་ཐོད་ལ་དཀྲིས་པའི་སྲད་བུ་རིམ་པར་བཀྲོལ།}} སརྦ་པཉྩ་ཨ་མྲྀ་ཏ་ཨ་བེ་ཤ་ཡ་ཨཱཿ  {{TibChung|ཞེས་ཁ་ཕྱེ་བས།}} བདུད་རྩིའི་དྭངས་ {{FolioNumber|[8a]}} མ་དཀར་དམར་མཐིང་ཁའི་འོད་ཀྱི་རྣམ་པར་བྱུང་བ་བདག་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་བྱིན་གྱིས་བརླབས་པར་བསམ།  ཨ་མྲྀ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔  {{TibChung|ཞེས་བརྗོད།  ཐོད་པ་ཆང་གིས་བཀང་བར་བསྒྲུབ་མ་ཐག་པའི་ཕུར་མ་ལས་ཅུང་ཟད་བླུགས་ལ།}} རྡོ་རྗེའི་དམ་ཚིག་རྨད་པོ་ཆེ༔  རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད༔  རྒྱུ་དྲུག་སྡུག་བསྔལ་འཇོམས་པའི་རྩི༔  རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས༔  ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔  {{TibChung|ཞེས་སྨན་གྱི་ཆེ་བ་བརྗོད་དེ།  སྨན་མཆོད་ཆོ་གའི་གཞུང་བཞིན་ཕུལ་བའི་རྗེས་སུ།}}  རང་གི་ལྕེར་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བ་ཧཱུྃ་ཡིག་གིས་མཚན་པར་{{TibChung|བསམ་ལ།  གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ལྕེ་ཐོག་ཏུ་བཞག་སྟེ།}} ཧཱུྃ༔  ལྕེ་ཡི་དམ་ཚིག་རྡོ་རྗེ་ལ༔  དམ་ཚིག་ཅན་གྱིས་ཧཱུྃ་བསྒོམས་ཏེ༔  མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས༔  མྱོང་ན་དངོས་གྲུབ་མཆོག་ཐོབ་འགྱུར༔  ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་སིདྡྷི་ཨོཾ༔  ཝཱ་ཀ་སིདྡྷི་ཨཱཿ  ཙིཏྟ་སིདྡྷི་ཧཱུྃ༔  {{TibChung|ཞེས་བརྗོད་ཅིང་གནས་གསུམ་དུ་ཐིག་ལེ་བྱས་ལ་མྱང་ཞིང་སློབ་མ་ལའང་སྦྱིན།}} རྩ་ཁམས་ཐམས་ཅད་བྱང་སེམས་བདུད་རྩིས་གང་བས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་{{TibChung|བསམ།  པྲ་བརྟག་ཅིང་ཚད་གཞལ་བ་སོགས་སྤྲོ་ན་འདིར་བྱ།  ཆོ་གའི་རྗེས་ {{FolioNumber|[8b]}} ཀྱི་བྱ་བ་རྣམས་ཀྱང་གཞུང་བཞིན་མཐའ་རྒྱས་སུ་སྤེལ་བས་ལེགས་པར་གྲུབ་བོ།  །ཡང་འདིཉིད་བླ་མ་གསང་འདུས་དང་ཚེ་སྒྲུབ།  ཡི་དམ་ཁྲོ་བོའི་རིགས་སོགས་ལ་སྦྱར་བར་འདོད་ནའང་སྤྲོས་པས་ཆོག་སྟེ།  ཁྲོལ་སྒྲུབ་གོང་བཞིན་ལ།  ཕྱེ་སྒྲུབ་ཀྱི་ཚེ་ན་ལྷ་བསྐྱེད་མངོན་རྟོགས་སོགས་སྐབས་ཐོབ་ཀྱི་གཞུང་ལྟར་ཁ་བསྒྱུར་ཞིང་།  བཟླས་པ་ནི་བདུད་རྩིའི་སྔགས་འབྲུ་དགུ་པ་ཉིད་ལ་བརྩོན་པར་བྱ་བ་ཁོ་ནའོ།  །དེ་ལྟར་བསྒྲུབས་པའི་ཕན་ཡོན་ཀྱང་།  ཇི་སྐད་དུ།  བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡི༔  གྲོལ་བའི་ཕྲིན་ལས་ཤུགས་ཕྱུངས་པ༔  བདུད་རྩི་མཆོག་འདི་འབྲེལ་ཚད་ཀུན༔  གནས་སྐབས་ཚེ་བསྲིང་ཉམས་ཆག་སྐོང་༔  ཡིད་འཕྲོག་དབང་འགྱུར་ནད་གདོན་ཞི༔  གཏུམ་ཆེན་དྲག་པོའང་ལྷན་ནེར་འགྱུར༔  མཐར་ཐུག་མཐོང་ཚོར་མྱང་དང་རེག༔  ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ༔  དཔའ་བོ་མཁའ་འགྲོའི་འདུ་བ་ཐོབ༔  བདེ་ཆེན་ཡེ་ཤེས་རྩོལ་མེད་སྐྱེ༔  ཚེ་གཅིག་རྣམ་གྲོལ་ཆེ་ལ་སྦྱོར༔  ཞེས་སོགས་རྒྱ་ཆེར་འབྱུང་བ་ལྟར་ཡོན་ཏན་མཐའ་ཀླས་པ་ཉིད་དོ།  །}} དོན་དམ་བདུད་རྩི་ལ་བརྟེན་ནས།  །ཀུན་རྫོབ་བདུད་རྩི་སྒྲུབ་པའི་ཐབས།  །ཟབ་དོན་བཅུད་དུ་བླངས་འདི་ཀོ།  །རྣམ་མང་གདུལ་བྱའི་དཔལ་དུ་ཤོག  {{TibChung|ཅེས་པའང་དཀྱིལ་འཁོར་སྒྲུབ་པ་ཆེན་པོའི་ལས་ཁྲིགས་ཀྱི་སྤྲོས་པས་དུབ་པ་ན་སྐབས་འགར་སྤྲོས་མེད་དཔའ་བོ་གཅིག་སྒྲུབ་ཀྱི་ཚུལ་ལ་བརྟེན་ནས་རང་གཞན་གྱི་རེ་བ་སྐོང་བའི་ཆ་རྐྱེན་དུ་ཟབ་གཏེར་གསང་བའི་མན་ངག་རྣམས་ཀྱི་བཅུད་ཕྱུངས་ཏེ།  འཇིགས་ {{FolioNumber|[9a]}} བྲལ་ཡེ་ཤེས་རྡོ་རྗེས་དམར་སེར་ཅན་གྱི་ལོ་ཆུ་སྟོད་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་བལ་ཡུལ་ལྷུན་གྲུབ་བརྩེགས་པའི་དུར་ཁྲོད་ཆེན་པོར་སྦྱར་བ་ལས།  ཡི་གེ་པ་ནི་བློ་གསལ་དགེ་སྦྱོང་རིན་ཆེན་ཕུན་ཚོགས་སོ།  །འདིས་ཀྱང་དངོས་གྲུབ་ཆེན་པོ་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག  །སརྦ་དཱ་མངྒ་ལཾ།།  །།}} }}
</onlyinclude>
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 11:30, 13 March 2026

Wylie title rigs 'dus rdo rje sems dpa'i sgo nas dam rdzas bdud rtsi'i sgrub thabs grub pa'i bcud len
Location bdud 'joms rin po che'i bka' 'bum
Volume 18, Text 26, Pages 653-669 (Folios 1a1 to 9a2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rigs 'dus rdo rje sems dpa'i sgo nas dam rdzas bdud rtsi'i sgrub thabs grub pa'i bcud len. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 18: 653-669. Kalimpong: Dupjung Lama, 1979-1985.
Side notes Recto: sman sgrub   Verso: bka' gter rdor sems
More details More details
Genre Medicinal Pills - Making and Activating Practices - sman sgrub
Colophon

ཅེས་པའང་དཀྱིལ་འཁོར་སྒྲུབ་པ་ཆེན་པོའི་ལས་ཁྲིགས་ཀྱི་སྤྲོས་པས་དུབ་པ་ན་སྐབས་འགར་སྤྲོས་མེད་དཔའ་བོ་གཅིག་སྒྲུབ་ཀྱི་ཚུལ་ལ་བརྟེན་ནས་རང་གཞན་གྱི་རེ་བ་སྐོང་བའི་ཆ་རྐྱེན་དུ་ཟབ་གཏེར་གསང་བའི་མན་ངག་རྣམས་ཀྱི་བཅུད་ཕྱུངས་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དམར་སེར་ཅན་གྱི་ལོ་ཆུ་སྟོད་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་བལ་ཡུལ་ལྷུན་གྲུབ་བརྩེགས་པའི་དུར་ཁྲོད་ཆེན་པོར་སྦྱར་བ་ལས། ཡི་གེ་པ་ནི་བློ་གསལ་དགེ་སྦྱོང་རིན་ཆེན་ཕུན་ཚོགས་སོ། །འདིས་ཀྱང་དངོས་གྲུབ་ཆེན་པོ་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

ces pa'ang dkyil 'khor sgrub pa chen po'i las khrigs kyi spros pas dub pa na skabs 'gar spros med dpa' bo gcig sgrub kyi tshul la brten nas rang gzhan gyi re ba skong ba'i cha rkyen du zab gter gsang ba'i man ngag rnams kyi bcud phyungs te/___'jigs bral ye shes rdo rjes dmar ser can gyi lo chu stod zla ba'i yar tshes bco lnga la bal yul lhun grub brtsegs pa'i dur khrod chen por sbyar ba las/___yi ge pa ni blo gsal dge sbyong rin chen phun tshogs so/___/'dis kyang dngos grub chen po yid bzhin du 'grub pa'i rgyur gyur cig___/sarba dA mang+ga laM//

[edit]
༄༅། །རིགས་འདུས་རྡོ་རྗེ་སེམས་དཔའི་སྒོ་ནས་དམ་རྫས་བདུད་རྩིའི་སྒྲུབ་ཐབས་གྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། །


༄༅། །ཨོཾ་སྭསྟི། རྫས་ཀྱི་བདུད་རྩིའི་འཕྲུལ་འཁོར་གྱིས། །ཆོས་ཀྱི་བདུད་རྩི་བཅུད་དུ་ལེན། །རིགས་འདུས་བླ་མར་གུས་བཏུད་དེ། །བདུད་རྩི་སྒྲུབ་པའི་ཐབས་ཚུལ་དབྱེ། །དེའང་མཆོག་གི་ཕྲིན་ལས་རྨད་དུ་བྱུང་བ་དམ་རྫས་བདུད་རྩི་ཆེན་པོ་བསྒྲུབ་པར་བྱ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་སྦྱོར་བའི་ཆོས་ནི། །སློབ་དཔོན་ཆེན་པོའི་མན་ངག་ལས། བདུད་རྩི་སྨན་གྱི་སྒྲུབ་པ་ནི༔ སྐྱེ་བདུན་གྲུབ་པ་ཐོབ་པ་ཡི༔ ཤ་ཆེན་གཙོར་གྱུར་སྒྲོན་མ་ལ༔ བླ་མ་ཡབ་ཡུམ་བྱང་ཆུབ་སེམས༔ གཙོར་འགྱུར་ལྕགས་ཀྱུ་རྣམ་པ་ལྔ༔ གཞིར་བྱས་གཞན་གང་སེལ་མེད་པའི༔ བདུད་རྩི་ཕབ་གཏའ་མ་ད་ན༔ སྦྱར་ཞིང་འདྲེས་པར་བསྣུར་བྱས་ལ༔ འབྲས་གསུམ་བཟང་དྲུག་རྟག་ངུ་གསུམ༔ ག་བུར་གི་ཝཾ་སིནྡྷུ་ར༔ ཅུ་གང་བྲག་ཞུན་ཅོང་ཞི་དང་༔ རྩ་བ་ལྔ་དང་དབང་པོ་ལག༔ ཤིང་ཚ་ཤུ་དག་སྤང་གི་སྤོས་༔ མ་ནུ་རུ་རྟ་པྲི་ཡང་ཀུ༔ ཨུཏྤལ་ཙནྡན་དམར་པོ་སོགས༔ སེར་དང་དམར་བ་ཤས་ཆེ་ཞིང་༔ མངར་སྐྱུར་ལན་ཚྭའི་རོ་ལྡན་ཕྱེ༔ རྩ་བརྒྱད་ཡན་ལག་སྟོང་ལ་སོགས་༔ ཁ་དོག་དྲི་རོ་ནུས་ལྡན་པའི༔ སྨན་དུ་གྱུར་པ་ཐམས་ཅད་བསག༔ ཅེས་གསུངས་པ་ལྟར༔ སེལ་མེད་བདུད་རྩིའི་ཕབ་གཏའ་བཞིར་བྱས། ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པའི་སྨན་སྣ་རྣམས་བསགས་ལ། ཐོག་མར་བྷནྡྷ་མཚན་ལྡན་དུ་ཁྲོལ་བུར་བླུགས་ཏེ་དཀྱིལ་འཁོར་གྱི་དབུས་སུ་འགོད། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་བགེགས་བསལ་ཞིང་ཁྲུས་ཀྱིས་སྦྱངས། མདུན་རྟེན་ལ་དམིགས་ཏེ། ཨ༔ སྣང་སྲིད་ཐམས་ཅད་བདུད་རྩི་ལྔ༔ དེ་ཉིད་རང་བྱུང་ཐིག་ལེ་ གཅིག༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ ཁ་སྦྱོར་གཉུག་མའི་སྐུ་རུ་བཞེངས༔ ཨོཾ་བཛྲ་སཏྭ་ཨཱཿ ཞེས་ཅུང་ཟད་བཟླས་མཐར། ཡབ་ཡུམ་སྙོམས་པར་ཞུགས་པ་ཡི༔ བདེ་སྟོང་རོལ་པའི་འོད་ཟེར་གྱིས༔ རྒྱལ་བ་མཆོད་ཅིང་དངོས་གྲུབ་བསྡུས༔ བརྟན་གཡོའི་དུག་གཞིལ་འབྱུང་ལྔའི་བཅུད༔ དམ་ཚིག་རྫས་དང་རོ་གཅིག་གྱུར༔ སྨན་གྱི་ལྷ་སྲུང་དྲང་སྲོང་བསྐུལ༔ དེ་རྣམས་ཕོ་ཉ་མཁའ་ཁྱབ་ཀྱིས༔ འཁོར་འདས་བདུད་རྩི་ཆར་བཞིན་ཕབ༔ སྒྲུབ་པའི་རྫས་ལ་སིབ་སིབ་ཐིམ༔ དག་པ་མཆོག་གི་བདུད་རྩི་དང་༔ དབྱེར་མེད་ཁ་དོག་དྲི་དང་རོ༔ ནུས་བཅུད་ཕུན་སུམ་ཚོགས་པར་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ར་སཱ་ཡ་ན་ཏ་ན་ཛ་ཡ་གུ་ཧྱ་སིདྡྷི་ཧཱུཾ་ཧྲཱིཿཋཱ༔ ཞེས་ཅི་ནུས་སུ་བཟླ་ཞིང་། ཐུན་གྱི་མཐར་ཞག་གསུམ་མམ་གཅིག་གིས་མཐའ་བརྟེན་པས་ཁྲོལ་སྒྲུབ་ཟིན་ནས། སྨན་རྣམས་བླངས་ལ་རྡོ་རྗེའི་གཏུན་དུ་འཐག་ཅིང་། རྩ་བའི་སྔགས་ཀྱི་མཐར། ཨོཾ་ཨོཾ་ཨོཾ། ཞེས་བརྗོད་པས་སྦྱང་། དར་གྱི་འདོ་ལེར་བཙག་ཅིང་། སྔགས་ མཐར། ཨཱཿཨཱཿཨཱཿ ཞེས་པས་སྤེལ། ཆང་སྣ། ཆུ་སྣ། འོ་མ། རིན་པོ་ཆེའི་ཆུས་སྦོལ་ཞིང་། སྔགས་མཐར། ཧཱུྃ་ཧཱུྃ་ཧཱུྃ། ཞེས་པས་བསྣུར། དམ་རྫས་སྔ་མའི་ཕབ་རྒྱུན་སེལ་མེད་པ་དང་། ཕབ་ཀྱིས་བྲན་ཅིང་འདྲེས་པར་དཀྲུགས་ལ། སྔགས་མཐར། ཧོཿ ཧོཿ ཧོཿ ཞེས་པས་དབྱེར་མེད་དུ་བྱ། སྨན་རྣམས་དྲིལ་བུའམ་ཀ་པཱ་ལས་གཞལ་ཞིང་དར་གྱི་སྒྱེའུར་བླུགས་ལ་བྷནྡྷ་མཚན་ལྡན་ཁ་སྦྱོར་གྱི་ནང་དུ་གཏམས། དེ་ཉིད་སྨན་ཟངས་སུ་རྩི་ཤིང་གི་ཡལ་འདབ་དང་ཆང་གླུམ་ཕབ་ལྡན་གྱིས་གཅེར་ཞིང་དར་དཀར་དམར་གྱིས་ཁ་བཅད་ལ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིངས་པར་གཟུངས་ཐག་བཏགས། སླར་ཡང་བགེགས་བསལ་ཞིང་ཁྲུས་ཀྱིས་སྦྱངས། ཅོད་པན་དང་རྡོ་དྲིལ་སོགས་ཀྱིས་བརྒྱན་ཏེ་དཀྱིལ་འཁོར་དབུས་སུ་ལྡིང་ཁྲིའི་ཁར་བཀོད། འོག་ཏུ་དྲོད་འབེབས་ཀྱི་མར་མེ་སྦར། འབྱོར་ན་འཕན་གདུགས་རྒྱལ་མཚན་ཚར་དུ་དངར་བས་བརྒྱན། །ཕྱི་ནང་གི་མཆོད་པ་དང་ཚོགས་ཀྱི་ལོངས་སྤྱོད་གཙང་ཞིང་བཟང་བར་བཤམ། གཞན་ཡང་ཉེར་མཁོའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་དངོས་གཞིའི་ལས་རིམ་ནི། ཕྲིན་ལས་གཞུང་བསྲང་སྟེ་བདག་བསྐྱེད་བཟླས་པ་བཅས་གྲུབ་མཚམས། མདུན་རྟེན། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས༔ དམ་ཚིག་སྒྲོལ་མ་རླུང་དཀྱིལ་དང་༔ གོས་དཀར་འབར་བ་མེ་ཡི་སྟེང་༔ སྤྱན་མའི་རང་བཞིན་ཐོད་སྒྱེད་ གསུམ༔ དེ་སྟེང་དབྱིངས་ཕྱུག་ཀ་པཱ་ལ༔ ཡངས་ཤིང་རྒྱ་ཆེའི་ནང་ཁོངས་སུ༔ མཱ་མ་ཀི་ཡི་བདུད་རྩིའི་བཅུད༔ ཤ་ལྔའི་རི་བོ་ལྷུན་མཐོར་བརྩེགས༔ བདུད་རྩི་ལྔ་ཡི་རྒྱ་མཚོར་འཁྱིལ༔ ཐབས་ཤེས་ཡི་གེ་འབྲུ་བཅུས་མཚན༔ དེ་ཉིད་ཡོངས་སུ་གྱུར་སྐད་ཅིག་གིས༔ བདེ་གཤེགས་རིགས་ལྔ་ཡབ་ཡུམ་གསལ༔ ཧཱུྃ་ཨོཾ་ཏྲཱ་ཧྲཱིཿཧཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ བདག་གི་ཐུགས་སྲོག་འོད་ཟེར་གྱིས༔ རླུང་གཡོས་མེ་སྦར་ཐོད་པ་དྲོས༔ ལྷ་རྣམས་སྙོམས་ཞུགས་སྦྱོར་མཚམས་ནས༔ འོད་ཟེར་ལྕགས་ཀྱུས་འཁོར་འདས་བཅུད༔ དབང་མཛད་ཡུམ་གྱི་བྷ་གར་འཁྱིལ༔ དངུལ་ཆུ་བཞིན་དུ་འབར་ཞིང་འཕྲོག༔ དེ་ལས་བདུད་རྩི་ཆར་ལྟར་བབས༔ ཤ་ལྔ་བདུད་རྩིའི་བཅུད་དང་འདྲེས༔ ཞུ་ཁོལ་དམ་རྫས་ཨ་མྲྀ་ཏ༔ འཁོར་འདས་རོ་མཉམ་གཅིག་ཏུ་འཁྱིལ༔ རིགས་ལྔ་ཡབ་ཡུམ་འོད་ཞུ་ནས༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ དེ་དབུས་པདྨ་ཉི་ཟླའི་སྟེང་༔ གསང་ཆེན་རིགས་གཅིག་རྡོ་རྗེ་སེམས༔ དྲི་མེད་སྟོན་ཀའི་ཟླ་ལྟར་འཚེར༔ ཞི་འཛུམ་ཡིད་འོང་མཚན་དཔེ་འབར༔ གཡས་པས་རྡོ་རྗེ་རྩེ་ལྔ་ པ༔ ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན༔ གཡོན་པས་སྟོང་ཉིད་སྒྲ་སྒྲོགས་པའི༔ དྲིལ་བུ་དཀུར་བརྟེན་ཅུང་ཟད་སྒེག༔ རང་འོད་སྙེམས་མ་དཀར་མ་ནི༔ ལང་ཚོས་གང་བའི་ཉམས་འགྱུར་ཅན༔ གྲི་ཐོད་འཛིན་པས་རྣམ་པར་འཁྱུད༔ ཡབ་ཡུམ་བདེ་བ་ཆེན་པོར་སྦྱོར༔ སྣ་ཚོགས་དར་དང་རིན་ཆེན་སོགས༔ ལོངས་སྤྱོད་ཡོངས་རྫོགས་རྒྱན་ཆས་ལྡན༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ རང་འདྲའི་ཐུགས་ཀར་ཟླ་སྟེང་ཧཱུྃ༔ དེ་མཐར་གསང་སྔགས་འབྲུ་དགུས་བསྐོར༔ གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཀུན༔ ཞི་ཁྲོ་རབ་འབྱམས་རྒྱལ་བའི་ལྷ༔ མ་སྐྱེས་ཡེ་རྫོགས་ཆེན་པོའི་ངང་༔ གནས་གསུམ་ཨོཾ་ཨཱཿཧཱུྃ་ཡིག་གིས༔ རྡོ་རྗེ་གསུམ་དུ་བྱིན་བརླབས་ཤིང་༔ རིགས་ལྔས་དབང་བསྐུར་ཡེ་ཤེས་ལྔ༔ དབུ་རྒྱན་ཅོད་པན་ཚུལ་དུ་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨཱཿ ཞེས་དམ་ཚིག་པ་བསྐྱེད་ཅིང་རྒྱས་གདབ་ལ་དབང་བསྐུར། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི། སྙོམས་ཞུགས་བདེ་བའི་འོད་དང་སྒྲས༔ ཡེ་ཤེས་འཁོར་ལོ་སྤྱན་དྲངས་བསམ༔ ཨོཾ༔ ཡོད་མེད་སྟོང་པ་འོད་གསལ་དབྱིངས༔ ཕྱག་རྒྱ་ཆེན་པོའི་སྐུར་བཞེངས་ནས༔ སྨོན་ ལམ་སྙིང་རྗེའི་དམ་ཚིག་གིས༔ ཡེ་ཤེས་སྒྱུ་མའི་རོལ་པས་གཤེགས༔ ཨོཾ་བཛྲ་སཏྭ་ཨེ་ཧྱེ་ཧི། ས་མ་ཡ་སྟྭཾ༔ ཛཿཧཱུྃ་བྃ་ཧོཿ ཞེས་དབྱེར་མེད་དུ་བསྟིམ། ཏིཥྛ་ལྷན༔ ཞེས་བཞུགས་སུ་གསོལ། ཨ་ཏི་པུ་ཧོཿ ས་ཕྱག་འཚལ། པྲ་ཏཱིཙྪ་ཧོཿ ས་ལན་སྩལ་བར་མོས། ཨོ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་རིན་ཆེན་སྤྲིན༔ ཕྱི་ནང་གསང་བ་བླ་མེད་པ༔ བདེ་ཆེན་ལོངས་སྤྱོད་མཆོག་ཏུ་རོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྔྷེ་ནཻ་བིདྱ་ཤཔྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ ༔ མ་ཧཱ་ཨ་མྲྀ་རཀྟ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཧོཿ ཞེས་མཆོད། ཧཱུྃ༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བ་ཡི༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ ཅེས་བསྟོད། སྨན་སྲུང་སྤྱན་འདྲེན་པའི་སླད་དུ་སྤོས་དཀར་གྱི་དུད་པ་འཐུལ། དར་སྣ་ལྔའི་གཡབ་མོ་བྱ་ཞིང་། ཧཱུྃ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ན༔ ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔ ཚངས་དང་དྲང་སྲོང་རིག་པ་འཛིན༔ བྲམ་ཟེ་དཀའ་ཐུབ་གྲུབ་པ་དང་༔ རི་དང་ནགས་ཚལ་འབྱུང་བའི་ལྷ༔ གཟའ་དང་རྒྱུ་སྐར་རྫུ་འཕྲུལ་བདག༔ སྨན་དང་བཅུད་ཀྱི་གཉེར་ འཛིན་པ༔ ལྷ་དང་ལྷ་མོ་སྲུང་མའི་ཚོགས༔ ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་དང་༔ རིག་འཛིན་གྲུབ་པའི་བཀའ་བྱུང་བས༔ དམ་ཚིག་གཉན་པོ་རྗེས་དགོངས་ལ༔ ཐུགས་དམ་དབང་གིས་གནས་འདིར་གཤེགས༔ རང་རང་རིག་འཛིན་གྲུབ་པའི་ཚེ༔ ཇི་ལྟར་རྟག་བརྟན་མ་བསྙེལ་བར༔ རྣལ་འབྱོར་བདག་ཅག་སྒྲུབ་པ་པོས༔ མཐའ་ཡས་གདུལ་བྱའི་དོན་སླད་དུ༔ རྡོ་རྗེའི་ཚེ་དང་ལང་ཚོའི་དཔལ༔ ནད་གདོན་ཞི་ཞིང་རིག་རྩལ་རྒྱས༔ མཐོང་ཚོར་མྱོང་རེག་གྲོལ་བའི་ཕྱིར༔ བདུད་རྩི་སྒྲུབ་པའི་གྲོགས་མཛོད་ནས༔ དངོས་གྲུབ་དམ་པ་སྩལ་དུ་གསོལ༔ སརྦ་པཉྩ་ཨ་མྲྀ་ཏ་བཻ་ཥ་ཛྱེ་དེ་བ་པཱ་ལ་ས་བ་རི་ཧཱ་ར་ཨེ་ཧྱེ་ཧི༔ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་སྤྱན་དྲངས། སྨན་གྱི་ལྷ་དང་དྲང་སྲོང་ཚོགས༔ བདུད་རྩིའི་ཕྲིན་ལས་སྒྲུབ་པའི་ཕྱིར༔ བདེ་ཆེན་དགྱེས་པའི་ཕོ་བྲང་གི༔ མཁའ་ལ་སྤྲིན་ལྟར་གཏིབས་པར་གྱུར༔ ཞེས་བསམ་ལ། རྟོག་པ་བསལ་བའི་སླད་དུ་ནང་མཆོད་ཀྱི་བདུད་རྩི་འཐོར་ཞིང་༔ ཧཱུྃ༔ ལྷ་དང་དྲང་སྲོང་བྲམ་ཟེ་ཀླུ༔ གཙང་ཞིང་གཙང་མའི་ཚལ་ལ་སྤྱོད༔ ཁྱི་ཕག་ལ་སོགས་དམེ་བའི་རྫས༔ ཐམས་ཅད་དོགས་པ་ མེད་པར་ཟ༔ གང་ཡང་རྣམ་པར་རྟོག་པ་སྟེ༔ རྟོག་པར་བཅས་པས་གྲོལ་མི་འགྱུར༔ སྣོད་བཅུད་གདོད་ནས་བདུད་རྩི་ལྔ༔ མ་བཅོས་མ་བསླད་དེ་བཞིན་གཤེགས༔ ཡེ་ཤེས་རིགས་ལྔར་རྣམ་པར་དག༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་མཉམ༔ འཁོར་འདས་དབྱེར་མེད་ཆེན་པོར་རྟོགས༔ དེ་ལྟར་ཤེས་ན་གྲོལ་བའི་ཕྱིར༔ དཀར་རྩི་དམར་རྩི་དྲི་ཤ་ཆེན༔ རྡོ་རྗེའི་ཆུ་རྣམས་དང་དུ་བླང་༔ དངོས་གྲུབ་རྫས་ཀྱིས་གཙོར་བྱས་པས༔ ནད་ལྔ་སེལ་ཞིང་གདོན་ལྔ་ཞི༔ ཕུང་པོ་གནས་གྱུར་ཡེ་ཤེས་དང་༔ རིགས་ལྔའི་དངོས་གྲུབ་མངོན་འགྱུར་ཕྱིར༔ ཐམས་ཅད་གཙང་མའི་རྟོག་པ་སྤོངས༔ བདེ་ཆེན་རྡོ་རྗེའི་རིགས་མཆོག་ཏུ༔ དངོས་གྲུབ་སྒྲུབ་པའི་ཕྲིན་ལས་མཛོད༔ ཅེས་བསྐུལ། བཟླས་པ་བྱ་བ་ལ་གཟུངས་ཐག་བླངས་ཏེ། བདག་གི་ཐུགས་ཀའི་སྔགས་ཀྱི་འོད༔ བདེ་ཆེན་རྡོ་རྗེ་ལུ་གུ་རྒྱུད༔ མཐེབ་སྲིན་ཐབས་ཤེས་མཉམ་སྦྱོར་ལས༔ གཟུངས་ཀྱི་ཐག་པ་ནས་བརྒྱུད་དེ༔ བདུད་རྩི་རྫས་ཀྱི་དཀྱིལ་འཁོར་ལ༔ ཕོག་པས་ཞུ་ཁོལ་རླངས་པ་ཡིས༔ རྡོར་སེམས་ཡབ་ཡུམ་ཐུགས་རྒྱུད་བསྐུལ༔ རྗེས་ཆགས་བདེ་སྟོང་འོད་ཟེར་སྤྲིན༔ འཁོར་འདས་བརྟན་གཡོ་ཀུན་ལ་ཁྱབ༔ རྩ་གསུམ་རྒྱལ་བ་མཆོད་ པས་མཉེས༔ ཁམས་གསུམ་ཉོན་མོངས་དུག་ཆེན་སྦྱངས༔ སྣང་སྲིད་བདུད་རྩིའི་ཕྱག་རྒྱར་རྫོགས༔ ཚུར་འདུས་སྲིད་ཞིའི་ཡེ་ཤེས་དང་༔ དྭངས་བཅུད་ནུས་མཐུ་ཐམས་ཅད་ཀུན༔ རང་དབང་མེད་པར་བསྡུས་ཤིང་བཀུག༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ཐིམ༔ དེ་ལས་བདུད་རྩིའི་ཆར་རྒྱུན་གཡོས༔ བདེ་ཆེན་ཡེ་ཤེས་ལྷག་པར་འབར༔ སྦྱོར་མཚམས་ལས་ནི་བྱང་སེམས་སྤྲིན༔ དྲག་ཏུ་དབབ་ཅིང་ཞུ་བའི་རྒྱུན༔ རང་བཞིན་བདུད་རྩིའི་དཀྱོལ་འཁོར་དང་༔ དབྱེར་མེད་ཐིག་ལེ་གཅིག་ཏུ་འཁྱོལ༔ སྨན་རྣམས་ཀྱང་༔ དམ་ཚིག་ཆེན་པོས་རབ་བསྐུལ་བས༔ འོད་ཟེར་ཕོ་ཉ་གློག་ལྟར་འཁྱུགས༔ བརྟན་གཡོའི་རྩི་བཅུད་དྭངས་མ་ཀུན༔ བདུད་རྩིའི་རྣམ་པར་སྤྱན་དྲངས་ནས༔ སྒྲུབ་པའི་རྫས་ལ་སིབ་སིབ་ཐིམ༔ དག་པ་མཆོག་གི་བདུད་རྩ་དང་༔ དབྱེར་མེད་ཁ་དོག་དྲི་དང་ར༔ ནུས་བཅུད་ཕུན་སུམ་ཚོགས་པ་ཡི༔ ར་སཱ་ཡ་ནའི་མཆོག་ཏུ་གྱུར༔ ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་གཙོ་བོར་བཟླ། ཐུན་གྱི་མཐར། ལྷ་ཉིད་འོད་ཞུ་བཅུད་ལ་ཐིམ༔ འཆི་མེད་བདུད་རྩིར་འཁྱིལ་བར་གྱུར༔ ཞེས་བསྡུ། ཐུན་མཚམས་སུ། ལས་སྔགས་དྲག་པོར་བཟླ་ཞིང་ ཐུན་བྲབ་པས་བལྟ་ཉན་ཐོ་འཚམ་གྱི་ཉུལ་ལེ་ཚར་བཅད་ནས། སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་ལ། ཧཱུྃ༔ འོག་མིན་རྡོ་རྗེ་དང་དབྱིངས་ཀྱི་ཞིང་༔ མཁའ་ཁྱབ་ཡེ་ཤེས་འཁོར་ལོ་དང་༔ ཧེ་རུ་ཀ་ཡི་གནས་དང་ཡུལ༔ དུར་ཁྲོད་བརྒྱད་ན་བཞུགས་པ་ཡི༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཆེ༔ རྩ་གསུམ་དཔའ་བོ་རྣལ་འབྱོར་མ༔ ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྐུ་ཡི་གར་སྟབས་གློག་ལྟར་འཁྱུགས༔ གསུང་གི་ཛཔྲ་དབྱངས་སྔགས་སྒྲ་སྒྲོགས༔ ཐུགས་ཀྱི་ཡེ་ཤེས་རྩལ་སྐྱེད་ལ༔ ཡོན་ཏན་བདེ་ཆེན་འོད་ཟེར་དང་༔ ཕྲིན་ལས་ཕོ་ཉ་ཕྱོགས་བཅུར་སྤྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང་༔ སྙོམས་འཇུག་ཟག་མེད་བདུད་རྩིའི་བཅུད༔ འབྱུང་བ་ལྔ་ཡི་དྭངས་མ་དང་༔ ལྷ་ཀླུ་མི་ཡི་ཚེ་བསོད་སྟོབས༔ གཟི་བརྗིད་དཔལ་དང་ནུས་བཅུད་ཀུན༔ ཐོགས་པ་མེད་པར་གནས་འདིར་སྡུས༔ འཁོར་འདས་དབྱེར་མེད་བྱིན་ཆེན་ཕོབ༔ དམ་ཚིག་སྒྲུབ་པའི་རྫས་ལ་སྟིམས༔ མཐོར་ཚོར་མྱོང་རེག་གྲོལ་བ་ཡི༔ བདེ་ཆེན་རྡོ་རྗེའི་གཟི་བྱིན་སྦོར༔ ལས་དང་ཡེ་ཤེས་དངོས་གྲུབ་ཀུན༔ ལྷུན་གྱིས་གྲུབ་པའི་དབང་མཆོག་ སྐུར༔ སྣོད་བཅུད་རྡོ་རྗེ་སེམས་དཔའ་ཡི༔ རྟེན་དང་བརྟེན་པའི་བྱིན་རློབས་ཤིག༔ ཨོཾ་གུ་རུ་བཛྲ་སཏྭ་མ་ཧཱ་སུ་ཁ་སིདྡྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བྱིན་དབབ། ཧཱུྃ་ཧཱུྃ་ཧཱུྃ་གིས་བྱིན་བསྡུ། བར་སྐབས་སུ་སྐོང་བཤགས་དང་ཚོགས་ཀྱི་མཆོད་པ་རྒྱ་ཆེར་སྤེལ། དེ་ལྟར་ཐུན་བཞིའམ་དྲུག་ཏུ་བཅད་ལ་ཞག་གྲངས་བདུན་ཕྲག་གཅིག་གམ་གསུམ་གྱིས་མཐའ་བརྟེན་པའི་བར་དུ་བརྩོན་པས་བསྒྲུབ་བོ། །འདིར་གཞུང་རྒྱས་པ་རྣམས་སུ་བདུད་རྩི་བསྐྱིལ་དབབ་དབང་དུ་བྱ་བ་རྣམས་རིམ་པར་འབྱུང་ཡང་༔ ཉམས་ལེན་བསྡུས་པའི་ཕྱོགས་སུ་འདི་ཁོ་ན་ལ་དོན་གྱི་དགོངས་པ་ཚང་བ་ཡིན་པས་དམིགས་འདོན་རྒྱས་པའི་ཕྱོགས་ཀྱི་སྤྲོས་པ་བསྐྱུར་བར་བྱས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། ཇི་སྐད་དུ། ཁ་དོག་དྲི་རོ་བཟང་དང་འཕེལ༔ སྒྲ་འོད་མེ་ཏོག་ཆར་པ་འབེབས༔ བདེ་ཆེན་ཡེ་ཤེས་སྐྱེ་བ་སོགས༔ རྟགས་བྱུང་དངོས་གྲུབ་བླང་བར་བྱ༔ ཞེས་གསུངས་པ་ལྟར། གྲུབ་པའི་མཚན་མ་དགེ་བར་མཐོང་བའམ་དུས་ཀྱི་ངེས་པ་རྫོགས་ནས་དངོས་གྲུབ་ལེན་པའི་ཚུལ་ལ། ཐོག་མར་དངོས་གྲུབ་བསྐུལ་བའི་དོན་དུ། སྔགས་ཀྱི་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཏགས་པ་མང་དུ་བཟླས་མཐར། ཧོཿ བདེ་ཆེན་བདུད་རྩིའི་དཀྱིལ་འཁོར་ལྷ༔ ཡོན་ཏན་མཆོག་ཏུ་རོལ་པའི་ཚོགས༔ རྡོ་རྗེའི་དམ་ཚིག་གཉན་པོ་ཡིས༔ ཐུགས་ དམ་བསྐུལ་ཞིང་རྩེ་གཅིག་བསྒྲུབས༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཤིང་༔ ཡེ་ཤེས་འོད་གསལ་ཉི་ཟླ་འཆར༔ སྒྲིབ་མེད་ཏིང་འཛིན་རྩལ་རྫོགས་པས༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ སྐུ་གསུང་ཐུགས་ཀྱི་ཕོ་བྲང་ནས༔ བདུད་རྩི་གསང་བའི་དབང་མཆོག་བསྐུར༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ དངོས་གྲུབ་རྣམ་གཉིས་སྩལ་དུ་གསོལ༔ ཞེས་ཐུགས་དམ་བསྐུལ་ཏེ། ཨོཾ་བོ་ངྷི་ཙིཏྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་མ་ཧཱ་ས་མ་ཡ་ཧོཿ ཞེས་རིག་པའི་མེ་ཏོག་དོར། སྨན་གྱི་ཕོ་བྲང་རང་གི་སྤྱི་བོར་བླངས་ལ། ཧཱུྃ༔ རང་བྱུང་བདུད་རྩིའི་ཕོ་བྲང་ནས༔ ཁ་སྦྱོར་བདེ་ཆེན་རྡོ་རྗེ་ཡིས༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོས༔ གཉིས་མེད་མཉམ་པའི་དབང་མཆོག་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སུ་ཁ་སརྦ་ཉྩ་ཨ་མྲྀ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ ༔ སརྦ་སིདྡྷི་ཕ་ལ་ཧོཿ ཞེས་གནས་གསུམ་དུ་གཏུག །སློབ་མ་ཡོད་ན་དབང་བསྐུར། བདུད་རྩི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པ་བསམ། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་རྟོགས་བརྗོད་པ་ལ། བཛྲ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་སྨན་ཐོད་ལ་དཀྲིས་པའི་སྲད་བུ་རིམ་པར་བཀྲོལ། སརྦ་པཉྩ་ཨ་མྲྀ་ཏ་ཨ་བེ་ཤ་ཡ་ཨཱཿ ཞེས་ཁ་ཕྱེ་བས། བདུད་རྩིའི་དྭངས་ མ་དཀར་དམར་མཐིང་ཁའི་འོད་ཀྱི་རྣམ་པར་བྱུང་བ་བདག་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་བྱིན་གྱིས་བརླབས་པར་བསམ། ཨ་མྲྀ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད། ཐོད་པ་ཆང་གིས་བཀང་བར་བསྒྲུབ་མ་ཐག་པའི་ཕུར་མ་ལས་ཅུང་ཟད་བླུགས་ལ། རྡོ་རྗེའི་དམ་ཚིག་རྨད་པོ་ཆེ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད༔ རྒྱུ་དྲུག་སྡུག་བསྔལ་འཇོམས་པའི་རྩི༔ རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་སྨན་གྱི་ཆེ་བ་བརྗོད་དེ། སྨན་མཆོད་ཆོ་གའི་གཞུང་བཞིན་ཕུལ་བའི་རྗེས་སུ། རང་གི་ལྕེར་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བ་ཧཱུྃ་ཡིག་གིས་མཚན་པར་བསམ་ལ། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་ལྕེ་ཐོག་ཏུ་བཞག་སྟེ། ཧཱུྃ༔ ལྕེ་ཡི་དམ་ཚིག་རྡོ་རྗེ་ལ༔ དམ་ཚིག་ཅན་གྱིས་ཧཱུྃ་བསྒོམས་ཏེ༔ མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས༔ མྱོང་ན་དངོས་གྲུབ་མཆོག་ཐོབ་འགྱུར༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་ཅིང་གནས་གསུམ་དུ་ཐིག་ལེ་བྱས་ལ་མྱང་ཞིང་སློབ་མ་ལའང་སྦྱིན། རྩ་ཁམས་ཐམས་ཅད་བྱང་སེམས་བདུད་རྩིས་གང་བས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། པྲ་བརྟག་ཅིང་ཚད་གཞལ་བ་སོགས་སྤྲོ་ན་འདིར་བྱ། ཆོ་གའི་རྗེས་ ཀྱི་བྱ་བ་རྣམས་ཀྱང་གཞུང་བཞིན་མཐའ་རྒྱས་སུ་སྤེལ་བས་ལེགས་པར་གྲུབ་བོ། །ཡང་འདིཉིད་བླ་མ་གསང་འདུས་དང་ཚེ་སྒྲུབ། ཡི་དམ་ཁྲོ་བོའི་རིགས་སོགས་ལ་སྦྱར་བར་འདོད་ནའང་སྤྲོས་པས་ཆོག་སྟེ། ཁྲོལ་སྒྲུབ་གོང་བཞིན་ལ། ཕྱེ་སྒྲུབ་ཀྱི་ཚེ་ན་ལྷ་བསྐྱེད་མངོན་རྟོགས་སོགས་སྐབས་ཐོབ་ཀྱི་གཞུང་ལྟར་ཁ་བསྒྱུར་ཞིང་། བཟླས་པ་ནི་བདུད་རྩིའི་སྔགས་འབྲུ་དགུ་པ་ཉིད་ལ་བརྩོན་པར་བྱ་བ་ཁོ་ནའོ། །དེ་ལྟར་བསྒྲུབས་པའི་ཕན་ཡོན་ཀྱང་། ཇི་སྐད་དུ། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡི༔ གྲོལ་བའི་ཕྲིན་ལས་ཤུགས་ཕྱུངས་པ༔ བདུད་རྩི་མཆོག་འདི་འབྲེལ་ཚད་ཀུན༔ གནས་སྐབས་ཚེ་བསྲིང་ཉམས་ཆག་སྐོང་༔ ཡིད་འཕྲོག་དབང་འགྱུར་ནད་གདོན་ཞི༔ གཏུམ་ཆེན་དྲག་པོའང་ལྷན་ནེར་འགྱུར༔ མཐར་ཐུག་མཐོང་ཚོར་མྱང་དང་རེག༔ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ༔ དཔའ་བོ་མཁའ་འགྲོའི་འདུ་བ་ཐོབ༔ བདེ་ཆེན་ཡེ་ཤེས་རྩོལ་མེད་སྐྱེ༔ ཚེ་གཅིག་རྣམ་གྲོལ་ཆེ་ལ་སྦྱོར༔ ཞེས་སོགས་རྒྱ་ཆེར་འབྱུང་བ་ལྟར་ཡོན་ཏན་མཐའ་ཀླས་པ་ཉིད་དོ། ། དོན་དམ་བདུད་རྩི་ལ་བརྟེན་ནས། །ཀུན་རྫོབ་བདུད་རྩི་སྒྲུབ་པའི་ཐབས། །ཟབ་དོན་བཅུད་དུ་བླངས་འདི་ཀོ། །རྣམ་མང་གདུལ་བྱའི་དཔལ་དུ་ཤོག ཅེས་པའང་དཀྱིལ་འཁོར་སྒྲུབ་པ་ཆེན་པོའི་ལས་ཁྲིགས་ཀྱི་སྤྲོས་པས་དུབ་པ་ན་སྐབས་འགར་སྤྲོས་མེད་དཔའ་བོ་གཅིག་སྒྲུབ་ཀྱི་ཚུལ་ལ་བརྟེན་ནས་རང་གཞན་གྱི་རེ་བ་སྐོང་བའི་ཆ་རྐྱེན་དུ་ཟབ་གཏེར་གསང་བའི་མན་ངག་རྣམས་ཀྱི་བཅུད་ཕྱུངས་ཏེ། འཇིགས་ བྲལ་ཡེ་ཤེས་རྡོ་རྗེས་དམར་སེར་ཅན་གྱི་ལོ་ཆུ་སྟོད་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་བལ་ཡུལ་ལྷུན་གྲུབ་བརྩེགས་པའི་དུར་ཁྲོད་ཆེན་པོར་སྦྱར་བ་ལས། ཡི་གེ་པ་ནི་བློ་གསལ་དགེ་སྦྱོང་རིན་ཆེན་ཕུན་ཚོགས་སོ། །འདིས་ཀྱང་དངོས་གྲུབ་ཆེན་པོ་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།