TTDL-ZABTER-09-TA-039: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠༠༠བརྡ་ཡིག༢༧༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཙན་རྒོད་རོལ་པ་ཆེན་པོའི་གསོལ་མཆོད་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༢༧༥བཙན་རྒོད་ཆེན་པོའི་གསོལ་མཆོད་ལ༔ འབྱོར་ཚོགས་གཏོར་མ་གསེར་སྐྱེམས་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་མང་བརྗོད༔ དེ་ན་གསོལ་མཆོད་བྱ་བ་ལ༔ ཛཿདམ་ཚིག་ཆེན་པོ་དཔང་བཙུགས་ནས༔ འབོད་དོ་གཤེགས་སོ་བཙན་ཆེན་པོ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ནམ་མཁའི་ཁམས་ནས༴ཆུ་ཡི་ཁམས་ནས༴ས་ཡི་ཁམས་ནས༴མེ་ཡི་ཁམས་ནས༴རླུང་གི་ཁམས་ནས༴འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཙ་ཏྲི་ཤུ་ལ་བཛྲ་ས་མ་ཡ་ཛ་ཛཿཧཱུྃ༔ བཙན་རྒོད་འབར་བ་འཁོར་དང་བཅས༔ སྲོག་གི་འཁོར་ལོའི་རྟེན་ལ་བཞུགས༔ བདག་གི་སྲུང་མར་མངའ་གསོལ་ལོ༔ དམ་ཚིག་དྲན་པས་ཕྱག་འཚལ་ལོ༔ ཧཱུྃ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་ག་ཎ་ཚོགས༔ ཤ་སྣ་ཁྲག་སྣ་སྙིང་སྣ་དང་༔ འབྲུ་སྣ་སྨན་སྣ་ཟས་སྣ་ཚོགས༔ དཀར་དམར་ཇ་ཆང་སྐྱེམས་ཀྱི་རིགས༔ མདའ་དར་མདུང་དར་དམར་པོ་དང་༔ དགྲ་བོའི་ཤ་ཁྲག་གློ་སྙིང་དང་༔ དར་ཟབ་སྟག་གཟིག་གོས་ཀྱི་རིགས༔ གཡག་ལུག་ར་དང་ཁྱི་རྟ་དམར༔ གཞན་ཡང་སྲོག་ཆགས་དམར་པོ་དང་༔ གོས་རྒྱན་འདོད་ཡོན་མཆོད་འོས་རིགས༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་ཏེ༔ བཙན་རྒོད་ཤན་པ་སྐྱ་གཅིག་མཆོད༔ གནས་ཆེན་བདུན་ལ་རྒྱུ་བའི་ཚེ༔ སྤུ་རི་ཕུག་གི་བཙན་རྒོད་ལེགས༔ སྟག་མ་རུང་གི་བཙན་རྒོད་ལེགས༔ གཡུ་ལོང་གངས་ཀྱི་བཙན་རྒོད་ལེགས༔ སྤ་རིས་བཙན་རྒོད་འབར་བ་ལེགས༔ མཆིམ་ཕུ་བྲག་གི་བཙན་རྒོད་ལེགས༔ གོང་མའི་གྲི་བཙན་ཆེན་པོ་ལེགས༔ བྲག་དམར་རྫོངས་ཀྱི་བཙན་རྒོད་ལེགས༔ དོན་ལ་གཉིས་མེད་ཁྱོད་ལ་འདུ༔ གནས་ཆེན་བདུན་གྱི་བདག་པོ་མཆོད༔ སྤྲུལ་པའི་འཁོར་ནི་ཀུན་ཏུ་རྒྱུ༔ ཆུ་བཙན་དཀར་པོས་ཆུ་ཁམས་ཁྱབ༔ ས་བཙན་སེར་པོས་ས་ཁམས་ཁྱབ༔ མེ་བཙན་དམར་པོས་མེ་ཁམས་ཁྱབ༔ རླུང་བཙན་ལྗང་གུས་རླུང་ཁམས་ཁྱབ༔ ཤིང་བཙན་སྐྱ་བོས་ཤིང་ཁམས་ཁྱབ༔ རྡོ་བཙན་འབར་བས་རྡོ་བྲག་ཁྱབ༔ རེ་རེ་ལ་ཡང་བདུན་བདུན་འཆར༔ སྐད་ཅིག་ཙམ་གྱིས་འཛམ་གླིང་ཉུལ༔ དོན་ལ་བཙན་རྒོད་ཁྱོད་ཉིད་ལགས༔ སྣང་སྲིད་ལྷ་ཀླུ་གཉན་སྡེ་བརྒྱད༔ ལྷ་འདྲེ་གང་གི་མིང་བོས་ཀྱང་༔ ཁྱོད་ལས་མི་གཞན་ཁྱོད་ཉིད་ལགས༔ འབྱུང་བའི་མངའ་བདག་ཆེན་པོ་མཆོད༔ འགྲོ་བ་མི་དང་ལྷན་ཅིག་འགྲོགསཿམིང་དང་ཆ་ལུགས་མ་ངེས་པར༔ ཆོ་འཕྲུལ་སྣ་ཚོགས་བསྒྱུར་ཞིང་སྟོན༔ དགྲ་བླ་བཙན་རྒོད་འབར་བ་མཆོད༔ ཡུལ་ལྷ་བཙན་རྒོད་འབར་བ་མཆོད༔ བཀའ་སྲུང་བཙན་རྒོད་འབར་བ་མཆོད༔ དམ་ཅན་བཙན་རྒོད་འབར་བ་མཆོད༔ སྔོན་ཚེ་ཐུབ་པའི་དབང་པོ་དང་༔ ཕྱག་རྡོར་པད་འབྱུང་ལ་སོགས་པའི༔ རིག་འཛིན་བརྒྱུད་པར་བཅས་པ་ཡི༔ དམ་ཚིག་གཉན་པོས་ཁྱོད་བསྟེན་བསྒྲུབ༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ཅིག༔ དགྱེས་པའི་ཞལ་དང་འགྲུབ་རྟགས་སྟོན༔ རི་ཁྲོད་དབེན་པར་བདག་སྲུང་ལ༔ སྙིང་རུས་ངེས་འབྱུང་རྟེན་ཕུར་ཚུགས༔ འཚོ་བ་སྦྱོར་བའི་ཡོན་བདག་སྩོལ༔ མོས་གུས་ཅན་གྱི་བུ་སློབ་བསྡུས༔ ཚེ་དང་སྒྲུབ་པ་མཉམ་པར་མཛོད༔ བདག་ནི་གར་སོང་གང་གནས་ཀྱང་༔ སྦྱིན་བདག་འབངས་འཁོར་ལེགས་པའི་ཚོགས༔ རང་དབང་མེད་པར་དབང་དུ་བསྡུས༔ མཐུན་རྐྱེན་ཕུན་སུམ་ཚོགས་པར་མཛོད༔ འགལ་རྐྱེན་དགྲ་བགེགས་རྡུལ་དུ་རློག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ མ་གཡེལ་མ་འདའ་ས་མ་ཡ༔ དེ་ཡིས་བཙན་རྒོད་བྲན་ཁོལ་གྱུར༔ ཡང་ན་བསྐང་གསོལ་འདིས་ཀྱང་འགྲུབ༔ ནམ་མཁའ་མཛོད་ཀྱི་སྔགས་བརྗོད་མཐར༔ ཀྱེ༔ སྲིད་པའི་བཙན་རྒོད་འདིར་གཤེགས་ཤིག༔ འབྱོར་ཚོགས་མཆོད་པའི་ཡོ་བྱད་ཚོགས༔ སྔགས་དང་ཏིང་འཛིན་བྱིན་རླབས་ནས༔ བཙན་རྒྱལ་ཆེན་པོ་ཁྱོད་ལ་འབུལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ རོལ་པ་སྐྱ་བདུན་ཚོགས་ལ་འབུལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སྐད་ཅིག་མི་འབྲལ་སྲུང་སྐྱོབ་མཛོད༔ བདག་གི་བློ་ཕུག་ཆོས་ལ་བསྒྱུར༔ དབེན་པའི་རི་ཁྲོད་ཟིན་པར་མཛོད༔ མཐུན་རྐྱེན་བསམ་བཞིན་འབད་མེད་སྒྲུབས༔ འགལ་རྐྱེན་དགྲ་བགེགས་རྡུལ་དུ་རློག༔ མ་གཡེལ་མ་འགྱངས་ས་མ་ཡ༔ དེ་ལྟར་བསྐང་གསོལ་ལ་བརྩོན་ན༔ མི་འབྲལ་གྲོགས་སུ་འགྲུབ་པར་ངེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མཐར་རང་སློབ་རྡོ་རྗེ་རྣམ་རྒྱལ་དང་ཆོས་འབྱོར་གཉིས་གྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཆོས་འབྱོར་རོ།།མངྒ་ལཾ།། | {{Text | ||
|classification=Tibetan Publications | |||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=09 | |||
|volumeLetter=TA | |||
|textnuminvol=039 | |||
