TTDL-ZABTER-03-GA-004: Difference between revisions

From Dudjom Wiki
TTDL-ZABTER-03-GA-004
(Imported new text files with Wyckibaat for processing)
 
No edit summary
Line 1: Line 1:
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་གྱི་འཛབ་དམིགས་ཡིད་བཞིན་བང་མཛོད་བཞུགས་སོ༔  
{{Text
ན་མོ་གུ་རུ་བྷྱ༔ ༠༠༠༠བརྡ་ཡིག༤༨བསྐྱེད་དང་བསྒོམ་པའི་གནད་ལྡན་ཏེ༔ ཤེས་པ་གཞན་དུ་མ་ཡེངས་པར༔ ཡེ་ཤེས་ལྷ་ཡི་ང་རྒྱལ་བཟུང་༔ གཏན་གྱི་དྲོད་མ་ཡལ་བ་རུ༔ འདུག་པ་བརྟན་པ་གནད་དུ་ཤེས༔ རལ་བ་གསུམ་སོགས་སྤངས་བྱས་ནས༔ རྩེ་གཅིག་བསྒྲུབ་ལ་གཞོལ་བའི་ཚེ༔ བློ་རྩེ་གཅིག་ཏུ་དྲིལ་བྱས་ཏེ༔ འདི་ལྟར་འཛབ་དམིགས་དག་ལ་བརྩོན༔ ཧཱུྃ༔ རང་ཉིད་ཐུགས་རྗེ་ཆེན་པོ་ནི༔ ཡེ་ཤེས་འཇའ་སྐུ་སྟོང་གསལ་གྱི༔ ཐུགས་ཀར་ཐབས་ཤེས་དབྱེར་མེད་པའི༔ ངོ་བོ་ཉི་ཟླའི་གའུའི་ནང་༔ པདྨ་འདབ་དྲུག་ལྟེ་བ་རུ༔ ཧྲཱིཿཡིག་དཀར་པོའི་མཐའ་བསྐོར་དུ༔ འདབ་མ་དྲུག་ལ་ཡི་གེ་དྲུག༔ འཇའ་དང་འོད་ཀྱི་དྲྭ་བས་འབྲེལ༔ རང་སྒྲས་སྣང་སྲིད་ཡོངས་སུ་འགེང་༔ འོད་ཀྱི་རང་གདངས་མཆེད་པ་ལས༔ སྐུ་ལྔ་དང་ནི་ཡེ་ཤེས་ལྔ༔ སྐུ་གསུམ་མཉམ་སྦྱོར་དབྱིངས་སུ་བསྡུ༔ རྡོ་རྗེ་གསུམ་གྱི་ངོ་བོར་རོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདེ་ནས་བསྐུལ་བ་བྱ་བ་ལ༔ ཧཱུྃ༔ ཆོས་ཉིད་སྤྲོས་མཐའ་བྲལ་བ་ནས༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལྷ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ སྐུ་ཡིས་སྣ་ཚོགས་གར་བསྒྱུར་ལ༔ གསུང་གིས་སྔགས་ཀྱི་འཛབ་དབྱངས་སྒྲོགས༔ ཐུགས་ཀྱིས་འཁོར་བ་དབྱིངས་སུ་སྒྲོལ༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་དྲལ༔ དཔའ་བོ་དཔའ་མོར་བྱིན་གྱིས་རློབས༔ མ་དག་འཁོར་བའི་གནས་ཡུལ་ཀུན༔ དག་པའི་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་ཁང་དཀྱིལ་འཁོར་བཅས་པ་ཀུན༔ གཞལ་ཡས་ཆེན་པོར་བྱིན་གྱི་རློབས༔ བསྒྲུབ་པའི་རྟེན་དང་དམ་རྫས་ཀུན༔ སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔ བསྒོམ་བཟླས་དམིགས་པའི་རྣོ་ནུས་བསྐྱེད༔ མཆོག་ཐུན་དངོས་གྲུབ་ལྷུན་གྲུབ་ཅིང་༔ དོན་གཉིས་མཐའ་རུ་ཕྱིན་པར་མཛོད༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀུན༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ འཁོར་བ་དོང་སྤྲུགས་ནུས་བྱིན་ཕོབ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདེ་ལྟར་བསྙེན་པ་ལ་བརྩོན་ཚེ༔ མི་ཚིག་གཏམ་གྱིས་བར་མི་གཅོད༔ དབྱིངས་ནས་སྐུ་དང་ཞིང་ཁམས་ཚོགས༔ འོད་དང་འོད་ཟེར་གྱིས་བསྡུས་ཏེ༔ ཡང་ཡང་བསྟིམ་སྟེ་ནུས་པ་བསྐྱེད༔ དམ་རྫས་མྱོང་གྲོལ་སྦྱོར་བ་ལ༔ ཨ་རུ་གཙོ་ལ་བ་རུ་བློན༔ བཟང་དྲུག་འབངས་སུ་བསྡེབས་པར་བྱ༔ བ་ལུ་དཀར་པོའི་མེ་ཏོག་དང་༔ མཁན་དཀར་ཙན་དན་ཨ་ཀ་རུ༔ ཞིབ་བཏུལ་བདུད་རྩི་ཆོས་སྨན་དང་༔ སྐྱེ་བདུན་ཤ་ཡིས་བྱིན་གྱིས་བརླབས༔ གཞན་ཡང་དམ་རྫས་བྱིན་རླབས་རྟེན༔ སེལ་མེད་བསགས་ཏེ་རིལ་བུར་དྲིལ༔ རྟེན་འབྲེལ་སྙིང་པོའི་སྔགས་མང་བརྗོད༔ དེ་ནས་བུམ་པ་མཚན་ལྡན་དུ༔ བླུགས་ལ་དར་སྣ་ལྔས་ཁ་བཅད༔ དེ་ནས་བསྒྲུབ་པའི་རྟེན་དུ་བཙུག༔ སླར་ཡང་ལྷ་རུ་གསལ་བ་ལ༔ རང་ཉིད་ཡི་དམ་ཐུགས་རྗེ་ཆེན་པོའི་སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་བུམ་པ་རིལ་བུ་དང་བཅས་པ་རྣམས་ལ་ཐིམ་པའི་རྐྱེན་ལས་འོད་དུ་མེར་གྱིས་ཞུ་བ་ལས་བྱུང་བའི་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པའི་ནང་དུ་རིལ་བུ་རྣམས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་ཤ་སྟག་ཏུ་གྱུར་པའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབ་པ་ལྟར་རིལ་བུ་ལྷར་གསལ་བ་རྣམས་ལ་སིབ་སིབ་ཐིམ་པར་བསྒོམ༔ ཨོཾ་ཨཱཪྻ་ལོ་ཀི་ཤྭ་ར་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཕེཾ་ཕེཾ༔ ཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་སྒྲུབ་པ་བྱ་བ་ལ༔ ཧཱུྃ་ཧྲཱིཿརང་ཉིད་ཐུགས་རྗེ་ཆེན་པོ་ཡི༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་དང་བཅས༔ སྤྱན་དྲངས་སྔགས་ཕྲེང་ལ་ཐིམ་པས༔ གཟི་བྱིན་ནུས་སྟོབས་འབར་བར་བསྒོམ༔ སྤྲུལ་པ་ཡེ་ཤེས་སྒྱུ་འཕྲུལ་ལྷ༔ ཁམས་གསུམ་ཡོངས་སུ་ཁེངས་པར་འཕྲོས༔ རྡོ་རྗེ་གསུམ་གྱི་འོད་ཟེར་གྱིས༔ སྣོད་བཅུད་ཐམས་ཅད་ལྷའི་ཞིང་ཁམས༔ གཞལ་ཡས་ལྷ་ཡི་རོལ་པར་དམིགས༔ སྔགས་སྒྲ་འུར་ཆེམ་སྒྲོགས་པ་ཡིས༔ འཇིག་རྟེན་ཁམས་ཀུན་གཡོ་བར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདེ་ནས་རིལ་བུ་སྤེལ་བསྒྱུར་ལ༔ རང་ཉིད་ཐུགས་རྗེ་ཆེན་པོ་སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་དུ་གསལ་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་གི་ནང་དུ་རིལ་བུ་རྣམས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པར་གསལ་བ་རེ་རེ་ལས་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས་པས་སྟོང་ཁམས་ཐམས་ཅད་ཐུགས་རྗེ་ཆེན་པོས་ཁྱབ་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་ཉི་མ་དང་ཉི་འོད་ལྟ་བུར་འབར་བས་སྣོད་བཅུད་སྐུ་གསུང་ཐུགས་ཀྱི་རོལ་པ་རུ་དག་པར་སྦྱངས་ཏེ་སངས་རྒྱས་པར་བསྒོམ༔ བདག་གི་སྔགས་སྒྲ་བསྒྲགས་པས་སྟོང་ཁམས་གང་བའི་ལྷ་ཐམས་ཅད་ཀྱིས་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་འུར་འུར་ཏིར་ཏིར་སྒྲོགས་པར་དམིགས་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨ་ར་པ་ཙ་མི་ཏ་ཧྲཱི་ད་ཡེ་སྭཱ་ཧཱ༔ དེ་ནས་ལས་སྦྱོར་ལ༔ སྔ་དྲོའི་དུས་སུ༔ རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ནམ་མཁའི་གར་ཁྱབ་ཀྱི་འཇིག་རྟེན་ཐམས་ཅད་ལ་ཁྱབ་པར་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་དེ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་དཀར་གསལ་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ་རང་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་ཡེ་ཤེས་སྒྱུ་མའི་སྐུ་སྐྱོན་དང་བྲལ་བར་བསམ་མོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས༔ ཀུན་ཀྱང་འཕགས་པའི་སྐུ་རུ་གྱུར༔ སྔགས་སྒྲ་འུར་ཆེམ་སྒྲོགས་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཞེས་བརྗོད༔ ཉིན་གུང་འདི་ལྟར༔ རང་ཉིད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་ཐུགས་ཀ་ནས༔ འོད་ཟེར་སེར་པོ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་དེ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་གཟི་བྱིན་ནུས་མཐུ་ཐམས་ཅད་འོད་ཕུང་སེར་པོའི་རྣམ་པར་བསྡུས་ནས་རང་ཉིད་ལ་ཐིམ་པས་ཚེ་བསོད་ཡེ་ཤེས་ཡོན་ཏན་ཐམས་ཅད་རབ་ཏུ་རྒྱས་པར་བསམ་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཞེས་བརྗོད༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ འཁོར་འདས་གཉིས་ཀྱི་ཚེ་བསོད་ནམས༔ བཅུད་དང་དྭངས་མ་ཐམས་ཅད་ཀུན༔ སེར་གསལ་འོད་ཀྱི་རྣམ་པར་འདུས༔ རང་གི་ཐུགས་ཀའི་སྔགས་ལ་ཐིམ༔ ཚེ་བསོད་ཡེ་ཤེས་རྒྱས་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཞེས་བརྗོད༔ དགོང་མོ་འདི་ལྟར༔ རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས༔ ཐུགས་རྗེའི་བྱིན་རླབས་དང་དབང་དང་དངོས་གྲུབ་ཐམས་ཅད་འོད་ཕུང་དམར་པོའི་རྣམ་པར་བསྡུས་ཏེ་རང་ཉིད་ལ་ཐིམ་པས་ཁམས་གསུམ་དབང་དུ་བསྡུས་པའི་ནུས་པ་དང་ལྡན་པར་བསྒོམ༔ ཨོཾ་པདྨེ་ཧཱུྃ་ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་དམར་པོ་འཕྲོས༔ ཁམས་གསུམ་མ་ལུས་དབང་བསྡུས་ཏེ༔ སེམས་ཅན་ཀུན་གྱི་སྲོག་སྙིང་འཕྲོག༔ ཚུར་འདུས་སྲོག་གི་སྙིང་པོ་རུ༔ བསྡུས་ཏེ་བཅུད་དུ་དྲིལ་བ་ཡིས༔ ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་དང་༔ སྡེ་བརྒྱད་གཞི་བདག་ལྷ་འདྲེ་ཀུན༔ མདུན་དུ་འཁོད་ཅིང་བྲན་ཁས་བླངས༔ ཐམས་ཅད་བྲན་དུ་འཁོལ་བར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲིཿཞེས་བརྗོད༔ སྲོད་དུ་འདི་ལྟར༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་འཕྲོས་པས་དཀོན་མཆོག་གསུམ་དང་སྐུ་གསུམ་རྩ་གསུམ་བཀའ་སྲུང་ཆོས་སྐྱོང་དྲེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དང་༔ མཐུ་སྟོབས་ནུས་པ་ཐམས་ཅད་ཚུར་འདུས་ཏེ་རང་ཉིད་ལ་ཐིམ་པས༔ ཁམས་གསུམ་འཁོར་བ་ཡོངས་སུ་སྒྲོལ་བའི་མཐུ་ནུས་དང་ལྡན་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ དྲག་ཅིང་རྩུབ་པའི་འོད་ཟེར་གྱིས༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ བདེ་ཆེན་ཞིང་གི་རྟེན་བརྟེན་པའི༔ འཁོར་བ་བསྒྲལ་ནས་གྲོལ་བར་ཤོག༔ ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་ལས༔ བྱུང་བའི་དགྲ་བགེགས་ལོག་འདྲེན་ཀུན༔ ཡུལ་མེད་ཟང་ཐལ་ཆེན་པོར་བསྒྲལ༔ མཉམ་པ་ཉིད་དུ་སངས་རྒྱས་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿགཞན་ཡང་དུས་དང་རྣམ་པ་ཀུན༔ སྐད་ཅིག་དྲན་རྫོགས་ཆེན་པོ་ལས༔ ཕྱི་སྣོད་འཇིག་རྟེན་བདེ་ཆེན་ཞིང་༔ རང་ཉིད་འཕགས་མཆོག་ཐུགས་རྗེའི་ལྷ༔ སྒྱུ་འཕྲུལ་རོལ་པའི་སྟོབས་ཤུགས་ཀྱིས༔ ནང་བཅུད་སེམས་ཅན་ཐམས་ཅད་ཀུན༔ ཡེ་ཤེས་ལྷ་དང་ལྷ་མོར་གྱུར༔ འབྱུང་ཁམས་དག་སྦྱངས་སྔགས་ཀྱི་སྒྲ༔ ཀུན་ཀྱང་བུང་བ་ཚང་ཞིག་ལྟར༔ སྔགས་སྒྲ་འུར་ཆེམ་སྒྲོགས་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཡང་སྐབས་སུ༔ ཧྲཱིཿའཁོར་འདས་དག་མཉམ་ཆེན་པོའི་མཁར༔ སྣང་སྟོང་ཐབས་ཤེས་དབྱེར་མེད་སྐུ༔ རྩལ་སྣང་འཁོར་གྱི་རོལ་པར་ཤར༔ སྣང་སྲིད་དག་པ་རབ་འབྱམས་ངང་༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསླར་ཡང་༔ སྐབས་སུ་འདི་ལྟར་དམིགས༔ ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་མི་བསྐྱོད་ཡབ་ཡུམ་དང་༔ དམྱལ་བའི་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ དམྱལ་བའི་རྟེན་དང་བརྟེན་པ་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ མངོན་དགའི་ཞིང་དུ་འཕོ་བར་བསྒོམ༔ ཨོཾ་མ་ཎི་པདྨེད་ཧཱུྃ་ཧྲཱིཿསླར་ཡང༔ ཧྲཱིཿགཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས༔ སྣང་བ་མཐའ་ཡས་ཡབ་ཡུམ་དང་༔ ཡི་དྭགས་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ ཡི་དྭགས་གནས་ཡུལ་སེམས་ཅན་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་ལྟར༔ བདེ་ཆེན་དག་པའི་ཞིང་དུ་འཕོས༔ འཁྲུལ་མི་ཤེས་པའི་དབྱིངས་སུ་སད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཡང་འདི་ལྟར༔ ཧྲཱིཿརང་ཉིད་སངས་རྒྱས་སྤྲུལ་པའི་སྐུའི༔ ཐུགས་ཀའི་འོད་ཟེར་རབ་འཕྲོས་པས༔ རྣམ་པར་སྣང་མཛད་ཡབ་ཡུམ་དང༔ བྱོལ་སོང་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ བྱོལ་སོང་གནས་ཡུལ་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ སྟུག་པོ་བཀོད་པའི་ཞིང་དུ་འཕོས༔ ཀུན་ཀྱང་སྔགས་སྒྲ་སྒྲོགས་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཡང་འདི་ལྟར༔ ཧྲཱིཿརང་ཉིད་སངས་རྒྱས་སྤྲུལ་པའི་སྐུའི༔ ཐུགས་ཀའི་འོད་ཟེར་རབ་འཕྲོས་པས༔ དོན་ཡོད་གྲུབ་པ་ཡབ་ཡུམ་དང་༔ ལྷ་མིན་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ ལྷ་མིན་གནས་ཡུལ་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ལས་རབ་རྫོགས་པའི་ཞིང་དུ་འཕོས༔ འཁྲུལ་མི་ཤེས་པའི་གདིང་ཐོབ་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཡང་འདི་ལྟརཿཧྲཱིཿརང་ཉིད་སངས་རྒྱས་སྤྲུལ་པའི་སྐུའི༔ ཐུགས་ཀའི་སྔགས་ལས་འོད་ཟེར་འཕྲོས༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ་དང༔ ལྷ་ཡི་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ ལྷ་ཡི་གནས་ཡུལ་སེམས་ཅན་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ དཔལ་དང་ལྡན་པའི་ཞིང་དུ་འཕོས༔ འཁྲུལ་མེད་གདིང་ཆེན་འཐོབ་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསླར་ཡང་འདི་ལྟར་དམིགས༔ ཧཱུྃ་ཧྲཱིཿསྒྱུ་འཕྲུལ་རོལ་པའི་རྟེན་བརྟེན་པའི༔ ལྷ་དང་མི་ཡི་ཐུབ་པ་ཡི༔ སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས༔ མི་ཡི་གནས་ཡུལ་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ འོག་མིན་དག་པ་མཁའ་སྤྱོད་ཀྱི༔ རྟེན་དང་བརྟེན་པར་མངོན་སངས་རྒྱས༔ འཁྲུལ་མི་ཤེས་པའི་གདིང་ཐོབ་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདེ་ལྟར་དམིགས་པ་གནད་ལྡན་ཅིང་༔ དག་པའི་ཞིང་ཁམས་རྟེན་བརྟེན་པ༔ ཡིད་ལ་འབྲལ་མེད་བརྟན་ཐོབ་བྱ༔ གནད་དེས་མ་དག་འཁོར་བའི་ཁམས༔ དག་སྦྱོར་མངོན་སངས་རྒྱས་འགྱུར་རོ༔ མེ་ཏོག་དཀར་པོའི་པད་ཚལ་རྒྱས༔ ནམ་མཁའ་གཡའ་དག་ཉི་ཟླ་ཤར༔ རོལ་མོ་འཁྲོལ་ཞིང་རི་རྩེར་འཛེག༔ དེ་ནི་དངོས་གྲུབ་འཐོབ་པའི་ལྟས༔ མཁའ་ལ་འཕུར་དང་གནས་ཡུལ་ཀུན༔ རབ་མཛེས་བཀོད་ལེགས་ཉམས་དགའ་བའི༔ ལྷ་དང་ཞིང་ཁམས་རྟག་ཏུ་རྨི༔ མཆོག་གི་འགྲུབ་རྟགས་དམ་པ་ཡིན༔ དེ་ལྟར་རྟག་ཏུ་བསྒོམ་བཟླས་ལ༔ བརྩོན་པའི་སྐྱེས་བུ་གང་སུ་དག༔ རྣམ་དག་བདེ་ཆེན་ཞིང་ཁམས་སུ༔ གྲོལ་བ་ཐོབ་པར་གདོན་མི་ཟ༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ དམ་ཉམས་ལག་ཏུ་མ་ཤོར་ཨ་ཐམ་རྒྱ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་གཅིག་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབ་ཚེ་ཆོས་ཀྱི་བདག་པོ་དགེ་ལེགས་དཔལ་བཟང་པོས་བསྐུལ་ངོར་ལྷ་ལུང་བསྟན་རྒྱས་གླིང་དུ་དག་པར་ཕབ་པའོ།དགེའོ།།དགེའོ།།དགེའོ།།ལེགས་སོ།།[[Category:Wyckibaat]]
|classification=Tibetan Publications
|subclass=Tibetan Texts
|collectiontitle=bdud 'joms gling pa zab gter
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར།
|totalvolumes=21
|author=bdud 'joms gling pa
|authortib=བདུད་འཇོམས་གླིང་པ་
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
|language=Tibetan
|pagestatus=Temporary stub only
|volumenumber=03
|volumeLetter=GA
|textnuminvol=004
|pdflink=File:TTDL-ZABTER-03-GA-004.pdf
|InitCategories=Dudjom Tersar Project; TTDL-ZABTER-Volume-03-GA
}}
<h1>Tibetan Text</h1>
<onlyinclude>
{{TibP|༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་གྱི་འཛབ་དམིགས་ཡིད་བཞིན་བང་མཛོད་བཞུགས་སོ༔  
ན་མོ་གུ་རུ་བྷྱ༔ ༠༠༠༠བརྡ་ཡིག༤༨བསྐྱེད་དང་བསྒོམ་པའི་གནད་ལྡན་ཏེ༔ ཤེས་པ་གཞན་དུ་མ་ཡེངས་པར༔ ཡེ་ཤེས་ལྷ་ཡི་ང་རྒྱལ་བཟུང་༔ གཏན་གྱི་དྲོད་མ་ཡལ་བ་རུ༔ འདུག་པ་བརྟན་པ་གནད་དུ་ཤེས༔ རལ་བ་གསུམ་སོགས་སྤངས་བྱས་ནས༔ རྩེ་གཅིག་བསྒྲུབ་ལ་གཞོལ་བའི་ཚེ༔ བློ་རྩེ་གཅིག་ཏུ་དྲིལ་བྱས་ཏེ༔ འདི་ལྟར་འཛབ་དམིགས་དག་ལ་བརྩོན༔ ཧཱུྃ༔ རང་ཉིད་ཐུགས་རྗེ་ཆེན་པོ་ནི༔ ཡེ་ཤེས་འཇའ་སྐུ་སྟོང་གསལ་གྱི༔ ཐུགས་ཀར་ཐབས་ཤེས་དབྱེར་མེད་པའི༔ ངོ་བོ་ཉི་ཟླའི་གའུའི་ནང་༔ པདྨ་འདབ་དྲུག་ལྟེ་བ་རུ༔ ཧྲཱིཿཡིག་དཀར་པོའི་མཐའ་བསྐོར་དུ༔ འདབ་མ་དྲུག་ལ་ཡི་གེ་དྲུག༔ འཇའ་དང་འོད་ཀྱི་དྲྭ་བས་འབྲེལ༔ རང་སྒྲས་སྣང་སྲིད་ཡོངས་སུ་འགེང་༔ འོད་ཀྱི་རང་གདངས་མཆེད་པ་ལས༔ སྐུ་ལྔ་དང་ནི་ཡེ་ཤེས་ལྔ༔ སྐུ་གསུམ་མཉམ་སྦྱོར་དབྱིངས་སུ་བསྡུ༔ རྡོ་རྗེ་གསུམ་གྱི་ངོ་བོར་རོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདེ་ནས་བསྐུལ་བ་བྱ་བ་ལ༔ ཧཱུྃ༔ ཆོས་ཉིད་སྤྲོས་མཐའ་བྲལ་བ་ནས༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལྷ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ སྐུ་ཡིས་སྣ་ཚོགས་གར་བསྒྱུར་ལ༔ གསུང་གིས་སྔགས་ཀྱི་འཛབ་དབྱངས་སྒྲོགས༔ ཐུགས་ཀྱིས་འཁོར་བ་དབྱིངས་སུ་སྒྲོལ༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་དྲལ༔ དཔའ་བོ་དཔའ་མོར་བྱིན་གྱིས་རློབས༔ མ་དག་འཁོར་བའི་གནས་ཡུལ་ཀུན༔ དག་པའི་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་ཁང་དཀྱིལ་འཁོར་བཅས་པ་ཀུན༔ གཞལ་ཡས་ཆེན་པོར་བྱིན་གྱི་རློབས༔ བསྒྲུབ་པའི་རྟེན་དང་དམ་རྫས་ཀུན༔ སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔ བསྒོམ་བཟླས་དམིགས་པའི་རྣོ་ནུས་བསྐྱེད༔ མཆོག་ཐུན་དངོས་གྲུབ་ལྷུན་གྲུབ་ཅིང་༔ དོན་གཉིས་མཐའ་རུ་ཕྱིན་པར་མཛོད༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀུན༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ འཁོར་བ་དོང་སྤྲུགས་ནུས་བྱིན་ཕོབ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདེ་ལྟར་བསྙེན་པ་ལ་བརྩོན་ཚེ༔ མི་ཚིག་གཏམ་གྱིས་བར་མི་གཅོད༔ དབྱིངས་ནས་སྐུ་དང་ཞིང་ཁམས་ཚོགས༔ འོད་དང་འོད་ཟེར་གྱིས་བསྡུས་ཏེ༔ ཡང་ཡང་བསྟིམ་སྟེ་ནུས་པ་བསྐྱེད༔ དམ་རྫས་མྱོང་གྲོལ་སྦྱོར་བ་ལ༔ ཨ་རུ་གཙོ་ལ་བ་རུ་བློན༔ བཟང་དྲུག་འབངས་སུ་བསྡེབས་པར་བྱ༔ བ་ལུ་དཀར་པོའི་མེ་ཏོག་དང་༔ མཁན་དཀར་ཙན་དན་ཨ་ཀ་རུ༔ ཞིབ་བཏུལ་བདུད་རྩི་ཆོས་སྨན་དང་༔ སྐྱེ་བདུན་ཤ་ཡིས་བྱིན་གྱིས་བརླབས༔ གཞན་ཡང་དམ་རྫས་བྱིན་རླབས་རྟེན༔ སེལ་མེད་བསགས་ཏེ་རིལ་བུར་དྲིལ༔ རྟེན་འབྲེལ་སྙིང་པོའི་སྔགས་མང་བརྗོད༔ དེ་ནས་བུམ་པ་མཚན་ལྡན་དུ༔ བླུགས་ལ་དར་སྣ་ལྔས་ཁ་བཅད༔ དེ་ནས་བསྒྲུབ་པའི་རྟེན་དུ་བཙུག༔ སླར་ཡང་ལྷ་རུ་གསལ་བ་ལ༔ རང་ཉིད་ཡི་དམ་ཐུགས་རྗེ་ཆེན་པོའི་སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་བུམ་པ་རིལ་བུ་དང་བཅས་པ་རྣམས་ལ་ཐིམ་པའི་རྐྱེན་ལས་འོད་དུ་མེར་གྱིས་ཞུ་བ་ལས་བྱུང་བའི་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པའི་ནང་དུ་རིལ་བུ་རྣམས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་ཤ་སྟག་ཏུ་གྱུར་པའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབ་པ་ལྟར་རིལ་བུ་ལྷར་གསལ་བ་རྣམས་ལ་སིབ་སིབ་ཐིམ་པར་བསྒོམ༔ ཨོཾ་ཨཱཪྻ་ལོ་ཀི་ཤྭ་ར་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཕེཾ་ཕེཾ༔ ཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་སྒྲུབ་པ་བྱ་བ་ལ༔ ཧཱུྃ་ཧྲཱིཿརང་ཉིད་ཐུགས་རྗེ་ཆེན་པོ་ཡི༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་དང་བཅས༔ སྤྱན་དྲངས་སྔགས་ཕྲེང་ལ་ཐིམ་པས༔ གཟི་བྱིན་ནུས་སྟོབས་འབར་བར་བསྒོམ༔ སྤྲུལ་པ་ཡེ་ཤེས་སྒྱུ་འཕྲུལ་ལྷ༔ ཁམས་གསུམ་ཡོངས་སུ་ཁེངས་པར་འཕྲོས༔ རྡོ་རྗེ་གསུམ་གྱི་འོད་ཟེར་གྱིས༔ སྣོད་བཅུད་ཐམས་ཅད་ལྷའི་ཞིང་ཁམས༔ གཞལ་ཡས་ལྷ་ཡི་རོལ་པར་དམིགས༔ སྔགས་སྒྲ་འུར་ཆེམ་སྒྲོགས་པ་ཡིས༔ འཇིག་རྟེན་ཁམས་ཀུན་གཡོ་བར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདེ་ནས་རིལ་བུ་སྤེལ་བསྒྱུར་ལ༔ རང་ཉིད་ཐུགས་རྗེ་ཆེན་པོ་སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་དུ་གསལ་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་གི་ནང་དུ་རིལ་བུ་རྣམས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པར་གསལ་བ་རེ་རེ་ལས་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས་པས་སྟོང་ཁམས་ཐམས་ཅད་ཐུགས་རྗེ་ཆེན་པོས་ཁྱབ་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་ཉི་མ་དང་ཉི་འོད་ལྟ་བུར་འབར་བས་སྣོད་བཅུད་སྐུ་གསུང་ཐུགས་ཀྱི་རོལ་པ་རུ་དག་པར་སྦྱངས་ཏེ་སངས་རྒྱས་པར་བསྒོམ༔ བདག་གི་སྔགས་སྒྲ་བསྒྲགས་པས་སྟོང་ཁམས་གང་བའི་ལྷ་ཐམས་ཅད་ཀྱིས་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་འུར་འུར་ཏིར་ཏིར་སྒྲོགས་པར་དམིགས་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨ་ར་པ་ཙ་མི་ཏ་ཧྲཱི་ད་ཡེ་སྭཱ་ཧཱ༔ དེ་ནས་ལས་སྦྱོར་ལ༔ སྔ་དྲོའི་དུས་སུ༔ རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ནམ་མཁའི་གར་ཁྱབ་ཀྱི་འཇིག་རྟེན་ཐམས་ཅད་ལ་ཁྱབ་པར་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་དེ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་དཀར་གསལ་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ་རང་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་ཡེ་ཤེས་སྒྱུ་མའི་སྐུ་སྐྱོན་དང་བྲལ་བར་བསམ་མོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས༔ ཀུན་ཀྱང་འཕགས་པའི་སྐུ་རུ་གྱུར༔ སྔགས་སྒྲ་འུར་ཆེམ་སྒྲོགས་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཞེས་བརྗོད༔ ཉིན་གུང་འདི་ལྟར༔ རང་ཉིད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་ཐུགས་ཀ་ནས༔ འོད་ཟེར་སེར་པོ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་དེ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་གཟི་བྱིན་ནུས་མཐུ་ཐམས་ཅད་འོད་ཕུང་སེར་པོའི་རྣམ་པར་བསྡུས་ནས་རང་ཉིད་ལ་ཐིམ་པས་ཚེ་བསོད་ཡེ་ཤེས་ཡོན་ཏན་ཐམས་ཅད་རབ་ཏུ་རྒྱས་པར་བསམ་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཞེས་བརྗོད༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ འཁོར་འདས་གཉིས་ཀྱི་ཚེ་བསོད་ནམས༔ བཅུད་དང་དྭངས་མ་ཐམས་ཅད་ཀུན༔ སེར་གསལ་འོད་ཀྱི་རྣམ་པར་འདུས༔ རང་གི་ཐུགས་ཀའི་སྔགས་ལ་ཐིམ༔ ཚེ་བསོད་ཡེ་ཤེས་རྒྱས་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཞེས་བརྗོད༔ དགོང་མོ་འདི་ལྟར༔ རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས༔ ཐུགས་རྗེའི་བྱིན་རླབས་དང་དབང་དང་དངོས་གྲུབ་ཐམས་ཅད་འོད་ཕུང་དམར་པོའི་རྣམ་པར་བསྡུས་ཏེ་རང་ཉིད་ལ་ཐིམ་པས་ཁམས་གསུམ་དབང་དུ་བསྡུས་པའི་ནུས་པ་དང་ལྡན་པར་བསྒོམ༔ ཨོཾ་པདྨེ་ཧཱུྃ་ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་དམར་པོ་འཕྲོས༔ ཁམས་གསུམ་མ་ལུས་དབང་བསྡུས་ཏེ༔ སེམས་ཅན་ཀུན་གྱི་སྲོག་སྙིང་འཕྲོག༔ ཚུར་འདུས་སྲོག་གི་སྙིང་པོ་རུ༔ བསྡུས་ཏེ་བཅུད་དུ་དྲིལ་བ་ཡིས༔ ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་དང་༔ སྡེ་བརྒྱད་གཞི་བདག་ལྷ་འདྲེ་ཀུན༔ མདུན་དུ་འཁོད་ཅིང་བྲན་ཁས་བླངས༔ ཐམས་ཅད་བྲན་དུ་འཁོལ་བར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲིཿཞེས་བརྗོད༔ སྲོད་དུ་འདི་ལྟར༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་འཕྲོས་པས་དཀོན་མཆོག་གསུམ་དང་སྐུ་གསུམ་རྩ་གསུམ་བཀའ་སྲུང་ཆོས་སྐྱོང་དྲེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དང་༔ མཐུ་སྟོབས་ནུས་པ་ཐམས་ཅད་ཚུར་འདུས་ཏེ་རང་ཉིད་ལ་ཐིམ་པས༔ ཁམས་གསུམ་འཁོར་བ་ཡོངས་སུ་སྒྲོལ་བའི་མཐུ་ནུས་དང་ལྡན་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ དྲག་ཅིང་རྩུབ་པའི་འོད་ཟེར་གྱིས༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ བདེ་ཆེན་ཞིང་གི་རྟེན་བརྟེན་པའི༔ འཁོར་བ་བསྒྲལ་ནས་གྲོལ་བར་ཤོག༔ ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་ལས༔ བྱུང་བའི་དགྲ་བགེགས་ལོག་འདྲེན་ཀུན༔ ཡུལ་མེད་ཟང་ཐལ་ཆེན་པོར་བསྒྲལ༔ མཉམ་པ་ཉིད་དུ་སངས་རྒྱས་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿགཞན་ཡང་དུས་དང་རྣམ་པ་ཀུན༔ སྐད་ཅིག་དྲན་རྫོགས་ཆེན་པོ་ལས༔ ཕྱི་སྣོད་འཇིག་རྟེན་བདེ་ཆེན་ཞིང་༔ རང་ཉིད་འཕགས་མཆོག་ཐུགས་རྗེའི་ལྷ༔ སྒྱུ་འཕྲུལ་རོལ་པའི་སྟོབས་ཤུགས་ཀྱིས༔ ནང་བཅུད་སེམས་ཅན་ཐམས་ཅད་ཀུན༔ ཡེ་ཤེས་ལྷ་དང་ལྷ་མོར་གྱུར༔ འབྱུང་ཁམས་དག་སྦྱངས་སྔགས་ཀྱི་སྒྲ༔ ཀུན་ཀྱང་བུང་བ་ཚང་ཞིག་ལྟར༔ སྔགས་སྒྲ་འུར་ཆེམ་སྒྲོགས་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཡང་སྐབས་སུ༔ ཧྲཱིཿའཁོར་འདས་དག་མཉམ་ཆེན་པོའི་མཁར༔ སྣང་སྟོང་ཐབས་ཤེས་དབྱེར་མེད་སྐུ༔ རྩལ་སྣང་འཁོར་གྱི་རོལ་པར་ཤར༔ སྣང་སྲིད་དག་པ་རབ་འབྱམས་ངང་༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསླར་ཡང་༔ སྐབས་སུ་འདི་ལྟར་དམིགས༔ ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་མི་བསྐྱོད་ཡབ་ཡུམ་དང་༔ དམྱལ་བའི་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ དམྱལ་བའི་རྟེན་དང་བརྟེན་པ་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ མངོན་དགའི་ཞིང་དུ་འཕོ་བར་བསྒོམ༔ ཨོཾ་མ་ཎི་པདྨེད་ཧཱུྃ་ཧྲཱིཿསླར་ཡང༔ ཧྲཱིཿགཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས༔ སྣང་བ་མཐའ་ཡས་ཡབ་ཡུམ་དང་༔ ཡི་དྭགས་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ ཡི་དྭགས་གནས་ཡུལ་སེམས་ཅན་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་ལྟར༔ བདེ་ཆེན་དག་པའི་ཞིང་དུ་འཕོས༔ འཁྲུལ་མི་ཤེས་པའི་དབྱིངས་སུ་སད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཡང་འདི་ལྟར༔ ཧྲཱིཿརང་ཉིད་སངས་རྒྱས་སྤྲུལ་པའི་སྐུའི༔ ཐུགས་ཀའི་འོད་ཟེར་རབ་འཕྲོས་པས༔ རྣམ་པར་སྣང་མཛད་ཡབ་ཡུམ་དང༔ བྱོལ་སོང་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ བྱོལ་སོང་གནས་ཡུལ་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ སྟུག་པོ་བཀོད་པའི་ཞིང་དུ་འཕོས༔ ཀུན་ཀྱང་སྔགས་སྒྲ་སྒྲོགས་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཡང་འདི་ལྟར༔ ཧྲཱིཿརང་ཉིད་སངས་རྒྱས་སྤྲུལ་པའི་སྐུའི༔ ཐུགས་ཀའི་འོད་ཟེར་རབ་འཕྲོས་པས༔ དོན་ཡོད་གྲུབ་པ་ཡབ་ཡུམ་དང་༔ ལྷ་མིན་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ ལྷ་མིན་གནས་ཡུལ་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ལས་རབ་རྫོགས་པའི་ཞིང་དུ་འཕོས༔ འཁྲུལ་མི་ཤེས་པའི་གདིང་ཐོབ་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཡང་འདི་ལྟརཿཧྲཱིཿརང་ཉིད་སངས་རྒྱས་སྤྲུལ་པའི་སྐུའི༔ ཐུགས་ཀའི་སྔགས་ལས་འོད་ཟེར་འཕྲོས༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ་དང༔ ལྷ་ཡི་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ ལྷ་ཡི་གནས་ཡུལ་སེམས་ཅན་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ དཔལ་དང་ལྡན་པའི་ཞིང་དུ་འཕོས༔ འཁྲུལ་མེད་གདིང་ཆེན་འཐོབ་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསླར་ཡང་འདི་ལྟར་དམིགས༔ ཧཱུྃ་ཧྲཱིཿསྒྱུ་འཕྲུལ་རོལ་པའི་རྟེན་བརྟེན་པའི༔ ལྷ་དང་མི་ཡི་ཐུབ་པ་ཡི༔ སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས༔ མི་ཡི་གནས་ཡུལ་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ འོག་མིན་དག་པ་མཁའ་སྤྱོད་ཀྱི༔ རྟེན་དང་བརྟེན་པར་མངོན་སངས་རྒྱས༔ འཁྲུལ་མི་ཤེས་པའི་གདིང་ཐོབ་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདེ་ལྟར་དམིགས་པ་གནད་ལྡན་ཅིང་༔ དག་པའི་ཞིང་ཁམས་རྟེན་བརྟེན་པ༔ ཡིད་ལ་འབྲལ་མེད་བརྟན་ཐོབ་བྱ༔ གནད་དེས་མ་དག་འཁོར་བའི་ཁམས༔ དག་སྦྱོར་མངོན་སངས་རྒྱས་འགྱུར་རོ༔ མེ་ཏོག་དཀར་པོའི་པད་ཚལ་རྒྱས༔ ནམ་མཁའ་གཡའ་དག་ཉི་ཟླ་ཤར༔ རོལ་མོ་འཁྲོལ་ཞིང་རི་རྩེར་འཛེག༔ དེ་ནི་དངོས་གྲུབ་འཐོབ་པའི་ལྟས༔ མཁའ་ལ་འཕུར་དང་གནས་ཡུལ་ཀུན༔ རབ་མཛེས་བཀོད་ལེགས་ཉམས་དགའ་བའི༔ ལྷ་དང་ཞིང་ཁམས་རྟག་ཏུ་རྨི༔ མཆོག་གི་འགྲུབ་རྟགས་དམ་པ་ཡིན༔ དེ་ལྟར་རྟག་ཏུ་བསྒོམ་བཟླས་ལ༔ བརྩོན་པའི་སྐྱེས་བུ་གང་སུ་དག༔ རྣམ་དག་བདེ་ཆེན་ཞིང་ཁམས་སུ༔ གྲོལ་བ་ཐོབ་པར་གདོན་མི་ཟ༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ དམ་ཉམས་ལག་ཏུ་མ་ཤོར་ཨ་ཐམ་རྒྱ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་གཅིག་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབ་ཚེ་ཆོས་ཀྱི་བདག་པོ་དགེ་ལེགས་དཔལ་བཟང་པོས་བསྐུལ་ངོར་ལྷ་ལུང་བསྟན་རྒྱས་གླིང་དུ་དག་པར་ཕབ་པའོ།དགེའོ།།དགེའོ།།དགེའོ།།ལེགས་སོ།།}}
</onlyinclude>
{{TsagliCall}}
<headertabs/>

Revision as of 09:23, 4 June 2024

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=03 |volumeLetter=GA |textnuminvol=004 |pdflink=File:TTDL-ZABTER-03-GA-004.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-03-GA }}

[edit]
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་གྱི་འཛབ་དམིགས་ཡིད་བཞིན་བང་མཛོད་བཞུགས་སོ༔ ན་མོ་གུ་རུ་བྷྱ༔ ༠༠༠༠བརྡ་ཡིག༤༨བསྐྱེད་དང་བསྒོམ་པའི་གནད་ལྡན་ཏེ༔ ཤེས་པ་གཞན་དུ་མ་ཡེངས་པར༔ ཡེ་ཤེས་ལྷ་ཡི་ང་རྒྱལ་བཟུང་༔ གཏན་གྱི་དྲོད་མ་ཡལ་བ་རུ༔ འདུག་པ་བརྟན་པ་གནད་དུ་ཤེས༔ རལ་བ་གསུམ་སོགས་སྤངས་བྱས་ནས༔ རྩེ་གཅིག་བསྒྲུབ་ལ་གཞོལ་བའི་ཚེ༔ བློ་རྩེ་གཅིག་ཏུ་དྲིལ་བྱས་ཏེ༔ འདི་ལྟར་འཛབ་དམིགས་དག་ལ་བརྩོན༔ ཧཱུྃ༔ རང་ཉིད་ཐུགས་རྗེ་ཆེན་པོ་ནི༔ ཡེ་ཤེས་འཇའ་སྐུ་སྟོང་གསལ་གྱི༔ ཐུགས་ཀར་ཐབས་ཤེས་དབྱེར་མེད་པའི༔ ངོ་བོ་ཉི་ཟླའི་གའུའི་ནང་༔ པདྨ་འདབ་དྲུག་ལྟེ་བ་རུ༔ ཧྲཱིཿཡིག་དཀར་པོའི་མཐའ་བསྐོར་དུ༔ འདབ་མ་དྲུག་ལ་ཡི་གེ་དྲུག༔ འཇའ་དང་འོད་ཀྱི་དྲྭ་བས་འབྲེལ༔ རང་སྒྲས་སྣང་སྲིད་ཡོངས་སུ་འགེང་༔ འོད་ཀྱི་རང་གདངས་མཆེད་པ་ལས༔ སྐུ་ལྔ་དང་ནི་ཡེ་ཤེས་ལྔ༔ སྐུ་གསུམ་མཉམ་སྦྱོར་དབྱིངས་སུ་བསྡུ༔ རྡོ་རྗེ་གསུམ་གྱི་ངོ་བོར་རོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདེ་ནས་བསྐུལ་བ་བྱ་བ་ལ༔ ཧཱུྃ༔ ཆོས་ཉིད་སྤྲོས་མཐའ་བྲལ་བ་ནས༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལྷ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ༔ སྐུ་ཡིས་སྣ་ཚོགས་གར་བསྒྱུར་ལ༔ གསུང་གིས་སྔགས་ཀྱི་འཛབ་དབྱངས་སྒྲོགས༔ ཐུགས་ཀྱིས་འཁོར་བ་དབྱིངས་སུ་སྒྲོལ༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་དྲལ༔ དཔའ་བོ་དཔའ་མོར་བྱིན་གྱིས་རློབས༔ མ་དག་འཁོར་བའི་གནས་ཡུལ་ཀུན༔ དག་པའི་ཞིང་དུ་བྱིན་གྱིས་རློབས༔ སྒྲུབ་ཁང་དཀྱིལ་འཁོར་བཅས་པ་ཀུན༔ གཞལ་ཡས་ཆེན་པོར་བྱིན་གྱི་རློབས༔ བསྒྲུབ་པའི་རྟེན་དང་དམ་རྫས་ཀུན༔ སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔ བསྒོམ་བཟླས་དམིགས་པའི་རྣོ་ནུས་བསྐྱེད༔ མཆོག་ཐུན་དངོས་གྲུབ་ལྷུན་གྲུབ་ཅིང་༔ དོན་གཉིས་མཐའ་རུ་ཕྱིན་པར་མཛོད༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀུན༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ འཁོར་བ་དོང་སྤྲུགས་ནུས་བྱིན་ཕོབ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདེ་ལྟར་བསྙེན་པ་ལ་བརྩོན་ཚེ༔ མི་ཚིག་གཏམ་གྱིས་བར་མི་གཅོད༔ དབྱིངས་ནས་སྐུ་དང་ཞིང་ཁམས་ཚོགས༔ འོད་དང་འོད་ཟེར་གྱིས་བསྡུས་ཏེ༔ ཡང་ཡང་བསྟིམ་སྟེ་ནུས་པ་བསྐྱེད༔ དམ་རྫས་མྱོང་གྲོལ་སྦྱོར་བ་ལ༔ ཨ་རུ་གཙོ་ལ་བ་རུ་བློན༔ བཟང་དྲུག་འབངས་སུ་བསྡེབས་པར་བྱ༔ བ་ལུ་དཀར་པོའི་མེ་ཏོག་དང་༔ མཁན་དཀར་ཙན་དན་ཨ་ཀ་རུ༔ ཞིབ་བཏུལ་བདུད་རྩི་ཆོས་སྨན་དང་༔ སྐྱེ་བདུན་ཤ་ཡིས་བྱིན་གྱིས་བརླབས༔ གཞན་ཡང་དམ་རྫས་བྱིན་རླབས་རྟེན༔ སེལ་མེད་བསགས་ཏེ་རིལ་བུར་དྲིལ༔ རྟེན་འབྲེལ་སྙིང་པོའི་སྔགས་མང་བརྗོད༔ དེ་ནས་བུམ་པ་མཚན་ལྡན་དུ༔ བླུགས་ལ་དར་སྣ་ལྔས་ཁ་བཅད༔ དེ་ནས་བསྒྲུབ་པའི་རྟེན་དུ་བཙུག༔ སླར་ཡང་ལྷ་རུ་གསལ་བ་ལ༔ རང་ཉིད་ཡི་དམ་ཐུགས་རྗེ་ཆེན་པོའི་སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་བུམ་པ་རིལ་བུ་དང་བཅས་པ་རྣམས་ལ་ཐིམ་པའི་རྐྱེན་ལས་འོད་དུ་མེར་གྱིས་ཞུ་བ་ལས་བྱུང་བའི་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པའི་ནང་དུ་རིལ་བུ་རྣམས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་ཤ་སྟག་ཏུ་གྱུར་པའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབ་པ་ལྟར་རིལ་བུ་ལྷར་གསལ་བ་རྣམས་ལ་སིབ་སིབ་ཐིམ་པར་བསྒོམ༔ ཨོཾ་ཨཱཪྻ་ལོ་ཀི་ཤྭ་ར་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཕེཾ་ཕེཾ༔ ཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་སྒྲུབ་པ་བྱ་བ་ལ༔ ཧཱུྃ་ཧྲཱིཿརང་ཉིད་ཐུགས་རྗེ་ཆེན་པོ་ཡི༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་དང་བཅས༔ སྤྱན་དྲངས་སྔགས་ཕྲེང་ལ་ཐིམ་པས༔ གཟི་བྱིན་ནུས་སྟོབས་འབར་བར་བསྒོམ༔ སྤྲུལ་པ་ཡེ་ཤེས་སྒྱུ་འཕྲུལ་ལྷ༔ ཁམས་གསུམ་ཡོངས་སུ་ཁེངས་པར་འཕྲོས༔ རྡོ་རྗེ་གསུམ་གྱི་འོད་ཟེར་གྱིས༔ སྣོད་བཅུད་ཐམས་ཅད་ལྷའི་ཞིང་ཁམས༔ གཞལ་ཡས་ལྷ་ཡི་རོལ་པར་དམིགས༔ སྔགས་སྒྲ་འུར་ཆེམ་སྒྲོགས་པ་ཡིས༔ འཇིག་རྟེན་ཁམས་ཀུན་གཡོ་བར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདེ་ནས་རིལ་བུ་སྤེལ་བསྒྱུར་ལ༔ རང་ཉིད་ཐུགས་རྗེ་ཆེན་པོ་སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་དུ་གསལ་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་བུམ་པ་ཡེ་ཤེས་ཀྱི་གཞལ་ཡས་ཁང་གི་ནང་དུ་རིལ་བུ་རྣམས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་སུ་རྫོགས་པར་གསལ་བ་རེ་རེ་ལས་དེ་འདྲ་བ་དཔག་ཏུ་མེད་པ་འཕྲོས་པས་སྟོང་ཁམས་ཐམས་ཅད་ཐུགས་རྗེ་ཆེན་པོས་ཁྱབ་པའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་ཉི་མ་དང་ཉི་འོད་ལྟ་བུར་འབར་བས་སྣོད་བཅུད་སྐུ་གསུང་ཐུགས་ཀྱི་རོལ་པ་རུ་དག་པར་སྦྱངས་ཏེ་སངས་རྒྱས་པར་བསྒོམ༔ བདག་གི་སྔགས་སྒྲ་བསྒྲགས་པས་སྟོང་ཁམས་གང་བའི་ལྷ་ཐམས་ཅད་ཀྱིས་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་འུར་འུར་ཏིར་ཏིར་སྒྲོགས་པར་དམིགས་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཨ་ར་པ་ཙ་མི་ཏ་ཧྲཱི་ད་ཡེ་སྭཱ་ཧཱ༔ དེ་ནས་ལས་སྦྱོར་ལ༔ སྔ་དྲོའི་དུས་སུ༔ རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ནམ་མཁའི་གར་ཁྱབ་ཀྱི་འཇིག་རྟེན་ཐམས་ཅད་ལ་ཁྱབ་པར་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་དེ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་དཀར་གསལ་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ་རང་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་ཡེ་ཤེས་སྒྱུ་མའི་སྐུ་སྐྱོན་དང་བྲལ་བར་བསམ་མོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ སེམས་ཅན་ཀུན་གྱི་སྒྲིབ་པ་སྦྱངས༔ ཀུན་ཀྱང་འཕགས་པའི་སྐུ་རུ་གྱུར༔ སྔགས་སྒྲ་འུར་ཆེམ་སྒྲོགས་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཞེས་བརྗོད༔ ཉིན་གུང་འདི་ལྟར༔ རང་ཉིད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་ཐུགས་ཀ་ནས༔ འོད་ཟེར་སེར་པོ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་དེ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་གཟི་བྱིན་ནུས་མཐུ་ཐམས་ཅད་འོད་ཕུང་སེར་པོའི་རྣམ་པར་བསྡུས་ནས་རང་ཉིད་ལ་ཐིམ་པས་ཚེ་བསོད་ཡེ་ཤེས་ཡོན་ཏན་ཐམས་ཅད་རབ་ཏུ་རྒྱས་པར་བསམ་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཞེས་བརྗོད༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ འཁོར་འདས་གཉིས་ཀྱི་ཚེ་བསོད་ནམས༔ བཅུད་དང་དྭངས་མ་ཐམས་ཅད་ཀུན༔ སེར་གསལ་འོད་ཀྱི་རྣམ་པར་འདུས༔ རང་གི་ཐུགས་ཀའི་སྔགས་ལ་ཐིམ༔ ཚེ་བསོད་ཡེ་ཤེས་རྒྱས་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཞེས་བརྗོད༔ དགོང་མོ་འདི་ལྟར༔ རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས༔ ཐུགས་རྗེའི་བྱིན་རླབས་དང་དབང་དང་དངོས་གྲུབ་ཐམས་ཅད་འོད་ཕུང་དམར་པོའི་རྣམ་པར་བསྡུས་ཏེ་རང་ཉིད་ལ་ཐིམ་པས་ཁམས་གསུམ་དབང་དུ་བསྡུས་པའི་ནུས་པ་དང་ལྡན་པར་བསྒོམ༔ ཨོཾ་པདྨེ་ཧཱུྃ་ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་དམར་པོ་འཕྲོས༔ ཁམས་གསུམ་མ་ལུས་དབང་བསྡུས་ཏེ༔ སེམས་ཅན་ཀུན་གྱི་སྲོག་སྙིང་འཕྲོག༔ ཚུར་འདུས་སྲོག་གི་སྙིང་པོ་རུ༔ བསྡུས་ཏེ་བཅུད་དུ་དྲིལ་བ་ཡིས༔ ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་དང་༔ སྡེ་བརྒྱད་གཞི་བདག་ལྷ་འདྲེ་ཀུན༔ མདུན་དུ་འཁོད་ཅིང་བྲན་ཁས་བླངས༔ ཐམས་ཅད་བྲན་དུ་འཁོལ་བར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲིཿཞེས་བརྗོད༔ སྲོད་དུ་འདི་ལྟར༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་འཕྲོས་པས་དཀོན་མཆོག་གསུམ་དང་སྐུ་གསུམ་རྩ་གསུམ་བཀའ་སྲུང་ཆོས་སྐྱོང་དྲེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་དང་༔ མཐུ་སྟོབས་ནུས་པ་ཐམས་ཅད་ཚུར་འདུས་ཏེ་རང་ཉིད་ལ་ཐིམ་པས༔ ཁམས་གསུམ་འཁོར་བ་ཡོངས་སུ་སྒྲོལ་བའི་མཐུ་ནུས་དང་ལྡན་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ དྲག་ཅིང་རྩུབ་པའི་འོད་ཟེར་གྱིས༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ བདེ་ཆེན་ཞིང་གི་རྟེན་བརྟེན་པའི༔ འཁོར་བ་བསྒྲལ་ནས་གྲོལ་བར་ཤོག༔ ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་ལས༔ བྱུང་བའི་དགྲ་བགེགས་ལོག་འདྲེན་ཀུན༔ ཡུལ་མེད་ཟང་ཐལ་ཆེན་པོར་བསྒྲལ༔ མཉམ་པ་ཉིད་དུ་སངས་རྒྱས་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿགཞན་ཡང་དུས་དང་རྣམ་པ་ཀུན༔ སྐད་ཅིག་དྲན་རྫོགས་ཆེན་པོ་ལས༔ ཕྱི་སྣོད་འཇིག་རྟེན་བདེ་ཆེན་ཞིང་༔ རང་ཉིད་འཕགས་མཆོག་ཐུགས་རྗེའི་ལྷ༔ སྒྱུ་འཕྲུལ་རོལ་པའི་སྟོབས་ཤུགས་ཀྱིས༔ ནང་བཅུད་སེམས་ཅན་ཐམས་ཅད་ཀུན༔ ཡེ་ཤེས་ལྷ་དང་ལྷ་མོར་གྱུར༔ འབྱུང་ཁམས་དག་སྦྱངས་སྔགས་ཀྱི་སྒྲ༔ ཀུན་ཀྱང་བུང་བ་ཚང་ཞིག་ལྟར༔ སྔགས་སྒྲ་འུར་ཆེམ་སྒྲོགས་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཡང་སྐབས་སུ༔ ཧྲཱིཿའཁོར་འདས་དག་མཉམ་ཆེན་པོའི་མཁར༔ སྣང་སྟོང་ཐབས་ཤེས་དབྱེར་མེད་སྐུ༔ རྩལ་སྣང་འཁོར་གྱི་རོལ་པར་ཤར༔ སྣང་སྲིད་དག་པ་རབ་འབྱམས་ངང་༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསླར་ཡང་༔ སྐབས་སུ་འདི་ལྟར་དམིགས༔ ཧྲཱིཿརང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་མི་བསྐྱོད་ཡབ་ཡུམ་དང་༔ དམྱལ་བའི་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ དམྱལ་བའི་རྟེན་དང་བརྟེན་པ་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ མངོན་དགའི་ཞིང་དུ་འཕོ་བར་བསྒོམ༔ ཨོཾ་མ་ཎི་པདྨེད་ཧཱུྃ་ཧྲཱིཿསླར་ཡང༔ ཧྲཱིཿགཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས༔ སྣང་བ་མཐའ་ཡས་ཡབ་ཡུམ་དང་༔ ཡི་དྭགས་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ ཡི་དྭགས་གནས་ཡུལ་སེམས་ཅན་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་ལྟར༔ བདེ་ཆེན་དག་པའི་ཞིང་དུ་འཕོས༔ འཁྲུལ་མི་ཤེས་པའི་དབྱིངས་སུ་སད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཡང་འདི་ལྟར༔ ཧྲཱིཿརང་ཉིད་སངས་རྒྱས་སྤྲུལ་པའི་སྐུའི༔ ཐུགས་ཀའི་འོད་ཟེར་རབ་འཕྲོས་པས༔ རྣམ་པར་སྣང་མཛད་ཡབ་ཡུམ་དང༔ བྱོལ་སོང་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ བྱོལ་སོང་གནས་ཡུལ་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ སྟུག་པོ་བཀོད་པའི་ཞིང་དུ་འཕོས༔ ཀུན་ཀྱང་སྔགས་སྒྲ་སྒྲོགས་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཡང་འདི་ལྟར༔ ཧྲཱིཿརང་ཉིད་སངས་རྒྱས་སྤྲུལ་པའི་སྐུའི༔ ཐུགས་ཀའི་འོད་ཟེར་རབ་འཕྲོས་པས༔ དོན་ཡོད་གྲུབ་པ་ཡབ་ཡུམ་དང་༔ ལྷ་མིན་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ ལྷ་མིན་གནས་ཡུལ་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ལས་རབ་རྫོགས་པའི་ཞིང་དུ་འཕོས༔ འཁྲུལ་མི་ཤེས་པའི་གདིང་ཐོབ་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཡང་འདི་ལྟརཿཧྲཱིཿརང་ཉིད་སངས་རྒྱས་སྤྲུལ་པའི་སྐུའི༔ ཐུགས་ཀའི་སྔགས་ལས་འོད་ཟེར་འཕྲོས༔ རིན་ཆེན་འབྱུང་ལྡན་ཡབ་ཡུམ་དང༔ ལྷ་ཡི་ཐུབ་པའི་ཐུགས་རྒྱུད་བསྐུལ༔ དེ་དག་ལས་ནི་འོད་འཕྲོས་པས༔ ལྷ་ཡི་གནས་ཡུལ་སེམས་ཅན་ཀུན༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ དཔལ་དང་ལྡན་པའི་ཞིང་དུ་འཕོས༔ འཁྲུལ་མེད་གདིང་ཆེན་འཐོབ་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿསླར་ཡང་འདི་ལྟར་དམིགས༔ ཧཱུྃ་ཧྲཱིཿསྒྱུ་འཕྲུལ་རོལ་པའི་རྟེན་བརྟེན་པའི༔ ལྷ་དང་མི་ཡི་ཐུབ་པ་ཡི༔ སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས༔ མི་ཡི་གནས་ཡུལ་སེམས་ཅན་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ འོག་མིན་དག་པ་མཁའ་སྤྱོད་ཀྱི༔ རྟེན་དང་བརྟེན་པར་མངོན་སངས་རྒྱས༔ འཁྲུལ་མི་ཤེས་པའི་གདིང་ཐོབ་བསམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿདེ་ལྟར་དམིགས་པ་གནད་ལྡན་ཅིང་༔ དག་པའི་ཞིང་ཁམས་རྟེན་བརྟེན་པ༔ ཡིད་ལ་འབྲལ་མེད་བརྟན་ཐོབ་བྱ༔ གནད་དེས་མ་དག་འཁོར་བའི་ཁམས༔ དག་སྦྱོར་མངོན་སངས་རྒྱས་འགྱུར་རོ༔ མེ་ཏོག་དཀར་པོའི་པད་ཚལ་རྒྱས༔ ནམ་མཁའ་གཡའ་དག་ཉི་ཟླ་ཤར༔ རོལ་མོ་འཁྲོལ་ཞིང་རི་རྩེར་འཛེག༔ དེ་ནི་དངོས་གྲུབ་འཐོབ་པའི་ལྟས༔ མཁའ་ལ་འཕུར་དང་གནས་ཡུལ་ཀུན༔ རབ་མཛེས་བཀོད་ལེགས་ཉམས་དགའ་བའི༔ ལྷ་དང་ཞིང་ཁམས་རྟག་ཏུ་རྨི༔ མཆོག་གི་འགྲུབ་རྟགས་དམ་པ་ཡིན༔ དེ་ལྟར་རྟག་ཏུ་བསྒོམ་བཟླས་ལ༔ བརྩོན་པའི་སྐྱེས་བུ་གང་སུ་དག༔ རྣམ་དག་བདེ་ཆེན་ཞིང་ཁམས་སུ༔ གྲོལ་བ་ཐོབ་པར་གདོན་མི་ཟ༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ དམ་ཉམས་ལག་ཏུ་མ་ཤོར་ཨ་ཐམ་རྒྱ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་གཅིག་བར་དུ་བཀའ་རྒྱ་བྱས་མཐར་རྟེན་འབྲེལ་དུས་ལ་བབ་ཚེ་ཆོས་ཀྱི་བདག་པོ་དགེ་ལེགས་དཔལ་བཟང་པོས་བསྐུལ་ངོར་ལྷ་ལུང་བསྟན་རྒྱས་གླིང་དུ་དག་པར་ཕབ་པའོ།དགེའོ།།དགེའོ།།དགེའོ།།ལེགས་སོ།།