TTDL-ZABTER-07-JA-019: Difference between revisions

From Dudjom Wiki
TTDL-ZABTER-07-JA-019
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠བརྡ་ཡིག༢༧༧ཚོགས་རྫས་བྱིན་བརླབ་ནི༔ ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་ཀུན་ཕྱི་ཡི་ཚོགས༔ འབྱོར་ཚོགས་ཡོ་བྱད་བཤམས་པ་ནང་གི་ཚོགས༔ ཡིད་སྤྲུལ་འདོད་རྒུའི་དཔལ་ཡོན་གསང་བའི་ཚོགས༔ ཡེ་ཤེས་རོལ་པའི་མྱང་གྲོལ་བདུད་རྩིར་བསྒྱུར༔ རཾ་ཡཾ་ཁཾ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ གསང་བ་ཡེ་ཤེས་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ བཅུད་ལྡན་དཔལ་གྱི་ཞལ་ཟས་དང་༔ ཛ་གད་དཔའ་བོའི་བདུད་རྩི་འདི༔ གསང་བ་ཡེ་ཤེས་མཁའ་འགྲོ་དང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོར་འབུལ༔ མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿམཁའ་འགྲོ་གསང་བ་ཡེ་ཤེས་དང་༔ རྩ་གསུམ་དམ་ཅན་རྒྱ་མཚོ་དགོངས༔ བདག་གི་ཉམས་ཆག་སྡིག་སྒྲིབ་ཀུན༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས༔ དེ་ནས་དགྲ་བགེགས་བསྒྲལ་བ་ལ༔ ཧཱུྃ༔ འཁོར་འདས་ཡོངས་ཀྱི་དབང་ཕྱུག་མོ༔ གསང་བ་ཡེ་ཤེས་སྐུར་བཞེངས་ཤིག༔ ལོག་པར་འདྲེན་པའི་དགྲ་དང་བགེགས༔ འཁྲུལ་མི་ཤེས་པའི་དབྱིངས་སུ་སྒྲོལ༔ དེ་ནས་བསྟབ་པ་ནི༔ ཧཱུྃ༔ ཞིང་བཅུ་ཚང་བའི་དགྲ་དང་བགེགས༔ བསད་ཅིང་བསྒྲལ་བའི་ཤ་རུས་ཁྲག༔ རྩ་གསུམ་སྲུང་མའི་ཞལ་དུ་བསྟབས༔ ལྷག་མ་མེད་པར་བཞེས་ཏེ་རོལ༔ རཱུ་ཏྲ་ཨ་མུ་ཀ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ནི༔ ཧཱུྃ༔ རྒྱལ་བའི་བཀའ་ཉན་ཕྲིན་ལས་བདག༔ ལྷག་ལ་དབང་བའི་ལྷག་སྐྱོང་ཚོགས༔ འདོད་ཡོན་ལྷག་མ་འདི་བཞེས་ལ༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བསྟན་པ་བསྲུང་བར་ཞལ་བཞེས་པའི༔ ཆད་མདོ་དམ་ཅན་སྲུང་མའི་ཚོགས༔ གཏོར་མ་བཞེས་ལ་འདོད་དོན་སྒྲུབས༔ དེ་ནས་བརྟན་མ་ལ༔ ཧཱུྃ༔ མ་སྲིང་བརྟན་མ་བཅུ་གཉིས་དང་༔ དེ་འཁོར་ཡང་འཁོར་བྲན་དང་གཡོག༔ འདིར་གཤེགས་བཤལ་ཆུའི་གཏོར་མ་ལོངས༔ བསམ་པའི་དོན་ཀུན་ཡོངས་གྲུབ་མཛོད༔ མ་མ་བཛྲ་ས་མ་ཡ༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ ཡེ་ཤེས་རོལ་པའི་ཆོ་འཕྲུལ་ལས༔ མཉམ་པ་ཉིད་ཀྱི་བྲོ་བརྡུང་བས༔ མ་རིག་གཉིས་སྣང་འཁྲུལ་པའི་བགེགས༔ བདག་མེད་རྟོགས་པའི་མཁའ་རུ་བྲུབ༔ མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ མཁའ་འགྲོ་གསང་བ་ཡེ་ཤེས་དང་༔ འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ མཁྱེན་བརྩེ་ནུས་པའི་གཟི་བྱིན་དབང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨ་ལ་ལ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོ་དང་༔ ཞི་ཁྲོ་སྒྱུ་འཕྲུལ་འཁོར་ལོ་དགོངས༔ བདག་ནི་མ་རིག་འཁྲུལ་དབང་གིས༔ ཉེས་བྱས་ཉམས་ཆག་ཅི་མཆིས་བཤགས༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ བདག་གིས་དུས་གསུམ་དགེ་བསགས་པ༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ མར་གྱུར་འགྲོ་བ་སེམས་ཅན་རྣམས༔ ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ ཧཱུྃ༔ སངས་རྒྱས་བསྟན་པ་དར་བ་དང་༔ འགྲོ་ལ་ཕན་བདེ་འབྱུང་བ་དང་༔ སྒྲུབ་ལ་བར་ཆད་མེད་པ་དང་༔ དངོས་གྲུབ་ཀུན་འབྱུང་བཀྲ་ཤིས་ཤོག༔ དེ་ནས་རྟག་ཆད་མཐའ་བསལ་ནི༔ ཧཱུྃ༔ མཚན་བཅས་ཆོས་ཀུན་སྟོང་པར་ཞིག༔ སྐད་ཅིག་སྟོང་གསལ་ཆེན་པོའི་མཁར༔ མཁའ་ལ་འཇའ་ཚོན་ཤར་བ་ལྟར༔ རང་རིག་ཡེ་ཤེས་མཁའ་འགྲོར་ཤར༔ ཨོཾ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཧ་རི་ནི་ས་སིདྡྷི་ཧཱུྃ༔ དེ་ལྟར་བསྒོམ་བཟླས་གནད་ལྡན་ན༔ རྣམ་སྨིན་རིག་འཛིན་ཉེར་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་ཆོས་ཀྱི་སྒྲོན་མའི་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=07
|volumeLetter=JA
|textnuminvol=019
|pdflink=File:TTDL-ZABTER-07-JA-019.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-07-JA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠བརྡ་ཡིག༢༧༧ཚོགས་རྫས་བྱིན་བརླབ་ནི༔ ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་ཀུན་ཕྱི་ཡི་ཚོགས༔ འབྱོར་ཚོགས་ཡོ་བྱད་བཤམས་པ་ནང་གི་ཚོགས༔ ཡིད་སྤྲུལ་འདོད་རྒུའི་དཔལ་ཡོན་གསང་བའི་ཚོགས༔ ཡེ་ཤེས་རོལ་པའི་མྱང་གྲོལ་བདུད་རྩིར་བསྒྱུར༔ རཾ་ཡཾ་ཁཾ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ གསང་བ་ཡེ་ཤེས་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ བཅུད་ལྡན་དཔལ་གྱི་ཞལ་ཟས་དང་༔ ཛ་གད་དཔའ་བོའི་བདུད་རྩི་འདི༔ གསང་བ་ཡེ་ཤེས་མཁའ་འགྲོ་དང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོར་འབུལ༔ མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿམཁའ་འགྲོ་གསང་བ་ཡེ་ཤེས་དང་༔ རྩ་གསུམ་དམ་ཅན་རྒྱ་མཚོ་དགོངས༔ བདག་གི་ཉམས་ཆག་སྡིག་སྒྲིབ་ཀུན༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས༔ དེ་ནས་དགྲ་བགེགས་བསྒྲལ་བ་ལ༔ ཧཱུྃ༔ འཁོར་འདས་ཡོངས་ཀྱི་དབང་ཕྱུག་མོ༔ གསང་བ་ཡེ་ཤེས་སྐུར་བཞེངས་ཤིག༔ ལོག་པར་འདྲེན་པའི་དགྲ་དང་བགེགས༔ འཁྲུལ་མི་ཤེས་པའི་དབྱིངས་སུ་སྒྲོལ༔ དེ་ནས་བསྟབ་པ་ནི༔ ཧཱུྃ༔ ཞིང་བཅུ་ཚང་བའི་དགྲ་དང་བགེགས༔ བསད་ཅིང་བསྒྲལ་བའི་ཤ་རུས་ཁྲག༔ རྩ་གསུམ་སྲུང་མའི་ཞལ་དུ་བསྟབས༔ ལྷག་མ་མེད་པར་བཞེས་ཏེ་རོལ༔ རཱུ་ཏྲ་ཨ་མུ་ཀ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ནི༔ ཧཱུྃ༔ རྒྱལ་བའི་བཀའ་ཉན་ཕྲིན་ལས་བདག༔ ལྷག་ལ་དབང་བའི་ལྷག་སྐྱོང་ཚོགས༔ འདོད་ཡོན་ལྷག་མ་འདི་བཞེས་ལ༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བསྟན་པ་བསྲུང་བར་ཞལ་བཞེས་པའི༔ ཆད་མདོ་དམ་ཅན་སྲུང་མའི་ཚོགས༔ གཏོར་མ་བཞེས་ལ་འདོད་དོན་སྒྲུབས༔ དེ་ནས་བརྟན་མ་ལ༔ ཧཱུྃ༔ མ་སྲིང་བརྟན་མ་བཅུ་གཉིས་དང་༔ དེ་འཁོར་ཡང་འཁོར་བྲན་དང་གཡོག༔ འདིར་གཤེགས་བཤལ་ཆུའི་གཏོར་མ་ལོངས༔ བསམ་པའི་དོན་ཀུན་ཡོངས་གྲུབ་མཛོད༔ མ་མ་བཛྲ་ས་མ་ཡ༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ ཡེ་ཤེས་རོལ་པའི་ཆོ་འཕྲུལ་ལས༔ མཉམ་པ་ཉིད་ཀྱི་བྲོ་བརྡུང་བས༔ མ་རིག་གཉིས་སྣང་འཁྲུལ་པའི་བགེགས༔ བདག་མེད་རྟོགས་པའི་མཁའ་རུ་བྲུབ༔ མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ མཁའ་འགྲོ་གསང་བ་ཡེ་ཤེས་དང་༔ འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ མཁྱེན་བརྩེ་ནུས་པའི་གཟི་བྱིན་དབང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨ་ལ་ལ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོ་དང་༔ ཞི་ཁྲོ་སྒྱུ་འཕྲུལ་འཁོར་ལོ་དགོངས༔ བདག་ནི་མ་རིག་འཁྲུལ་དབང་གིས༔ ཉེས་བྱས་ཉམས་ཆག་ཅི་མཆིས་བཤགས༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ བདག་གིས་དུས་གསུམ་དགེ་བསགས་པ༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ མར་གྱུར་འགྲོ་བ་སེམས་ཅན་རྣམས༔ ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ ཧཱུྃ༔ སངས་རྒྱས་བསྟན་པ་དར་བ་དང་༔ འགྲོ་ལ་ཕན་བདེ་འབྱུང་བ་དང་༔ སྒྲུབ་ལ་བར་ཆད་མེད་པ་དང་༔ དངོས་གྲུབ་ཀུན་འབྱུང་བཀྲ་ཤིས་ཤོག༔ དེ་ནས་རྟག་ཆད་མཐའ་བསལ་ནི༔ ཧཱུྃ༔ མཚན་བཅས་ཆོས་ཀུན་སྟོང་པར་ཞིག༔ སྐད་ཅིག་སྟོང་གསལ་ཆེན་པོའི་མཁར༔ མཁའ་ལ་འཇའ་ཚོན་ཤར་བ་ལྟར༔ རང་རིག་ཡེ་ཤེས་མཁའ་འགྲོར་ཤར༔ ཨོཾ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཧ་རི་ནི་ས་སིདྡྷི་ཧཱུྃ༔ དེ་ལྟར་བསྒོམ་བཟླས་གནད་ལྡན་ན༔ རྣམ་སྨིན་རིག་འཛིན་ཉེར་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་ཆོས་ཀྱི་སྒྲོན་མའི་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:23, 4 June 2024

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=07 |volumeLetter=JA |textnuminvol=019 |pdflink=File:TTDL-ZABTER-07-JA-019.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-07-JA }}

[edit]
༠༠༠༠བརྡ་ཡིག༢༧༧ཚོགས་རྫས་བྱིན་བརླབ་ནི༔ ཧཱུྃ༔ སྣང་ཞིང་སྲིད་པའི་ཆོས་ཀུན་ཕྱི་ཡི་ཚོགས༔ འབྱོར་ཚོགས་ཡོ་བྱད་བཤམས་པ་ནང་གི་ཚོགས༔ ཡིད་སྤྲུལ་འདོད་རྒུའི་དཔལ་ཡོན་གསང་བའི་ཚོགས༔ ཡེ་ཤེས་རོལ་པའི་མྱང་གྲོལ་བདུད་རྩིར་བསྒྱུར༔ རཾ་ཡཾ་ཁཾ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ གསང་བ་ཡེ་ཤེས་མཁའ་འགྲོ་མ༔ འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ༔ བཅུད་ལྡན་དཔལ་གྱི་ཞལ་ཟས་དང་༔ ཛ་གད་དཔའ་བོའི་བདུད་རྩི་འདི༔ གསང་བ་ཡེ་ཤེས་མཁའ་འགྲོ་དང་༔ འབུམ་ཕྲག་ཡངས་པའི་མཁའ་འགྲོར་འབུལ༔ མ་ཧཱ་ག་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿམཁའ་འགྲོ་གསང་བ་ཡེ་ཤེས་དང་༔ རྩ་གསུམ་དམ་ཅན་རྒྱ་མཚོ་དགོངས༔ བདག་གི་ཉམས་ཆག་སྡིག་སྒྲིབ་ཀུན༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས༔ དེ་ནས་དགྲ་བགེགས་བསྒྲལ་བ་ལ༔ ཧཱུྃ༔ འཁོར་འདས་ཡོངས་ཀྱི་དབང་ཕྱུག་མོ༔ གསང་བ་ཡེ་ཤེས་སྐུར་བཞེངས་ཤིག༔ ལོག་པར་འདྲེན་པའི་དགྲ་དང་བགེགས༔ འཁྲུལ་མི་ཤེས་པའི་དབྱིངས་སུ་སྒྲོལ༔ དེ་ནས་བསྟབ་པ་ནི༔ ཧཱུྃ༔ ཞིང་བཅུ་ཚང་བའི་དགྲ་དང་བགེགས༔ བསད་ཅིང་བསྒྲལ་བའི་ཤ་རུས་ཁྲག༔ རྩ་གསུམ་སྲུང་མའི་ཞལ་དུ་བསྟབས༔ ལྷག་མ་མེད་པར་བཞེས་ཏེ་རོལ༔ རཱུ་ཏྲ་ཨ་མུ་ཀ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ནི༔ ཧཱུྃ༔ རྒྱལ་བའི་བཀའ་ཉན་ཕྲིན་ལས་བདག༔ ལྷག་ལ་དབང་བའི་ལྷག་སྐྱོང་ཚོགས༔ འདོད་ཡོན་ལྷག་མ་འདི་བཞེས་ལ༔ ཕྲིན་ལས་རབ་འབྱམས་ཡོངས་གྲུབ་མཛོད༔ ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བསྟན་པ་བསྲུང་བར་ཞལ་བཞེས་པའི༔ ཆད་མདོ་དམ་ཅན་སྲུང་མའི་ཚོགས༔ གཏོར་མ་བཞེས་ལ་འདོད་དོན་སྒྲུབས༔ དེ་ནས་བརྟན་མ་ལ༔ ཧཱུྃ༔ མ་སྲིང་བརྟན་མ་བཅུ་གཉིས་དང་༔ དེ་འཁོར་ཡང་འཁོར་བྲན་དང་གཡོག༔ འདིར་གཤེགས་བཤལ་ཆུའི་གཏོར་མ་ལོངས༔ བསམ་པའི་དོན་ཀུན་ཡོངས་གྲུབ་མཛོད༔ མ་མ་བཛྲ་ས་མ་ཡ༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ ཡེ་ཤེས་རོལ་པའི་ཆོ་འཕྲུལ་ལས༔ མཉམ་པ་ཉིད་ཀྱི་བྲོ་བརྡུང་བས༔ མ་རིག་གཉིས་སྣང་འཁྲུལ་པའི་བགེགས༔ བདག་མེད་རྟོགས་པའི་མཁའ་རུ་བྲུབ༔ མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ མཁའ་འགྲོ་གསང་བ་ཡེ་ཤེས་དང་༔ འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས༔ མཁྱེན་བརྩེ་ནུས་པའི་གཟི་བྱིན་དབང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨ་ལ་ལ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོ་དང་༔ ཞི་ཁྲོ་སྒྱུ་འཕྲུལ་འཁོར་ལོ་དགོངས༔ བདག་ནི་མ་རིག་འཁྲུལ་དབང་གིས༔ ཉེས་བྱས་ཉམས་ཆག་ཅི་མཆིས་བཤགས༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ བདག་གིས་དུས་གསུམ་དགེ་བསགས་པ༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ མར་གྱུར་འགྲོ་བ་སེམས་ཅན་རྣམས༔ ཕྱམ་གཅིག་རྫོགས་སངས་རྒྱས་གྱུར་ཅིག༔ དེ་ནས་བཀྲ་ཤིས་བྱ་བ་ལ༔ ཧཱུྃ༔ སངས་རྒྱས་བསྟན་པ་དར་བ་དང་༔ འགྲོ་ལ་ཕན་བདེ་འབྱུང་བ་དང་༔ སྒྲུབ་ལ་བར་ཆད་མེད་པ་དང་༔ དངོས་གྲུབ་ཀུན་འབྱུང་བཀྲ་ཤིས་ཤོག༔ དེ་ནས་རྟག་ཆད་མཐའ་བསལ་ནི༔ ཧཱུྃ༔ མཚན་བཅས་ཆོས་ཀུན་སྟོང་པར་ཞིག༔ སྐད་ཅིག་སྟོང་གསལ་ཆེན་པོའི་མཁར༔ མཁའ་ལ་འཇའ་ཚོན་ཤར་བ་ལྟར༔ རང་རིག་ཡེ་ཤེས་མཁའ་འགྲོར་ཤར༔ ཨོཾ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཧ་རི་ནི་ས་སིདྡྷི་ཧཱུྃ༔ དེ་ལྟར་བསྒོམ་བཟླས་གནད་ལྡན་ན༔ རྣམ་སྨིན་རིག་འཛིན་ཉེར་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་ཆོས་ཀྱི་སྒྲོན་མའི་ངོར་བདུད་འཇོམས་རྡོ་རྗེས་ནམ་མཁའི་ཀློང་མཛོད་ལས་བསྒྱུར་བའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།