TTDL-ZABTER-07-JA-035: Difference between revisions

From Dudjom Wiki
TTDL-ZABTER-07-JA-035
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠བརྡ་ཡིག༤༧༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ནང་སྒྲུབ་སེང་གེའི་གདོང་ཅན་གྱི༔ བསྐུལ་བ་རྡོ་རྗེའི་སྒྲ་དབྱངས་བཞུགས་སོ༔  
{{Text
༠༠༠༠བརྡ་ཡིག༤༨༠རྡོ་རྗེ་གཤོག་རྒོད་རྩལ་ལ་ཕྱག་འཚལ་ལོ༔ ༠༠༠༠བརྡ་ཡིག༤༨༠བདག་འདྲ་པདྨ་བདུད་འདུལ་དྲག་རྩལ་ངས༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་ཉམས་ལེན་སྐལ༔ བསྐུལ་བ་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ གསེར་སྐྱེམས་དང་ནི་དམར་གཏོར་བཤམས༔ དེ་ལ་རཀྟས་རབ་ཏུ་བྲན༔ ཧཱུྃ་བྷྱོ༔ ཞིང་གི་མཆོག་གྱུར་འོག་མིན་ཞིང་༔ ཆོས་དབྱིངས་སྐྱེ་མེད་ཕོ་བྲང་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ ལོངས་སྐུའི་མཁའ་འགྲོ་སེང་གེའི་གདོང་༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ གླིང་གི་མཆོག་གྱུར་རྔ་ཡབ་གླིང་༔ དཔའ་རི་མཁའ་འགྲོའི་འདུ་གླིང་ནས༔ སྤྲུལ་སྐུ་མཚོ་རྒྱལ་མནྡྷ་ར༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ ཧཱུྃ༔ མངོན་པར་དགའ་བའི་ཞིང་ཁམས་སུ༔ མེ་ལོང་ཡེ་ཤེས་གཞལ་ཡས་ནས༔ རྡོ་རྗེ་རིགས་ཀྱི་སེང་གདོང་མ༔ དྲག་ཁྲོས༴མངོན་སྤྱོད་མཛད་པའི་དུས༴ཧཱུྃ༔ དཔལ་དང་ལྡན་པའི་ཞིང་ཁམས་སུ༔ མཉམ་ཉིད་ཡེ་ཤེས་གཞལ་ཡས་ནས༔ རིན་ཆེན་རིགས་ཀྱི་སེང་གདོང་མ༔ དྲག་ཁྲོས༴མངོན་སྤྱོད་མཛད་པའི་དུས༴ཧཱུྃ༔ བདེ་བ་ཆེན་པོའི་ཞིང་ཁམས་སུ༔ སོར་རྟོག་ཡེ་ཤེས་གཞལ་ཡས་ནས༔ པདྨ་རིགས་ཀྱི་སེང་གདོང་མ༔ དྲག་ཁྲོས༴མངོན་སྤྱོད་མཛད་པའི་དུས༴ཧཱུྃ༔ ལས་རབ་རྫོགས་པའི་ཞིང་ཁམས་སུ༔ བྱ་གྲུབ་ཡེ་ཤེས་གཞལ་ཡས་ནས༔ ཀརྨ་རིགས་ཀྱི་སེང་གདོང་མ༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ བྷྱོ༔ ཤར་ཕྱོགས་རབ་འཇིགས་དུར་ཁྲོད་ནས༔ དཀར་མོ་ཁྱུང་གདོང་སྐུར་བཞེངས་ཤིག༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ བྷྱོ༔ ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ནས༔ མཁའ་འགྲོ་སེར་མོ་སྡིག་པའི་གདོང་༔ བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ ནུབ་ཕྱོགས་པད་འཁྱིལ་དུར་ཁྲོད་ནས༔ མཁའ་འགྲོ་དམར་མོ་འཕར་གདོང་མ༔ བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ བྱང་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔ མཁའ་འགྲོ་ལྗང་མོ་ཁྱི་གདོང་མ༔ བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ ཤར་ལྷོ་མེ་འབར་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་ཀུན་གཙོ་མོ༔ འུག་གདོང་དམར་ནག་སྐུར་བཞེངས་ཤིག༔ བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ ལྷོ་ནུབ་རི་བསྙིལ་དུར་ཁྲོད་ནས༴ཐམས་ཅད་མཁའ་འགྲོ་ཀུན་གཙོ་མོ༔ ཁྭ་གདོང་སེར་ནག་སྐུར༴བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ ནུབ་བྱང་ཁྲག་མཚོ་དུར་ཁྲོད་ནས༔ ཤ་ཟ་མཁའ་འགྲོ་ཀུན་གཙོ་མོ༔ དུར་བྱའི་གདོང་ཅན་སྐུར༴བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ བྱང་ཤར་རླུང་གཡོས་དུར་ཁྲོད་ནས༔ འཇིག་རྟེན་མཁའ་འགྲོ་ཀུན་གཙོ་མོ༔ མཐིང་ནག་སྦྲུལ་གདོང་སྐུ༔ བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴ཛཿདཀར་གསལ་འོད་ཐིག་ཟླུམ་འཁྱིལ་དབུས༔ སྙིང་རྗེ་ཚད་མེད་ཞི་བའི་སྐུ༔ ཤར་སྒོར་མཁའ་འགྲོ་ལྕགས་ཀྱུ་མ༔ དྲག་ཁྲོས་རྔམས་པའི་སྐུར༴མངོན་སྤྱོད༴ཧཱུྃ༔ སེར་གསལ་འོད་ཐིག་གྲུ་བཞིའི་དབུས༔ བྱམས་པ་ཚད་མེད་རྒྱས་པའི་སྐུ༔ ལྷོ་སྒོར་མཁའ་འགྲོ་ཞགས་པ་མ༔ དྲག་ཁྲོས་རྔམས་པའི་སྐུར༴མངོན་སྤྱོད༴བཾ༔ དམར་གསལ་འོད་ཐིག་ཟླ་གམ་དབུས༔ དགའ་བ་ཚད་མེད་དབང་གི་སྐུ༔ ནུབ་སྒོར་མཁའ་འགྲོ་ལྕགས་སྒྲོག་མ༔ དྲག་ཁྲོས་རྔམས་པའི་སྐུར༴མངོན་སྤྱོད༴ཧོཿལྗང་གསལ་འོད་ཐིག་གྲུ་གསུམ་དབུས༔ བཏང་སྙོམས་ཚད་མེད་དྲག་མོའི་སྐུ༔ བྱང་སྒོར་མཁའ་འགྲོ་དྲིལ་བུ་མ༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ བྷྱོ༔ ཁྱབ་གདལ་ཆོས་དབྱིངས་མཁའ་འགྲོ་མ༔ ཀུན་ཏུ་བཟང་མོའི་རོལ་པ་ལས༔ མཁའ་སྤྱོད་དུར་ཁྲོད་གནས་ཡུལ་དང་༔ ཧེ་རུ་ཀ་ཡི་གནས་བཅུ་ནས༔ མ་ངེས་གཟུགས་ངོམས་ཆོ་འཕྲུལ་སྟོན༔ འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ༔ རབ་འབྱམས་མ་མོ་མཁའ་འགྲོའི་ཚོགས༔ དབྱིངས་ནས་བཞེངས་ཤིག་ཐུགས་དམ་བསྐུལ༔ དོ་ནུབ་བརྣག་པའི་ལས་ལ་བསྐུལ༔ དོ་ནུབ་རྣལ་འབྱོར་དཔུང་ལ་བསྐུལ༔ དོ་ནུབ་གསོད་བྱེད་ཕོ་ཉར་བསྐུལ༔ དོ་ནུབ་རྣོ་བའི་མཚོན་ཆར་བསྐུལ༔ སྙིགས་མའི་སྙིགས་མ་ལྔ་བརྒྱའི་དུས༔ ད་དུས་བསྐལ་པའི་མར་གཤམ་འདིར༔ སྐྱབས་བྲལ་སེམས་ཅན་སུ་ལ་རེ༔ ཐུགས་རྗེས་ཡལ་བར་དོར་མི་འཚལ༔ ཐུགས་རྗེས་ཡལ་བར་དོར་བ་ན༔ ཐུགས་བསྐྱེད་རྣམ་དག་གང་ན་བཞུགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ དོ་ནུབ་བུ་ལ་བརྩེ་བས་དགོངས༔ མ་རིག་རྐྱེན་ལས་བྱུང་བ་ཡི༔ བདུད་བཞི་དབྱིངས་སུ་གཅོད་པ་དང་༔ འཁྲུལ་པ་དབྱིངས་སྒྲོལ་ཕྲིན་ལས་མཛོད༔ ཉོན་མོངས་དུག་ལྔ་དུག་གསུམ་དང་༔ ལོག་པར་གང་ལྟ་དབྱིངས་སུ་སྒྲོལ༔ ང་བདག་གཟུང་འཛིན་ཀུན་བསླངས་པའི༔ བསླུ་བྱེད་བདུད་བགེགས་རྡུལ་དུ་རློག༔ གནོད་བྱེད་བྱད་མ་རྦོད་གཏོང་ཚོགས༔ ངན་སྔགས་ཧོམ་ཟོར་ལས་སྦྱོར་མཁན༔ ལྷ་སྲུང་དང་བཅས་རྡུལ་དུ་རློག༔ མཐའ་དམག་དུས་འཁྲུགས་ནད་མཚོན་སོགས༔ མི་མཐུན་ཉེ་བར་འཚེ་བ་རྣམས༔ ཐལ་བའི་རྡུལ་དུ་བརླག་པ་དང་༔ རྗེས་ཤུལ་མིང་ཙམ་མེད་པར་མཛོད༔ རང་དམ་གཉན་པོ་དཔང་དུ་བཙུགས༔ མ་འདའ་བཛྲ་ས་མ་ཡ༔ ཧོཿམ་ཚོགས་ཡེ་ཤེས་མཁའ་འགྲོའི་ཚོགས་རྣམས་ཀྱིས་དགྲ་བགེགས་ཀྱི་ཤ་ཁྲག་ལ་རོལ་ཅིག༔ སླར་ཡང་ཐུགས་རྗེས་ཡལ་བར་མི་དོར་བར་འཚལ༔ མ་བྷྱོཿཛཿཧྲཱིཾ་ཌཱ་ཀི་ནཱི་ས་མ་ཏི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ནའོ༔ བཛྲ་ས་མ་ཡ༔ ས་མ་ཡ༔ སྣང་སྲིད་མཁའ་འགྲོའི་ཚང་ཁང་འཁྲིགས༔ དགྲ་བགེགས་ཤ་ཁྲག་ལ་རོལ་ཅིག༔ དགྲ་བགེགས་གང་ལ་གཤེད་དུ་སྤྲུལ༔ མིང་ཙམ་མེད་པར་བརླག་པར་བསམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཡིས་བརྣག་པའི་ལས་ཀུན་ཐོགས་མེད་འགྲུབ༔ ཕྱི་ནང་བར་ཆད་ཀུན་ཞི་དཔལ་ཡོན་ཐོབ༔ ཚེ་འདིར་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཀློང་ཆེན་ཨ་ཏིའི་རྣལ་འབྱོར་གར་དབང་བདུད་འཇོམས་གླིང་པས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་གི་མགུལ་ནས་སྤྱན་དྲངས་ཏེ་མི་ལོ་བཞི་བཅུ་རྩ་གསུམ་བར་དུ་བཀའ་རྒྱས་བཏབ་སྟེ་མཐར།རྟེན་འབྲེལ་དུས་ལ་བབ་ཚེ་རང་སློབ་ཀློང་ཆེན་ངག་དབང་ཕྲིན་ལས་གཉིས་ཀྱིས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་ཀྱིས་བགྱིས་པ་དགེ་བས་མཐའ་དམག་དུས་ཀྱི་ཡོ་ལང་གཞོམ་པའི་མཚོན་ཆ་རུ་འགྱུར་བར་ཤོག་ཅིག།དགེའོ།།དགེའོ།།དགེའོ།།ཨྠིྀ།།།།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=07
|volumeLetter=JA
|textnuminvol=035
|pdflink=File:TTDL-ZABTER-07-JA-035.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-07-JA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠བརྡ་ཡིག༤༧༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ནང་སྒྲུབ་སེང་གེའི་གདོང་ཅན་གྱི༔ བསྐུལ་བ་རྡོ་རྗེའི་སྒྲ་དབྱངས་བཞུགས་སོ༔  
༠༠༠༠བརྡ་ཡིག༤༨༠རྡོ་རྗེ་གཤོག་རྒོད་རྩལ་ལ་ཕྱག་འཚལ་ལོ༔ ༠༠༠༠བརྡ་ཡིག༤༨༠བདག་འདྲ་པདྨ་བདུད་འདུལ་དྲག་རྩལ་ངས༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་ཉམས་ལེན་སྐལ༔ བསྐུལ་བ་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ གསེར་སྐྱེམས་དང་ནི་དམར་གཏོར་བཤམས༔ དེ་ལ་རཀྟས་རབ་ཏུ་བྲན༔ ཧཱུྃ་བྷྱོ༔ ཞིང་གི་མཆོག་གྱུར་འོག་མིན་ཞིང་༔ ཆོས་དབྱིངས་སྐྱེ་མེད་ཕོ་བྲང་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ ལོངས་སྐུའི་མཁའ་འགྲོ་སེང་གེའི་གདོང་༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ གླིང་གི་མཆོག་གྱུར་རྔ་ཡབ་གླིང་༔ དཔའ་རི་མཁའ་འགྲོའི་འདུ་གླིང་ནས༔ སྤྲུལ་སྐུ་མཚོ་རྒྱལ་མནྡྷ་ར༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ ཧཱུྃ༔ མངོན་པར་དགའ་བའི་ཞིང་ཁམས་སུ༔ མེ་ལོང་ཡེ་ཤེས་གཞལ་ཡས་ནས༔ རྡོ་རྗེ་རིགས་ཀྱི་སེང་གདོང་མ༔ དྲག་ཁྲོས༴མངོན་སྤྱོད་མཛད་པའི་དུས༴ཧཱུྃ༔ དཔལ་དང་ལྡན་པའི་ཞིང་ཁམས་སུ༔ མཉམ་ཉིད་ཡེ་ཤེས་གཞལ་ཡས་ནས༔ རིན་ཆེན་རིགས་ཀྱི་སེང་གདོང་མ༔ དྲག་ཁྲོས༴མངོན་སྤྱོད་མཛད་པའི་དུས༴ཧཱུྃ༔ བདེ་བ་ཆེན་པོའི་ཞིང་ཁམས་སུ༔ སོར་རྟོག་ཡེ་ཤེས་གཞལ་ཡས་ནས༔ པདྨ་རིགས་ཀྱི་སེང་གདོང་མ༔ དྲག་ཁྲོས༴མངོན་སྤྱོད་མཛད་པའི་དུས༴ཧཱུྃ༔ ལས་རབ་རྫོགས་པའི་ཞིང་ཁམས་སུ༔ བྱ་གྲུབ་ཡེ་ཤེས་གཞལ་ཡས་ནས༔ ཀརྨ་རིགས་ཀྱི་སེང་གདོང་མ༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ བྷྱོ༔ ཤར་ཕྱོགས་རབ་འཇིགས་དུར་ཁྲོད་ནས༔ དཀར་མོ་ཁྱུང་གདོང་སྐུར་བཞེངས་ཤིག༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ བྷྱོ༔ ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ནས༔ མཁའ་འགྲོ་སེར་མོ་སྡིག་པའི་གདོང་༔ བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ ནུབ་ཕྱོགས་པད་འཁྱིལ་དུར་ཁྲོད་ནས༔ མཁའ་འགྲོ་དམར་མོ་འཕར་གདོང་མ༔ བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ བྱང་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔ མཁའ་འགྲོ་ལྗང་མོ་ཁྱི་གདོང་མ༔ བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ ཤར་ལྷོ་མེ་འབར་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་ཀུན་གཙོ་མོ༔ འུག་གདོང་དམར་ནག་སྐུར་བཞེངས་ཤིག༔ བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ ལྷོ་ནུབ་རི་བསྙིལ་དུར་ཁྲོད་ནས༴ཐམས་ཅད་མཁའ་འགྲོ་ཀུན་གཙོ་མོ༔ ཁྭ་གདོང་སེར་ནག་སྐུར༴བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ ནུབ་བྱང་ཁྲག་མཚོ་དུར་ཁྲོད་ནས༔ ཤ་ཟ་མཁའ་འགྲོ་ཀུན་གཙོ་མོ༔ དུར་བྱའི་གདོང་ཅན་སྐུར༴བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ བྱང་ཤར་རླུང་གཡོས་དུར་ཁྲོད་ནས༔ འཇིག་རྟེན་མཁའ་འགྲོ་ཀུན་གཙོ་མོ༔ མཐིང་ནག་སྦྲུལ་གདོང་སྐུ༔ བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴ཛཿདཀར་གསལ་འོད་ཐིག་ཟླུམ་འཁྱིལ་དབུས༔ སྙིང་རྗེ་ཚད་མེད་ཞི་བའི་སྐུ༔ ཤར་སྒོར་མཁའ་འགྲོ་ལྕགས་ཀྱུ་མ༔ དྲག་ཁྲོས་རྔམས་པའི་སྐུར༴མངོན་སྤྱོད༴ཧཱུྃ༔ སེར་གསལ་འོད་ཐིག་གྲུ་བཞིའི་དབུས༔ བྱམས་པ་ཚད་མེད་རྒྱས་པའི་སྐུ༔ ལྷོ་སྒོར་མཁའ་འགྲོ་ཞགས་པ་མ༔ དྲག་ཁྲོས་རྔམས་པའི་སྐུར༴མངོན་སྤྱོད༴བཾ༔ དམར་གསལ་འོད་ཐིག་ཟླ་གམ་དབུས༔ དགའ་བ་ཚད་མེད་དབང་གི་སྐུ༔ ནུབ་སྒོར་མཁའ་འགྲོ་ལྕགས་སྒྲོག་མ༔ དྲག་ཁྲོས་རྔམས་པའི་སྐུར༴མངོན་སྤྱོད༴ཧོཿལྗང་གསལ་འོད་ཐིག་གྲུ་གསུམ་དབུས༔ བཏང་སྙོམས་ཚད་མེད་དྲག་མོའི་སྐུ༔ བྱང་སྒོར་མཁའ་འགྲོ་དྲིལ་བུ་མ༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ བྷྱོ༔ ཁྱབ་གདལ་ཆོས་དབྱིངས་མཁའ་འགྲོ་མ༔ ཀུན་ཏུ་བཟང་མོའི་རོལ་པ་ལས༔ མཁའ་སྤྱོད་དུར་ཁྲོད་གནས་ཡུལ་དང་༔ ཧེ་རུ་ཀ་ཡི་གནས་བཅུ་ནས༔ མ་ངེས་གཟུགས་ངོམས་ཆོ་འཕྲུལ་སྟོན༔ འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ༔ རབ་འབྱམས་མ་མོ་མཁའ་འགྲོའི་ཚོགས༔ དབྱིངས་ནས་བཞེངས་ཤིག་ཐུགས་དམ་བསྐུལ༔ དོ་ནུབ་བརྣག་པའི་ལས་ལ་བསྐུལ༔ དོ་ནུབ་རྣལ་འབྱོར་དཔུང་ལ་བསྐུལ༔ དོ་ནུབ་གསོད་བྱེད་ཕོ་ཉར་བསྐུལ༔ དོ་ནུབ་རྣོ་བའི་མཚོན་ཆར་བསྐུལ༔ སྙིགས་མའི་སྙིགས་མ་ལྔ་བརྒྱའི་དུས༔ ད་དུས་བསྐལ་པའི་མར་གཤམ་འདིར༔ སྐྱབས་བྲལ་སེམས་ཅན་སུ་ལ་རེ༔ ཐུགས་རྗེས་ཡལ་བར་དོར་མི་འཚལ༔ ཐུགས་རྗེས་ཡལ་བར་དོར་བ་ན༔ ཐུགས་བསྐྱེད་རྣམ་དག་གང་ན་བཞུགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ དོ་ནུབ་བུ་ལ་བརྩེ་བས་དགོངས༔ མ་རིག་རྐྱེན་ལས་བྱུང་བ་ཡི༔ བདུད་བཞི་དབྱིངས་སུ་གཅོད་པ་དང་༔ འཁྲུལ་པ་དབྱིངས་སྒྲོལ་ཕྲིན་ལས་མཛོད༔ ཉོན་མོངས་དུག་ལྔ་དུག་གསུམ་དང་༔ ལོག་པར་གང་ལྟ་དབྱིངས་སུ་སྒྲོལ༔ ང་བདག་གཟུང་འཛིན་ཀུན་བསླངས་པའི༔ བསླུ་བྱེད་བདུད་བགེགས་རྡུལ་དུ་རློག༔ གནོད་བྱེད་བྱད་མ་རྦོད་གཏོང་ཚོགས༔ ངན་སྔགས་ཧོམ་ཟོར་ལས་སྦྱོར་མཁན༔ ལྷ་སྲུང་དང་བཅས་རྡུལ་དུ་རློག༔ མཐའ་དམག་དུས་འཁྲུགས་ནད་མཚོན་སོགས༔ མི་མཐུན་ཉེ་བར་འཚེ་བ་རྣམས༔ ཐལ་བའི་རྡུལ་དུ་བརླག་པ་དང་༔ རྗེས་ཤུལ་མིང་ཙམ་མེད་པར་མཛོད༔ རང་དམ་གཉན་པོ་དཔང་དུ་བཙུགས༔ མ་འདའ་བཛྲ་ས་མ་ཡ༔ ཧོཿམ་ཚོགས་ཡེ་ཤེས་མཁའ་འགྲོའི་ཚོགས་རྣམས་ཀྱིས་དགྲ་བགེགས་ཀྱི་ཤ་ཁྲག་ལ་རོལ་ཅིག༔ སླར་ཡང་ཐུགས་རྗེས་ཡལ་བར་མི་དོར་བར་འཚལ༔ མ་བྷྱོཿཛཿཧྲཱིཾ་ཌཱ་ཀི་ནཱི་ས་མ་ཏི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ནའོ༔ བཛྲ་ས་མ་ཡ༔ ས་མ་ཡ༔ སྣང་སྲིད་མཁའ་འགྲོའི་ཚང་ཁང་འཁྲིགས༔ དགྲ་བགེགས་ཤ་ཁྲག་ལ་རོལ་ཅིག༔ དགྲ་བགེགས་གང་ལ་གཤེད་དུ་སྤྲུལ༔ མིང་ཙམ་མེད་པར་བརླག་པར་བསམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཡིས་བརྣག་པའི་ལས་ཀུན་ཐོགས་མེད་འགྲུབ༔ ཕྱི་ནང་བར་ཆད་ཀུན་ཞི་དཔལ་ཡོན་ཐོབ༔ ཚེ་འདིར་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཀློང་ཆེན་ཨ་ཏིའི་རྣལ་འབྱོར་གར་དབང་བདུད་འཇོམས་གླིང་པས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་གི་མགུལ་ནས་སྤྱན་དྲངས་ཏེ་མི་ལོ་བཞི་བཅུ་རྩ་གསུམ་བར་དུ་བཀའ་རྒྱས་བཏབ་སྟེ་མཐར།རྟེན་འབྲེལ་དུས་ལ་བབ་ཚེ་རང་སློབ་ཀློང་ཆེན་ངག་དབང་ཕྲིན་ལས་གཉིས་ཀྱིས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་ཀྱིས་བགྱིས་པ་དགེ་བས་མཐའ་དམག་དུས་ཀྱི་ཡོ་ལང་གཞོམ་པའི་མཚོན་ཆ་རུ་འགྱུར་བར་ཤོག་ཅིག།དགེའོ།།དགེའོ།།དགེའོ།།ཨྠིྀ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:23, 4 June 2024

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=07 |volumeLetter=JA |textnuminvol=035 |pdflink=File:TTDL-ZABTER-07-JA-035.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-07-JA }}

[edit]
༠༠༠༠བརྡ་ཡིག༤༧༩ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ནང་སྒྲུབ་སེང་གེའི་གདོང་ཅན་གྱི༔ བསྐུལ་བ་རྡོ་རྗེའི་སྒྲ་དབྱངས་བཞུགས་སོ༔ ༠༠༠༠བརྡ་ཡིག༤༨༠རྡོ་རྗེ་གཤོག་རྒོད་རྩལ་ལ་ཕྱག་འཚལ་ལོ༔ ༠༠༠༠བརྡ་ཡིག༤༨༠བདག་འདྲ་པདྨ་བདུད་འདུལ་དྲག་རྩལ་ངས༔ མ་འོངས་བརྒྱུད་འཛིན་རྣམས་ཀྱི་ཉམས་ལེན་སྐལ༔ བསྐུལ་བ་རྡོ་རྗེའི་སྒྲ་དབྱངས་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ གསེར་སྐྱེམས་དང་ནི་དམར་གཏོར་བཤམས༔ དེ་ལ་རཀྟས་རབ་ཏུ་བྲན༔ ཧཱུྃ་བྷྱོ༔ ཞིང་གི་མཆོག་གྱུར་འོག་མིན་ཞིང་༔ ཆོས་དབྱིངས་སྐྱེ་མེད་ཕོ་བྲང་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ ལོངས་སྐུའི་མཁའ་འགྲོ་སེང་གེའི་གདོང་༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ གླིང་གི་མཆོག་གྱུར་རྔ་ཡབ་གླིང་༔ དཔའ་རི་མཁའ་འགྲོའི་འདུ་གླིང་ནས༔ སྤྲུལ་སྐུ་མཚོ་རྒྱལ་མནྡྷ་ར༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ ཧཱུྃ༔ མངོན་པར་དགའ་བའི་ཞིང་ཁམས་སུ༔ མེ་ལོང་ཡེ་ཤེས་གཞལ་ཡས་ནས༔ རྡོ་རྗེ་རིགས་ཀྱི་སེང་གདོང་མ༔ དྲག་ཁྲོས༴མངོན་སྤྱོད་མཛད་པའི་དུས༴ཧཱུྃ༔ དཔལ་དང་ལྡན་པའི་ཞིང་ཁམས་སུ༔ མཉམ་ཉིད་ཡེ་ཤེས་གཞལ་ཡས་ནས༔ རིན་ཆེན་རིགས་ཀྱི་སེང་གདོང་མ༔ དྲག་ཁྲོས༴མངོན་སྤྱོད་མཛད་པའི་དུས༴ཧཱུྃ༔ བདེ་བ་ཆེན་པོའི་ཞིང་ཁམས་སུ༔ སོར་རྟོག་ཡེ་ཤེས་གཞལ་ཡས་ནས༔ པདྨ་རིགས་ཀྱི་སེང་གདོང་མ༔ དྲག་ཁྲོས༴མངོན་སྤྱོད་མཛད་པའི་དུས༴ཧཱུྃ༔ ལས་རབ་རྫོགས་པའི་ཞིང་ཁམས་སུ༔ བྱ་གྲུབ་ཡེ་ཤེས་གཞལ་ཡས་ནས༔ ཀརྨ་རིགས་ཀྱི་སེང་གདོང་མ༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ བྷྱོ༔ ཤར་ཕྱོགས་རབ་འཇིགས་དུར་ཁྲོད་ནས༔ དཀར་མོ་ཁྱུང་གདོང་སྐུར་བཞེངས་ཤིག༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ བྷྱོ༔ ལྷོ་ཕྱོགས་གད་རྒྱངས་དུར་ཁྲོད་ནས༔ མཁའ་འགྲོ་སེར་མོ་སྡིག་པའི་གདོང་༔ བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ ནུབ་ཕྱོགས་པད་འཁྱིལ་དུར་ཁྲོད་ནས༔ མཁའ་འགྲོ་དམར་མོ་འཕར་གདོང་མ༔ བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ བྱང་ཕྱོགས་གཏུམ་དྲག་དུར་ཁྲོད་ནས༔ མཁའ་འགྲོ་ལྗང་མོ་ཁྱི་གདོང་མ༔ བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ ཤར་ལྷོ་མེ་འབར་དུར་ཁྲོད་ནས༔ དམ་ཚིག་མཁའ་འགྲོ་ཀུན་གཙོ་མོ༔ འུག་གདོང་དམར་ནག་སྐུར་བཞེངས་ཤིག༔ བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ ལྷོ་ནུབ་རི་བསྙིལ་དུར་ཁྲོད་ནས༴ཐམས་ཅད་མཁའ་འགྲོ་ཀུན་གཙོ་མོ༔ ཁྭ་གདོང་སེར་ནག་སྐུར༴བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ ནུབ་བྱང་ཁྲག་མཚོ་དུར་ཁྲོད་ནས༔ ཤ་ཟ་མཁའ་འགྲོ་ཀུན་གཙོ་མོ༔ དུར་བྱའི་གདོང་ཅན་སྐུར༴བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴བྷྱོ༔ བྱང་ཤར་རླུང་གཡོས་དུར་ཁྲོད་ནས༔ འཇིག་རྟེན་མཁའ་འགྲོ་ཀུན་གཙོ་མོ༔ མཐིང་ནག་སྦྲུལ་གདོང་སྐུ༔ བཞེངས་ཤིག༴བསྐུལ་ལོ༴མངོན་སྤྱོད༴ཛཿདཀར་གསལ་འོད་ཐིག་ཟླུམ་འཁྱིལ་དབུས༔ སྙིང་རྗེ་ཚད་མེད་ཞི་བའི་སྐུ༔ ཤར་སྒོར་མཁའ་འགྲོ་ལྕགས་ཀྱུ་མ༔ དྲག་ཁྲོས་རྔམས་པའི་སྐུར༴མངོན་སྤྱོད༴ཧཱུྃ༔ སེར་གསལ་འོད་ཐིག་གྲུ་བཞིའི་དབུས༔ བྱམས་པ་ཚད་མེད་རྒྱས་པའི་སྐུ༔ ལྷོ་སྒོར་མཁའ་འགྲོ་ཞགས་པ་མ༔ དྲག་ཁྲོས་རྔམས་པའི་སྐུར༴མངོན་སྤྱོད༴བཾ༔ དམར་གསལ་འོད་ཐིག་ཟླ་གམ་དབུས༔ དགའ་བ་ཚད་མེད་དབང་གི་སྐུ༔ ནུབ་སྒོར་མཁའ་འགྲོ་ལྕགས་སྒྲོག་མ༔ དྲག་ཁྲོས་རྔམས་པའི་སྐུར༴མངོན་སྤྱོད༴ཧོཿལྗང་གསལ་འོད་ཐིག་གྲུ་གསུམ་དབུས༔ བཏང་སྙོམས་ཚད་མེད་དྲག་མོའི་སྐུ༔ བྱང་སྒོར་མཁའ་འགྲོ་དྲིལ་བུ་མ༔ དྲག་ཁྲོས་རྔམས་པའི་སྐུར་བཞེངས་ཤིག༔ མངོན་སྤྱོད་མཛད་པའི་དུས་ལ་བབ༔ བྷྱོ༔ ཁྱབ་གདལ་ཆོས་དབྱིངས་མཁའ་འགྲོ་མ༔ ཀུན་ཏུ་བཟང་མོའི་རོལ་པ་ལས༔ མཁའ་སྤྱོད་དུར་ཁྲོད་གནས་ཡུལ་དང་༔ ཧེ་རུ་ཀ་ཡི་གནས་བཅུ་ནས༔ མ་ངེས་གཟུགས་ངོམས་ཆོ་འཕྲུལ་སྟོན༔ འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ༔ རབ་འབྱམས་མ་མོ་མཁའ་འགྲོའི་ཚོགས༔ དབྱིངས་ནས་བཞེངས་ཤིག་ཐུགས་དམ་བསྐུལ༔ དོ་ནུབ་བརྣག་པའི་ལས་ལ་བསྐུལ༔ དོ་ནུབ་རྣལ་འབྱོར་དཔུང་ལ་བསྐུལ༔ དོ་ནུབ་གསོད་བྱེད་ཕོ་ཉར་བསྐུལ༔ དོ་ནུབ་རྣོ་བའི་མཚོན་ཆར་བསྐུལ༔ སྙིགས་མའི་སྙིགས་མ་ལྔ་བརྒྱའི་དུས༔ ད་དུས་བསྐལ་པའི་མར་གཤམ་འདིར༔ སྐྱབས་བྲལ་སེམས་ཅན་སུ་ལ་རེ༔ ཐུགས་རྗེས་ཡལ་བར་དོར་མི་འཚལ༔ ཐུགས་རྗེས་ཡལ་བར་དོར་བ་ན༔ ཐུགས་བསྐྱེད་རྣམ་དག་གང་ན་བཞུགས༔ མ་གཡེལ་མ་གཡེལ་མཁའ་འགྲོའི་ཚོགས༔ དོ་ནུབ་བུ་ལ་བརྩེ་བས་དགོངས༔ མ་རིག་རྐྱེན་ལས་བྱུང་བ་ཡི༔ བདུད་བཞི་དབྱིངས་སུ་གཅོད་པ་དང་༔ འཁྲུལ་པ་དབྱིངས་སྒྲོལ་ཕྲིན་ལས་མཛོད༔ ཉོན་མོངས་དུག་ལྔ་དུག་གསུམ་དང་༔ ལོག་པར་གང་ལྟ་དབྱིངས་སུ་སྒྲོལ༔ ང་བདག་གཟུང་འཛིན་ཀུན་བསླངས་པའི༔ བསླུ་བྱེད་བདུད་བགེགས་རྡུལ་དུ་རློག༔ གནོད་བྱེད་བྱད་མ་རྦོད་གཏོང་ཚོགས༔ ངན་སྔགས་ཧོམ་ཟོར་ལས་སྦྱོར་མཁན༔ ལྷ་སྲུང་དང་བཅས་རྡུལ་དུ་རློག༔ མཐའ་དམག་དུས་འཁྲུགས་ནད་མཚོན་སོགས༔ མི་མཐུན་ཉེ་བར་འཚེ་བ་རྣམས༔ ཐལ་བའི་རྡུལ་དུ་བརླག་པ་དང་༔ རྗེས་ཤུལ་མིང་ཙམ་མེད་པར་མཛོད༔ རང་དམ་གཉན་པོ་དཔང་དུ་བཙུགས༔ མ་འདའ་བཛྲ་ས་མ་ཡ༔ ཧོཿམ་ཚོགས་ཡེ་ཤེས་མཁའ་འགྲོའི་ཚོགས་རྣམས་ཀྱིས་དགྲ་བགེགས་ཀྱི་ཤ་ཁྲག་ལ་རོལ་ཅིག༔ སླར་ཡང་ཐུགས་རྗེས་ཡལ་བར་མི་དོར་བར་འཚལ༔ མ་བྷྱོཿཛཿཧྲཱིཾ་ཌཱ་ཀི་ནཱི་ས་མ་ཏི་དུས་ལ་བབ་བོ༔ བརྣག་པ་དེ་ཁོ་ནའོ༔ བཛྲ་ས་མ་ཡ༔ ས་མ་ཡ༔ སྣང་སྲིད་མཁའ་འགྲོའི་ཚང་ཁང་འཁྲིགས༔ དགྲ་བགེགས་ཤ་ཁྲག་ལ་རོལ་ཅིག༔ དགྲ་བགེགས་གང་ལ་གཤེད་དུ་སྤྲུལ༔ མིང་ཙམ་མེད་པར་བརླག་པར་བསམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འདི་ཡིས་བརྣག་པའི་ལས་ཀུན་ཐོགས་མེད་འགྲུབ༔ ཕྱི་ནང་བར་ཆད་ཀུན་ཞི་དཔལ་ཡོན་ཐོབ༔ ཚེ་འདིར་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཀློང་ཆེན་ཨ་ཏིའི་རྣལ་འབྱོར་གར་དབང་བདུད་འཇོམས་གླིང་པས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་གི་མགུལ་ནས་སྤྱན་དྲངས་ཏེ་མི་ལོ་བཞི་བཅུ་རྩ་གསུམ་བར་དུ་བཀའ་རྒྱས་བཏབ་སྟེ་མཐར།རྟེན་འབྲེལ་དུས་ལ་བབ་ཚེ་རང་སློབ་ཀློང་ཆེན་ངག་དབང་ཕྲིན་ལས་གཉིས་ཀྱིས་བསྐུལ་ངོར་དག་པར་ཕབ་པའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་ཀྱིས་བགྱིས་པ་དགེ་བས་མཐའ་དམག་དུས་ཀྱི་ཡོ་ལང་གཞོམ་པའི་མཚོན་ཆ་རུ་འགྱུར་བར་ཤོག་ཅིག།དགེའོ།།དགེའོ།།དགེའོ།།ཨྠིྀ།།།།