TNR-SUNGBUM-02-AH-005: Difference between revisions

From Dudjom Wiki
TNR-SUNGBUM-02-AH-005
New collection pages (Thinley Norbu gsung 'bum / Dudjom gsung thor bu)
 
No edit summary
 
Line 16: Line 16:
|authortib=ཕྲིན་ལས་ནོར་བུ་
|authortib=ཕྲིན་ལས་ནོར་བུ་
|volumeLetter=AH
|volumeLetter=AH
|pdflink=File:TNR-SUNGBUM-02-AH-005.pdf
|InitCategories=Dudjom Tersar Project; TNR-SUNGBUM-Volume-02-AH
|InitCategories=Dudjom Tersar Project; TNR-SUNGBUM-Volume-02-AH
}}
}}

Latest revision as of 21:24, 9 November 2026

Wylie title gsol 'debs rgyal kun thugs rje gcig bsdus ma
Location phrin las nor bu'i gsung 'bum
Volume 2, Text 5, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Gsol 'debs rgyal kun thugs rje gcig bsdus ma. In Phrin las nor bu'i gsung 'bum, Vol. 2.
Side notes  
More details More details
Genre

[edit]
༄༅། །གསོལ་འདེབས་རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་མ་བཞུགས། ཨེ་མ་ཧོ། སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །ལས་ངན་བདག་གི་སྐྱབས་གཅིག་རིན་པོ་ཆེ། །བཀའ་དྲིན་འཁོར་མཐའ་བྲལ་བའི་བླ་མ་རྗེ། །སྙིང་ནས་གདུང་བས་གསོལ་བ་འདེབས་ལགས་ན། །འབྲལ་མེད་ཐུགས་རྗེ་དགོངས་ལ་བྱིན་གྱིས་རློབས། །དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས།།འཁོར་བའི་སྡུག་བསྔལ་མཐོང་བར་བྱིན་གྱིས་རློབས། །དགེ་སྡིག་བླང་དོར་ནུས་པར་བྱིན་གྱིས་རློབས། མཆོག་གསུམ་སྐྱབས་སུ་བཟུང་བར་བྱིན་གྱིས་རློབས།གཞན་ཕན་བྱང་སེམས་འབྱོང་བར་བྱིན་གྱིས་རློབས།སྒྲིབ་གཉིས་བག་ཆགས་བྱང་བར་བྱིན་གྱིས་རློབས།བསོད་ནམས་ཚོགས་གཉིས་རྫོགས་པར་བྱིན་གྱིས་རློབས།དབང་བྱིན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། དམ་ཚིག་སྲུང་སྡོམ་ནུས་པར་བྱིན་གྱིས་རློབ། །ཟོལ་མེད་ཆོས་ཚུགས་ཟིན་པར་བྱིན་གྱིས་རློབས།རྐྱེན་ངན་གྲོགས་སུ་འཆར་བར་བྱིན་གྱིས་རློབས།ཡེངས་མེད་བརྩོན་འགྲུས་བརྟན་པར་བྱིན་གྱིས་རློབས།བདག་འཛིན་བློ་ཡིས་ཐོང་བར་བྱིན་གྱིས་རློབས་།མ་རིག་མུན་པ་སེལ་བར་བྱིན་གྱིས་རློབས། །ཀ་དག་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །ཆོས་ཉིད་མངོན་སུམ་མཐོང་བར་བྱིན་གྱིས་རློབས། །ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས། རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས། ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས།གཞོན་ནུ་བུམ་སྐུར་གྲོལ་བར་བྱིན་གྱིས་རློབས།ཚེ་འདིར་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས།འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས། །ཞེས་པའང་ཟབ་མོའི་ལམ་ལ་གཞོལ་བའི་བློ་གྲོས་དགེ་བ་སྲས་ཚེ་རིང་དབང་ཆེན་གྱིས་ནན་ཏན་ཆེན་པོས་བསྐུལ་མ་གནང་ངོར་འཇིགས་བྲ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།