TTDL-ZABTER-16-MA-004: Difference between revisions

From Dudjom Wiki
TTDL-ZABTER-16-MA-004
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
ནུབ་གཅིག་གི་རྨི་ལམ་ན་ཐང་ཆེན་པོ་ཞིག་གི་དཀྱིལ་ན་བུད་མེད་རྒྱ་མོ་གོས་སྔོན་གྱོན་པ་མང་པོས།ལ་ལས་ཁྲོ་བླུགས།ལ་ལས་གོ་ལྗང་མང་པོའི་ལས་ཀ་བྱེད་པ་མཐོང་ནས།བདག་གིས་བུད་མེད་རྒན་པ་ཞིག་ལ་གོ་སྔོན་དང་ཀོ་རུ་འདི་ཇི་ལྟར་སྦྱོར་བ་ཡིན་དྲིས་པས་ལན་དུ་འདི་སྐད་ཟེར་རོ།།སྐྱི་སྔོན་བྱེད་པར་འདོད་ན།དང་པོ་ར་ལྤགས་ཀྱི་སྤུ་ལ་ཁ་གཏིང་མེད་པར་བུར་ཐོག་ཐུག་ནས་རུལ་ཏེ་དཀར་དང་ངེ་སོང་རྗེས།ཤིང་གིས་བརྒྱང་ནས་མེ་ལོང་གི་བྱད་ལྟར་དྭངས་པར་བྱས་ནས་བསྐམ།དེ་ནས་ས་ལ་དོང་ཁྲུ་དོ་བྲུས་པའི་ནང་དུ་རྟ་ལུད་དང་ཐལ་བ་བླུགས་ཏེ་ཆུས་འདག་སླ་མོ་བྱས་ནས་བཞག།དེ་སྟེང་མཐོ་གང་འཕགས་པའི་སར་རའི་ལྤགས་པ་བཞག་པའི་ངོར།ཚ་འབིག་བྱེད་ཞོ་བདུན་གྱི་ཆུ་བྱུག།དེ་སྟེང་ཟངས་ཕྱེ་བར་མཚམས་མེད་པར་བརྡར་ནས་ཆ་སྙོམས་པར་བྱས།གོས་འཐུག་ཅིང་དྲོ་བ་གཅིག་གིས་ཁ་བཅད་ནས་རླུང་མི་རྒྱུ་བར་བྱས་ཏེ་ཞག་བདུན་ལ་བཞག་པས་ལྗང་ལ་འོད་དང་ལྡན་པ་ཡིད་དུ་འོང་བར་འགྱུར་ངེས་སོ།།རྒྱས་འབིག་བྱེད་མང་བས་ཕྱི་སྔོ་བ་མ་ཟད་ནང་ཡང་སྔོན་པོར་འགྲོ།བོད་ཀྱི་འབིག་བྱེད་ཉུང་བས་ཕྱི་སྔོ་བ་ཙམ་ལས་མི་ཡོང་།རྒྱས་ཟངས་ཕྱེ་ཤ་སྟག་ཡིན་པས་ལྗང་སྔོན་དཀར་མདངས་འོད་དང་ལྡན་པ་ཡོང་།བོད་ཀྱི་རག་ཕྱེ་འདྲེས་པས་ལྗང་ནག་ལས་མི་འོང་ཟེར།ཁྲོ་ཡི་ཀོ་རུ་ལ།ཀོ་པ་སྲང་གང་སོལ་བ་དང་ཆ་མཉམ།བསྐལ་པའི་ཕྱེ་མ་ཞོ་ལྔ་རྨིག་གཞོབ་སྐར་གང་སྦྱར་ནས་ཁྲོའི་ཀོ་རུ་བྱས་ན་ཐུབ་པ་ཡིན།ཆེ་ན་རིག་པས་དཔགས་པར་བྱའོ།།ཅེས་ཟེར་བ་ཆུ་སྤྲེལ་ལོའི་ཟླ་༣ཚེས་ལ་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཐོས་སོ།།[[Category:Wyckibaat]]
{{Text
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=16
