TTDL-ZABTER-12-NA-054: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠༠༠བརྡ་ཡིག༣༡༣ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཀྱི་རྩ་སྒྲུབ་གསང་བ་སྙིང་པོ་བཞུགས་སོ༔ | {{Text | ||
ཕཻ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༣༡༣པདྨའི་བརྒྱུད་འཛིན་སྐྱེས་བུ་ཡིས༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་ཕྱིར༔ བསྐྱེད་རིམ་དམིགས་གསལ་གནད་ལྡན་ངང་༔ ཡང་གསང་བླ་མེད་སྒོར་འཇུག་བྱ༔ ས་མ་ཡ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ ན་མོ༔ སྐྱབས་གནས་ཀུན་འདུས་བླ་མ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཕ་མ་འགྲོ་དྲུག་སེམས་ཅན་ཀུན༔ བྱང་ཆུབ་ཆེན་པོར་ངེས་སྒྲོལ་བྱ༔ དེ་ནས་དངོས་གཞི་ལྷ་བསྐྱེད་ནི༔ ཨཱཿའཁོར་འདས་དག་མཉམ་ཆོས་སྐུའི་མཁར༔ ལྷུན་གྲུབ་བདེ་ཆེན་ཞིང་ཁམས་སུ༔ རང་གྲོལ་རོལ་པ་ཡེ་ཤེས་གར༔ ཆེ་མཆོག་རྡོ་རྗེ་ཁྲོ་བོ་ལོད༔ དམར་སྨུག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་སྡང་མིག་མཁའ་ལ་གཟིགས༔ རབ་ཁྲོས་གཏུམ་རྔམས་བརྗིད་པའི་ཞལ༔ སྨ་ར་སྨིན་མ་དམར་སེར་འབར༔ ཨམ་གཙིགས་བསྡམ་ཞིང་ཧཱུྃ་སྒྲ་སྒྲོགས༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་གསོར༔ གཡོན་པས་གནམ་ལྕགས་ཕུར་པ་གཟིར༔ སྤྲུལ་པའི་ལྕགས་སྡིག་ཁྲ་ཐབས་འགྱེད༔ ཀླུ་གཉན་བརྒྱལ་བྱེད་དྲི་ངན་འཐུལ༔ ཟ་བེར་ཐང་ཤམ་ཆོས་གོས་གསོལ༔ ཐོད་རློན་ལྔ་བཅུའི་དོ་ཤལ་སྤྲས༔ དམར་སེར་དབུ་སྐྲ་གཡས་སུ་འཁྱིལ༔ སྙན་ཆ་དུང་གི་ཝང་མིག་མཛེས༔ སྒྲོལ་ཡུམ་སྟག་མོ་གྲུས་མའི་སྟེང་༔ འདོར་སྟབས་བསྒྲད་ཅིང་རབ་ཏུ་འགྱིང་༔ པད་ཉི་རྒྱལ་བསེན་གདན་དུ་བཏིང་༔ བསྐལ་བའི་མེ་འབར་ཁྲོ་ཆུང་འཕྲོ༔ སྐུ་ལ་རྒྱལ་བའི་དཀྱིལ་འཁོར་རྫོགས༔ ཁམས་གསུམ་མ་ལུས་དབང་བསྡུས་ཤིང་༔ སྲིད་གསུམ་ཟིལ་གྱིས་གནོན་པར་བསྐྱེད༔ དེ་ནས་འཛབ་བཟླ་བ་ནི༔ རང་ཉིད་དྲག་པོའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་ཚོན་གང་བའི༔ ཐུགས་ཀར་རྡོ་རྗེའི་ལྟེ་བ་རུ༔ ཧཱུྃ་ལ་གསང་བའི་སྙིང་པོས་འཁོར༔ ཨོཾ་བཛྲ་གུ་རུ་ཁྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ སྐུ་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཐུགས་རྗེ་དཔལ་ཡོན་དབང་གཟི་བྱིན༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ ཨོཾ་བཛྲ་གུ་རུ་ཁྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱི༔ སྤྲུལ་པ་མེ་འོད་མཚོན་ཐུན་དང་༔ ཕོ་ཉ་ཁྲོ་ཚོགས་ཁྱུང་སྡིག་འཕྲོས༔ གནོད་བྱེད་གདུག་པ་ཚར་གཅོད་བསམ༔ ཨོཾ་བཛྲ་གུ་རུ་ཁྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ དམིགས་པ་གཞན་དུ་མ་ཡེངས་པར༔ གཟེར་བཞིའི་གནད་དང་ལྡན་པ་ཡིས༔ ཟླ་དྲུག་སྒྲུབ་ལ་གཞོལ་གྱུར་ན༔ རྡོ་རྗེ་འཆང་གི་ས་ཐོབ་འགྱུར༔ བཀའ་སྲུང་ཚོགས་ཀྱི་བདག་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རིག་འཛིན་རྨ་བན་རིན་ཆེན་གྱི་ཟློས་གར་སྦས་པའི་རྣལ་འབྱོར་བུདྡྷ་རསྨིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།། | |classification=Tibetan Publications | ||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=12 | |||
|volumeLetter=NA | |||
|textnuminvol=054 | |||
