TTDL-ZABTER-12-NA-030: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠༠༠བརྡ་ཡིག༡༣༩རྫོགས་པ་ཆེན་པོའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཟབ་ཆོས་གཅོད་ཀྱི་བསྒོམ་རིམ་ཕུང་པོ་ཚོགས་སུ་སྦྱིན་པ་ངར་འཛིན་རྩད་ནས་གཅོད་པ་ཞེས་བྱ་བ་བཞུགས་སོ༔ | {{Text | ||
༠༠༠༠༠བརྡ་ཡིག༡༤༠ན་མོ་གུ་རུ་ཌཱཀྐི་ནཱི༔ ༠༠༠༠༠བརྡ་ཡིག༡༤༠ཕཊ༔ ང་བདག་གི་གཟུང་འཛིན་ལྷ་འདྲེ་རྣམས༔ བདག་མེད་ཀྱི་དོན་དམ་གཉན་སར་འདུས༔ ཕཊ༔ གཞི་གྲོལ་གྱི་རྡོ་རྗེ་རྣལ་འབྱོར་མས༔ རྒྱུ་དབང་བསྡུས་རྐྱེན་སྣང་ཟིལ་གྱིས་གནོན༔ ཕཊ༔ བདག་ཉིད་ཀྱི་མ་བཙལ་ནམ་མཁའ་ལ༔ མཆོག་གསུམ་དང་རྩ་གསུམ་ལྷ་ཚོགས་རྣམས༔ འོད་སྤྲིན་དཔུང་ཐིབས་སེ་བཞུགས་པར་བསམ༔ འོད་འཕྲོས་པས་ཡེ་ཤེས་སྤྱན་དྲངས་བསྟིམ༔ ཕཊ་ཕཊ་ཕཊ༔ ན་མོ༔ བདག་དང་གཉིས་སྣང་ལྷ་འདྲེའི་ཚོགས༔ སྐྱབས་ཡུལ་གྱི་ལྷ་ལ་སྐྱབས་སུ་མཆི༔ མར་གྱུར་གྱི་སེམས་ཅན་མ་ལུས་པ༔ སངས་རྒྱས་ཀྱི་ལམ་ཐོབ་སེམས་བསྐྱེད་དོ༔ ཕཊ༔ གཞི་སྟོང་ཉིད་ཀྱི་གདངས་ཆེན་ས་གཞི་ལ༔ ལམ་ཆོས་ཉིད་ཀྱི་སྤྲིན་དཔུང་མཎྜལ་བཀོད༔ ཡུལ་ཀ་དག་གི་རང་རྩལ་ལྷ་ལ་འབུལ༔ འབྲས་མ་རྣམས་སྐུ་གསུམ་ཐོབ་པར་ཤོག༔ ཕཊ༔ དྲིན་མཚུངས་མེད་རྩ་བའི་བླ་མ་ནི༔ འབད་རྩོལ་བྲལ་དབྱིངས་ཀྱི་མཁའ་ལ་ཤར༔ དོན་སྤངས་བླང་བྲལ་བས་གསོལ་བ་འདེབས༔ གདངས་སྐུ་གསུམ་ཐོབ་པར་བྱིན་གྱིས་རློབས༔ ཕཊ༔ གནས་སྤྱི་བོའི་གཙུག་གི་ནམ་མཁའ་ལ༔ མདངས་འཇའ་ཟེར་འོད་ཁྱིམ་འཁྲིགས་པའི་དབུས༔ མ་གསང་བ་ཡེ་ཤེས་མཁའ་འགྲོ་མ༔ ཕྱག་གྲི་ཐོད་གར་སྟབས་རྒྱན་རྣམས་རྫོགས༔ ཕཊ༔ རང་ལུས་འོད་ཀྱི་སྲོག་ཤིང་དབུ་མ་ནི༔ ཧད་པོར་གྱི་སྤྱི་བོར་ཟུག་པར་བསམ༔ རང་སེམས་ཀྱི་ཐིག་ལེ་ཉག་གཅིག་འདི༔ མ་ཅིག་གི་མཁའ་ཀློང་ཡངས་པར་འཕོ༔ ཕཊ་ཕཊ༔ རང་བྱུང་གི་ཡེ་ཤེས་མཁའ་འགྲོ་མས༔ གཡས་གྲི་གུག་བེམ་པོར་ཚད་ཙམ་གྱིས༔ འབྱུང་ལུས་ཀྱི་མགོ་བྲེག་བྷན་དམར་བྱས༔ སྐུ་གསུམ་མཚོན་མི་མགོའི་སྒྱེད་པུར་བཞག༔ ཕཊ༔ གཟུགས་ཕུང་པོ་བྷནྡྷའི་སྣོད་དུ་བཤིག༔ སྔགས་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་རློབས༔ ཟག་མེད་ཀྱི་བདུད་རྩིས་འཁོར་འདས་ཁྱབ༔ མཆོད་ཡུལ་གྱི་ལྷ་རྣམས་སྤྱན་དྲངས་གྱུར༔ ཕཊ་ཕཊ་ཕཊ༔ རང་རིག་པའི་ཆོ་རོལ་མཁའ་འགྲོ་མ༔ གྲངས་མེད་ཀྱི་གཡས་པས་གསེར་སྐྱོགས་དང་༔ གཡོན་པ་ཡིས་རོལ་བྱེད་བྷན་དམར་འཛིན༔ གསེར་སྐྱོག་གིས་བདུད་རྩི་རྒྱ་མཚོ་གཅུས༔ བྷན་དམར་ལས་འདོད་ཡོན་སྤྲིན་དཔུང་འཁྲིགས༔ ཕཊ༔ འབད་རྩོལ་བྲལ་སྤྲོས་བྲལ་ནམ་མཁའ་ལ༔ ཐུགས་ཕྱོགས་ལྷུང་བྲལ་བའི་མཆོག་གསུམ་ལ༔ སེམས་ངར་འཛིན་བྲལ་བས་མཆོད་པ་འབུལ༔ མ་སེམས་ཅན་ཚོགས་རྫོགས་སངས་རྒྱས་ཤོག༔ ཕཊ་ཕཊ་ཕཊ༔ བརྒྱུད་གསུམ་གྱི་བླ་མ་རིག་འཛིན་མཆོད༔ ཐེག་དགུ་འབྲེལ་ཡི་དམ་ལྷ་ཚོགས་མཆོད༔ གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མཆོད༔ ཚོགས་གཉིས་རྫོགས་བདག་འཛིན་ཆོད་པར་ཤོག༔ ཕཊ་ཕཊ་ཕཊ༔ ཡེ་ཤེས་དང་འཇིག་རྟེན་ཕོ་རྒྱུད་དམ་ཅན་སྤྱི༔ ནང་ཕྱི་གསང་མོ་རྒྱུད་བསྟན་སྲུང་མ་ལུས་ལ༔ རང་རང་གི་ཐུགས་མཐུན་འདོད་ཡོན་རྒྱ་མཚོ་མཆོད༔ རྐྱེན་བར་ཆད་ཀུན་སེལ་ལས་བཞིའི་ཕྲིན་ལས་མཛོད༔ ཕཊ་ཕཊ་ཕཊ༔ ལྷན་སྐྱེས་པའི་འབྱུང་ལུས་ཕུང་པོ་རོའི༔ ལྤགས་བཤུས་ནས་གསེར་གྱི་ས་གཞིར་ཁེབས༔ ལུས་ཤ་ཁྲག་ཞིང་ལྤགས་གཞི་རུ་ཞིག༔ ཟག་མེད་ཀྱི་འདོད་ཡོན་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ༔ ཕཊ༔ རང་ཆོ་རོལ་ལས་བྱེད་གནས་འགྱུར་ནས༔ དབུ་གླང་ཆེན་རྟ་མཆོག་རྨ་བྱ་དང་༔ ཕག་ཁྱི་ཡི་གདོང་ཅན་གྲངས་མེད་ཀྱིས༔ གཡས་ལྕགས་གཟར་གཡོན་པས་བྷན་ཐོད་འཛིན༔ ཕཊ༔ ངར་འཛིན་བྲལ་བའི་རྣལ་འབྱོར་པས༔ གཅེས་འཛིན་ཕུང་པོ་ཚོགས་སུ་སྤེལ༔ ཁམས་གསུམ་སེམས་ཅན་མ་རུ་ཤེས༔ ལན་ཆགས་འཇལ་བའི་འཁོར་ལོ་བསྐོར༔ ཕཊ༔ རྒྱལ་པོ་པེ་ཧར་མན་ཆད་ནས༔ ཐེའུ་རང་རྐང་གཅིག་ཡན་ཆད་ཀྱི༔ སྣང་སྲིད་ལྷ་སྲིན་ཐམས་ཅད་ལ༔ རང་རང་མཉེས་པའི་མཆོད་པ་ཕུལ༔ ཕཊ༔ དྲི་ཟའི་རྒྱལ་པོ་མན་ཆད་ནས༔ འཕྲོག་མ་མ་བུ་ཡན་ཆད་ཀྱི༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ རང་རང་ཡིད་མཐུན་འདོད་ཡོན་བསྔོ༔ བུ་ལོན་ལན་ཆགས་བྱང་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ འཇིག་རྟེན་བདུན་གྱི་ཕ་མ་ལ༔ མ་སོད་ལན་ཆགས་བུ་ལོན་དང་༔ སྡུག་བསྔལ་སེལ་བའི་བདུད་རྩི་འབུལ༔ འཁོར་བ་འདས་པའི་དང་པོར་གྱུར༔ ཕཊ་ཕཊ་ཕཊ༔ སྟོང་གསུམ་ཁྱོན་གྱི་ཀ་པཱ་ལར༔ ལྷག་མའི་གཏོར་མ་ཀུན་ཁྱབ་བརྡལ༔ ཞ་ལོང་འོན་ལྐུག་ཁས་ཉན་དང་༔ དབང་ཆུང་རིགས་ངན་ཐམས་ཅད་ལ༔ བག་ཆགས་སྦྱངས་པའི་ཆུ་རྒྱུན་དང་༔ འདོད་པ་ཚིམས་པའི་ལོངས་སྤྱོད་འབུལ༔ འབད་རྩོལ་མི་དགོས་ཐོབ་གྱུར་ནས༔ སྡུག་བྲལ་བདེ་མཆོག་མཉེས་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ འདི་དང་དུས་གསུམ་དགེ་ཚོགས་རྣམས༔ གཟུང་འཛིན་འཁྲུལ་པའི་མ་ལ་བསྔོ༔ བསྔོ་བ་བྱ་བྱེད་ཡུལ་དང་བཅས༔ སྒྱུ་མ་ལྟ་བུའི་ཀློང་དུ་ཕཊ༔ ཕཊ༔ རྒྱལ་དང་རྒྱལ་སྲས་བདེན་པ་དང་༔ བདག་གིས་ལྷག་བསམ་རྣམ་དག་མཐུས༔ ཟབ་ལམ་སྟོར་བའི་མ་རྒན་རྣམས༔ རང་ཐོག་བཙན་ས་ཟིན་པར་ཤོག༔ ཕཊ༔ ཀུན་རྫོབ་སྒྱུ་མ་ལྟ་བུའི་གདངས༔ གཏིང་མཐའ་བྲལ་བ་སེམས་ཀྱི་ཚོགས༔ མཐོང་མྱོང་རེག་པས་གཉིས་འཛིན་འདྲེ༔ རང་གདངས་ཀློང་གསུམ་སད་གྱུར་ཅིག༔ ཕཊ༔ རྐྱེན་སྣང་ཉོན་འཁྲུལ་ལྷ་འདྲེའི་ཚོགས༔ གཏིང་བྲལ་ཀློང་ལས་རང་ངོ་མཇལ༔ གཞི་གྲོལ་སྐུ་གསུམ་ཀློང་རྡོལ་ནས༔ ཀ་དག་ཁྱབ་བརྡལ་དབྱིངས་སུ་ལྷུག༔ ཕཊ་ཕཊ་ཕཊ༔ མ་བཙལ་ཡོངས་གྲུབ་སྲི་ཞུའི་མགྲོན༔ རིག་པའི་གར་བསྒྱུར་ལས་བྱེད་ཚོགས༔ མིག་འཕྲུལ་བཞིན་དུ་རང་ལ་དྲིལ༔ རང་ཉིད་སྤྲོས་བྲལ་མཁའ་འགྲོ་མ༔ ང་མེད་ང་ཡིས་འཁོར་འདས་ཁྱབ༔ རྟག་ཆད་གཉིས་མེད་རིག་རྩལ་རྒྱས༔ གཞི་གྲོལ་ནམ་མཁའ་གཡའ་དག་ལྟར༔ ཁྱབ་བརྡལ་རྫོགས་པ་ཆེན་པོའི་དོན༔ སྤྲུལ་བསྒྱུར་གཞན་དོན་བྱེད་པའི་ལམ༔ ཐུགས་རྗེ་ཕྱོགས་མེད་ཁྱབ་བརྡལ་འབྲས༔ གདངས་གསུམ་ཕྱོགས་ལྷུང་བྲལ་བའི་ས༔ སྨྲ་བསམ་བརྗོད་བྲལ་རྒྱལ་བའི་ཡུམ༔ ཀློང་ཆེན་ཡངས་པའི་མཁའ་ཀློང་དུ༔ ཆོས་ཉིད་སྤྲིན་དཔུང་ལྷུན་ཆགས་པ༔ རྒྱལ་ཀུན་ཞིང་རྣམས་ལྷན་ནེར་རྫོགས༔ གཏད་མེད་རྒྱ་ཡན་ངང་དུ་བཞག༔ ཕཊ་ཕཊ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༡༤༥ཕྱི་རབས་ལས་ཅན་སྐལ་ལྡན་རྣམས༔ སྦྱིན་པ་མཐར་ཕྱིན་གདམས་ངག་འདི༔ བྱམས་དང་སྙིང་རྗེ་དབྱེར་མེད་ངང་༔ ལན་གཅིག་ཙམ་ཡང་བསྒོམ་པ་ནི༔ འཕོ་བ་བརྒྱ་ཡི་དོ་ཟླ་མིན༔ ཚོགས་གཉིས་ཡོངས་སུ་རྫོགས་པར་འགྱུར༔ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་འདག༔ རང་དོན་གཞན་དོན་གང་ལ་ཡང་༔ འདི་ཉིད་ལན་གཅིག་བསྒོམ་པ་ནི༔ དེ་རིང་འཆི་ངེས་མི་ཡིན་ཀྱང་༔ ཞག་བདུན་ཚེ་བསྲིང་ཐེ་ཚོམ་མེད༔ འདི་ལས་ལྷག་པའི་སྒྲིབ་སྦྱངས་ནི༔ སྟོང་གསུམ་གང་ལ་བཙལ་ཀྱང་མེད༔ སློབ་དཔོན་པདྨ་ཐོད་ཕྲེང་ངས༔ སྙིང་ཐིག་ཀུན་རྫོབ་ཤོག་བུར་བཀོད༔ མཁའ་འགྲོ་འབུམ་གྱི་ཁ་རླངས་བཏབ༔ ཆོས་སྐྱོང་རྣམས་ལ་བྱ་ར་བཅོལ༔ བཀའ་དང་ཐ་ཚིག་རྒྱས་བཏབ་ནས༔ ཕྱི་རབས་ལས་ཅན་དོན་དུ་སྦས༔ སྙིང་ལ་འཆོང་ཤིག་ཕྱི་རབས་རྣམས༔ སློབ་མ་འབྲོག་བན་ལོ་ཙཱ་ཁྱོད༔ བཀའ་འདི་ཨ་ཤྭའི་སྨོན་འགྲུབ་མཆོད་རྟེན་སྦོས༔ ཉེ་མགོན་ཆེན་པོ་སེང་གདོང་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཀའ་དང་ཐ་ཚིག་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བཀའ་རྒྱ༔ དགོངས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ཁ་ཐམ༔ གུ་ཧྱ༔ ས་མ་ཡ༔ བརྡ་ཐིམ༔ ཞེས་པ་འདི་དྲེད་པོ་ལྷ་བཙུན་བདུད་འཇོམས་རྡོ་རྗེས་ཁམས་ཡུལ་ཨ་ཤྭའི་སྨོན་འགྲུབ་མཆོད་རྟེན་ནས་རྟ་ལོ་དགུན་ཟླ་འབྲིང་པོའི་ཉེར་བརྒྱད་སྐར་མ་ལྷ་མཚམས་ཤར་བའི་ཉིན་དུ་སྤྱན་དྲངས་པའི་ཤོག་སེར་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་ཀྱིས་བགྱིས་པའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།། | |classification=Tibetan Publications | ||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=12 | |||
|volumeLetter=NA | |||
|textnuminvol=030 | |||
