TTDL-ZABTER-07-JA-048: Difference between revisions

From Dudjom Wiki
TTDL-ZABTER-07-JA-048
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠བརྡ་ཡིག༥༨༥ཆོས་ཉིད་མཁའ་འགྲོའི་ཀློང་མཛོད་ལས༔ རྒྱལ་ཡུམ་འཕགས་མ་སྒྲོལ་མའི་བླ་རྡོ་སྲོག་གི་འཁོར་ལོ་བཅང་གྲོལ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༥༨༥རྒྱལ་ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ བླ་རྡོ་བཅང་གྲོལ་ཆེན་པོ་བྲི་བ་ནི༔ དར་རམ་རས་དཀར་ཤོག་གུ་དྲི་མེད་ལ༔ འཁོར་ལོ་མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ དབུས་ཀྱི་ལྟེ་བར་འཕགས་མའི་སྐུ་གཟུགས་བྲིས༔ ཐུགས་ཀར་པདྨ་འདབ་བཞི་དབུས་དང་ལྔར༔ ལྟེ་བར་ཏཱཾཿཡིག་ཤར་དུ་ལཱཾཿལྷོར་མུཾཿནུབ་ཏུ་པྱཱཾཿཡིག་བྱང་དུ་མུཾཿཡིག་བྲི༔ མུ་ཁྱུད་གཉིས་པར༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱ༔ རྗེ་བཙུན་འཕགས་མ་སྒྲོལ་མ་འཁོར་དང་བཅས་པའི་བླ་གནས་པར་གྱུར་ཅིག༔ སྲོག་ཆགས་པར་གྱུར་ཅིག༔ འཆང་བ་པོའི་ཡེ་ཤེས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་ནས་འཕོ་མེད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ༔ ཛྙཱ་ན་གུ་ཎ་སིདྡྷི་ཕ་ལ་ཧཱུྃ་ཨཱཿམུ་ཁྱུད་གསུམ་པར་པདྨ་འདབ་བཞི་ལ༔ ཤར་གྱི་འདབ་མར༔ ཨོཾ་ཏཱ་རེ་ཨ་ཡུརྫྙཱ་ན་ཚེ་བྷཱུཾ་ནྲྀ་ཛཿལྷོ་ཡི་འདབ་མར༔ ཨོཾ་ཏཱ་རེ་ཏྲཱཾཿཨཱཪྻ་མ་རི་ཙཻ་མཾ་སྭཱ་ཧཱ༔ ནུབ་ཀྱི་འདབ་མར༔ ཨོཾ་ཏཱ་རེ་ཧྲཱིཿཀུ་རུ་ཀུལླེ་ཧྲཱིཾ་ཧྲཱིཾ་ཛཿབྱང་གི་འདབ་མར༔ ཨོཾ་ཏཱ་རེ་ཨཱཿམ་མ་བ་སུ་དྷ་རི་ཡེ་སྭཱ་ཧཱ༔ མུ་ཁྱུད་བཞི་པར་པདྨ་འདབ་བཞི་བཀོད༔ ཤར་འདབ་ལ་རྩ་སྔགས་ཤམ་དུ༔ འཆང་བ་པོའི་ནད་གདོན་འཇིགས་བརྒྱད་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷོ་ཡི་འདབ་མར་རྩ་སྔགས་ཤམ་དུ༔ འཆང་བ་པོའི་ཚེ་བསོད་དཔལ་འབྱོར་མངའ་ཐང་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་སྙན་གྲགས་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་ཀྱི་འདབ་མར་རྩ་སྔགས་ཤམ་དུ༔ ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་ལྷ་འདྲེ་མི་གསུམ་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ཤིག་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྱང་གི་འདབ་མར་རྩ་སྔགས་ཤམ་དུ༔ འཆང་བ་པོ་ལ་གནོད་ཅིང་འཚེ་བར་བྱེད་པའི་ཉོན་མོངས་པ་དུག་ལྔ་དུག་གསུམ་གྱིས་ཀུན་ནས་བསླང་བའི་དགྲ་འདྲེ་གནོད་བྱེད་ཐམས་ཅད་བརླག་པར་གྱུར་ཅིག༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ༔ ཨ་ལི་ཀ་ལི་རྟེན་སྙིང་བྲིས་པའི་མཐར༔ འཕགས་མ་ལྷ་མོ་ཉེར་གཅིག་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་འཕོས་ནས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་འཕོས་ཤིང་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སྤེལ་ཚིག་ཡང་ཡང་བྲི༔ དེའི་ཕྱི་རིམ་འཇའ་རིས་ཟླུམ་པོས་བསྐོར༔ དེའི་ཕྱི་རིམ་ཕྱོགས་བཞིར་ལྕགས་ཀྱུ་བཞི༔ མཚམས་བཞིར་ཞགས་པ་བཞི་བྲིས༔ བར་མཚམས་སུ་བཀྲ་ཤིས་རྫས་རྟགས་རྣམས་ཀྱིས་བསྐོར༔ རྫས་ལ་བདུད་རྩི་ཆོས་སྨན་བཟང་དྲུག་བྱུག༔ སྒྲུབ་རྟེན་ལ་འཛུག་རབ་གནས་ནན་དུ་བྱ༔ སྒྲུབ་ཚེ་རྟེན་དང་བརྟེན་པའི་འཁོར་ལོར་བསྐྱེད༔ མགུལ་དུ་བཏགས་པས་མཆོག་ཐུན་དངོས་གྲུབ་ཐོབ༔ ཉམས་དང་རྟོགས་པའི་ཡོན་ཏན་གོང་འཕེལ་ནས༔ ཀུན་ཏུ་འོད་ཀྱི་ས་རུ་གྲོལ་ཐོབ་བྱེད༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཨྠིྀ༔ ཞེས་པ་འདི་རྣལ་འབྱོར་པ་ཨོ་རྒྱན་རང་ཤར་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོས་བགྱིས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=07
|volumeLetter=JA
|textnuminvol=048
|pdflink=File:TTDL-ZABTER-07-JA-048.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-07-JA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠བརྡ་ཡིག༥༨༥ཆོས་ཉིད་མཁའ་འགྲོའི་ཀློང་མཛོད་ལས༔ རྒྱལ་ཡུམ་འཕགས་མ་སྒྲོལ་མའི་བླ་རྡོ་སྲོག་གི་འཁོར་ལོ་བཅང་གྲོལ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༥༨༥རྒྱལ་ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ བླ་རྡོ་བཅང་གྲོལ་ཆེན་པོ་བྲི་བ་ནི༔ དར་རམ་རས་དཀར་ཤོག་གུ་དྲི་མེད་ལ༔ འཁོར་ལོ་མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ དབུས་ཀྱི་ལྟེ་བར་འཕགས་མའི་སྐུ་གཟུགས་བྲིས༔ ཐུགས་ཀར་པདྨ་འདབ་བཞི་དབུས་དང་ལྔར༔ ལྟེ་བར་ཏཱཾཿཡིག་ཤར་དུ་ལཱཾཿལྷོར་མུཾཿནུབ་ཏུ་པྱཱཾཿཡིག་བྱང་དུ་མུཾཿཡིག་བྲི༔ མུ་ཁྱུད་གཉིས་པར༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱ༔ རྗེ་བཙུན་འཕགས་མ་སྒྲོལ་མ་འཁོར་དང་བཅས་པའི་བླ་གནས་པར་གྱུར་ཅིག༔ སྲོག་ཆགས་པར་གྱུར་ཅིག༔ འཆང་བ་པོའི་ཡེ་ཤེས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་ནས་འཕོ་མེད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ༔ ཛྙཱ་ན་གུ་ཎ་སིདྡྷི་ཕ་ལ་ཧཱུྃ་ཨཱཿམུ་ཁྱུད་གསུམ་པར་པདྨ་འདབ་བཞི་ལ༔ ཤར་གྱི་འདབ་མར༔ ཨོཾ་ཏཱ་རེ་ཨ་ཡུརྫྙཱ་ན་ཚེ་བྷཱུཾ་ནྲྀ་ཛཿལྷོ་ཡི་འདབ་མར༔ ཨོཾ་ཏཱ་རེ་ཏྲཱཾཿཨཱཪྻ་མ་རི་ཙཻ་མཾ་སྭཱ་ཧཱ༔ ནུབ་ཀྱི་འདབ་མར༔ ཨོཾ་ཏཱ་རེ་ཧྲཱིཿཀུ་རུ་ཀུལླེ་ཧྲཱིཾ་ཧྲཱིཾ་ཛཿབྱང་གི་འདབ་མར༔ ཨོཾ་ཏཱ་རེ་ཨཱཿམ་མ་བ་སུ་དྷ་རི་ཡེ་སྭཱ་ཧཱ༔ མུ་ཁྱུད་བཞི་པར་པདྨ་འདབ་བཞི་བཀོད༔ ཤར་འདབ་ལ་རྩ་སྔགས་ཤམ་དུ༔ འཆང་བ་པོའི་ནད་གདོན་འཇིགས་བརྒྱད་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷོ་ཡི་འདབ་མར་རྩ་སྔགས་ཤམ་དུ༔ འཆང་བ་པོའི་ཚེ་བསོད་དཔལ་འབྱོར་མངའ་ཐང་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་སྙན་གྲགས་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་ཀྱི་འདབ་མར་རྩ་སྔགས་ཤམ་དུ༔ ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་ལྷ་འདྲེ་མི་གསུམ་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ཤིག་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྱང་གི་འདབ་མར་རྩ་སྔགས་ཤམ་དུ༔ འཆང་བ་པོ་ལ་གནོད་ཅིང་འཚེ་བར་བྱེད་པའི་ཉོན་མོངས་པ་དུག་ལྔ་དུག་གསུམ་གྱིས་ཀུན་ནས་བསླང་བའི་དགྲ་འདྲེ་གནོད་བྱེད་ཐམས་ཅད་བརླག་པར་གྱུར་ཅིག༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ༔ ཨ་ལི་ཀ་ལི་རྟེན་སྙིང་བྲིས་པའི་མཐར༔ འཕགས་མ་ལྷ་མོ་ཉེར་གཅིག་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་འཕོས་ནས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་འཕོས་ཤིང་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སྤེལ་ཚིག་ཡང་ཡང་བྲི༔ དེའི་ཕྱི་རིམ་འཇའ་རིས་ཟླུམ་པོས་བསྐོར༔ དེའི་ཕྱི་རིམ་ཕྱོགས་བཞིར་ལྕགས་ཀྱུ་བཞི༔ མཚམས་བཞིར་ཞགས་པ་བཞི་བྲིས༔ བར་མཚམས་སུ་བཀྲ་ཤིས་རྫས་རྟགས་རྣམས་ཀྱིས་བསྐོར༔ རྫས་ལ་བདུད་རྩི་ཆོས་སྨན་བཟང་དྲུག་བྱུག༔ སྒྲུབ་རྟེན་ལ་འཛུག་རབ་གནས་ནན་དུ་བྱ༔ སྒྲུབ་ཚེ་རྟེན་དང་བརྟེན་པའི་འཁོར་ལོར་བསྐྱེད༔ མགུལ་དུ་བཏགས་པས་མཆོག་ཐུན་དངོས་གྲུབ་ཐོབ༔ ཉམས་དང་རྟོགས་པའི་ཡོན་ཏན་གོང་འཕེལ་ནས༔ ཀུན་ཏུ་འོད་ཀྱི་ས་རུ་གྲོལ་ཐོབ་བྱེད༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཨྠིྀ༔ ཞེས་པ་འདི་རྣལ་འབྱོར་པ་ཨོ་རྒྱན་རང་ཤར་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོས་བགྱིས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:23, 4 June 2024

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=07 |volumeLetter=JA |textnuminvol=048 |pdflink=File:TTDL-ZABTER-07-JA-048.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-07-JA }}

[edit]
༠༠༠༠བརྡ་ཡིག༥༨༥ཆོས་ཉིད་མཁའ་འགྲོའི་ཀློང་མཛོད་ལས༔ རྒྱལ་ཡུམ་འཕགས་མ་སྒྲོལ་མའི་བླ་རྡོ་སྲོག་གི་འཁོར་ལོ་བཅང་གྲོལ་ཞེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༥༨༥རྒྱལ་ཡུམ་རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ བླ་རྡོ་བཅང་གྲོལ་ཆེན་པོ་བྲི་བ་ནི༔ དར་རམ་རས་དཀར་ཤོག་གུ་དྲི་མེད་ལ༔ འཁོར་ལོ་མུ་ཁྱུད་རིམ་པ་ལྔ་རུ་བསྐོར༔ དབུས་ཀྱི་ལྟེ་བར་འཕགས་མའི་སྐུ་གཟུགས་བྲིས༔ ཐུགས་ཀར་པདྨ་འདབ་བཞི་དབུས་དང་ལྔར༔ ལྟེ་བར་ཏཱཾཿཡིག་ཤར་དུ་ལཱཾཿལྷོར་མུཾཿནུབ་ཏུ་པྱཱཾཿཡིག་བྱང་དུ་མུཾཿཡིག་བྲི༔ མུ་ཁྱུད་གཉིས་པར༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏཱཾ་སྭཱ་ཧཱ༔ རྗེ་བཙུན་འཕགས་མ་སྒྲོལ་མ་འཁོར་དང་བཅས་པའི་བླ་གནས་པར་གྱུར་ཅིག༔ སྲོག་ཆགས་པར་གྱུར་ཅིག༔ འཆང་བ་པོའི་ཡེ་ཤེས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་ནས་འཕོ་མེད་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་མཛད་དུ་གསོལ༔ ཛྙཱ་ན་གུ་ཎ་སིདྡྷི་ཕ་ལ་ཧཱུྃ་ཨཱཿམུ་ཁྱུད་གསུམ་པར་པདྨ་འདབ་བཞི་ལ༔ ཤར་གྱི་འདབ་མར༔ ཨོཾ་ཏཱ་རེ་ཨ་ཡུརྫྙཱ་ན་ཚེ་བྷཱུཾ་ནྲྀ་ཛཿལྷོ་ཡི་འདབ་མར༔ ཨོཾ་ཏཱ་རེ་ཏྲཱཾཿཨཱཪྻ་མ་རི་ཙཻ་མཾ་སྭཱ་ཧཱ༔ ནུབ་ཀྱི་འདབ་མར༔ ཨོཾ་ཏཱ་རེ་ཧྲཱིཿཀུ་རུ་ཀུལླེ་ཧྲཱིཾ་ཧྲཱིཾ་ཛཿབྱང་གི་འདབ་མར༔ ཨོཾ་ཏཱ་རེ་ཨཱཿམ་མ་བ་སུ་དྷ་རི་ཡེ་སྭཱ་ཧཱ༔ མུ་ཁྱུད་བཞི་པར་པདྨ་འདབ་བཞི་བཀོད༔ ཤར་འདབ་ལ་རྩ་སྔགས་ཤམ་དུ༔ འཆང་བ་པོའི་ནད་གདོན་འཇིགས་བརྒྱད་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལྷོ་ཡི་འདབ་མར་རྩ་སྔགས་ཤམ་དུ༔ འཆང་བ་པོའི་ཚེ་བསོད་དཔལ་འབྱོར་མངའ་ཐང་སྲོག་ལུས་དབང་ཐང་རླུང་རྟ་བླ་གཟའ་སྙན་གྲགས་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ནུབ་ཀྱི་འདབ་མར་རྩ་སྔགས་ཤམ་དུ༔ ཁམས་གསུམ་སྲིད་གསུམ་གྱི་སྐྱེ་འགྲོ་ཕོ་མོ་གང་ཟག་བཟང་རྒུ་ཆེ་བཙན་མཁས་བཙུན་ལྷ་འདྲེ་མི་གསུམ་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ཤིག་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བྱང་གི་འདབ་མར་རྩ་སྔགས་ཤམ་དུ༔ འཆང་བ་པོ་ལ་གནོད་ཅིང་འཚེ་བར་བྱེད་པའི་ཉོན་མོངས་པ་དུག་ལྔ་དུག་གསུམ་གྱིས་ཀུན་ནས་བསླང་བའི་དགྲ་འདྲེ་གནོད་བྱེད་ཐམས་ཅད་བརླག་པར་གྱུར་ཅིག༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལྔ་པ་ལ༔ ཨ་ལི་ཀ་ལི་རྟེན་སྙིང་བྲིས་པའི་མཐར༔ འཕགས་མ་ལྷ་མོ་ཉེར་གཅིག་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་འཕོས་ནས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་འཕོས་ཤིང་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སྤེལ་ཚིག་ཡང་ཡང་བྲི༔ དེའི་ཕྱི་རིམ་འཇའ་རིས་ཟླུམ་པོས་བསྐོར༔ དེའི་ཕྱི་རིམ་ཕྱོགས་བཞིར་ལྕགས་ཀྱུ་བཞི༔ མཚམས་བཞིར་ཞགས་པ་བཞི་བྲིས༔ བར་མཚམས་སུ་བཀྲ་ཤིས་རྫས་རྟགས་རྣམས་ཀྱིས་བསྐོར༔ རྫས་ལ་བདུད་རྩི་ཆོས་སྨན་བཟང་དྲུག་བྱུག༔ སྒྲུབ་རྟེན་ལ་འཛུག་རབ་གནས་ནན་དུ་བྱ༔ སྒྲུབ་ཚེ་རྟེན་དང་བརྟེན་པའི་འཁོར་ལོར་བསྐྱེད༔ མགུལ་དུ་བཏགས་པས་མཆོག་ཐུན་དངོས་གྲུབ་ཐོབ༔ ཉམས་དང་རྟོགས་པའི་ཡོན་ཏན་གོང་འཕེལ་ནས༔ ཀུན་ཏུ་འོད་ཀྱི་ས་རུ་གྲོལ་ཐོབ་བྱེད༔ ས་མ་ཡ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཨྠིྀ༔ ཞེས་པ་འདི་རྣལ་འབྱོར་པ་ཨོ་རྒྱན་རང་ཤར་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོས་བགྱིས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།