TTDL-ZABTER-12-NA-040: Difference between revisions
(Imported new text files with Wyckibaat for processing) |
No edit summary |
||
| Line 1: | Line 1: | ||
༠༠༠༠༠བརྡ་ཡིག༢༣༣ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བླ་མ་སྒྲུབ་པའི་མན་ངག་རྡོ་རྗེའི་གྲོང་འཇུག་བཞུགས་སོ༔ | {{Text | ||
༠༠༠༠༠བརྡ་ཡིག༢༣༤ན་མོ་གུ་རུ་ཧ་རི་ནི་ས་ཧྲཱིཿ༠༠༠༠༠བརྡ་ཡིག༢༣༤བརྒྱུད་གསུམ་རིག་འཛིན་རྒྱ་མཚོ་ཡི༔ དགོངས་བརྒྱུད་ཀློང་མཛོད་འཕོ་བའི་ཕྱིར༔ བླ་མ་སྒྲུབ་པའི་མན་ངག་མཆོག༔ ཟབ་མོ་ཉམས་སུ་ལེན་པ་ལ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ ན་མོ༔ བདེ་གཤེགས་སྙིང་པོ་སངས་རྒྱས་དཔལ༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ ཁམས་གསུམ་འཁྲུལ་པའི་སེམས་སྣང་ཀུན༔ རྣམ་གྲོལ་རིག་པ་བྱང་ཆུབ་སེམས༔ བགེགས་བསྐྲད་སྲུང་འཁོར་བསྒོམ་པ་ལ༔ ཧཱུྃ༔ རིག་སྟོང་ཞེ་སྡང་རྡོ་རྗེའི་སྐུ༔ གཟུང་འཛིན་བདག་མེད་ཆེན་པོར་བསྐྲད༔ འཁོར་འདས་དག་མཉམ་ཆེན་པོ་ལ༔ བགེགས་དང་ལོག་འདྲེན་མིང་ཡང་མེད༔ མ་ཏྲཾ་རཱུ་ཏྲ་ཨུ་ཙ་ཏ་ཡ་ཕཊ༔ བྷྲཱུྃ་ཛྙཱ་ན་རཀྵ་རཀྵ་ཧཱུྃ༔ དེ་ནས་བྱིན་ཆེན་དབབ་པ་ལ༔ ཧཱུྃ༔ ཀ་དག་ཆོས་སྐུའི་ཕོ་བྲང་ནས༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ལྷ༔ ཆོས་ཀྱི་དབྱིངས་ལས་གཟུགས་སྐུར་བཞེངས༔ དབང་དང་དངོས་གྲུབ་བྱིན་ཆེན་ཕོབ༔ བཛྲ་གུ་རུ་དྷརྨ་ཀཱ་ཡ་སཾ་བྷོ་ཀཱ་ཡ་ནིརྨ་ཀཱ་ཡ་ས་མ་ཡ་ཛ་ཛཿཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་རླབས་ལ༔ ཧོ༔ སྣ་ཚོགས་སྣང་བ་མི་ཟད་གཏེར༔ འདོད་ཡོན་ལྔ་ཡི་རྒྱན་དུ་ཤར༔ སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་གྱི༔ ལྷ་ཚོགས་མཉེས་པའི་དཔྱིད་དུ་གྱུར༔ མ་ཧཱ་སརྦ་པཉྩ་པཱུ་ཛ་ག་ཎ་ཙཀྲ་ཧོ༔ དེ་ནས་བླ་མ་བསྒོམ་པ་ནི༔ ཨཱཿགཟུང་དང་འཛིན་པས་བསྡུས་པ་ཡི༔ ཆོས་ཀུན་ཆོས་ཉིད་ཆེན་པོར་ཞིག༔ རང་སྣང་དོན་གྱི་འོག་མིན་ཞིང་༔ ལྷུན་གྲུབ་བཀོད་པ་རབ་རྫོགས་པའི༔ ཡེ་ཤེས་འཕྲུལ་གྱི་གཞལ་མེད་དབུས༔ མ་ཆགས་སྐྱོན་བྲལ་པད་ཉིའི་སྟེང་༔ རང་རིག་སྤྲོས་བྲལ་ཆོས་སྐུ་ལས༔ ཐབས་མཆོག་ཡེ་ཤེས་སྒྱུ་མའི་སྐུ༔ ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ༔ དམར་ནག་གཟི་བརྗིད་འོད་ཕུང་འབར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས༔ གཡོན་པས་གནམ་ལྕགས་ཕུར་པ་གཟིར༔ ཞབས་གཉིས་རོལ་པའི་སྟབས་སུ་འགྱིང་༔ མཚན་དཔེས་མཛེས་ཤིང་ལང་ཚོ་རྒྱས༔ དབུ་སྐྲ་ཐོར་ཙུགས་གླེགས་བམ་བཅིང་༔ ཟར་བུ་ཐུར་འཕྱང་སྐུ་རྒྱབ་ཁེབས༔ སྤྱན་གསུམ་ནམ་མཁའི་མཐོང་ལ་གཟིགས༔ སྟག་ཤམ་རུས་རྒྱན་མེ་དཔུང་འབར༔ ཧེ་རུ་ཀ་པ་རྔམས་པའི་ཆས༔ དཀྱིལ་འཁོར་ཡོངས་ཁྱབ་བདག་པོར་བསྐྱེད༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ རང་སྣང་དོན་གྱི་འོག་མིན་ནས༔ དུས་གསུམ་རྒྱལ་བ་སྲས་དང་བཅས༔ རྡོ་རྗེ་བླ་མའི་རྣམ་རོལ་དུ༔ སྤྱན་དྲངས་གཉིས་མེད་རོ་གཅིག་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ རྡོ་རྗེའི་བླ་མ་རིན་པོ་ཆེ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཛྲ་གུ་རུ་བིདྱཱ་དྷ་ར་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གདན་གསུམ་རྡོ་རྗེའི་དཀྱིལ་འཁོར་འདིར༔ བརྒྱུད་གསུམ་བླ་མ་རིག་འཛིན་ཚོགས༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་ངང་༔ དུས་གསུམ་འཕོ་འགྱུར་མེད་པར་བཞུགས༔ དེ་ནས་ཕྱག་འཚལ་བ་ནི༔ ཧོཿབླ་མེད་བླ་མ་ཆེ་བའི་མཆོག༔ ཡི་དམ་ཀུན་གྱི་ཁྱབ་བདག་དཔལ༔ མཁའ་ཁྱབ་མཁའ་འགྲོའི་དབང་ཕྱུག་ཆེ༔ རྣམ་གསུམ་དད་པས་གུས་ཕྱག་འཚལ༔ ན་མོ་གུ་རུ་ཡེ༔ ན་མོ་དྷེ་ཝ་ཡེ༔ ན་མོ་ཌཱཀྐི་ཡེ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཏིང་འཛིན་འཕྲུལ་གྱི་རོལ་པ་ལས༔ འདོད་ཡོན་མི་ཟད་ནམ་མཁའ་མཛོད༔ རང་བྱུང་རང་ཤར་མཆོད་པ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་སརྦ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ནི༔ ན་མོ༔ གདོད་ནས་ཡེ་སངས་རྒྱས་པའི་སྐུ༔ མ་བཅོས་རང་གྲོལ་ཆོས་ཉིད་ཆེ༔ ཚོགས་ཀྱི་དབང་ཕྱུག་ཚོགས་ཀྱི་མཆོག༔ མཆོག་གསུམ་ངོ་བོར་ཕྱག་འཚལ་བསྟོད༔ བླ་ན་མེད་པ་འགྲོ་བའི་མགོན༔ རྒྱུད་སྡེ་རྒྱ་མཚོའི་ཁྱབ་བདག་དཔལ༔ ཤེས་རབ་ཡེ་ཤེས་མཁའ་འགྲོའི་གཙོ༔ རྩ་གསུམ་མཆོག་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་དབྱིངས་སུ་ཆོས་ཀྱི་སྐུ༔ འགགས་མེད་གདངས་ལས་ལོངས་སྤྱོད་རྫོགས༔ ཕྱོགས་མེད་ཐུགས་རྗེ་སྤྲུལ་པའི་སྐུ༔ སྐུ་གསུམ་དཔལ་ལ་ཕྱག་འཚལ་བསྟོད༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿབརྒྱུད་གསུམ་བླ་མ་དགོངས་སུ་གསོལ༔ བདག་གི་སྒོ་གསུམ་བག་མེད་པས༔ གསང་གསུམ་དང་འགལ་དམ་ཉམས་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་འཛབ་བཟླ་བ་ནི༔ ཧཱུྃ༔ རྡོ་རྗེའི་བླ་མའི་ཐུགས་གསང་དུ༔ གདོད་མ་གཞི་ཡི་སངས་རྒྱས་ནི༔ མཐིང་ནག་གཅེར་བུ་མཚན་དཔེས་སྤྲས༔ རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་ཅན༔ དེ་ཡི་ཐུགས་ཀར་པད་ཟླའི་སྟེང་༔ དྭངས་མའི་ཐིག་ལེ་ཧཱུྃ་མཐིང་ནག༔ དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྒྲིབ་གཉིས་སྒྲིབ་མ་སྦྱངས༔ དབང་དང་དངོས་གྲུབ་ཡོངས་རྫོགས་ཐོབ༔ སྣང་སྲིད་དག་པ་རབ་འབྱམས་ངང་༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཁྲོ་བོ་ལོད་པྲཛྙཱ་ཛྙཱ་ན་ས་མ་ཏི་སིདྡྷི་ཕ་ལ་ཧཱུྃ་ཨཱཿཅི་མང་བཟླས་མཐར༔ བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་གི་རྒྱུད་ལ་འཕོས་པར་བསམ་ལ༔ ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག་པ་ནི༔ བླ་མ་ཆོས་སྐུའི་ཞལ་ལ་མངོན་སུམ་དུ་ལྟ་བ་ཞེས་བྱའོ༔ ས་མ་ཡ༔ པདྨ་བདག་གི་སྲོག་ཐིག་འདི༔ གང་གིས་ཉམས་སུ་ལེན་པའི་བུ༔ ལོ་གསུམ་ཟླ་གསུམ་ཞག་གསུམ་གྱིས༔ རྡོ་རྗེ་འཆང་གི་ས་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨ་ཐམ་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་མཚམས་སྤྲུལ་རིན་པོ་ཆེ་ཀུན་བཟང་བདེ་ཆེན་རྡོ་རྗེའི་བཀས་བསྐུལ་ངོར།ཁྲག་འཐུང་བདུད་འཇོམས་རྡོ་རྗེས་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་དབྱིངས་ལས་བསྒྱུར་བའོ།།དགེའོ།།།། | |classification=Tibetan Publications | ||
|subclass=Tibetan Texts | |||
|collectiontitle=bdud 'joms gling pa zab gter | |||
|collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། | |||
|totalvolumes=21 | |||
|author=bdud 'joms gling pa | |||
|authortib=བདུད་འཇོམས་གླིང་པ་ | |||
|citation=Khrag 'thung [[Bdud 'joms gling pa]. ''Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde'', Vol. : . Thimphu, Bhutan: Lama Kuenzang Wangdue, 2004. | |||
|language=Tibetan | |||
|pagestatus=Temporary stub only | |||
|volumenumber=12 | |||
|volumeLetter=NA | |||
|textnuminvol=040 | |||
|pdflink=File:TTDL-ZABTER-12-NA-040.pdf | |||
|InitCategories=Dudjom Tersar Project; TTDL-ZABTER-Volume-12-NA | |||
}} | |||
<h1>Tibetan Text</h1> | |||
<onlyinclude> | |||
{{TibP|༠༠༠༠༠བརྡ་ཡིག༢༣༣ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ བླ་མ་སྒྲུབ་པའི་མན་ངག་རྡོ་རྗེའི་གྲོང་འཇུག་བཞུགས་སོ༔ | |||
༠༠༠༠༠བརྡ་ཡིག༢༣༤ན་མོ་གུ་རུ་ཧ་རི་ནི་ས་ཧྲཱིཿ༠༠༠༠༠བརྡ་ཡིག༢༣༤བརྒྱུད་གསུམ་རིག་འཛིན་རྒྱ་མཚོ་ཡི༔ དགོངས་བརྒྱུད་ཀློང་མཛོད་འཕོ་བའི་ཕྱིར༔ བླ་མ་སྒྲུབ་པའི་མན་ངག་མཆོག༔ ཟབ་མོ་ཉམས་སུ་ལེན་པ་ལ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ ན་མོ༔ བདེ་གཤེགས་སྙིང་པོ་སངས་རྒྱས་དཔལ༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ ཁམས་གསུམ་འཁྲུལ་པའི་སེམས་སྣང་ཀུན༔ རྣམ་གྲོལ་རིག་པ་བྱང་ཆུབ་སེམས༔ བགེགས་བསྐྲད་སྲུང་འཁོར་བསྒོམ་པ་ལ༔ ཧཱུྃ༔ རིག་སྟོང་ཞེ་སྡང་རྡོ་རྗེའི་སྐུ༔ གཟུང་འཛིན་བདག་མེད་ཆེན་པོར་བསྐྲད༔ འཁོར་འདས་དག་མཉམ་ཆེན་པོ་ལ༔ བགེགས་དང་ལོག་འདྲེན་མིང་ཡང་མེད༔ མ་ཏྲཾ་རཱུ་ཏྲ་ཨུ་ཙ་ཏ་ཡ་ཕཊ༔ བྷྲཱུྃ་ཛྙཱ་ན་རཀྵ་རཀྵ་ཧཱུྃ༔ དེ་ནས་བྱིན་ཆེན་དབབ་པ་ལ༔ ཧཱུྃ༔ ཀ་དག་ཆོས་སྐུའི་ཕོ་བྲང་ནས༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ལྷ༔ ཆོས་ཀྱི་དབྱིངས་ལས་གཟུགས་སྐུར་བཞེངས༔ དབང་དང་དངོས་གྲུབ་བྱིན་ཆེན་ཕོབ༔ བཛྲ་གུ་རུ་དྷརྨ་ཀཱ་ཡ་སཾ་བྷོ་ཀཱ་ཡ་ནིརྨ་ཀཱ་ཡ་ས་མ་ཡ་ཛ་ཛཿཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་རླབས་ལ༔ ཧོ༔ སྣ་ཚོགས་སྣང་བ་མི་ཟད་གཏེར༔ འདོད་ཡོན་ལྔ་ཡི་རྒྱན་དུ་ཤར༔ སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་གྱི༔ ལྷ་ཚོགས་མཉེས་པའི་དཔྱིད་དུ་གྱུར༔ མ་ཧཱ་སརྦ་པཉྩ་པཱུ་ཛ་ག་ཎ་ཙཀྲ་ཧོ༔ དེ་ནས་བླ་མ་བསྒོམ་པ་ནི༔ ཨཱཿགཟུང་དང་འཛིན་པས་བསྡུས་པ་ཡི༔ ཆོས་ཀུན་ཆོས་ཉིད་ཆེན་པོར་ཞིག༔ རང་སྣང་དོན་གྱི་འོག་མིན་ཞིང་༔ ལྷུན་གྲུབ་བཀོད་པ་རབ་རྫོགས་པའི༔ ཡེ་ཤེས་འཕྲུལ་གྱི་གཞལ་མེད་དབུས༔ མ་ཆགས་སྐྱོན་བྲལ་པད་ཉིའི་སྟེང་༔ རང་རིག་སྤྲོས་བྲལ་ཆོས་སྐུ་ལས༔ ཐབས་མཆོག་ཡེ་ཤེས་སྒྱུ་མའི་སྐུ༔ ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ༔ དམར་ནག་གཟི་བརྗིད་འོད་ཕུང་འབར༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས༔ གཡོན་པས་གནམ་ལྕགས་ཕུར་པ་གཟིར༔ ཞབས་གཉིས་རོལ་པའི་སྟབས་སུ་འགྱིང་༔ མཚན་དཔེས་མཛེས་ཤིང་ལང་ཚོ་རྒྱས༔ དབུ་སྐྲ་ཐོར་ཙུགས་གླེགས་བམ་བཅིང་༔ ཟར་བུ་ཐུར་འཕྱང་སྐུ་རྒྱབ་ཁེབས༔ སྤྱན་གསུམ་ནམ་མཁའི་མཐོང་ལ་གཟིགས༔ སྟག་ཤམ་རུས་རྒྱན་མེ་དཔུང་འབར༔ ཧེ་རུ་ཀ་པ་རྔམས་པའི་ཆས༔ དཀྱིལ་འཁོར་ཡོངས་ཁྱབ་བདག་པོར་བསྐྱེད༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ རང་སྣང་དོན་གྱི་འོག་མིན་ནས༔ དུས་གསུམ་རྒྱལ་བ་སྲས་དང་བཅས༔ རྡོ་རྗེ་བླ་མའི་རྣམ་རོལ་དུ༔ སྤྱན་དྲངས་གཉིས་མེད་རོ་གཅིག་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ནས༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ རྡོ་རྗེའི་བླ་མ་རིན་པོ་ཆེ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ བཛྲ་གུ་རུ་བིདྱཱ་དྷ་ར་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ གདན་གསུམ་རྡོ་རྗེའི་དཀྱིལ་འཁོར་འདིར༔ བརྒྱུད་གསུམ་བླ་མ་རིག་འཛིན་ཚོགས༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་ངང་༔ དུས་གསུམ་འཕོ་འགྱུར་མེད་པར་བཞུགས༔ དེ་ནས་ཕྱག་འཚལ་བ་ནི༔ ཧོཿབླ་མེད་བླ་མ་ཆེ་བའི་མཆོག༔ ཡི་དམ་ཀུན་གྱི་ཁྱབ་བདག་དཔལ༔ མཁའ་ཁྱབ་མཁའ་འགྲོའི་དབང་ཕྱུག་ཆེ༔ རྣམ་གསུམ་དད་པས་གུས་ཕྱག་འཚལ༔ ན་མོ་གུ་རུ་ཡེ༔ ན་མོ་དྷེ་ཝ་ཡེ༔ ན་མོ་ཌཱཀྐི་ཡེ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཏིང་འཛིན་འཕྲུལ་གྱི་རོལ་པ་ལས༔ འདོད་ཡོན་མི་ཟད་ནམ་མཁའ་མཛོད༔ རང་བྱུང་རང་ཤར་མཆོད་པ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་སརྦ་པཱུ་ཛ་ཧོཿདེ་ནས་བསྟོད་པ་བྱ་བ་ནི༔ ན་མོ༔ གདོད་ནས་ཡེ་སངས་རྒྱས་པའི་སྐུ༔ མ་བཅོས་རང་གྲོལ་ཆོས་ཉིད་ཆེ༔ ཚོགས་ཀྱི་དབང་ཕྱུག་ཚོགས་ཀྱི་མཆོག༔ མཆོག་གསུམ་ངོ་བོར་ཕྱག་འཚལ་བསྟོད༔ བླ་ན་མེད་པ་འགྲོ་བའི་མགོན༔ རྒྱུད་སྡེ་རྒྱ་མཚོའི་ཁྱབ་བདག་དཔལ༔ ཤེས་རབ་ཡེ་ཤེས་མཁའ་འགྲོའི་གཙོ༔ རྩ་གསུམ་མཆོག་ལ་ཕྱག་འཚལ་བསྟོད༔ སྐྱེ་མེད་དབྱིངས་སུ་ཆོས་ཀྱི་སྐུ༔ འགགས་མེད་གདངས་ལས་ལོངས་སྤྱོད་རྫོགས༔ ཕྱོགས་མེད་ཐུགས་རྗེ་སྤྲུལ་པའི་སྐུ༔ སྐུ་གསུམ་དཔལ་ལ་ཕྱག་འཚལ་བསྟོད༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿབརྒྱུད་གསུམ་བླ་མ་དགོངས་སུ་གསོལ༔ བདག་གི་སྒོ་གསུམ་བག་མེད་པས༔ གསང་གསུམ་དང་འགལ་དམ་ཉམས་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་འཛབ་བཟླ་བ་ནི༔ ཧཱུྃ༔ རྡོ་རྗེའི་བླ་མའི་ཐུགས་གསང་དུ༔ གདོད་མ་གཞི་ཡི་སངས་རྒྱས་ནི༔ མཐིང་ནག་གཅེར་བུ་མཚན་དཔེས་སྤྲས༔ རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་ཅན༔ དེ་ཡི་ཐུགས་ཀར་པད་ཟླའི་སྟེང་༔ དྭངས་མའི་ཐིག་ལེ་ཧཱུྃ་མཐིང་ནག༔ དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་སྒྲིབ་གཉིས་སྒྲིབ་མ་སྦྱངས༔ དབང་དང་དངོས་གྲུབ་ཡོངས་རྫོགས་ཐོབ༔ སྣང་སྲིད་དག་པ་རབ་འབྱམས་ངང་༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཁྲོ་བོ་ལོད་པྲཛྙཱ་ཛྙཱ་ན་ས་མ་ཏི་སིདྡྷི་ཕ་ལ་ཧཱུྃ་ཨཱཿཅི་མང་བཟླས་མཐར༔ བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་གི་རྒྱུད་ལ་འཕོས་པར་བསམ་ལ༔ ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག་པ་ནི༔ བླ་མ་ཆོས་སྐུའི་ཞལ་ལ་མངོན་སུམ་དུ་ལྟ་བ་ཞེས་བྱའོ༔ ས་མ་ཡ༔ པདྨ་བདག་གི་སྲོག་ཐིག་འདི༔ གང་གིས་ཉམས་སུ་ལེན་པའི་བུ༔ ལོ་གསུམ་ཟླ་གསུམ་ཞག་གསུམ་གྱིས༔ རྡོ་རྗེ་འཆང་གི་ས་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨ་ཐམ་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་མཚམས་སྤྲུལ་རིན་པོ་ཆེ་ཀུན་བཟང་བདེ་ཆེན་རྡོ་རྗེའི་བཀས་བསྐུལ་ངོར།ཁྲག་འཐུང་བདུད་འཇོམས་རྡོ་རྗེས་འོད་གསལ་སྒྱུ་འཕྲུལ་དྲྭ་བའི་དབྱིངས་ལས་བསྒྱུར་བའོ།།དགེའོ།།།།}} | |||
</onlyinclude> | |||
{{TsagliCall}} | |||
<headertabs/> | |||
Revision as of 09:23, 4 June 2024
{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=12 |volumeLetter=NA |textnuminvol=040 |pdflink=File:TTDL-ZABTER-12-NA-040.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-12-NA }}