|pdflink=File:TTDL-ZABTER-12-NA-030.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-12-NA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠༠༠བརྡ་ཡིག༡༣༩རྫོགས་པ་ཆེན་པོའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས༔ ཟབ་ཆོས་གཅོད་ཀྱི་བསྒོམ་རིམ་ཕུང་པོ་ཚོགས་སུ་སྦྱིན་པ་ངར་འཛིན་རྩད་ནས་གཅོད་པ་ཞེས་བྱ་བ་བཞུགས་སོ༔ | |||
༠༠༠༠༠བརྡ་ཡིག༡༤༠ན་མོ་གུ་རུ་ཌཱཀྐི་ནཱི༔ ༠༠༠༠༠བརྡ་ཡིག༡༤༠ཕཊ༔ ང་བདག་གི་གཟུང་འཛིན་ལྷ་འདྲེ་རྣམས༔ བདག་མེད་ཀྱི་དོན་དམ་གཉན་སར་འདུས༔ ཕཊ༔ གཞི་གྲོལ་གྱི་རྡོ་རྗེ་རྣལ་འབྱོར་མས༔ རྒྱུ་དབང་བསྡུས་རྐྱེན་སྣང་ཟིལ་གྱིས་གནོན༔ ཕཊ༔ བདག་ཉིད་ཀྱི་མ་བཙལ་ནམ་མཁའ་ལ༔ མཆོག་གསུམ་དང་རྩ་གསུམ་ལྷ་ཚོགས་རྣམས༔ འོད་སྤྲིན་དཔུང་ཐིབས་སེ་བཞུགས་པར་བསམ༔ འོད་འཕྲོས་པས་ཡེ་ཤེས་སྤྱན་དྲངས་བསྟིམ༔ ཕཊ་ཕཊ་ཕཊ༔ ན་མོ༔ བདག་དང་གཉིས་སྣང་ལྷ་འདྲེའི་ཚོགས༔ སྐྱབས་ཡུལ་གྱི་ལྷ་ལ་སྐྱབས་སུ་མཆི༔ མར་གྱུར་གྱི་སེམས་ཅན་མ་ལུས་པ༔ སངས་རྒྱས་ཀྱི་ལམ་ཐོབ་སེམས་བསྐྱེད་དོ༔ ཕཊ༔ གཞི་སྟོང་ཉིད་ཀྱི་གདངས་ཆེན་ས་གཞི་ལ༔ ལམ་ཆོས་ཉིད་ཀྱི་སྤྲིན་དཔུང་མཎྜལ་བཀོད༔ ཡུལ་ཀ་དག་གི་རང་རྩལ་ལྷ་ལ་འབུལ༔ འབྲས་མ་རྣམས་སྐུ་གསུམ་ཐོབ་པར་ཤོག༔ ཕཊ༔ དྲིན་མཚུངས་མེད་རྩ་བའི་བླ་མ་ནི༔ འབད་རྩོལ་བྲལ་དབྱིངས་ཀྱི་མཁའ་ལ་ཤར༔ དོན་སྤངས་བླང་བྲལ་བས་གསོལ་བ་འདེབས༔ གདངས་སྐུ་གསུམ་ཐོབ་པར་བྱིན་གྱིས་རློབས༔ ཕཊ༔ གནས་སྤྱི་བོའི་གཙུག་གི་ནམ་མཁའ་ལ༔ མདངས་འཇའ་ཟེར་འོད་ཁྱིམ་འཁྲིགས་པའི་དབུས༔ མ་གསང་བ་ཡེ་ཤེས་མཁའ་འགྲོ་མ༔ ཕྱག་གྲི་ཐོད་གར་སྟབས་རྒྱན་རྣམས་རྫོགས༔ ཕཊ༔ རང་ལུས་འོད་ཀྱི་སྲོག་ཤིང་དབུ་མ་ནི༔ ཧད་པོར་གྱི་སྤྱི་བོར་ཟུག་པར་བསམ༔ རང་སེམས་ཀྱི་ཐིག་ལེ་ཉག་གཅིག་འདི༔ མ་ཅིག་གི་མཁའ་ཀློང་ཡངས་པར་འཕོ༔ ཕཊ་ཕཊ༔ རང་བྱུང་གི་ཡེ་ཤེས་མཁའ་འགྲོ་མས༔ གཡས་གྲི་གུག་བེམ་པོར་ཚད་ཙམ་གྱིས༔ འབྱུང་ལུས་ཀྱི་མགོ་བྲེག་བྷན་དམར་བྱས༔ སྐུ་གསུམ་མཚོན་མི་མགོའི་སྒྱེད་པུར་བཞག༔ ཕཊ༔ གཟུགས་ཕུང་པོ་བྷནྡྷའི་སྣོད་དུ་བཤིག༔ སྔགས་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་རློབས༔ ཟག་མེད་ཀྱི་བདུད་རྩིས་འཁོར་འདས་ཁྱབ༔ མཆོད་ཡུལ་གྱི་ལྷ་རྣམས་སྤྱན་དྲངས་གྱུར༔ ཕཊ་ཕཊ་ཕཊ༔ རང་རིག་པའི་ཆོ་རོལ་མཁའ་འགྲོ་མ༔ གྲངས་མེད་ཀྱི་གཡས་པས་གསེར་སྐྱོགས་དང་༔ གཡོན་པ་ཡིས་རོལ་བྱེད་བྷན་དམར་འཛིན༔ གསེར་སྐྱོག་གིས་བདུད་རྩི་རྒྱ་མཚོ་གཅུས༔ བྷན་དམར་ལས་འདོད་ཡོན་སྤྲིན་དཔུང་འཁྲིགས༔ ཕཊ༔ འབད་རྩོལ་བྲལ་སྤྲོས་བྲལ་ནམ་མཁའ་ལ༔ ཐུགས་ཕྱོགས་ལྷུང་བྲལ་བའི་མཆོག་གསུམ་ལ༔ སེམས་ངར་འཛིན་བྲལ་བས་མཆོད་པ་འབུལ༔ མ་སེམས་ཅན་ཚོགས་རྫོགས་སངས་རྒྱས་ཤོག༔ ཕཊ་ཕཊ་ཕཊ༔ བརྒྱུད་གསུམ་གྱི་བླ་མ་རིག་འཛིན་མཆོད༔ ཐེག་དགུ་འབྲེལ་ཡི་དམ་ལྷ་ཚོགས་མཆོད༔ གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་མཆོད༔ ཚོགས་གཉིས་རྫོགས་བདག་འཛིན་ཆོད་པར་ཤོག༔ ཕཊ་ཕཊ་ཕཊ༔ ཡེ་ཤེས་དང་འཇིག་རྟེན་ཕོ་རྒྱུད་དམ་ཅན་སྤྱི༔ ནང་ཕྱི་གསང་མོ་རྒྱུད་བསྟན་སྲུང་མ་ལུས་ལ༔ རང་རང་གི་ཐུགས་མཐུན་འདོད་ཡོན་རྒྱ་མཚོ་མཆོད༔ རྐྱེན་བར་ཆད་ཀུན་སེལ་ལས་བཞིའི་ཕྲིན་ལས་མཛོད༔ ཕཊ་ཕཊ་ཕཊ༔ ལྷན་སྐྱེས་པའི་འབྱུང་ལུས་ཕུང་པོ་རོའི༔ ལྤགས་བཤུས་ནས་གསེར་གྱི་ས་གཞིར་ཁེབས༔ ལུས་ཤ་ཁྲག་ཞིང་ལྤགས་གཞི་རུ་ཞིག༔ ཟག་མེད་ཀྱི་འདོད་ཡོན་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ༔ ཕཊ༔ རང་ཆོ་རོལ་ལས་བྱེད་གནས་འགྱུར་ནས༔ དབུ་གླང་ཆེན་རྟ་མཆོག་རྨ་བྱ་དང་༔ ཕག་ཁྱི་ཡི་གདོང་ཅན་གྲངས་མེད་ཀྱིས༔ གཡས་ལྕགས་གཟར་གཡོན་པས་བྷན་ཐོད་འཛིན༔ ཕཊ༔ ངར་འཛིན་བྲལ་བའི་རྣལ་འབྱོར་པས༔ གཅེས་འཛིན་ཕུང་པོ་ཚོགས་སུ་སྤེལ༔ ཁམས་གསུམ་སེམས་ཅན་མ་རུ་ཤེས༔ ལན་ཆགས་འཇལ་བའི་འཁོར་ལོ་བསྐོར༔ ཕཊ༔ རྒྱལ་པོ་པེ་ཧར་མན་ཆད་ནས༔ ཐེའུ་རང་རྐང་གཅིག་ཡན་ཆད་ཀྱི༔ སྣང་སྲིད་ལྷ་སྲིན་ཐམས་ཅད་ལ༔ རང་རང་མཉེས་པའི་མཆོད་པ་ཕུལ༔ ཕཊ༔ དྲི་ཟའི་རྒྱལ་པོ་མན་ཆད་ནས༔ འཕྲོག་མ་མ་བུ་ཡན་ཆད་ཀྱི༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ལ༔ རང་རང་ཡིད་མཐུན་འདོད་ཡོན་བསྔོ༔ བུ་ལོན་ལན་ཆགས་བྱང་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ འཇིག་རྟེན་བདུན་གྱི་ཕ་མ་ལ༔ མ་སོད་ལན་ཆགས་བུ་ལོན་དང་༔ སྡུག་བསྔལ་སེལ་བའི་བདུད་རྩི་འབུལ༔ འཁོར་བ་འདས་པའི་དང་པོར་གྱུར༔ ཕཊ་ཕཊ་ཕཊ༔ སྟོང་གསུམ་ཁྱོན་གྱི་ཀ་པཱ་ལར༔ ལྷག་མའི་གཏོར་མ་ཀུན་ཁྱབ་བརྡལ༔ ཞ་ལོང་འོན་ལྐུག་ཁས་ཉན་དང་༔ དབང་ཆུང་རིགས་ངན་ཐམས་ཅད་ལ༔ བག་ཆགས་སྦྱངས་པའི་ཆུ་རྒྱུན་དང་༔ འདོད་པ་ཚིམས་པའི་ལོངས་སྤྱོད་འབུལ༔ འབད་རྩོལ་མི་དགོས་ཐོབ་གྱུར་ནས༔ སྡུག་བྲལ་བདེ་མཆོག་མཉེས་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ འདི་དང་དུས་གསུམ་དགེ་ཚོགས་རྣམས༔ གཟུང་འཛིན་འཁྲུལ་པའི་མ་ལ་བསྔོ༔ བསྔོ་བ་བྱ་བྱེད་ཡུལ་དང་བཅས༔ སྒྱུ་མ་ལྟ་བུའི་ཀློང་དུ་ཕཊ༔ ཕཊ༔ རྒྱལ་དང་རྒྱལ་སྲས་བདེན་པ་དང་༔ བདག་གིས་ལྷག་བསམ་རྣམ་དག་མཐུས༔ ཟབ་ལམ་སྟོར་བའི་མ་རྒན་རྣམས༔ རང་ཐོག་བཙན་ས་ཟིན་པར་ཤོག༔ ཕཊ༔ ཀུན་རྫོབ་སྒྱུ་མ་ལྟ་བུའི་གདངས༔ གཏིང་མཐའ་བྲལ་བ་སེམས་ཀྱི་ཚོགས༔ མཐོང་མྱོང་རེག་པས་གཉིས་འཛིན་འདྲེ༔ རང་གདངས་ཀློང་གསུམ་སད་གྱུར་ཅིག༔ ཕཊ༔ རྐྱེན་སྣང་ཉོན་འཁྲུལ་ལྷ་འདྲེའི་ཚོགས༔ གཏིང་བྲལ་ཀློང་ལས་རང་ངོ་མཇལ༔ གཞི་གྲོལ་སྐུ་གསུམ་ཀློང་རྡོལ་ནས༔ ཀ་དག་ཁྱབ་བརྡལ་དབྱིངས་སུ་ལྷུག༔ ཕཊ་ཕཊ་ཕཊ༔ མ་བཙལ་ཡོངས་གྲུབ་སྲི་ཞུའི་མགྲོན༔ རིག་པའི་གར་བསྒྱུར་ལས་བྱེད་ཚོགས༔ མིག་འཕྲུལ་བཞིན་དུ་རང་ལ་དྲིལ༔ རང་ཉིད་སྤྲོས་བྲལ་མཁའ་འགྲོ་མ༔ ང་མེད་ང་ཡིས་འཁོར་འདས་ཁྱབ༔ རྟག་ཆད་གཉིས་མེད་རིག་རྩལ་རྒྱས༔ གཞི་གྲོལ་ནམ་མཁའ་གཡའ་དག་ལྟར༔ ཁྱབ་བརྡལ་རྫོགས་པ་ཆེན་པོའི་དོན༔ སྤྲུལ་བསྒྱུར་གཞན་དོན་བྱེད་པའི་ལམ༔ ཐུགས་རྗེ་ཕྱོགས་མེད་ཁྱབ་བརྡལ་འབྲས༔ གདངས་གསུམ་ཕྱོགས་ལྷུང་བྲལ་བའི་ས༔ སྨྲ་བསམ་བརྗོད་བྲལ་རྒྱལ་བའི་ཡུམ༔ ཀློང་ཆེན་ཡངས་པའི་མཁའ་ཀློང་དུ༔ ཆོས་ཉིད་སྤྲིན་དཔུང་ལྷུན་ཆགས་པ༔ རྒྱལ་ཀུན་ཞིང་རྣམས་ལྷན་ནེར་རྫོགས༔ གཏད་མེད་རྒྱ་ཡན་ངང་དུ་བཞག༔ ཕཊ་ཕཊ་ཕཊ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠༠༠བརྡ་ཡིག༡༤༥ཕྱི་རབས་ལས་ཅན་སྐལ་ལྡན་རྣམས༔ སྦྱིན་པ་མཐར་ཕྱིན་གདམས་ངག་འདི༔ བྱམས་དང་སྙིང་རྗེ་དབྱེར་མེད་ངང་༔ ལན་གཅིག་ཙམ་ཡང་བསྒོམ་པ་ནི༔ འཕོ་བ་བརྒྱ་ཡི་དོ་ཟླ་མིན༔ ཚོགས་གཉིས་ཡོངས་སུ་རྫོགས་པར་འགྱུར༔ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་འདག༔ རང་དོན་གཞན་དོན་གང་ལ་ཡང་༔ འདི་ཉིད་ལན་གཅིག་བསྒོམ་པ་ནི༔ དེ་རིང་འཆི་ངེས་མི་ཡིན་ཀྱང་༔ ཞག་བདུན་ཚེ་བསྲིང་ཐེ་ཚོམ་མེད༔ འདི་ལས་ལྷག་པའི་སྒྲིབ་སྦྱངས་ནི༔ སྟོང་གསུམ་གང་ལ་བཙལ་ཀྱང་མེད༔ སློབ་དཔོན་པདྨ་ཐོད་ཕྲེང་ངས༔ སྙིང་ཐིག་ཀུན་རྫོབ་ཤོག་བུར་བཀོད༔ མཁའ་འགྲོ་འབུམ་གྱི་ཁ་རླངས་བཏབ༔ ཆོས་སྐྱོང་རྣམས་ལ་བྱ་ར་བཅོལ༔ བཀའ་དང་ཐ་ཚིག་རྒྱས་བཏབ་ནས༔ ཕྱི་རབས་ལས་ཅན་དོན་དུ་སྦས༔ སྙིང་ལ་འཆོང་ཤིག་ཕྱི་རབས་རྣམས༔ སློབ་མ་འབྲོག་བན་ལོ་ཙཱ་ཁྱོད༔ བཀའ་འདི་ཨ་ཤྭའི་སྨོན་འགྲུབ་མཆོད་རྟེན་སྦོས༔ ཉེ་མགོན་ཆེན་པོ་སེང་གདོང་ཁྱོད་ལ་གཏད༔ ཐུབ་པར་སྲུངས་ཤིག་བཀའ་དང་ཐ་ཚིག་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བཀའ་རྒྱ༔ དགོངས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ཁ་ཐམ༔ གུ་ཧྱ༔ ས་མ་ཡ༔ བརྡ་ཐིམ༔ ཞེས་པ་འདི་དྲེད་པོ་ལྷ་བཙུན་བདུད་འཇོམས་རྡོ་རྗེས་ཁམས་ཡུལ་ཨ་ཤྭའི་སྨོན་འགྲུབ་མཆོད་རྟེན་ནས་རྟ་ལོ་དགུན་ཟླ་འབྲིང་པོའི་ཉེར་བརྒྱད་སྐར་མ་ལྷ་མཚམས་ཤར་བའི་ཉིན་དུ་སྤྱན་དྲངས་པའི་ཤོག་སེར་ལས་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་ཀྱིས་བགྱིས་པའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:23, 4 June 2024
{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=12 |volumeLetter=NA |textnuminvol=030 |pdflink=File:TTDL-ZABTER-12-NA-030.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-12-NA }}