|pdflink=File:TTDL-ZABTER-09-TA-039.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-09-TA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠༠༠བརྡ་ཡིག༢༧༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཙན་རྒོད་རོལ་པ་ཆེན་པོའི་གསོལ་མཆོད་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༢༧༥བཙན་རྒོད་ཆེན་པོའི་གསོལ་མཆོད་ལ༔ འབྱོར་ཚོགས་གཏོར་མ་གསེར་སྐྱེམས་བཤམས༔ ནམ་མཁའ་མཛོད་ཀྱི་སྔགས་མང་བརྗོད༔ དེ་ན་གསོལ་མཆོད་བྱ་བ་ལ༔ ཛཿདམ་ཚིག་ཆེན་པོ་དཔང་བཙུགས་ནས༔ འབོད་དོ་གཤེགས་སོ་བཙན་ཆེན་པོ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ནམ་མཁའི་ཁམས་ནས༴ཆུ་ཡི་ཁམས་ནས༴ས་ཡི་ཁམས་ནས༴མེ་ཡི་ཁམས་ནས༴རླུང་གི་ཁམས་ནས༴འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཙ་ཏྲི་ཤུ་ལ་བཛྲ་ས་མ་ཡ་ཛ་ཛཿཧཱུྃ༔ བཙན་རྒོད་འབར་བ་འཁོར་དང་བཅས༔ སྲོག་གི་འཁོར་ལོའི་རྟེན་ལ་བཞུགས༔ བདག་གི་སྲུང་མར་མངའ་གསོལ་ལོ༔ དམ་ཚིག་དྲན་པས་ཕྱག་འཚལ་ལོ༔ ཧཱུྃ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་ག་ཎ་ཚོགས༔ ཤ་སྣ་ཁྲག་སྣ་སྙིང་སྣ་དང་༔ འབྲུ་སྣ་སྨན་སྣ་ཟས་སྣ་ཚོགས༔ དཀར་དམར་ཇ་ཆང་སྐྱེམས་ཀྱི་རིགས༔ མདའ་དར་མདུང་དར་དམར་པོ་དང་༔ དགྲ་བོའི་ཤ་ཁྲག་གློ་སྙིང་དང་༔ དར་ཟབ་སྟག་གཟིག་གོས་ཀྱི་རིགས༔ གཡག་ལུག་ར་དང་ཁྱི་རྟ་དམར༔ གཞན་ཡང་སྲོག་ཆགས་དམར་པོ་དང་༔ གོས་རྒྱན་འདོད་ཡོན་མཆོད་འོས་རིགས༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་ཏེ༔ བཙན་རྒོད་ཤན་པ་སྐྱ་གཅིག་མཆོད༔ གནས་ཆེན་བདུན་ལ་རྒྱུ་བའི་ཚེ༔ སྤུ་རི་ཕུག་གི་བཙན་རྒོད་ལེགས༔ སྟག་མ་རུང་གི་བཙན་རྒོད་ལེགས༔ གཡུ་ལོང་གངས་ཀྱི་བཙན་རྒོད་ལེགས༔ སྤ་རིས་བཙན་རྒོད་འབར་བ་ལེགས༔ མཆིམ་ཕུ་བྲག་གི་བཙན་རྒོད་ལེགས༔ གོང་མའི་གྲི་བཙན་ཆེན་པོ་ལེགས༔ བྲག་དམར་རྫོངས་ཀྱི་བཙན་རྒོད་ལེགས༔ དོན་ལ་གཉིས་མེད་ཁྱོད་ལ་འདུ༔ གནས་ཆེན་བདུན་གྱི་བདག་པོ་མཆོད༔ སྤྲུལ་པའི་འཁོར་ནི་ཀུན་ཏུ་རྒྱུ༔ ཆུ་བཙན་དཀར་པོས་ཆུ་ཁམས་ཁྱབ༔ ས་བཙན་སེར་པོས་ས་ཁམས་ཁྱབ༔ མེ་བཙན་དམར་པོས་མེ་ཁམས་ཁྱབ༔ རླུང་བཙན་ལྗང་གུས་རླུང་ཁམས་ཁྱབ༔ ཤིང་བཙན་སྐྱ་བོས་ཤིང་ཁམས་ཁྱབ༔ རྡོ་བཙན་འབར་བས་རྡོ་བྲག་ཁྱབ༔ རེ་རེ་ལ་ཡང་བདུན་བདུན་འཆར༔ སྐད་ཅིག་ཙམ་གྱིས་འཛམ་གླིང་ཉུལ༔ དོན་ལ་བཙན་རྒོད་ཁྱོད་ཉིད་ལགས༔ སྣང་སྲིད་ལྷ་ཀླུ་གཉན་སྡེ་བརྒྱད༔ ལྷ་འདྲེ་གང་གི་མིང་བོས་ཀྱང་༔ ཁྱོད་ལས་མི་གཞན་ཁྱོད་ཉིད་ལགས༔ འབྱུང་བའི་མངའ་བདག་ཆེན་པོ་མཆོད༔ འགྲོ་བ་མི་དང་ལྷན་ཅིག་འགྲོགསཿམིང་དང་ཆ་ལུགས་མ་ངེས་པར༔ ཆོ་འཕྲུལ་སྣ་ཚོགས་བསྒྱུར་ཞིང་སྟོན༔ དགྲ་བླ་བཙན་རྒོད་འབར་བ་མཆོད༔ ཡུལ་ལྷ་བཙན་རྒོད་འབར་བ་མཆོད༔ བཀའ་སྲུང་བཙན་རྒོད་འབར་བ་མཆོད༔ དམ་ཅན་བཙན་རྒོད་འབར་བ་མཆོད༔ སྔོན་ཚེ་ཐུབ་པའི་དབང་པོ་དང་༔ ཕྱག་རྡོར་པད་འབྱུང་ལ་སོགས་པའི༔ རིག་འཛིན་བརྒྱུད་པར་བཅས་པ་ཡི༔ དམ་ཚིག་གཉན་པོས་ཁྱོད་བསྟེན་བསྒྲུབ༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ཅིག༔ དགྱེས་པའི་ཞལ་དང་འགྲུབ་རྟགས་སྟོན༔ རི་ཁྲོད་དབེན་པར་བདག་སྲུང་ལ༔ སྙིང་རུས་ངེས་འབྱུང་རྟེན་ཕུར་ཚུགས༔ འཚོ་བ་སྦྱོར་བའི་ཡོན་བདག་སྩོལ༔ མོས་གུས་ཅན་གྱི་བུ་སློབ་བསྡུས༔ ཚེ་དང་སྒྲུབ་པ་མཉམ་པར་མཛོད༔ བདག་ནི་གར་སོང་གང་གནས་ཀྱང་༔ སྦྱིན་བདག་འབངས་འཁོར་ལེགས་པའི་ཚོགས༔ རང་དབང་མེད་པར་དབང་དུ་བསྡུས༔ མཐུན་རྐྱེན་ཕུན་སུམ་ཚོགས་པར་མཛོད༔ འགལ་རྐྱེན་དགྲ་བགེགས་རྡུལ་དུ་རློག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ མ་གཡེལ་མ་འདའ་ས་མ་ཡ༔ དེ་ཡིས་བཙན་རྒོད་བྲན་ཁོལ་གྱུར༔ ཡང་ན་བསྐང་གསོལ་འདིས་ཀྱང་འགྲུབ༔ ནམ་མཁའ་མཛོད་ཀྱི་སྔགས་བརྗོད་མཐར༔ ཀྱེ༔ སྲིད་པའི་བཙན་རྒོད་འདིར་གཤེགས་ཤིག༔ འབྱོར་ཚོགས་མཆོད་པའི་ཡོ་བྱད་ཚོགས༔ སྔགས་དང་ཏིང་འཛིན་བྱིན་རླབས་ནས༔ བཙན་རྒྱལ་ཆེན་པོ་ཁྱོད་ལ་འབུལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ རོལ་པ་སྐྱ་བདུན་ཚོགས་ལ་འབུལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ སྐད་ཅིག་མི་འབྲལ་སྲུང་སྐྱོབ་མཛོད༔ བདག་གི་བློ་ཕུག་ཆོས་ལ་བསྒྱུར༔ དབེན་པའི་རི་ཁྲོད་ཟིན་པར་མཛོད༔ མཐུན་རྐྱེན་བསམ་བཞིན་འབད་མེད་སྒྲུབས༔ འགལ་རྐྱེན་དགྲ་བགེགས་རྡུལ་དུ་རློག༔ མ་གཡེལ་མ་འགྱངས་ས་མ་ཡ༔ དེ་ལྟར་བསྐང་གསོལ་ལ་བརྩོན་ན༔ མི་འབྲལ་གྲོགས་སུ་འགྲུབ་པར་ངེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་མཐར་རང་སློབ་རྡོ་རྗེ་རྣམ་རྒྱལ་དང་ཆོས་འབྱོར་གཉིས་གྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཆོས་འབྱོར་རོ།།མངྒ་ལཾ།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:23, 4 June 2024
{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=09 |volumeLetter=TA |textnuminvol=039 |pdflink=File:TTDL-ZABTER-09-TA-039.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-09-TA }}