|pdflink=File:TTDL-ZABTER-12-NA-054.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-12-NA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠༠༠བརྡ་ཡིག༣༡༣ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཀྱི་རྩ་སྒྲུབ་གསང་བ་སྙིང་པོ་བཞུགས་སོ༔ | |||
ཕཻ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༣༡༣པདྨའི་བརྒྱུད་འཛིན་སྐྱེས་བུ་ཡིས༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་ཕྱིར༔ བསྐྱེད་རིམ་དམིགས་གསལ་གནད་ལྡན་ངང་༔ ཡང་གསང་བླ་མེད་སྒོར་འཇུག་བྱ༔ ས་མ་ཡ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ ན་མོ༔ སྐྱབས་གནས་ཀུན་འདུས་བླ་མ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཕ་མ་འགྲོ་དྲུག་སེམས་ཅན་ཀུན༔ བྱང་ཆུབ་ཆེན་པོར་ངེས་སྒྲོལ་བྱ༔ དེ་ནས་དངོས་གཞི་ལྷ་བསྐྱེད་ནི༔ ཨཱཿའཁོར་འདས་དག་མཉམ་ཆོས་སྐུའི་མཁར༔ ལྷུན་གྲུབ་བདེ་ཆེན་ཞིང་ཁམས་སུ༔ རང་གྲོལ་རོལ་པ་ཡེ་ཤེས་གར༔ ཆེ་མཆོག་རྡོ་རྗེ་ཁྲོ་བོ་ལོད༔ དམར་སྨུག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་སྡང་མིག་མཁའ་ལ་གཟིགས༔ རབ་ཁྲོས་གཏུམ་རྔམས་བརྗིད་པའི་ཞལ༔ སྨ་ར་སྨིན་མ་དམར་སེར་འབར༔ ཨམ་གཙིགས་བསྡམ་ཞིང་ཧཱུྃ་སྒྲ་སྒྲོགས༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་གསོར༔ གཡོན་པས་གནམ་ལྕགས་ཕུར་པ་གཟིར༔ སྤྲུལ་པའི་ལྕགས་སྡིག་ཁྲ་ཐབས་འགྱེད༔ ཀླུ་གཉན་བརྒྱལ་བྱེད་དྲི་ངན་འཐུལ༔ ཟ་བེར་ཐང་ཤམ་ཆོས་གོས་གསོལ༔ ཐོད་རློན་ལྔ་བཅུའི་དོ་ཤལ་སྤྲས༔ དམར་སེར་དབུ་སྐྲ་གཡས་སུ་འཁྱིལ༔ སྙན་ཆ་དུང་གི་ཝང་མིག་མཛེས༔ སྒྲོལ་ཡུམ་སྟག་མོ་གྲུས་མའི་སྟེང་༔ འདོར་སྟབས་བསྒྲད་ཅིང་རབ་ཏུ་འགྱིང་༔ པད་ཉི་རྒྱལ་བསེན་གདན་དུ་བཏིང་༔ བསྐལ་བའི་མེ་འབར་ཁྲོ་ཆུང་འཕྲོ༔ སྐུ་ལ་རྒྱལ་བའི་དཀྱིལ་འཁོར་རྫོགས༔ ཁམས་གསུམ་མ་ལུས་དབང་བསྡུས་ཤིང་༔ སྲིད་གསུམ་ཟིལ་གྱིས་གནོན་པར་བསྐྱེད༔ དེ་ནས་འཛབ་བཟླ་བ་ནི༔ རང་ཉིད་དྲག་པོའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་ཚོན་གང་བའི༔ ཐུགས་ཀར་རྡོ་རྗེའི་ལྟེ་བ་རུ༔ ཧཱུྃ་ལ་གསང་བའི་སྙིང་པོས་འཁོར༔ ཨོཾ་བཛྲ་གུ་རུ་ཁྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ སྐུ་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཐུགས་རྗེ་དཔལ་ཡོན་དབང་གཟི་བྱིན༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ ཨོཾ་བཛྲ་གུ་རུ་ཁྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱི༔ སྤྲུལ་པ་མེ་འོད་མཚོན་ཐུན་དང་༔ ཕོ་ཉ་ཁྲོ་ཚོགས་ཁྱུང་སྡིག་འཕྲོས༔ གནོད་བྱེད་གདུག་པ་ཚར་གཅོད་བསམ༔ ཨོཾ་བཛྲ་གུ་རུ་ཁྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ༔ དམིགས་པ་གཞན་དུ་མ་ཡེངས་པར༔ གཟེར་བཞིའི་གནད་དང་ལྡན་པ་ཡིས༔ ཟླ་དྲུག་སྒྲུབ་ལ་གཞོལ་གྱུར་ན༔ རྡོ་རྗེ་འཆང་གི་ས་ཐོབ་འགྱུར༔ བཀའ་སྲུང་ཚོགས་ཀྱི་བདག་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རིག་འཛིན་རྨ་བན་རིན་ཆེན་གྱི་ཟློས་གར་སྦས་པའི་རྣལ་འབྱོར་བུདྡྷ་རསྨིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:23, 4 June 2024
{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=12 |volumeLetter=NA |textnuminvol=054 |pdflink=File:TTDL-ZABTER-12-NA-054.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-12-NA }}