|volumeLetter=MA
|textnuminvol=004
|pdflink=File:TTDL-ZABTER-16-MA-004.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-16-MA
}}
<h1>Tibetan Text</h1>
<onlyinclude>
{{TibP|ནུབ་གཅིག་གི་རྨི་ལམ་ན་ཐང་ཆེན་པོ་ཞིག་གི་དཀྱིལ་ན་བུད་མེད་རྒྱ་མོ་གོས་སྔོན་གྱོན་པ་མང་པོས།ལ་ལས་ཁྲོ་བླུགས།ལ་ལས་གོ་ལྗང་མང་པོའི་ལས་ཀ་བྱེད་པ་མཐོང་ནས།བདག་གིས་བུད་མེད་རྒན་པ་ཞིག་ལ་གོ་སྔོན་དང་ཀོ་རུ་འདི་ཇི་ལྟར་སྦྱོར་བ་ཡིན་དྲིས་པས་ལན་དུ་འདི་སྐད་ཟེར་རོ།།སྐྱི་སྔོན་བྱེད་པར་འདོད་ན།དང་པོ་ར་ལྤགས་ཀྱི་སྤུ་ལ་ཁ་གཏིང་མེད་པར་བུར་ཐོག་ཐུག་ནས་རུལ་ཏེ་དཀར་དང་ངེ་སོང་རྗེས།ཤིང་གིས་བརྒྱང་ནས་མེ་ལོང་གི་བྱད་ལྟར་དྭངས་པར་བྱས་ནས་བསྐམ།དེ་ནས་ས་ལ་དོང་ཁྲུ་དོ་བྲུས་པའི་ནང་དུ་རྟ་ལུད་དང་ཐལ་བ་བླུགས་ཏེ་ཆུས་འདག་སླ་མོ་བྱས་ནས་བཞག།དེ་སྟེང་མཐོ་གང་འཕགས་པའི་སར་རའི་ལྤགས་པ་བཞག་པའི་ངོར།ཚ་འབིག་བྱེད་ཞོ་བདུན་གྱི་ཆུ་བྱུག།དེ་སྟེང་ཟངས་ཕྱེ་བར་མཚམས་མེད་པར་བརྡར་ནས་ཆ་སྙོམས་པར་བྱས།གོས་འཐུག་ཅིང་དྲོ་བ་གཅིག་གིས་ཁ་བཅད་ནས་རླུང་མི་རྒྱུ་བར་བྱས་ཏེ་ཞག་བདུན་ལ་བཞག་པས་ལྗང་ལ་འོད་དང་ལྡན་པ་ཡིད་དུ་འོང་བར་འགྱུར་ངེས་སོ།།རྒྱས་འབིག་བྱེད་མང་བས་ཕྱི་སྔོ་བ་མ་ཟད་ནང་ཡང་སྔོན་པོར་འགྲོ།བོད་ཀྱི་འབིག་བྱེད་ཉུང་བས་ཕྱི་སྔོ་བ་ཙམ་ལས་མི་ཡོང་།རྒྱས་ཟངས་ཕྱེ་ཤ་སྟག་ཡིན་པས་ལྗང་སྔོན་དཀར་མདངས་འོད་དང་ལྡན་པ་ཡོང་།བོད་ཀྱི་རག་ཕྱེ་འདྲེས་པས་ལྗང་ནག་ལས་མི་འོང་ཟེར།ཁྲོ་ཡི་ཀོ་རུ་ལ།ཀོ་པ་སྲང་གང་སོལ་བ་དང་ཆ་མཉམ།བསྐལ་པའི་ཕྱེ་མ་ཞོ་ལྔ་རྨིག་གཞོབ་སྐར་གང་སྦྱར་ནས་ཁྲོའི་ཀོ་རུ་བྱས་ན་ཐུབ་པ་ཡིན།ཆེ་ན་རིག་པས་དཔགས་པར་བྱའོ།།ཅེས་ཟེར་བ་ཆུ་སྤྲེལ་ལོའི་ཟླ་༣ཚེས་ལ་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཐོས་སོ།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:23, 4 June 2024

