TTDL-ZABTER-13-PA-042: Difference between revisions

From Dudjom Wiki
TTDL-ZABTER-13-PA-042
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་རྒྱལ་པོ་ཨ་པ་ར་ལ་བརྟེན་པའི་གཡང་འགུགས་དངོས་གྲུབ་ཆར་འབེབས་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༥༣ལུས་ལ་དྲི་བཟང་ཆུས་བྱུག་ཅིང་༔ སྒྲུབ་ཁང་གནས་བཅས་ཡོ་བྱད་ལ༔ བདུད་རྩི་འཁྱིལ་བ་རྣམ་འཇོམས་ཀྱིས༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ གཙང་སྦྲ་བྱས་ཏེ་དགའ་སྤྲོ་དང་༔ ཆགས་པའི་སེམས་ཀྱིས་ཀུན་བསླངས་ཏེ༔ མདའ་དར་ལག་ཏུ་ཐོགས་ནས་སུ༔ ཀྱཻ༔ ཐུགས་དམ་བསྐུལ་ལོ་དཀོན་མཆོག་གསུམ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ འགྲོ་བ་དབུལ་ཞིང་ཕོངས་པ་ཡི༔ ཉམ་ཐག་སྡུག་བསྔལ་ལས་སྒྲོལ་ཏེ༔ ཐམས་ཅད་བདེ་ལ་འགོད་པའི་ཕྱིར༔ གནོད་སྦྱིན་ཡོངས་ཀྱི་བདག་པོ་མཆོག༔ ཨ་པར་ཙིཏྟའི་སྐུར་བཞེངས་ཤིག༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ བཀའ་སྲུང་ཆོས་སྐྱོང་ནོར་ལྷའི་ཚོགས༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ གནོད་སྦྱིན་རྒྱལ་པོ་ཨ་པ་རའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྣམ་པར་བཞེངས་ཏེ་འདིར་གཤེགས་བཞུགས༔ ཚད་མེད་རྣམ་བཞིའི་ཕྲིན་ལས་ཀྱིས༔ སྟེང་ཕྱོགས་ལྷ་ཡི་ཕྱྭ་གཡང་ཁུག༔ སྲིད་པ་ལྷ་ཁམས་དབང་དུ་བསྡུས༔ བར་མ་གཉན་གྱི་ཕྱྭ་གཡང་ཁུག༔ མི་དང་གཉན་ཁམས་དབང་དུ་བསྡུས༔ འོག་མ་ཀླུ་ཡི་ཕྱྭ་གཡང་ཁུག༔ སྲིད་པ་ཀླུ་ཁམས་དབང་དུ་བསྡུས༔ ཤར་ཕྱོགས་རྒྱལ་པོ་སྟག་གི་གདོང་༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཕྲིན་ལས་སྣ་ཚོགས་ཐབས་དུ་མས༔ དྲི་ཟའི་ཡུལ་ནས་ཕྱྭ་གཡང་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་གཟིག་གི་གདོང་༔ ཐུགས་དམ་བསྐུལ༴ཕྲིན་ལས༴གཤིན་རྗེའི་ཡུལ་ནས་ཕྱྭ་གཡང་ཁུག༔ ནུབ་ཕྱོགས་བཙན་རྗེ་དོམ་གྱི་གདོང་༔ ཐུགས་དམ༴ཕྲིན་ལས༴ཆུ་ལྷའི་ཡུལ་ནས༴བྱང་ཕྱོགས་བདུད་རྗེ་འབྲོང་གི་གདོང་༔ ཐུགས་དམ༴ཕྲིན་ལས༴གནོད་སྦྱིན་ཡུལ་ནས༴ཤར་ལྷོ་སྲིན་པོ་ནེ་ཙོའི་གདོང་༔ ཐུགས་དམ༴ཕྲིན་ལས༴མེ་ལྷའི་ཡུལ་ནས༴ལྷོ་ནུབ་ལྷ་མོ་རྨ་བྱའི་གདོང་༔ ཐུགས་དམ༴ཕྲིན་ལས༴སྲིན་པོའི་ཡུལ་ནས༴ནུབ་བྱང་གཟའ་བདུད་ཤང་ཤང་གདོང་༔ ཐུགས་དམ༴ཕྲིན་ལས༴རླུང་ལྷའི་ཡུལ་ནས༴བྱང་ཤར་ཀླུ་བདུད་གསེར་མིག་གདོང་༔ ཐུགས་དམ༴ཕྲིན་ལས༴དབང་ལྡན་ཡུལ་ནས༴གནོད་སྦྱིན་ནོར་གྱི་བདག་པོ་ཡི༔ སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་ཚོགས༔ མཐུ་རྩལ་མྱུར་མགྱོགས་ཤུགས་ཕྱུང་ལ༔ བཙན་པོའི་བཙན་གཡང་གནས་འདིར་ཁུག༔ ཕྱུག་པོའི་ཕྱུག་གཡང་༴འཕན་པོའི་འཕན་གཡང་༴དར་པོའི་དར་གཡང་༴རི་བོའི་རྩེ་ནས་ཕྱྭ༴རྒྱ་མཆོའི་གཏིང་ནས་ཕྱྭ༴མི་ནོར་ལོངས་སྤྱོད་ཕྱྭ༴རྟ་ཕྱུག་སྤུ་ནག༴གཟུགས་འགྲོས་དཀོར་གྱི༴རིན་ཆེན་ནོར་གྱི༴ལོངས་སྤྱོད་གཏེར་གྱི༴རི་རབ་བཞིན་དུ་བརྟན་པར་མཛོད༔ ལྷོ་སྤྲིན་བཞིན་དུ་འཐིབ་པར་མཛོད༔ རྩི་ཐོག་བཞིན་དུ་རྒྱས་པར་མཛོད༔ ཆུ་ཀླུང་བཞིན་དུ་འབབ་པར་མཛོད༔ ཉི་ཟླ་བཞིན་དུ་གསལ་བར་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ ཕྲིན་ལས་ལས་ཀྱི་ཕོ་ཉ་རྣམས༔ ཕྱྭ་གཡང་འགུགས་པའི་ལས་མཛོད་ལ༔ འགྲུབ་པའི་རྟགས་མཚན་མྱུར་དུ་སྟོན༔ ཨོཾ་ཙིཏྟ་ཡཀྴ་ཁུག་དུང་དུང་ཤོག༔ ཨ་ནྲྀ་ཨ་ཀཪྵ་ཡ་ཛ་ཛཿཏིཥྛ་བཛྲ་ས་མ་ཡ་སྟྭཾ༔ དེ་ལྟར་སྒྲུབ་ལ་བརྩོན་པའི་ཚེ༔ དུས་བཞི་དང་སྦྲགས་འདི་བརྩོན་བྱ༔ ཕྲིན་ལས་འགྲུབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཉིད་སྐྱེས་བུ་ཀློང་གསལ་གྱིས་ནན་དུ་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་ཞིང་དག་པར་ཕབ་པའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=13
|volumeLetter=PA
|textnuminvol=042
|pdflink=File:TTDL-ZABTER-13-PA-042.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-13-PA
}}
<h1>Tibetan Text</h1>
<onlyinclude>
{{TibP|ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་རྒྱལ་པོ་ཨ་པ་ར་ལ་བརྟེན་པའི་གཡང་འགུགས་དངོས་གྲུབ་ཆར་འབེབས་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༥༣ལུས་ལ་དྲི་བཟང་ཆུས་བྱུག་ཅིང་༔ སྒྲུབ་ཁང་གནས་བཅས་ཡོ་བྱད་ལ༔ བདུད་རྩི་འཁྱིལ་བ་རྣམ་འཇོམས་ཀྱིས༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ གཙང་སྦྲ་བྱས་ཏེ་དགའ་སྤྲོ་དང་༔ ཆགས་པའི་སེམས་ཀྱིས་ཀུན་བསླངས་ཏེ༔ མདའ་དར་ལག་ཏུ་ཐོགས་ནས་སུ༔ ཀྱཻ༔ ཐུགས་དམ་བསྐུལ་ལོ་དཀོན་མཆོག་གསུམ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ འགྲོ་བ་དབུལ་ཞིང་ཕོངས་པ་ཡི༔ ཉམ་ཐག་སྡུག་བསྔལ་ལས་སྒྲོལ་ཏེ༔ ཐམས་ཅད་བདེ་ལ་འགོད་པའི་ཕྱིར༔ གནོད་སྦྱིན་ཡོངས་ཀྱི་བདག་པོ་མཆོག༔ ཨ་པར་ཙིཏྟའི་སྐུར་བཞེངས་ཤིག༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ བཀའ་སྲུང་ཆོས་སྐྱོང་ནོར་ལྷའི་ཚོགས༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ གནོད་སྦྱིན་རྒྱལ་པོ་ཨ་པ་རའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྣམ་པར་བཞེངས་ཏེ་འདིར་གཤེགས་བཞུགས༔ ཚད་མེད་རྣམ་བཞིའི་ཕྲིན་ལས་ཀྱིས༔ སྟེང་ཕྱོགས་ལྷ་ཡི་ཕྱྭ་གཡང་ཁུག༔ སྲིད་པ་ལྷ་ཁམས་དབང་དུ་བསྡུས༔ བར་མ་གཉན་གྱི་ཕྱྭ་གཡང་ཁུག༔ མི་དང་གཉན་ཁམས་དབང་དུ་བསྡུས༔ འོག་མ་ཀླུ་ཡི་ཕྱྭ་གཡང་ཁུག༔ སྲིད་པ་ཀླུ་ཁམས་དབང་དུ་བསྡུས༔ ཤར་ཕྱོགས་རྒྱལ་པོ་སྟག་གི་གདོང་༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཕྲིན་ལས་སྣ་ཚོགས་ཐབས་དུ་མས༔ དྲི་ཟའི་ཡུལ་ནས་ཕྱྭ་གཡང་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་གཟིག་གི་གདོང་༔ ཐུགས་དམ་བསྐུལ༴ཕྲིན་ལས༴གཤིན་རྗེའི་ཡུལ་ནས་ཕྱྭ་གཡང་ཁུག༔ ནུབ་ཕྱོགས་བཙན་རྗེ་དོམ་གྱི་གདོང་༔ ཐུགས་དམ༴ཕྲིན་ལས༴ཆུ་ལྷའི་ཡུལ་ནས༴བྱང་ཕྱོགས་བདུད་རྗེ་འབྲོང་གི་གདོང་༔ ཐུགས་དམ༴ཕྲིན་ལས༴གནོད་སྦྱིན་ཡུལ་ནས༴ཤར་ལྷོ་སྲིན་པོ་ནེ་ཙོའི་གདོང་༔ ཐུགས་དམ༴ཕྲིན་ལས༴མེ་ལྷའི་ཡུལ་ནས༴ལྷོ་ནུབ་ལྷ་མོ་རྨ་བྱའི་གདོང་༔ ཐུགས་དམ༴ཕྲིན་ལས༴སྲིན་པོའི་ཡུལ་ནས༴ནུབ་བྱང་གཟའ་བདུད་ཤང་ཤང་གདོང་༔ ཐུགས་དམ༴ཕྲིན་ལས༴རླུང་ལྷའི་ཡུལ་ནས༴བྱང་ཤར་ཀླུ་བདུད་གསེར་མིག་གདོང་༔ ཐུགས་དམ༴ཕྲིན་ལས༴དབང་ལྡན་ཡུལ་ནས༴གནོད་སྦྱིན་ནོར་གྱི་བདག་པོ་ཡི༔ སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་ཚོགས༔ མཐུ་རྩལ་མྱུར་མགྱོགས་ཤུགས་ཕྱུང་ལ༔ བཙན་པོའི་བཙན་གཡང་གནས་འདིར་ཁུག༔ ཕྱུག་པོའི་ཕྱུག་གཡང་༴འཕན་པོའི་འཕན་གཡང་༴དར་པོའི་དར་གཡང་༴རི་བོའི་རྩེ་ནས་ཕྱྭ༴རྒྱ་མཆོའི་གཏིང་ནས་ཕྱྭ༴མི་ནོར་ལོངས་སྤྱོད་ཕྱྭ༴རྟ་ཕྱུག་སྤུ་ནག༴གཟུགས་འགྲོས་དཀོར་གྱི༴རིན་ཆེན་ནོར་གྱི༴ལོངས་སྤྱོད་གཏེར་གྱི༴རི་རབ་བཞིན་དུ་བརྟན་པར་མཛོད༔ ལྷོ་སྤྲིན་བཞིན་དུ་འཐིབ་པར་མཛོད༔ རྩི་ཐོག་བཞིན་དུ་རྒྱས་པར་མཛོད༔ ཆུ་ཀླུང་བཞིན་དུ་འབབ་པར་མཛོད༔ ཉི་ཟླ་བཞིན་དུ་གསལ་བར་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ ཕྲིན་ལས་ལས་ཀྱི་ཕོ་ཉ་རྣམས༔ ཕྱྭ་གཡང་འགུགས་པའི་ལས་མཛོད་ལ༔ འགྲུབ་པའི་རྟགས་མཚན་མྱུར་དུ་སྟོན༔ ཨོཾ་ཙིཏྟ་ཡཀྴ་ཁུག་དུང་དུང་ཤོག༔ ཨ་ནྲྀ་ཨ་ཀཪྵ་ཡ་ཛ་ཛཿཏིཥྛ་བཛྲ་ས་མ་ཡ་སྟྭཾ༔ དེ་ལྟར་སྒྲུབ་ལ་བརྩོན་པའི་ཚེ༔ དུས་བཞི་དང་སྦྲགས་འདི་བརྩོན་བྱ༔ ཕྲིན་ལས་འགྲུབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཉིད་སྐྱེས་བུ་ཀློང་གསལ་གྱིས་ནན་དུ་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་ཞིང་དག་པར་ཕབ་པའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:23, 4 June 2024

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=13 |volumeLetter=PA |textnuminvol=042 |pdflink=File:TTDL-ZABTER-13-PA-042.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-13-PA }}

[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གནོད་སྦྱིན་རྒྱལ་པོ་ཨ་པ་ར་ལ་བརྟེན་པའི་གཡང་འགུགས་དངོས་གྲུབ་ཆར་འབེབས་བཞུགས༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༡༥༣ལུས་ལ་དྲི་བཟང་ཆུས་བྱུག་ཅིང་༔ སྒྲུབ་ཁང་གནས་བཅས་ཡོ་བྱད་ལ༔ བདུད་རྩི་འཁྱིལ་བ་རྣམ་འཇོམས་ཀྱིས༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ གཙང་སྦྲ་བྱས་ཏེ་དགའ་སྤྲོ་དང་༔ ཆགས་པའི་སེམས་ཀྱིས་ཀུན་བསླངས་ཏེ༔ མདའ་དར་ལག་ཏུ་ཐོགས་ནས་སུ༔ ཀྱཻ༔ ཐུགས་དམ་བསྐུལ་ལོ་དཀོན་མཆོག་གསུམ༔ བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ འགྲོ་བ་དབུལ་ཞིང་ཕོངས་པ་ཡི༔ ཉམ་ཐག་སྡུག་བསྔལ་ལས་སྒྲོལ་ཏེ༔ ཐམས་ཅད་བདེ་ལ་འགོད་པའི་ཕྱིར༔ གནོད་སྦྱིན་ཡོངས་ཀྱི་བདག་པོ་མཆོག༔ ཨ་པར་ཙིཏྟའི་སྐུར་བཞེངས་ཤིག༔ ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ བཀའ་སྲུང་ཆོས་སྐྱོང་ནོར་ལྷའི་ཚོགས༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ གནོད་སྦྱིན་རྒྱལ་པོ་ཨ་པ་རའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྣམ་པར་བཞེངས་ཏེ་འདིར་གཤེགས་བཞུགས༔ ཚད་མེད་རྣམ་བཞིའི་ཕྲིན་ལས་ཀྱིས༔ སྟེང་ཕྱོགས་ལྷ་ཡི་ཕྱྭ་གཡང་ཁུག༔ སྲིད་པ་ལྷ་ཁམས་དབང་དུ་བསྡུས༔ བར་མ་གཉན་གྱི་ཕྱྭ་གཡང་ཁུག༔ མི་དང་གཉན་ཁམས་དབང་དུ་བསྡུས༔ འོག་མ་ཀླུ་ཡི་ཕྱྭ་གཡང་ཁུག༔ སྲིད་པ་ཀླུ་ཁམས་དབང་དུ་བསྡུས༔ ཤར་ཕྱོགས་རྒྱལ་པོ་སྟག་གི་གདོང་༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ ཕྲིན་ལས་སྣ་ཚོགས་ཐབས་དུ་མས༔ དྲི་ཟའི་ཡུལ་ནས་ཕྱྭ་གཡང་ཁུག༔ ལྷོ་ཕྱོགས་གཤིན་རྗེའི་གཟིག་གི་གདོང་༔ ཐུགས་དམ་བསྐུལ༴ཕྲིན་ལས༴གཤིན་རྗེའི་ཡུལ་ནས་ཕྱྭ་གཡང་ཁུག༔ ནུབ་ཕྱོགས་བཙན་རྗེ་དོམ་གྱི་གདོང་༔ ཐུགས་དམ༴ཕྲིན་ལས༴ཆུ་ལྷའི་ཡུལ་ནས༴བྱང་ཕྱོགས་བདུད་རྗེ་འབྲོང་གི་གདོང་༔ ཐུགས་དམ༴ཕྲིན་ལས༴གནོད་སྦྱིན་ཡུལ་ནས༴ཤར་ལྷོ་སྲིན་པོ་ནེ་ཙོའི་གདོང་༔ ཐུགས་དམ༴ཕྲིན་ལས༴མེ་ལྷའི་ཡུལ་ནས༴ལྷོ་ནུབ་ལྷ་མོ་རྨ་བྱའི་གདོང་༔ ཐུགས་དམ༴ཕྲིན་ལས༴སྲིན་པོའི་ཡུལ་ནས༴ནུབ་བྱང་གཟའ་བདུད་ཤང་ཤང་གདོང་༔ ཐུགས་དམ༴ཕྲིན་ལས༴རླུང་ལྷའི་ཡུལ་ནས༴བྱང་ཤར་ཀླུ་བདུད་གསེར་མིག་གདོང་༔ ཐུགས་དམ༴ཕྲིན་ལས༴དབང་ལྡན་ཡུལ་ནས༴གནོད་སྦྱིན་ནོར་གྱི་བདག་པོ་ཡི༔ སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་ཚོགས༔ མཐུ་རྩལ་མྱུར་མགྱོགས་ཤུགས་ཕྱུང་ལ༔ བཙན་པོའི་བཙན་གཡང་གནས་འདིར་ཁུག༔ ཕྱུག་པོའི་ཕྱུག་གཡང་༴འཕན་པོའི་འཕན་གཡང་༴དར་པོའི་དར་གཡང་༴རི་བོའི་རྩེ་ནས་ཕྱྭ༴རྒྱ་མཆོའི་གཏིང་ནས་ཕྱྭ༴མི་ནོར་ལོངས་སྤྱོད་ཕྱྭ༴རྟ་ཕྱུག་སྤུ་ནག༴གཟུགས་འགྲོས་དཀོར་གྱི༴རིན་ཆེན་ནོར་གྱི༴ལོངས་སྤྱོད་གཏེར་གྱི༴རི་རབ་བཞིན་དུ་བརྟན་པར་མཛོད༔ ལྷོ་སྤྲིན་བཞིན་དུ་འཐིབ་པར་མཛོད༔ རྩི་ཐོག་བཞིན་དུ་རྒྱས་པར་མཛོད༔ ཆུ་ཀླུང་བཞིན་དུ་འབབ་པར་མཛོད༔ ཉི་ཟླ་བཞིན་དུ་གསལ་བར་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དམ་གཉན་པོ་དཔང་བཙུགས་ཏེ༔ ཕྲིན་ལས་ལས་ཀྱི་ཕོ་ཉ་རྣམས༔ ཕྱྭ་གཡང་འགུགས་པའི་ལས་མཛོད་ལ༔ འགྲུབ་པའི་རྟགས་མཚན་མྱུར་དུ་སྟོན༔ ཨོཾ་ཙིཏྟ་ཡཀྴ་ཁུག་དུང་དུང་ཤོག༔ ཨ་ནྲྀ་ཨ་ཀཪྵ་ཡ་ཛ་ཛཿཏིཥྛ་བཛྲ་ས་མ་ཡ་སྟྭཾ༔ དེ་ལྟར་སྒྲུབ་ལ་བརྩོན་པའི་ཚེ༔ དུས་བཞི་དང་སྦྲགས་འདི་བརྩོན་བྱ༔ ཕྲིན་ལས་འགྲུབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་ཉིད་སྐྱེས་བུ་ཀློང་གསལ་གྱིས་ནན་དུ་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་ཞིང་དག་པར་ཕབ་པའི་ཡི་གེ་པ་ནི་ངག་དབང་ཕྲིན་ལས་སོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།