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=16 |volumeLetter=MA |textnuminvol=004 |pdflink=File:TTDL-ZABTER-16-MA-004.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-16-MA }}

[edit]
ནུབ་གཅིག་གི་རྨི་ལམ་ན་ཐང་ཆེན་པོ་ཞིག་གི་དཀྱིལ་ན་བུད་མེད་རྒྱ་མོ་གོས་སྔོན་གྱོན་པ་མང་པོས།ལ་ལས་ཁྲོ་བླུགས།ལ་ལས་གོ་ལྗང་མང་པོའི་ལས་ཀ་བྱེད་པ་མཐོང་ནས།བདག་གིས་བུད་མེད་རྒན་པ་ཞིག་ལ་གོ་སྔོན་དང་ཀོ་རུ་འདི་ཇི་ལྟར་སྦྱོར་བ་ཡིན་དྲིས་པས་ལན་དུ་འདི་སྐད་ཟེར་རོ།།སྐྱི་སྔོན་བྱེད་པར་འདོད་ན།དང་པོ་ར་ལྤགས་ཀྱི་སྤུ་ལ་ཁ་གཏིང་མེད་པར་བུར་ཐོག་ཐུག་ནས་རུལ་ཏེ་དཀར་དང་ངེ་སོང་རྗེས།ཤིང་གིས་བརྒྱང་ནས་མེ་ལོང་གི་བྱད་ལྟར་དྭངས་པར་བྱས་ནས་བསྐམ།དེ་ནས་ས་ལ་དོང་ཁྲུ་དོ་བྲུས་པའི་ནང་དུ་རྟ་ལུད་དང་ཐལ་བ་བླུགས་ཏེ་ཆུས་འདག་སླ་མོ་བྱས་ནས་བཞག།དེ་སྟེང་མཐོ་གང་འཕགས་པའི་སར་རའི་ལྤགས་པ་བཞག་པའི་ངོར།ཚ་འབིག་བྱེད་ཞོ་བདུན་གྱི་ཆུ་བྱུག།དེ་སྟེང་ཟངས་ཕྱེ་བར་མཚམས་མེད་པར་བརྡར་ནས་ཆ་སྙོམས་པར་བྱས།གོས་འཐུག་ཅིང་དྲོ་བ་གཅིག་གིས་ཁ་བཅད་ནས་རླུང་མི་རྒྱུ་བར་བྱས་ཏེ་ཞག་བདུན་ལ་བཞག་པས་ལྗང་ལ་འོད་དང་ལྡན་པ་ཡིད་དུ་འོང་བར་འགྱུར་ངེས་སོ།།རྒྱས་འབིག་བྱེད་མང་བས་ཕྱི་སྔོ་བ་མ་ཟད་ནང་ཡང་སྔོན་པོར་འགྲོ།བོད་ཀྱི་འབིག་བྱེད་ཉུང་བས་ཕྱི་སྔོ་བ་ཙམ་ལས་མི་ཡོང་།རྒྱས་ཟངས་ཕྱེ་ཤ་སྟག་ཡིན་པས་ལྗང་སྔོན་དཀར་མདངས་འོད་དང་ལྡན་པ་ཡོང་།བོད་ཀྱི་རག་ཕྱེ་འདྲེས་པས་ལྗང་ནག་ལས་མི་འོང་ཟེར།ཁྲོ་ཡི་ཀོ་རུ་ལ།ཀོ་པ་སྲང་གང་སོལ་བ་དང་ཆ་མཉམ།བསྐལ་པའི་ཕྱེ་མ་ཞོ་ལྔ་རྨིག་གཞོབ་སྐར་གང་སྦྱར་ནས་ཁྲོའི་ཀོ་རུ་བྱས་ན་ཐུབ་པ་ཡིན།ཆེ་ན་རིག་པས་དཔགས་པར་བྱའོ།།ཅེས་ཟེར་བ་ཆུ་སྤྲེལ་ལོའི་ཟླ་༣ཚེས་ལ་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཐོས་སོ།།